ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མིར་བོད་པ་བསྐོ་གཞག Posted on 2016-12-172016-12-17 By ཁ་བརྡ་ 10 Comments on ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མིར་བོད་པ་བསྐོ་གཞག གློག་བརྙན་།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ནང་། ། འགན་འཛིན་དགུ་ནང་ཐང་མ་དང་པོ་ལ། ། བོད་རིགས་འཁོད་མཁན་བསྟན་འཛིན་རྡོ་རྗེ་ལགས། ། མཚན་ཉིད་སློབ་གྲྭའི་མཆན་མཐོང་ཆེས་ཆེར་གྱུར། ། ཀརྡོ་ང་ཡིས་ཐལ་མོ་རྒྱང་ནས་འདེབས། །
བསྟན་འཛིན་རྡོ་རྗེས་དྷ་ས་མ་འགྲིམ་པ་དྲན། ། དྷ་སའི་དཔེ་མཛོད་ཕྱག་ལས་གནང་བ་དྲན། ། ན་གཞོན་སྐབས་ནས་དབུ་སྐྲ་དཀར་བ་དྲན། ། ཆོས་རའི་ནང་ལ་ནང་ཆོས་རྩོད་པ་དྲན། ། ་ འཛིན་གྲོགས་མིན་ཡང་བློ་སྐྱེད་བརྗེ་བར་དྲན། ། ༸གོང་ས་མཆོག་གིས་བཀའ་སློབ་གནང་བ་དྲན། ། ༸དགེ་བཤེས་དམ་པའི་སྐུ་ངལ་བསྐྱོན་པ་དྲན། ། ཕ་དང་འདྲ་བའི་དགེ་རྒན་བཀྲོངས་པ་དྲན། །
དགེ་རྒན་དམ་པ་ད་ལྟ་ཡོད་ན་དགའ། ། དཔེ་དགེ་བྱང་ཆུབ་ད་ལྟ་བཞུགས་ན་དགའ། ། རིགས་ལམ་སློབ་གྲྭའི་མཚན་སྙན་བ་དན་བསྒྲེངས། ། དཔེ་དགེ་དམ་ཆོས་༸སྐུ་ཚེ་ཡུན་བརྟན་ཤོག །
ཆོས་གྲོགས་འགན་འཛིན་དགེ་བཤེས་སྐལ་དགྲམ་དང་། ། དབུ་མའི་འཛིན་གྲོགས་དགེ་བཤེས་རྒྱ་མཚོ་དང་། ། རིང་འདྲིས་དཔེ་དགེ་བློ་གྲོས་བསོད་ནམས་སོགས། ། དྷ་སར་བཞུགས་པ་དེ་རིང་དྲན་གསོ་ཐེབས། །
ང་ནི་ཁ་བརྡར་མཆན་མཁན་་རྒད་པོར་ཆགས། ། ཆུང་དུས་དམག་མིའི་སློབ་གྲྭ་འགྲོ་བ་དྲན། ། བཅོ་བརྒྱད་ལོ་ནས་དྷ་ས་འགྲིམ་པ་དྲན། ། ཉེར་དྲུག་བར་དུ་མགོ་སེར་ལུང་པ་འགྲིམ། ། ་ དྷ་སའི་བསྟན་རྡོར་ད་ལྟ་དར་བ་དགའ། ། རིགས་སློབ་སློབ་ཟུར་བསྟན་རྡོར་བསྐོས་པ་དགའ། ། རྒྱ་ནག་ཀླ་ཀློའི་ཀླད་པ་འགེམས་རན་དགའ། ། ཀི་ཀྭི་སོ་བསྭོ་ལྷ་དེ་རིང་རྒྱལ་ལོ། །
བཀྲིས་བདེ་ལེགས་ཞུ་བོད་མིའི་ངོ་བོའི་ཐོག་ནས་བསྐོས་པ་རེད་དམ་ཨ་རིའི་ མི་སེར་གྱི་མིང་ཐོག་ནས་བསྐོས་པ་རེད་གསལ་པ་བཟོ་རོགས་གནང་ཐུགས་རྗེ་ཆེ་བཀྲིན་ཆེ་།
ད་ལན་བོད་མའི་སྒྲིགས་འཛུགས་སོགས་དང་། ཁྱད་པར་ད་ལན་ཤར་ཁུག་ར་སྤུ་ཅན་བསྟོད་རྩོམ་དང་འཚམས་འདྲིས་མེད་པ་གང་ཡུན་ནམ།
དེ་རིང་ཆབ་སྲིད་བ་རྫ་ཚེ་རིང་བཀྲ་ཤིས་ལགས་ནས་ནམ་རྒྱུན་བོད་ཀྱི་མཛངས་མ་ཅན་ལ་བསླབ་བྱ་དང་སླིབ་གསོ་གནང་བ་དང་། མ་་ཟད་སྐབས་རེ་གནས་ཚུལ་གཞན་པར་མཐོང་ཐོས་བྱུང་ཚད་bbc ལྟ་བུ་འབྲི་རྩོམ་བྲིས་པ་བྱས། ད་ལན་བོད་མི་ཞིག་ཨ་རིའི་ཆབ་སྲིད་གདིང་ཆ་མཐོ་བོ་ཞིག་ལ་ཕེབས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱི་གནས་ཚུལ་དེ་མ་མཁྱེན་པ་ཡིན་ནམ། ཡང་ན་མཁྱེན་ནས་མ་བསྟོད་རྩོམ་མམ་ཚོར་སྣང་གང་མ་བྱུང་བ་ཡིན་ནམ། གཉིས་ནས་བོད་མའི་སྒྲིག་འཛུག་ནས་ནམ་རྒྱུ་ཞུ་ས་ཨི་རག་མི་ལྟ་ནས་ཕྱིའི་རྒྱལ་སྲིད་འཛིན་སྲིད་བློན་འཕོས་ཚད་འཚམས་འངྲིས་དག་འཚམས་འདྲིས་ཟེར་ནས་ཕར་ཕྱོགས་ངོས་ནས་དོ་སྣང་དག་ངོས་ལེན་ཡོད་མེད་ལ་མ་ལྟོས་པར་ཕུལ་ཙང་བྱེད་པར་། ད་ལན་བསྟན་རྡོར་འཚམས་འདྲིས་གཏང་བ་ཡོད་དམ། གང་དུ་བཏང་ཡོད་ན་སུས་མཁྱེན་ན་ལན་ཞིག་ཡོད་པ་ཞུ། བོད་པའི་ཆབ་སྲིད་དེ་མཐོ་ལ་སྤྲེལ་ལད། དམའ་ལ་གཉའ་བཅོས་སྔ་མོ་སྡེ་བ་གཞུང་ཡང་བག་ཆགས་ཞིག་ཚང་མ་ལ་འགོས་བསྡད་འདུག་བསམ་པའི་ཚོར་ཡོང་ཉེན་འདུག
འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་སུ་མཚམས་དྲི་ཞུ། ཁྱེད་རང་མ་འོངས་པའི་སྲིད་སྐྱོང་བྱེད་ན་རྒྱབ་བསྐྱོར་ཡོད། གནའ་དེང་ཤེས་ཡོན་ཟུང་འབྲེལ་འདུག འབུམ་རམས་པ་བློ་སེང་ནི་འུར་གཏམ་མ་གཏོགས་གང་ཡང་མིན་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ནང་། །
འགན་འཛིན་དགུ་ནང་ཐང་མ་དང་པོ་ལ། །
བོད་རིགས་འཁོད་མཁན་བསྟན་འཛིན་རྡོ་རྗེ་ལགས། །
མཚན་ཉིད་སློབ་གྲྭའི་མཆན་མཐོང་ཆེས་ཆེར་གྱུར། །
ཀརྡོ་ང་ཡིས་ཐལ་མོ་རྒྱང་ནས་འདེབས། །
བསྟན་འཛིན་རྡོ་རྗེས་དྷ་ས་མ་འགྲིམ་པ་དྲན། །
དྷ་སའི་དཔེ་མཛོད་ཕྱག་ལས་གནང་བ་དྲན། །
ན་གཞོན་སྐབས་ནས་དབུ་སྐྲ་དཀར་བ་དྲན། །
ཆོས་རའི་ནང་ལ་ནང་ཆོས་རྩོད་པ་དྲན། །
་
འཛིན་གྲོགས་མིན་ཡང་བློ་སྐྱེད་བརྗེ་བར་དྲན། །
༸གོང་ས་མཆོག་གིས་བཀའ་སློབ་གནང་བ་དྲན། །
༸དགེ་བཤེས་དམ་པའི་སྐུ་ངལ་བསྐྱོན་པ་དྲན། །
ཕ་དང་འདྲ་བའི་དགེ་རྒན་བཀྲོངས་པ་དྲན། །
དགེ་རྒན་དམ་པ་ད་ལྟ་ཡོད་ན་དགའ། །
དཔེ་དགེ་བྱང་ཆུབ་ད་ལྟ་བཞུགས་ན་དགའ། །
རིགས་ལམ་སློབ་གྲྭའི་མཚན་སྙན་བ་དན་བསྒྲེངས། །
དཔེ་དགེ་དམ་ཆོས་༸སྐུ་ཚེ་ཡུན་བརྟན་ཤོག །
ཆོས་གྲོགས་འགན་འཛིན་དགེ་བཤེས་སྐལ་དགྲམ་དང་། །
དབུ་མའི་འཛིན་གྲོགས་དགེ་བཤེས་རྒྱ་མཚོ་དང་། །
རིང་འདྲིས་དཔེ་དགེ་བློ་གྲོས་བསོད་ནམས་སོགས། །
དྷ་སར་བཞུགས་པ་དེ་རིང་དྲན་གསོ་ཐེབས། །
ང་ནི་ཁ་བརྡར་མཆན་མཁན་་རྒད་པོར་ཆགས། །
ཆུང་དུས་དམག་མིའི་སློབ་གྲྭ་འགྲོ་བ་དྲན། །
བཅོ་བརྒྱད་ལོ་ནས་དྷ་ས་འགྲིམ་པ་དྲན། །
ཉེར་དྲུག་བར་དུ་མགོ་སེར་ལུང་པ་འགྲིམ། །
་
དྷ་སའི་བསྟན་རྡོར་ད་ལྟ་དར་བ་དགའ། །
རིགས་སློབ་སློབ་ཟུར་བསྟན་རྡོར་བསྐོས་པ་དགའ། །
རྒྱ་ནག་ཀླ་ཀློའི་ཀླད་པ་འགེམས་རན་དགའ། །
ཀི་ཀྭི་སོ་བསྭོ་ལྷ་དེ་རིང་རྒྱལ་ལོ། །
བཀྲིས་བདེ་ལེགས་ཞུ་བོད་མིའི་ངོ་བོའི་ཐོག་ནས་བསྐོས་པ་རེད་དམ་ཨ་རིའི་
མི་སེར་གྱི་མིང་ཐོག་ནས་བསྐོས་པ་རེད་གསལ་པ་བཟོ་རོགས་གནང་ཐུགས་རྗེ་ཆེ་བཀྲིན་ཆེ་།
ཀི་ཀྭི་སོ་བསྭོ་ལྷ་དེ་རིང་རྒྱལ་ལོ། །
འདི།
ཀི་ཀྭི་སོ་བསྭོ་དེ་རིང་ལྷ་རྒྱལ་ལོ། །