ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་གྱིས་གངས་ལྷ་མོ་དང་འཇམ་དཔལ་སྨོན་ལམ་གཉིས་ལ་བཅར་འདྲི་། Posted on 2012-06-142012-06-14 By ཁ་བརྡ་ 11 Comments on ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་གྱིས་གངས་ལྷ་མོ་དང་འཇམ་དཔལ་སྨོན་ལམ་གཉིས་ལ་བཅར་འདྲི་། གསར་འགྱུར།
ད་ལྟའི་དུས་འདིར་ང་ཚོར་རྒྱལ་སྤྱིའི་སྟེང་བོད་དོན་འགྲེལ་བཤད་རྒྱག་ཐུབ་མཁན་དགོས་ཀྱི་འདུག ཁོང་གཉིས་ཀྱིས་ཀྱང་འབྲེལ་བརྗོད་ཡག་པོ་གནང་སོང་། ལྷག་པར་དུ་འཇམ་དཔལ་སྨོན་ལམ་རྒ་པོ་དེ་ཁ་བདེ་བོ་འདུག བཟང་གི
ཆོས་དར་དང་སྐྱུ་རྩི་ལགས། གཅིག་བྱས་ན་གློག་ཀླད་ཀྱི་ཁྱད་པར་འདྲ་མིན་འགྲོ། དེ་མིན་གོང་གི་དྲ་ཚུགས་དེར་ནོན་དང་མཐོང་ཐུབ་ཀི་ཡ།
ཁྱོད་གཉིས་ལ་བཀའ་དྲིན་ཆེ། ངོ་ནས་ཡག་པོ་རེད། བོད་མི་ཞིག་གིས་གནས་ལུགས་དང་མཐུན་པའི་སྒོ་ནས་རྒྱ་རྒན་ཚང་གི་མཚང་ནས་རྒོལ་བ་འདི་ངོ་ནས་ཐུགས་རྗེ་ཆེ་ཞུ།
དེ་ནི་དངོས་སུ་མནར་གཅོད་མྱངས་མྱོང་བའི་མི་སྣའི་གཟུགས་མཐོང་བ་དང་། སྒྲ་གོ་བའི་ཐོག་ནས་ཕྱི་ནང་གི་རྒྱ་དམར་ནག་གི་མི་རིགས་རྣམས་ལ་གོ་བརྡ་སྤྲོད་བྱེད་ དང་། ཚོར་བ་སློང་བྱེད་། ར་སྤྲོད་ཐུབ་བྱེད་ཀྱི་ཐབས་ལམ་བཟང་ཤོས་སུ་མཐོང་བས་དེ་འདྲའི་གོ་སྐབས་མང་ཙམ་བེད་སྤྱོད་ཐུབ་ཚེ། རྒྱ་རིགས་ཆེན་པོའི་རིང་ལུགས་པ་ཚོ་དང་། མི་ཆོས་དང་ཡ་རབ་བཟང་སྤྱོད་བྲལ་བའི་མི་རིགས་རྣམས་གཞི་ནས་གཉིད་ལས་སད་ཐུབ་ཅིང་། རང་གིས་ཞེན་ཁོག་བྱ་ཡུལ་གྱི་དམར་གཞུང་དབང་ཆ་གཅིག་བསྡུས་རིང་ལུགས་པའི་ གདོང་རིས་ངོ་མ་དེ་གསལ་འདོན་བྱེད་ཐུབ་པ་ལགས་ན། ཁྱེད་རྣམ་གཉིས་དང་འདྲ་བའི་དཔའ་བོ་ དཔའ་མོ་ཚོར་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བ་ལགས་སོ།། ལ་ལས་རང་སྲོག་བཏང་ནས་རང་གཞུང་བསུ།། ལ་ལས་དེ་དག་མངོན་འདོད་གོ་ལར་བསྒྲགས།། ཕལ་ཆེར་རང་རང་ས་ལ་ལས་འགན་རེ།། སྒྲུབ་ཅིང་བཞུགས་པའི་ཆོལ་གསུམ་མི་སྣར་བསྔགས།།
ཁོང་གཉིས་ནི། ཆབ་སྲིད་བཙོན་པ་ངོ་གནོང་མི་དགོས་པ་གཉིས་རེད་ལ། ད་ལྟ་བར་ལབ་རྒྱུ་གླེང་རྒྱུ་ཡང་ཅང་མེད། ད་དུང་ངོ་ཐོགས་པའི་སྤྱི་པའི་ལས་དོན་ཡང་གང་འཚམས་བསྒྲུབས་པ་རེད། ལྷག་པར་འཇམ་དཔལ་སྨོན་ལམ་གྱིས་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱི་འགན་འཁུར་སྟངས་དང་། བོད་ནང་གི་གནས་ཚུལ་རྟོགས་ཐབས་བཅས་ལ་གྲུབ་འབྲས་དངོས་གསལ་དོད་པོ་བྱུང་སོང་། ད་ལྟ་བོད་གནས་ཤོད་སྐབས་ཀི་རྟི་དགོན་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་ལྷག་པ་མེད། བོད་ཀྱི་རང་དབང་འཐབ་རྩོད་ལ་དངོས་སུ་ཞུགས་མྱོང་བ་རྣམས་ཀྱིས་བོད་དོན་བདེན་པའི་གནས་ཚུལ་ཁྱབ་ བསྒྲགས་ཤུགས་ཆེ་ཙམ་བྱ་ན། ཧམ་པ་ཧང་སོང་མེད་ཅིང་། དངོས་ཡོད་དང་མཐུན་ལ་ནུས་པ་ཡང་ཆེ་བ་ཡོད་པ་ཐག་ཆོད། དེ་མིན་རྒྱ་མིའི་གདུག་རྩུབ་མིག་གིས་མཐོང་མྱོང་མེད་ཅིང་། དོན་དངོས་ཀྱང་ཤེས་ཐབས་ཀྱི་རྩོལ་བ་མི་བསྟེན་པའི་ཁ་བདེ་པོ་རྣམས་ཀྱིས་བོད་དོན་ཤེས་ཁུལ་ཁྱབ་བསྒྲགས་རྐྱང་བྱེད་བསྡད་ན། སྐྱོན་མང་པོ་བྱུང་ཡོད་པ་ནས་ངས་གཉིས་བཤད་ཆོག དགེ་རྒན་ཞིག་གིས་སློབ་ཚན་ཁྲིད་རྗེས་དྲི་བའི་དུས་ཚོད་ལ་འཛིན་གྲྭ་ལྔ་པའི་བུ་ཞིག་གིས་དགེ་རྒན་དེ་ལ་དྲིས་དོན། རྒན་ལགས་ཁྱེད་རང་རྒྱ་མིས་བཟའ་མ་ཐུབ་པ་ག་འདྲ་བྱས་ནས་བྲོས་ཡོང་ངམ། རྒན་ལགས་རྒྱ་མིས་མི་ཚང་མ་བཟའ་གི་རེད་དམ། ཞེས་དྲི་བ་དེ་ལྟར་བཀོད། དེ་ནི་ང་ཚོའི་སློབ་གསོའི་གྲུབ་འབྲས་ལ་བརྩི་ཆོག་གམ། རྒྱ་མི་ཞེས་བརྗོད་པ་དང་སེམས་ནང་འཐབ་སེམས་ཀྱི་སྤོབས་པ་དང་བྲལ་ཏེ། བྲོས་རྒྱུའི་བསམ་བློ་འཁོར་རྒྱུ་མ་གཏོགས་མེད་པ་བཟོས་པ་རེད། ཡང་གཞན་ཞིག་སྟེ། སྤྱི་ལོ་ ༢༠༠༨ ལོར་བོད་ནང་བཙན་རྒོལ་གྱི་མེ་ལྕེ་དྲག་ཏུ་འཕྱུར་སྐབས། རྒྱ་གར་གྱི་བརྙན་འཕྲིན་ཐོག་རང་རེའི་འཐབ་རྩོད་པར་གྲགས་པ་ཞིག་དང་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱི་རྒྱ་མི་ཞིག་ལྷན་དུ་དྲི་བ་དྲིས་ལན་བྱས། ང་ཚོའི་འཐབ་རྩོད་པ་དེས། བོད་ནང་གི་ཁ་པར་ཚུན་གྱི་བརྒྱུད་ལམ་གཏན་འགོག་བྱས་ཡོད་ཚུལ་བཤད། རྒྱ་མི་དེས་ང་ཚོས་ཁ་པར་གྱི་བརྒྱུད་ལམ་གཏན་འགོག་རྩ་བ་ནས་བྱས་མེད། སྐུ་ཞབས་ཁྱོད་རང་བོད་ཀྱི་ས་ཁུལ་གང་དུ་སུ་ལ་ཁ་པར་གཏང་འདོད་ན། ད་ལྟ་རང་ཨང་གྲངས་གནོན་དང་། བརྒྱུད་ལམ་བཀག་མིན་ཁ་གྲགས་ཀྱི་རེད། ཅེས་ཤོད་སྐབས། ང་ཚོའི་འཐབ་རྩོད་པ་དེས་དོན་ལྡན་གྱི་ལན་ཞིག་འདེབས་རྒྱུ་མ་རྙེད།
ངས་ནི་རྒྱ་སྐད་མི་ཤེས་ཀྱང་། གོང་གི་མཆན་བུས་ཚོད་དཔག་བྱས་ན། རྒྱ་སྐད་ཤེས་ནས་ཤེས་གོ་ཆོད་པ་བྱང་བ་འདྲ་ཐུགས་རྗེ་ཆེ་ཞེས་ཞུ་ལགས།
བཅར་འདྲི་བྱས་ཡོད་པ་གོ་སོང་ཡང་འདིར་ལྟ་ས་མི་འདུག
ད་ལྟའི་དུས་འདིར་ང་ཚོར་རྒྱལ་སྤྱིའི་སྟེང་བོད་དོན་འགྲེལ་བཤད་རྒྱག་ཐུབ་མཁན་དགོས་ཀྱི་འདུག ཁོང་གཉིས་ཀྱིས་ཀྱང་འབྲེལ་བརྗོད་ཡག་པོ་གནང་སོང་། ལྷག་པར་དུ་འཇམ་དཔལ་སྨོན་ལམ་རྒ་པོ་དེ་ཁ་བདེ་བོ་འདུག བཟང་གི
རྣམ་པ་གཉིས་ཀྱིས་བོད་དོན་འགྲེལ་བརྗོད་ཡག་པོ་གནང་སོང་བས་བཀའ་དྲིན་ཆེ་ཞུ།
བོད་དོན་ཁྱབ་བསྒྲགས་བྱེད་སྟངས་ཟེར་བ་དེ་འདྲ་ཞིག་དགོས་རེད། ངོ་མ་དགའ་སོང་།
བཅར་དྲི་གང་བྱས་ཡོད་དམ། གོ་རྒྱུ་དང་། མཐོང་རྒྱུ་མིན་འདུག
ཆོས་དར་དང་སྐྱུ་རྩི་ལགས། གཅིག་བྱས་ན་གློག་ཀླད་ཀྱི་ཁྱད་པར་འདྲ་མིན་འགྲོ། དེ་མིན་གོང་གི་དྲ་ཚུགས་དེར་ནོན་དང་མཐོང་ཐུབ་ཀི་ཡ།
ཁྱོད་གཉིས་ལ་བཀའ་དྲིན་ཆེ། ངོ་ནས་ཡག་པོ་རེད། བོད་མི་ཞིག་གིས་གནས་ལུགས་དང་མཐུན་པའི་སྒོ་ནས་རྒྱ་རྒན་ཚང་གི་མཚང་ནས་རྒོལ་བ་འདི་ངོ་ནས་ཐུགས་རྗེ་ཆེ་ཞུ།
དེ་ནི་དངོས་སུ་མནར་གཅོད་མྱངས་མྱོང་བའི་མི་སྣའི་གཟུགས་མཐོང་བ་དང་། སྒྲ་གོ་བའི་ཐོག་ནས་ཕྱི་ནང་གི་རྒྱ་དམར་ནག་གི་མི་རིགས་རྣམས་ལ་གོ་བརྡ་སྤྲོད་བྱེད་
དང་། ཚོར་བ་སློང་བྱེད་། ར་སྤྲོད་ཐུབ་བྱེད་ཀྱི་ཐབས་ལམ་བཟང་ཤོས་སུ་མཐོང་བས་དེ་འདྲའི་གོ་སྐབས་མང་ཙམ་བེད་སྤྱོད་ཐུབ་ཚེ། རྒྱ་རིགས་ཆེན་པོའི་རིང་ལུགས་པ་ཚོ་དང་། མི་ཆོས་དང་ཡ་རབ་བཟང་སྤྱོད་བྲལ་བའི་མི་རིགས་རྣམས་གཞི་ནས་གཉིད་ལས་སད་ཐུབ་ཅིང་། རང་གིས་ཞེན་ཁོག་བྱ་ཡུལ་གྱི་དམར་གཞུང་དབང་ཆ་གཅིག་བསྡུས་རིང་ལུགས་པའི་
གདོང་རིས་ངོ་མ་དེ་གསལ་འདོན་བྱེད་ཐུབ་པ་ལགས་ན། ཁྱེད་རྣམ་གཉིས་དང་འདྲ་བའི་དཔའ་བོ་
དཔའ་མོ་ཚོར་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བ་ལགས་སོ།།
ལ་ལས་རང་སྲོག་བཏང་ནས་རང་གཞུང་བསུ།།
ལ་ལས་དེ་དག་མངོན་འདོད་གོ་ལར་བསྒྲགས།།
ཕལ་ཆེར་རང་རང་ས་ལ་ལས་འགན་རེ།།
སྒྲུབ་ཅིང་བཞུགས་པའི་ཆོལ་གསུམ་མི་སྣར་བསྔགས།།
ཁོང་གཉིས་ནི། ཆབ་སྲིད་བཙོན་པ་ངོ་གནོང་མི་དགོས་པ་གཉིས་རེད་ལ། ད་ལྟ་བར་ལབ་རྒྱུ་གླེང་རྒྱུ་ཡང་ཅང་མེད། ད་དུང་ངོ་ཐོགས་པའི་སྤྱི་པའི་ལས་དོན་ཡང་གང་འཚམས་བསྒྲུབས་པ་རེད། ལྷག་པར་འཇམ་དཔལ་སྨོན་ལམ་གྱིས་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱི་འགན་འཁུར་སྟངས་དང་། བོད་ནང་གི་གནས་ཚུལ་རྟོགས་ཐབས་བཅས་ལ་གྲུབ་འབྲས་དངོས་གསལ་དོད་པོ་བྱུང་སོང་། ད་ལྟ་བོད་གནས་ཤོད་སྐབས་ཀི་རྟི་དགོན་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་ལྷག་པ་མེད། བོད་ཀྱི་རང་དབང་འཐབ་རྩོད་ལ་དངོས་སུ་ཞུགས་མྱོང་བ་རྣམས་ཀྱིས་བོད་དོན་བདེན་པའི་གནས་ཚུལ་ཁྱབ་
བསྒྲགས་ཤུགས་ཆེ་ཙམ་བྱ་ན། ཧམ་པ་ཧང་སོང་མེད་ཅིང་།
དངོས་ཡོད་དང་མཐུན་ལ་ནུས་པ་ཡང་ཆེ་བ་ཡོད་པ་ཐག་ཆོད། དེ་མིན་རྒྱ་མིའི་གདུག་རྩུབ་མིག་གིས་མཐོང་མྱོང་མེད་ཅིང་། དོན་དངོས་ཀྱང་ཤེས་ཐབས་ཀྱི་རྩོལ་བ་མི་བསྟེན་པའི་ཁ་བདེ་པོ་རྣམས་ཀྱིས་བོད་དོན་ཤེས་ཁུལ་ཁྱབ་བསྒྲགས་རྐྱང་བྱེད་བསྡད་ན། སྐྱོན་མང་པོ་བྱུང་ཡོད་པ་ནས་ངས་གཉིས་བཤད་ཆོག དགེ་རྒན་ཞིག་གིས་སློབ་ཚན་ཁྲིད་རྗེས་དྲི་བའི་དུས་ཚོད་ལ་འཛིན་གྲྭ་ལྔ་པའི་བུ་ཞིག་གིས་དགེ་རྒན་དེ་ལ་དྲིས་དོན། རྒན་ལགས་ཁྱེད་རང་རྒྱ་མིས་བཟའ་མ་ཐུབ་པ་ག་འདྲ་བྱས་ནས་བྲོས་ཡོང་ངམ། རྒན་ལགས་རྒྱ་མིས་མི་ཚང་མ་བཟའ་གི་རེད་དམ། ཞེས་དྲི་བ་དེ་ལྟར་བཀོད། དེ་ནི་ང་ཚོའི་སློབ་གསོའི་གྲུབ་འབྲས་ལ་བརྩི་ཆོག་གམ། རྒྱ་མི་ཞེས་བརྗོད་པ་དང་སེམས་ནང་འཐབ་སེམས་ཀྱི་སྤོབས་པ་དང་བྲལ་ཏེ། བྲོས་རྒྱུའི་བསམ་བློ་འཁོར་རྒྱུ་མ་གཏོགས་མེད་པ་བཟོས་པ་རེད། ཡང་གཞན་ཞིག་སྟེ། སྤྱི་ལོ་ ༢༠༠༨ ལོར་བོད་ནང་བཙན་རྒོལ་གྱི་མེ་ལྕེ་དྲག་ཏུ་འཕྱུར་སྐབས། རྒྱ་གར་གྱི་བརྙན་འཕྲིན་ཐོག་རང་རེའི་འཐབ་རྩོད་པར་གྲགས་པ་ཞིག་དང་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱི་རྒྱ་མི་ཞིག་ལྷན་དུ་དྲི་བ་དྲིས་ལན་བྱས། ང་ཚོའི་འཐབ་རྩོད་པ་དེས། བོད་ནང་གི་ཁ་པར་ཚུན་གྱི་བརྒྱུད་ལམ་གཏན་འགོག་བྱས་ཡོད་ཚུལ་བཤད། རྒྱ་མི་དེས་ང་ཚོས་ཁ་པར་གྱི་བརྒྱུད་ལམ་གཏན་འགོག་རྩ་བ་ནས་བྱས་མེད། སྐུ་ཞབས་ཁྱོད་རང་བོད་ཀྱི་ས་ཁུལ་གང་དུ་སུ་ལ་ཁ་པར་གཏང་འདོད་ན། ད་ལྟ་རང་ཨང་གྲངས་གནོན་དང་། བརྒྱུད་ལམ་བཀག་མིན་ཁ་གྲགས་ཀྱི་རེད། ཅེས་ཤོད་སྐབས། ང་ཚོའི་འཐབ་རྩོད་པ་དེས་དོན་ལྡན་གྱི་ལན་ཞིག་འདེབས་རྒྱུ་མ་རྙེད།
རྣམ་པ་གཉིས་ནས་ལན་ཡག་པོ་བསྐྱོན་སོང་བས་དགའ་བོ་བྱུང། རྒྱ་རྒན་ཚང་གི་སྙིང་ན་དགོས་བྱུང་ཡོད་ངེས་རེད།
ངས་ནི་རྒྱ་སྐད་མི་ཤེས་ཀྱང་། གོང་གི་མཆན་བུས་ཚོད་དཔག་བྱས་ན། རྒྱ་སྐད་ཤེས་ནས་ཤེས་གོ་ཆོད་པ་བྱང་བ་འདྲ་ཐུགས་རྗེ་ཆེ་ཞེས་ཞུ་ལགས།