ལྡོང་ཕྲུག
ཡིག་སྐྱོན་མིག་ལ་རྒྱུ་ཐང་རེ་བོད་མི་རིཊ་ཀྱི་བླ་སྲོག་བྱེ་བྲག་པ་ཞིག་ལ་གས་ཆགས་གཅིག་འགྲོ་བཞིན་པའི་ཚོར་བ་ཞིག་ངང་གིས་འབྱུང་གི་གང་ལྟར་སྤྱི་ཚོགས་ལ་སྣེ་ཁྲིད་པའམ་སྤྱི་ཚོགས་ལ་གསལ་འདེབས་མཁན་དག་གིས་ཡིག་སྐྱོན་སྣང་མེད་བྱས་ན་འོས་སམ།
པར་དེའི་ནང་གཅིག་པོ་མ་ཡིན་པར་སོ་ཡ་ལའི་ལེ་ཚད་ཡོངས་ཡིག་སྐྱོན་གྱི་གྲུབ་ཡོད། ཞིབ་ཏུ་ལྟ་འདོད་མཁན་ཚོས་འདིར་གཟིགས་རོགས་ཞུ།
http://www.voatibetan.com/archive/soyala-contemporary-tibetan-music/latest/2255/2648.html
དྲང་མོ་ཡིན། ཨ་རླུང་དང་ཨེ་རླུང་གཉིས་འཛམ་གླིང་འདིའི་ནང་བོད་ཡིག་ཡིག་ནོར། དོན་ནོར། ཚིག་ནོར། བརྗོད་ནོར། འབྲི་མཁན་སྡུག་ཤོས་གཉིས་རེད་ལ། རྒྱལ་སྤྱིའི་རྒྱུད་ལམ་ཡོངས་ནས་ཀྱང་སྡུག་ཌོས་ཡིན་རྒྱུ་རེད་འདོད། གསར་ཁང་གཞན་དང་གཞན་ལ་མཚོན་ན་རྒྱུད་ལམ་སྐད་ཡིག་དེར་གང་ཅི་ཐད་ནས་བྱང་ཞིང་ཆུབ་པ་རྐྱང་ལས་ང་ཚོའི་རླུང་འཕྲིན་ཁག་བཞིན་སྐད་ཡིག་ལ་རྨོངས་བསྡད་པ་གཅིག་གིས་ཀྱང་ལས་དེ་བྱེད་ཀྱིན་པ་ཐག་གིས་ཆོད་འདུག
ནོར་བ་གསལ་སྟོན་གནང་མཁན་རང་ཉིད་ཀྱང་།
ལྡོང་ཕྲུག་ཀྱང་ཡིག་ནོར་གྱི་ཚང་ཡིན་པ་འདྲ། ཡིག་སྐྱོན་མིག་ལ་རྒྱུ་ཐང་[གོ་རྒྱུ་མི་འདུག]རེ་བོད་མི་རིཊ་ཀྱི་བླ་སྲོག་བྱེ་བྲག་པ་ཞིག་ལ་གས་ཆགས་[གས་ཆག་ཡིན་དགོས]གཅིག་འགྲོ་བཞིན་པའི་ཚོར་བ་ཞིག་ངང་གིས་འབྱུང་གི་[འདི་ཡང་གཅིག་འགྲིག་མི་འདུག]གང་ལྟར་སྤྱི་ཚོགས་ལ་སྣེ་ཁྲིད་པའམ་སྤྱི་ཚོགས་ལ་གསལ་འདེབས་མཁན་[འདི་ཡང་མ་བདེ]དག་གིས་ཡིག་སྐྱོན་སྣང་མེད་བྱས་ན་འོས་སམ།
པར་དེའི་ནང་གཅིག་པོ་[གཅིག་པུར་]མ་ཡིན་པར་སོ་ཡ་ལའི་ལེ་ཚད་[ཚན]ཡོངས་ཡིག་སྐྱོན་གྱི་[གྱིས]གྲུབ་ཡོད། ཞིབ་ཏུ་ལྟ་འདོད་མཁན་ཚོས་འདིར་གཟིགས་རོགས་ཞུ།
ཁ་རལ་ཞིག་གིས་སྣ་རལ་ཞིག་ལ་འཛེམས་ན་སྙིང་རྗེ་མོ་མི་འདུག་ག ཧུཧུཧུ
ཨ་རིའི་རླུང་འཕྲིན་ཁང་གཉིས་དེ་དབྱིན་བོད་འདྲེས་མའིགསར་འགྱུར་ཡིན་པར་བརྟེན་བོད་པའི་ཆས་གོས་གྱོན་པ་དང་། བོད་ཡིག་དག་ཆ་ཡག་པོ་བྲིས་ན་འཛམ་གླིང་སྤྱི་ཁྲིམས་དང་འགལ་ངེས་ལ་དེ་ལྟར་མ་གནང་ཐབས་མེད་པས་ཁོང་རྣམ་པར་སྐུ་ཁག་ཅི་ཡོད།
གོང་གི་དྲྭ་གྲོགས་འགས་ཡིག་སྐྱོན་ཐེར་འདོན་བྱས་པ་བཀའ་དྲིན་ཞུ་ལྷག་ཏུ་རང་ཉིད་ཤེས་ལྡན་པ་ཞིག་ཡིན་མདོག་ཀྱང་མིན། འོན་ཀྱང་ལེ་ཚན་འདིས་ཕྲན་ཆུང་གི་སེམས་ལ་ཅི་ཞིག་བཤད་འདོད་ཀྱིས་ཚོར་བ་ཞིག་ངང་གིས་སླེབས་ཐལ། དེའི་ཕྱིར་་ཁོང་ཚོ་དང་ཁོང་ཚོ་ལྟ་བུའི་ཡིག་སྐྱོན་ལ་སྣང་མེད་བྱེད་མཁན་དག་གིས་དོ་སྣང་རེ་འེ་བྱེད་སྙམ་པའི་གཏམ་ལས་ཅིག་ཤེས་མདོག་གི་རྫིག་ཉམས་མིན་དེ་དོན་དགོངས་འཇགས་ཡོད་པར་ཞུ། དེ་ཙམ་ལས་དགག་གཞག་ཆེར་མི་བྱེད།
ལྡོང་ཕྲུག་ཁྱེད་ཀྱིས་བྲིས་པའི་སྐྱོན་བརྗོད་ཡི་གེ་དེའི་ནང་ལ་ཡང་དག་ཆ་ནོར་བ་མང་པོ་འདུག བྱས་ཙང་གཏམ་དཔེར། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ཉིད་ལྟ་ན་མེ་ལོང་དགོས། རང་བློ་རང་དུ་མ་འདུས་ན། རང་སྐྱོན་རང་གིས་མཐོང་བ་དཀའ།
བོད་སྐད་རླུང་འཕྲིན་ཁང་གསུམ། ཨ་རིའི་བོད་སྐད་རླུང་འཕྲིན། ཨེ་ཤ་ཡ་རང་དབང་རླུང་འཕྲིན ནོར་ལྦེ་བོད་ཀྱི་རླུང་འཕྲིན། བཅས་གསུམ་ནས་ཞབས་ཞུའི་སྤུས་ཚད་ལེགས་ཤོས་དེ་ནོར་ལྦེ་རླུང་འཕྲིན་རེད་ཤག
ཨ་རིའི་ལྕགས་ཐག་བོད་སྐད་རླུང་འཕྲིན་ཁང་།
ཚང་མས་དོ་སྣང་བྱུང་བ་བཞིན་བོད་སྐད་ཀྱི་གནས་ཚད་སྐྱོ་བ་དང་གཅིག ཡིག་ནོར་མང་བ་དང་གཉིས། མི་རིགས་ཀྱི་ཆས་གོས་ལ་སྣང་ཆུང་གཏོང་བ་དང་གསུམ། ལས་བྱེད་ཕལ་ཆེ་བ་ཕ་ཡུལ་གཅིག་པ་དང་གྲོགས་མོ་གྲོགས་མོ་ལག་གདང་སྦྲེལ་ས་དང་བཞི།
འགན་འཛིན་བློ་བཟང་རྒྱ་མཚོར་མ་འོངས་པའི་ཕུགས་བསམ་མེད་པ་ལྔ། དེའི་ནང་གི་ལས་མི་ཚང་མར་ཡར་རྒྱས་ཀྱི་རྣམ་པ་མེད་པ་དྲུག་བཅས་ཀྱི་ད་བར་ཨ་རི་གཞུང་ནས་འགྲོ་སོང་བཏང་བ་ཕལ་ཆེ་བ་ཞི་བདེ་རྒྱ་མཚོར་གཡུགས་པ་དང་གཅིག་པ་རེད།
གྲོགས་པོ་གྲོགས་མོར་བཅོས།
་་་་་ བོད་དང་བརྩན་འབྱོལ་ནང་གི་བོད་མི་གཞས་པ་གཞས་མ། གཞས་ཀྱི་རིག་གནས་མཁས་པ་དང་སྒྱུ་རྩལ་པ་སོགས་ལ་བཅར་འདྲི། དེ་བཞིན་ལོ་རབས་༨༠་དང་༩༠་ནང་གི་གཞས་ལ་སོགས་པའི་དེང་རབས་བོད་ཀྱི་གླུ་གཞས་སྙན་སྒྲོན་ཞུ་ཡི་ཡོད། ་་་་་་
བརྩན་འབྱོལ་དེ་བཙན་འབྱོལ་དང་། སྙན་སྒྲོན་ཞུ་ཡ་ཡོད། དེ། སྙན་སྒྲོན་ཞུ་བགྱིད་ཡོད་ལ་བཅོས་དགོས།
ཡིག་ནོར་དང་དག་ནོར་ཡོད་ནི་ཞིག་གིས་གཞན་ལ་དག་ནོར་དང་ཡིག་ནོར་འདུག་ཟེར་བ་དེ་ནི་བོད་ཡིག་ལ་ཤ་ཚ་བའི་རྣམ་པ་འདྲ་ཞིག་ཡོད་པ་མཐོང་ཡོང་གི།
ཡིག་ནོར་དང་དག་ནོར་མེད་པ་ཞིག་གིས་གཞན་ལ་དག་ནོར་དང་ཡིག་ནོར་འདུག་ཟེར་ན་དེ་ནི་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་པོ་དཀར་པོ་ཞིག་ཡིན་མིན་མི་ཤེས་འི།
གང་ལྟར་ཚང་མ་ཡག་པོ་རེད། ཡིག་ནོ་ཞབས་ཞུ་བ་ཟེར་བ་ཞིག་རིག་རྒྱུ་ཡོད་པས་ཁོས་མང་སྙན་པོ་དེའི་འོག་ན་ཕྱག་ལས་ཡག་པོ་གནང་གི་མེད་པ་འདྲ། ཧཧཧ།
བསམ་ཚུལ་བཏོན་པ་ཐུགས་རྗེ་ཆེ་་ཞུ་་་ངའི་སྐར་འཕྲིན་སྟེང་འབྲེལ་བ་བྱེད་འདོད་ན་འདི་ལགས། Tibetan1992
བརྩན་འབྱོལ་ལས། བཙན་འབྱོལ་འདི་དག་པ་དང་། ཡང་བཙན་འབྱོལ་ལས་ཀྱང་། བཙན་བྱོལ་འདི་དག་པ་མིན་ནམ་སྙམ་ལགས།
ཡིག་ནོར་ལ་སྐྱོན་བརྗོད་བྱེད་ཚོའང་ཡིག་དང་ཚིག་ནོར། དོན་ནོར་དང་ཚིག་གྲུབ་བཟོ་སྟངས་སོགས་མང་དུ་ནོར་འདུག་པས་དང་པོ་རང་ཉིད་ལ་དག་བཅོས་བཏང་། དེ་ནས་གཞན་ལ་ཁ་བཏང་ན་ལེགས།
རིག་པའི་བུ་ཆོ།
དག་ནོར་གཅིག་ཡང་མི་ཤོར་བར་སྒུག་བསྡད་ན། ཁ་ནང་ནས་སོ་འཐོར། ཀླད་ནང་ནས་རིག་པ་འཆོར། ཁྱོ་ལ་ཁྱོ་མེད། ང་ལ་ང་མེད། བོད་ལ་ཡི་གེ་མེད། ངག་ལ་སྐད་ཡིག་མེད། མེད་མེད་མུག་མུག་གི་མྱི་ཚེ་རྫོགས་ན་བཟང་ངམ།
ཨ་རླུང་དང་ཨེ་རླུང་ཚང་ན་སྟག་འབྲུག་ཚང་དུ་ཡིབ་འདྲའི་ཤེས་ལྡན་པ་རྒྱ་བོད་དབྱིན་གསུམ་ལ་རང་རྐྱ་འཕེར་ཞིང་འཆད་རྩོམ་ལ་ཐོགས་པ་མེད་པ་ཁ་ཤས་ཤིག་ཡོད་པ་ནི་དེ་གའི་རྒྱན་རེད། ཡིན་ནའང་སེམས་སྨྲེང་བ་ཞིག་ལ་ལས་རིམ་ཚང་མའི་ནང་ཡིག་ནོར་མེད་ས་མི་འདུག་ལ། ཡིག་ནོར་ཁ་གྲངས་ཉུང་ཉུང་མ་རེད། བརྗོད་གཞི་འདི་ཁ་བརྡའི་སྟེང་སླེབས་པ་ཐེངས་གཅིག་མ་རེད་དྲན། དེ་ལྟར་ནའང་་ལེ་ཚན་གཙོ་སྐྱོང་བ་ཁ་ཤས་ཤིག་གིས་སྒེར་གྱིས་ཟིན་བྲིས་རེ་གཉེར་ཡོད་པའི་ནང་དུ་ཡིག་ནོར་ཧ་ལམ་དཀོན་པོ་རེད། དེའི་ག་རེ་མཚོན་གི་ཡོད་མེད་དང་གསལ་བཤད་ག་རེ་གནང་ཡོད་མེད་གསལ་བོ་རེད།
སོ་ཡ་རིའི་ལེ་ཚན་གཙོ་སྐྱོང་བ་བསྟན་འཛིན་ནོར་དབྱངས་ལགས་ནི་དེང་རབས་ཀྱི་ཡིད་འཕྲོག་ལྷ་མོ་གསོན་པོ་ཞིག་ཡིན་ལ་ཁོ་མོའི་ལེ་ཚན་ལ་ཐེངས་གཅིག་མ་ཉན་ན་ང་ནམ་ཡང་གཉིད་མི་ཡོང་གི དེའི་ཕྱིར་ད། པ་སངས་གཡང་སྐྱིད་དང་འཕྲིན་ལས་ཆོས་སྒྲོན་གཉིས་ཕྱེད་རྒན་ཡོལ་གནང་སྟེ་མཛེས་མ་བསྟན་འཛིན་ནོར་དབྱངས་ལགས་བརྙན་རིས་མདུན་ལ་ཐོན་ཚད་རེད། དེ་ལྟར་གནང་ཚེ་ཀླུ་སྨྱོན་དང་ང་ཚོ་ཡང་བསྐྱར་བརྩེ་དུང་གི་གོམ་བགྲོད་ལ་ཞུགས་པར་སྟ་གོན་གནང་དགོས།
ཨ་རིའི་རླུང་འཔྲིན་ཁང་གི་བུ་ཕོ་ཚོས་བོད་ལྭ་མི་གྱོན་པའི་གྲོས་ཆོད་བཞག་པར་གཟིགས་དང་། བོད་ལྭ་གྱོན་ན་མ་འདོད་པ་ཤ་སྟག་ལས་ཨ་རིའི་སྲིད་གཞུང་དང་འབྲེལ་བ་སྤུ་ཙམ་མེད་པ་བུ་མོ་ཚོས་བོད་ལྭ་གྱོན་ཡོད་པ་ཡིས་ར་སྤྲོད་བྱེད་ཡོད། ཨ་རིའི་རླུང་འཕྲིན་ཁང་དུ་བོད་མི་་ལས་བྱེད་བོད་མི་༤༠ཙམ་ཡོད་པའི་གྲས་སུ།ཨ་རིའི་གཞུང་གི་ལས་བྱེད་དང་མི་སེར་ཡིན་པ་སྐུ་དྲག་ཁྱིམ་ཚང་འབྲེལ་ཡོད་༣༠ལྷག་ཡོད་རེད། ད་ལྟ་ལས་བྱེད་གསར་བ་རྣམས་གླ་བ་རེད་དོ།
བསྟན་འཛིན་ནོར་དབྱངས་མཛེས་མ་བྱེ་བྲག་རེད། རྒྱ་རི་རིན་པོ་ཆེ་ཡི་གཉེན་ཚན་རེད་དོ བོད་སྐད་ཡག་པོ་ཤོད་མི་ཐུབ་པས། བོད་ཡིག་ཨ་ཅང་ཅང་།
ཨ་རླུང་ཚང་གི་བརྙན་འཕྲིན་མིག་ལ་མཛེས། །
ཨེ་རླུང་ཚང་གི་རླུང་འཕྲིན་རྣ་ལ་སྙན། །
ཨ་ཨེ་རྒྱང་སྒྲོག་བཀའ་དྲིན་མིན་རྒྱུ་ན། །
ཨ་ཞང་ཚང་ལ་ཁ་གཏད་གཅོག་མཁན་སུ། །
དྲ་གྲོགས་ཚོ། ཡིག་ནོར། ཡིག་ནོར་མ་ལབ། རྒྱལ་སྤྱིའི་ཁྲིམས་ལ་ཐོགས་ཡོང་། ཡིག་ནོར་འབྲི་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་ཞིག་ཏུ་གྱུར་ཟིན་པ་མ་ཤེས་སམ། གངས་ཅན་སྐྱིད་གཤོང་གི་གཡས་གཡོན་ནས་འགྲོ་བ་མིའི་ཐོབ་ཐང་འཕྲོག་གི་འདུག་ཟེར་ནས་འཕྲེད་དར་འཕྱར་ནས་སྐོར་ཞིག་ཐོན་ཡོང་ན་དཀའ་ཡི་རེད། དེ་ལས་དང་པོ་ནས་ཡིག་ནོར་ལབ་ཀི་མ་འདུག་ལོ།
རང་དབང་ལུང་བ་ནས་རང་གི་སྐད་ཡིག་ལ་མཉེས་བཅོས་བྱས་ན་ཧ་ཅང་ངོ་ཚ་བོ་རེད།
གསལ་སྟོན་གནང་བ་ཐུགས་རྗེ་ཆེ།
མི་དེ་ཚོས་བསམ་བཞིན་དུ་བོད་ཡིག་འདི་འཆི་ལམ་གཏོང་གི་འདུག