དཔལ་རྡོར་ནས།
ཨ་རིའི་གཞུང་གི་རྒྱང་བསྒྲགས་ལས་དོན་འགན་འཛིན་ལྷན་ཚོགས་ཀྱིས་ཕོ་བྲང་དཀར་པོ་ལ་ཕུལ་བའི་ཕྱི་ལོ་༢༠༡༣་ལོ་འཁོར་སྔོན་རྩིས་ནང་དུ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་རྦད་དེ་མེད་པ་བཟོ་རྒྱུའི་གྲོས་གཞི་བཏོན་ཡོད་པ་དང་། ད་ནི་ཨ་རིའི་གྲོས་ཚོགས་ཀྱིས་སྔོན་རྩིས་ཀྱི་ཆ་དེ་ལ་ཆོག་མཆན་བཀོད་ཚེ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་རྦད་དེ་ཆད་རྒྱུ་ཡིན་པ་རེད།། ཁ་སང་ནས་བཟུང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ལོ་འཁོར་བོད་དོན་ཞུ་སྐུལ་ལས་དོན་ཐེངས་བཞི་བའི་ནང་གི་ཞུ་སྐུལ་གལ་ཆེན་ཞིག་ནི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་སྐྱོབ་རྒྱུ་དེ་ཡིན་ལ། དངོས་སུ་ཨ་རིའི་འབྲེལ་ཡོད་གྲོས་ཚོགས་འཐུས་མི་མང་པོའི་ལས་ཁུངས་སུ་བཅར་ཏེ་ཞུ་སྐུལ་བྱ་རྒྱུ་ཡིན་པ་དང་། ལས་འགུལ་གོ་སྒྲིག་པ་མང་པོ་དང་། ལས་འགུལ་ནང་ཞུགས་མཁན་གྱི་བོད་དོན་རྒྱབ་སྐྱོར་བ་མང་པོས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་ནི་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཡོངས་ཀྱི་ཆེད་དུ་ངེས་པར་དུ་སྐྱོབ་དགོས་ཞེས་ལས་འགུལ་སྤེལ་བཞིན་པ་རེད།།
ཨ་རིའི་རླུང་འཕྲིན་ཁང་གི་རྒྱང་བསྒྲགས་རྩ་མེད་བཟོ་བའི་གྲོས་གཞི་འདི་ནི་བོད་དུ་ཚེ་སྲོག་གི་མེ་ལྕེ་དྲག་ཏུ་མཆེད་བཞིན་པའི་སྐབས་འདིར་བྱུང་བ་ཞིག་ཡིན་པས་དུས་མི་འོས་པ་ཞིག་དང་འཁེལ་ཡོད། ཕྱི་ལོ་༢༠༠༩་ནས་བཟུང་ད་རག་བར་བོད་མི་སུམ་ཅུ་ཐམ་པ་ཡིས་རང་གི་གཅེས་པའི་ཚེ་སྲོག་མཆོད་མེའི་ཚུལ་དུ་ཕུལ་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དང་། སྲིད་ཇུས་ལ་ཡི་མ་རངས་པའི་བསམ་ཚུལ་བརྗོད་ས་གང་ཡང་མེད་ལ་བརྗོད་པའི་སྐབས་སུ་ཉན་འཇོག་བྱེད་རྒྱུ་ལས་ལྡོིག་སྟེ་ཁྲིམས་ཆད་ནན་མོ་གཅོད་པ་དང་། དྲག་ཆས་ཉེན་རྟོག་པ་སོགས་སྔར་ལས་མང་བ་འགྲེམ་འཇོག་བྱེད་བཞིན་པ་རེད།།
ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་རྦད་དེ་བཅད་ན་རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་འཕྲིན་ནོར་འཁྲུལ་ཅན་ཞིག་གཏོང་གི་ཡོད། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བོད་དོན་འགན་འཛིན་གཙོ་བོ་ཞིག་གིས་ཉེ་ཆར་རྩོམ་ཡིག་སྤེལ་ནས་བོད་དང་བོད་མིའི་འདུ་ཤེས་རྩ་མེད་བཟོས་ཏེ། བོད་མི་རྣམས་རྒྱ་མིའི་རྒྱ་མཚོའི་ཀློང་དུ་འདྲེས་པར་བྱས་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཉམས་དམས་སུ་གཏོང་རྒྱུའི་ལམ་སྟོན་དང་སྲིད་ཇུས་ངོ་སྤྲོད་བྱས་ཡོད། འདི་འདྲའི་གཉན་འཕྲང་གི་དུས་འདིར་གལ་ཏེ་བོད་སྐད་རྒྱང་བསྒྲགས་འདི་མཚམས་འཇོག་བྱས་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་ཚབས་ཆེན་བྱེད་བཞིན་པ་དང་མི་རིགས་རྩ་མེད་དུ་གཏོང་བའི་ལངས་ཕྱོགས་དེ་ཨ་རི་གཙོ་བྱས་རྒྱལ་སྤྱིའི་སྟེང་དང་ལེན་བྱེད་བཞིན་པའི་བརྡ་འཕྲིན་དུ་ངོས་འཛིན་བྱ་ངེས་རེད།།
ཨ་རིའི་རླུང་འཕྲིན་ཁང་ནི་རྒྱལ་སྤྱི་དང་བོད་དོན་གནས་ཚུལ་མང་པོ་བོད་མི་རྣམས་ལ་དུས་ཐོག་ཏུ་མཁོ་སྤྲོད་བྱེད་པའི་ཐུན་མོང་མ་ཡིན་པའི་རླུང་འཕྲིན་བརྒྱུད་ལམ་ཞིག་ཡིན། ཉེ་ཆར་ཨ་རིའི་རྒྱལ་ཡོངས་ཀུན་ཁྱབ་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་དམག་མིས་མཐའ་ནས་ཡོངས་སུ་བསྐོར་བའི་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གསང་བའི་ངང་མཚན་མོ་རེ་རེ་ལ་ཆད་མེད་དུ་ཨ་རིའི་རླུང་འཕྲིན་ཁང་གི་རྒྱང་བསྒྲགས་ལ་ཉན་བཞིན་ཡོད་ཟེར། ཨ་རིའི་གྲོས་ཚོགས་ཀྱིས་༡༩༩༡་ལོར་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་འདི་ཚུགས་པ་ནས་བཟུང་ཨ་རིའི་མང་གཙོའི་ལམ་ལུགས་དང་ལྟ་གྲུབ། རྒྱལ་སྤྱིའི་གསར་འགྱུར། བོད་དོན་གསར་འགྱུར་སོགས་ཉིན་རེ་ལ་དུས་ཚོད་དྲུག་རེའི་རྒྱང་བསྒྲགས་གཏོང་བཞིན་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་གི་རྒྱང་བསྒྲགས་ནི་བོད་ནང་གི་བོད་མི་རྣམས་ཚེ་སྲོག་ལས་སྐྱོབ་པའི་སྨན་ལྟ་བུར་གྱུར་ཡོད་ཅེས་གསུངས་པ་དང་། དམིགས་བསལ་སྒོས་ཉེ་ཆར་ཨ་རིའི་རླུང་འཕྲིན་ཁང་ཚུགས་ནས་ལོ་འཁོར་བདུན་ཅུ་འཁོར་བར་
༧གོང་ས་མཆོག་གིས་རྟེན་འབྲེལ་གྱི་གསུང་འཕྲིན་བསྩལ་བའི་ནང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བོད་རིགས་ཙམ་མ་ཡིན་པར་བོད་ཡིག་བེད་སྤྱོད་བྱེད་མཁན་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཡོངས་ལ་ཕན་ཐོགས་ཆེན་པོ་ཐོན་ཀི་ཡོད་ཅེས་གསུངས་ཡོད(༧གོང་ས་མཆོག་གི་གསུང་འཕྲིན་དེ་http://savevoatibetanradio.com/category/videos/ རུ་གསལ)།།
༧གོང་གི་རྒྱུ་མཚན་དག་ལ་བརྟེན་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཨ་རིའི་རླུང་འཕྲིན་སྐྱོབ་པའི་ལས་འགུལ་སྤེལ་དགོས་པ་དང་། དམིགས་བསལ་སྒོས་ཨ་རིའི་ནང་ཡོད་པའི་བོད་མི་རྣམས་ཀྱིས་སོ་སོའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་འབོད་སྐུལ་བརྒྱབ་སྟེ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་གཅོད་མི་རུང་བའི་རྒྱུ་མཚན་གསལ་བཤད་བྱེད་དགོས། དེ་བཞིན་དུ་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ཀྱིས་ཀྱང་ཨ་རིའི་ནང་གི་འབྲེལ་ཡོད་སྡེ་ཚན་ཁག་ལ་དེ་ལྟར་འབོད་སྐུལ་བརྒྱབ་ན་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་འདི་ཉིད་གཞིས་བྱེས་བོད་མི་རྣམས་ལ་གསར་འགྱུར་ཐོན་ཁུངས་གལ་ཆེན་ཞིག་གི་ངོས་ནས་མུ་མཐུད་གནས་ཏེ་བོད་ཀྱི་བདེན་མཐའ་སེལ་བར་ནུས་ཤུགས་ཆེན་པོ་ཐོན་རྒྱུ་ཡིན་པ་གདོན་མི་ཟའོ།།
གྲོ་ཚོགས་དངུལ་རྩིས་སུ་འདི་ལྟརགཅད་བགྲོ་ལ་བསམ་བློའམ་བརྟག་དཔྱད་དགོས་རེད་སྙམ། ཆབ་སྲིད་ཀྱི་ཤུགས་མནན་ཅིག་གམ། ཨ་རིའི་དངུལ་ལོར་ཉམས་རྒུད་དམ། བོད་སྐད་རླུང་འཕྲིན་གྱི་སྤུས་ཚད་དམ། ཞིབ་དགོས་པ་མང་དག་ཅིག་མདུན་དུ་༌༌༌༌༌༌
བོད་སྐད་རླུང་འཕྲིན་འདི་རྒྱུན་གནས་ཐུབ་པ་ལ་ཤུགས་སྐྱོན་དགོས།ཡིན་ཡང་བོད་སྐད་རླུང་འཕྲིན་འདིའི་ནང་དུ་མི་ཚད་ལྡན་ཆེད་ལས་པ་གཅིག་ཀྱང་མེད། དེའི་ཕྱིར་ལས་རིམ་ཚང་མ་ཕྱོགས་རུས་དང་ཅོལ་ཆུང་། རྨོངས་བཤད་རྐྱང་རྐྱང་བྱས་བསྡད་ཡོད།
ཨ་རིའི་གཞུང་འདི་དྲང་བདེན་དང་། ཞི་བདེ། རང་དབང་བཅས་ལ་དགའ་བའི་གཏམ་སྙན་གྱི་འབྲུག་སྒྲ་ཕྱོགས་བཅུར་བསྒྲགས་པ་བདེན་དོན་དུ་ངོས་འཛིན་དགོས་ན་༼ཨ་རིའི་རྒྱངས་སྲིངས་རླུང་འཕྲིན་ཁང་གི་རླུང་འཕྲིན་ལེ་ཚན་སོགས་༽ངེས་པར་དུ་ཡུན་རིང་གནས་པར་བྱ་དགོས་པ་ལས། དཔལ་འབྱོར་གྱི་ཁེ་ཕན་གཅིག་པུར་གཟིགས་བཞུགས་ནས་དྲང་བདེན་གྱི་གསར་འགྱུར་བརྒྱུད་ལམ་མེད་
དེ་མེད་ན་གྱོང་གང་མང་ཞིག་ཡོང་གི་རེད།
ལས་ཀ་བྱེད་མཁན་དེ་དག་ཀྱང་ཚད་ལྡན་དང་ཡག་པོ་ཞིག་ཡོང་བར་ཤོག
བོད་ཀྱི་རླུང་འཕྲིན་གྱི་ཚེ་སྲོག་ཡིན་གཅིག་བསྲིང་དགོས་ཡོད།
འབྲེལ་ཡོད་ལས་ཐོགས་ཚོས་ཤུགས་རྒྱག་རོགས
xxxxxxxxxxxx
ཨ་རིས་འདི་ལྟར་སྒྲུབས་དགོས་དོན་གང་རླུང་འཕྲིན་འདི་བོད་གཞིས་བྱེས་གཉིས་ཀྱི་ཉིན་རྒྱུན་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་་་་ཨ་རི་ན་ཡོད་པའི་བོད་མི་ཡོད་ཚད་ཀྱིས་རླུང་འཕྲིན་འདི་ངེས་པར་དུ་སྐྱོབ་ཐུབ་ཐབས་ལ་འབད་རོགས་ཞུ།
སྐུ་ཞབས་(ཆོས་འཕེལ་དར་རྒྱས)ཞུ་བ་འདི་བླངས་དོར་མི་ཤེས་པའིབླུན་པོ་ཞིག་རེད་་་༧གོང་ས་མཆོག་གི་གསུང་གི་རྒྱབ་ཏུ་བུད་དེ་ཡིན་མདོག་གི་སྐད་ཆ་འདྲ་མ་བཤད་ཁྱོད་ལྟ་བུ་སྤྱི་ཚོགས་ཀྱི་རུལ་སུངས་དང་གད་སྙིགས་རེད་་ལྷག་ཏུ་བོད་མི་རིགས་ཀྱི་རྣ་འདྲེན་པ་ཁྱེད་ལྟ་བུ་ངེད་མི་རིགས་ལ་དགོས་མཁོ་མེད་་་་རང་འདོད་ཆགས་ཀྱི་སྨྱོས་ནས་ལྔ་ལམ་དུ་མ་སོང་བར་དུ་ཨ་ཅག་ཚེ་རིང་སྐྱིད་ལ་ལྟོས་དེ་རྨི་ལམ་སྐྱིད་པོ་རྨིས་རོགས་ཞུ།
རྔ་བའི་སྲེས་ཆེན་ལཊ། ང་ཡང་བོད་ཞིག་བྱེད་འདོད་མེད་ཡང་བོད་ལུས་སུ་སྐྱེས་འདུག ད་ག་རེ་བྱེད
རླུང་འཕྲིན་ཁང་དེར་ལས་ཀ་བྱེད་བཞིན་པའི་ལས་བྱེད་དག་གི་ལྟ་རྒྱལ་ལའང་སེམས་ཁུར་བྱས་ཏེ་བོད་པ་དག་གིས་ངེས་པར་དུ་ཤུགས་རྒྱག་རོགས།
ལས་ཀ་མི་ཤོར་བར་ཤོག
ལས་ཀ་ཤོར་ན་མི་མང་པོ་འཕྲོ་བརླག་ལ་འགྲོ་གི་རེད་དའོ།།
མ་གཞི་ཨ་རིའི་དཔལ་འབྱོར་ཉམས་རྒུད་དང་འབྲེལ་ཡོད་ཀྱང་མ་བྱུང་ས་གཙོ་བོ་དེ་བོད་པ་རང་ཉིད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ལོག་འདོད་དང་སྡོད་འདོད་ཡོད་ཁུལ་བྱས་ཙང་། ཨ་རིས་ཆབ་སྲིད་ཀྱི་ལག་པ་འཕྱིས་ས་མེད་པར་ཆགས་པ་མ་ཟད་དོན་མེད་འགྲོ་གྲོན་གཏོང་འདོད་མེད་པ་དང་། ལྷག་པར་དུ་ཨ་རིའི་མདུང་རྩེ་ཁ་གཏད་ཀྱི་རྒྱ་ནག་དང་དེའི་རྩ་ཁྲིམས་ལ་ཡིད་ཆེས་དང་དེའི་འོག་སྡོད་འདོད་དང་ལོག་འདོད་བྱེད་མཁན་ཞིག་ལ་འགྲོ་གྲོན་གཅོད་རྩིས་ཡིན་པ་གསལ་པོ་རེད་ལ། ག་ལེར་བོད་མིའི་སྒྲིག་འཛུགས་ལ་ལོ་རེའི་ཨ་སྒོར་རོགས་སྐྱོར་དེ་ཡང་འཚམས་གཅོད་རྒྱུ་ཡིན་པ་གདོན་མི་ཟའོ།
མི་སྒར་དང་སྤྱི་གཞུང་དང་རྒྱལ་ཁབ་མི་ཆེན་དང་བླ་ཆེན་དག་ཀྱང་སྒོར་མོའི་ཕྱོགས་ལ་ཡོ་འགྲོ་བས་སྟོབས་ཅན་རྒྱལ་ཁབ་ཨ་མི་རི་ཁ་ལ་ཡང་ཁག་མེད་དིང་སེང་དཔལ་འགྱུར་ཉམས་ཆགས་ཏུ་འགྲོ་དང་འགྲོ་བཞིན་པ་རེད་ཡིན་ན་ཡང་བོད་ཀྱི་བདེན་པ་དེ་དུས་ནམ་ཡང་ཡལ་མི་སྲིད་དེ་བས་ཀྱང་བོད་མི་ཡི་འཐབ་བརྩོད་དེ་ཡལ་མི་སྲིད་
མཁྲིས་ནད་ཅན་ལ་དཀར་པོ་ཐམས་ཅད་སེར་བོར་སྣང་བའི་དཔེ་ལྟར། བསམ་གཏན་ཟེར་བའི་མི་འདི་ལ་མི་ཚད་ལྡན་ཞིག་སྣང་རྒྱུ་མེད་པ་ཐག་གཅོད་རེད། དེ་གའི་འགའ་འཛིན་ཚེ་བརྟན་རྡོ་རྗེ་དང་། ལས་ཁུངས་དེ་གའི་བསམ་འཕེལ་ནོར་བུ། རྡོ་རྗེ་ཚེ་བརྟན་སོགས་མི་འདི་དག་ཤེས་འཇོན་ཅན་རྐྱང་རེད། ད་ལྟའི་བར་དཀའ་ལས་བརྒྱབས་ཏེ། གནས་ཚུལ་ཁྱབ་བསྒྲགས་ཀྱི་ཕྱོགས་ནས་བྱས་རྗེས་ཆུང་ཆུང་མིན། དྲིན་ཅན་ལག་པ་རྡོ་བརྡུང་མ་བྱེད་ཅིག རང་གིས་མི་ཐུབ་ཀྱང་གཞན་གྱི་བྱས་པ་ལ་རྗེས་སུ་ཡི་རང་ཙམ་བྱེད་ཐུབ་ན་ཡང་དགའ་འོ།
ལྗང་སྨྱུག་དང་། ཆོས་འཕེལ་དར་རྒྱས་ཟེར་བ་འདི་དག་གིས་ཟེར་བ་ལ་ལྟོས་དང་། ལྷ་ཤོས་རྐུན་མས་འཁྱེར་ཡང་འཛུམ་དམུལ་དམུལ། ཁང་པ་མེ་ལ་ཤོར་ཡང་མཛུམ་དམུལ་དམུལ་ཟེར་བའི་གཏམ་དཔེའི་ནང་གི་མི་སྣ་དེ་ཏན་ཏན་བློ་ཆུང་འདི་དག་གི་མཚོན་བྱེད་ཅིས་མ་ཡིན། རྟོགས་བརྗོད་མདུན་ལེགས་མའི་ནང་། དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། ། དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང་།། ཞེས་གསུངས་པ་ལྟར། འདི་ཚོ་ལས་གཞན་པའི་བསམ་མེད་གང་། བོད་ཕྱི་ནང་གཉིས་དང་ལྷག་པར་བོད་ནང་དུ། དོན་དངོས་ཆབ་སྲིད་ཀྱི་ཐོས་རྒྱ་མཐོང་རྒྱ་དང་གོ་རྟོགས་འཔེལ་བ་རླུང་འཕྲིན་ཁང་འདི་དང་ནོར་ཝེ་རླུང་འཕྲིན་ཁང་། ཕྱི་སྡོད་བོད་མིས་བསྐྲུན་པའི་དྲ་རྒྱ་ཁག་ཅིག་གི་འཔྲིན་ལས་རེད། འདི་ཕན་ཐོགས་མེད་པར་བཤད་པ་ལ་བལྟས་ན། དངོས་གནས་ཅེ་རེ་ལོང་ཟེར་བ་ཞིག་ཡོད་པ་ཁས་མི་ལེན་རང་ལེན་རེད།
ལས་དང་བསོད་རྣམ་ཟད་གྱུར་ན།།
མི་འདོད་ཐོག་ཏུ་རང་འབབ་བྱེད།།
འདོད་པ་སྒྲུབས་ཀྱང་རྙེད་མི་སྲིད།།
ལས་ངན་ཁྱོད་འདི་སྙིང་རེ་རྗེ།།
ང་ཚོ་ལ་ངེས་པར་དུ་ཡོད་དགོས་པ་ཞིག་རླུང་འཕྲིན་ཁང་གཉིས་པོ་དེ་རེད་འོན་ཀྱང་རླུང་འཕྲིན་གྱི་ལས་ཚན་གཙོ་སྐྱོང་བ་རེ་ཟུང་གི་ངོས་ནས་དུས་ཚོད་ཐུང་ངུ་དེ་དམ་འཛིན་མི་བྱེད་པར་ད་དུང་། ད་ཡང་ང་ཚོ་གླུ་གཞས་ལ་ཉན་པའི་དུས་ལ་སླེབ་སོང་ཞེས་གླུ་གཞས་སོགས་བསྒྲགས་ནས་དུས་ཚོད་འཁྱོལ་ཐབས་བྱེད་ཀྱི་འདུག།
རླུང་འཕྲིན་ལས་ཁང་ལ་ཤེས་ལྡན་མི་སྣ་གནས་ཚུལ་གསར་བ་དང་སྤྱི་ཚོགས་ཀྱི་གོ་རྟོགས་སྤེལ་མཁན་ཡོད་དགོས་པ་ལས་བསྐྱར་ཟློས་དང་ལད་མོ་བྱེད་མཁན་རིགས་མེད་ཀྱང་ཆོག
རླུང་འཕྲིན་ཁང་འདི་མུ་འཐུད་དུ་རྒྱུན་གནས་བྱུང་བ་ཡིན་ན་ངེས་པར་དུ་ཆོལ་གསུམ་བོད་པ་ཡོངས་ཀྱིས་གོ་ཐུབ་པའི་སྤྱི་སྐད་ལྟ་བུ་ཞིག་གི་ཐོག་ནས་གནས་ཚུལ་མཁོ་གཏོང་བྱེད་དགོས་ཀྱི་འདུག།
མཁྲིས་ནད་ཅན་ལ་དཀར་པོ་ཐམས་ཅད་དཀར་པོར་མི་སྣང་བ་ལྟར། བསམ་གཏན་ཟེར་པའི་མི་འདིའི་མིག་ལམ་དུ་མི་ཚད་ལྡན་ཞིག་སྣང་རྒྱུ་མེད་པ་ཁོ་ཐག་རེད། དེ་གའི་འགན་འཛིན་ཚེ་བརྟན་རྡོ་རྗེ་དང་། བསམ་འཕེལ་ནོར་བུ། རྡོ་རྗེ་ཚེ་བརྟན་སོགས་མི་འདི་དག་ནི་ཤེས་འབྱོན་གཉིས་ལྡན་གཞན་ལ་ངོ་གནོངས་མི་དགོས་པའི་ཚད་ལྡན་རྐྱང་རེད་ལ། ལོ་ཤས་རིང་རླུང་འཕྲིན་རྒྱང་སྲིང་གི་ལས་ལ་ཧུར་ཐག་མཐའ་འཁྱོངས་གནང་པས་བཀའ་དྲིན་དང་བྱས་རྗེས་ཀྱང་མི་ཆུང་བ་ཡིན། དྲིན་ཅན་ལག་པ་རྡོས་བརྡུངས་ན་རྗེས་སུ་ལག་པ་ཉུང་དུ་འགྲོ་སྲིད། རླུང་འཕྲིན་ཁང་འདི་མེད་བརླག་ཏུ་སོང་ན། དེའི་གྱོང་ཁ་དེ་གནམ་སར་མི་ཤོང་བ་ཞིག་ཡིན། འདི་སྐྱོབ་པར་བཀའ་སྤྱི་གཉིས་ཀྱིས་མཚོན་པའི་ཚོགས་པ་སྤྱི་སྒེར་ཡོངས་ནས་ཤུགས་བརྒྱག་རྒྱུ་ཕྱི་མི་རུང་བར་སྙམ། བོད་རྒྱལ་ལོ།།
སྐྱོན་མེད་ས་ཞིག་ཕལ་ཆེར་དཀའ་ལས་ཁག་པོ་རེད། ཅི་ཞིག་ཡིན་ཡང་མེད་པ་ལས་ཡོད་པ་བཟང་། ཡོད་པ་དེ་དུས་དང་བསྟུན་ནས་ཡར་རྒྱས་ལ་འབབ་དགོས། འདི་ནི་ང་ཚོ་ཡོངས་ཀྱི་འོས་འགན་རེད། ངའི་ངོ་ཤེས་བོད་ནང་གི་གྲོགས་པོ་དག་གིས་བཤད་ན་ཨ་རིའི་རླུང་འཕྲིན་ནི་གངས་རིའི་ཕ་རོལ་གྱི་ཁྱེད་ཅག་དང་འཛམ་གླིང་ལ་བལྟ་ཉན་བྱེད་སའི་མེ་ལོང་དེ་གཅིག་པུ་ཡིན་ཟེར། གང་ལྟར་འདི་ནི་ང་ཚོར་དགོས་དངོས་ཤིག་རེད། བོད་མི་ཡོངས་དང་དྲངས་བདེན་ལ་དགའ་མཁན་དག་གིས་རྒྱབ་སྐྱོར་གནང་བའི་རེ་བ་ཡོད།
གོང་གི་མཆན་ ༥ པ་ལྗང་སྨྱུག་ཟེར་བ་དེས་ངའི་སྨྱུག་མིང་སྤྱད་ནས། དེང་སང་ཁ་བརྡའི་དྲ་བར་བསམ་ཡུལ་ལས་འདས་པའི་ཕུང་དཀྲུགས་དང་། ངས་ཇུས་གཤམ་སྟེ། དུས་ནམ་ཡང་ནང་ཁུལ་དུ་མ་རབས་དང་། འཁྲུགས་རྩོད་ཡོང་ཐབས་ཀྱི་རྒྱུ་ཤ་སྟག་གསོག་བཞིན་འདུག་ན། གུས་པས་ཁྱེད་དྲ་བདག་ཚོ་ལ་གློག་ཕྲིན་ཐེངས་ཁ་ཤས་བཏང་ཡང་། ད་ལྟའི་བར་ཡ་མེད་བཏང་ནས་བོར་སོང་བས། ཁ་བརྡ་དྲ་བའི་རྩོམ་སྒྲིག་པ་དང་ལས་རོགས་པ་ཚོས། ཆེད་དུ་ཤེས་བཞིན་བསམ་བཞིན་དུ་ཕན་ཚུན་ནང་འཁོན་དང་། འཁྲུགས་རྩོད་ལངས་བཅུག་གི་ཡོད་ན་མ་གཏོགས། ཁ་བརྡའི་རྩོམ་སྒྲིག་པས་གཟིགས་ཞིབ་ངེས་པར་དུ་གནང་རོགས་ཞུ།
བསམ་བསྟན་དང་ལྗང་སྨྱུགས་ཟེར་བའི་མི་འདི་དག་ལ་དང་ལེན་ཡོད་ཁྱེད་ཚོས་མི་ལ་སྐྱོན་བརྗོད་བྱེད་དུས་དང་པོ་སོ་སོའི་ཤེས་ཡོན་དང་བསམ་ནོ་ཡི་གནང་སྤྱོད་དག་ཧ་གོ་དགོས་དེ་ནས་རྗེས་སུ་མི་ལ་བསྐྱོན་བརྗོད་བྱེད་དགོས་ཕྲུག་གུ་ལོ་༦་༧་ཞིག་གིས་མི་ཆེ་པོ་ཞིག་གི་འགྲོ་བསྟང་ལ་སྐྱོན་བརྗོད་བྱས་ན་ག་བར་འགྲིག་དཔེ་དེ་བལྟར་མངས་གཙོ་ཡི་སྤྱི་ཚོགས་ནང་ནས་ཁས་བཤད་དགོས་ན་སོ་སོས་བཤད་པ་དེ་འགེན་ལེན་བྱེད་ཐོབ་པ་དགོས་མ་གཏོགས་ཕྲུག་གུ་ངུས་པ་ནང་བཞིན་བྱས་ན་ག་བར་འགྲིག
ལྗང་སྨྱུགས་ལགས་ཁྱེད་ཀྱི་མིང་མི་གཞན་གྱིས་བདེ་སྤྱོད་བྱེད་གིན་འདུག་ལབ་དུས་ཁོ་རང་གི་མིང་ལ་ཡང་ལྗང་སྨྱུགས་ཟེར་གི་ཡོད་འདྲ་མི་ཁ་ཁར་མིང་གཅིག་དུ་མ་ཡོད་དགོས་ཇོང་ཁྱེད་ཀྱིས་ཡག་པོ་བྱས་བྱོས་མི་གཞན་ལ་ཇུས་མིན་ཇུས་བརྟོགས་བྱེད་དགོས་པ་མ་རེད་མི་སོ་སོ་ཤ་ཁ་ཁར་རེད
སྟོབས་ཆེན་ཨ་རིའི་བོད་སྐད་རླུང་འཕྲིན་དེ། བོད་མི་བོད་སྐད་གོ་བའི་རྣ་ཅོག་ཡིན། འགྲོ་སོང་མི་ཡི་བཏང་བའི་ལས་རིམ་རེད། དེ་ཕྱིར་ཆོག་དང་མ་ཆོག་ཡོད་ངེས་པས། ཐམས་ཅད་ཁྱེད་ཀྱི་འདོད་པ་གྲུབ་ཨེ་ཡོང་། འོན་ཀྱང་བྱེད་པོ་བོད་མི་ཡིན་རྐྱེན་གྱི བོད་མིར་གང་ཕན་ཚང་མས་གནང་འདུག་པ། ཀུན་གྱི་ཤེས་པ་གང་སར་ཀུན་གླེང་ཐོས། བསམ་ཚུལ་དོགས་འདྲི་གནང་ས་རྩ་ཆེ་དེ། མེད་པ་བཟོས་ན་ཤིན་ཏུ་ཕང་པོ་ཡིན། དེ་ཕྱིར་སྨྲ་བ་མ་མང་འབོད་སྐུལ་ཞུས། ཨ་རིར་བཞུགས་པའི་བོད་མི་རྣམ་པ་དང་། བཀའ་སྤྱི་ལ་སོགས་འགན་ཡོད་རྣམས་པ་ནས། ཐུགས་འགན་བཞེས་ཏེ་རེ་བསྐུལ་ཞུ་བར་ཞུ། རང་གི་འདོད་པ་མ་ཁེངས་གང་བྱུང་གླེང་། དེ་ནི་བཅོལ་ཆུང་བྱིས་པའི་རང་གཤིས་ཡིན། ཤེས་ཚད་ལོང་མཚམས་བསམ་བློ་འཁོར་ངེས་པས། རེ་ཞིག་དེ་མུག་འཇོག་དགོས་དྲ་གྲོགས་ཚོ།
སྒོར་མོ་མང་ཙམ་ཕུད་དང་སྐྱོབ་ཐུབ།
གློག་འཔྲིན་ལས་ཁང་འདི་།བོད་མའི་ཚེ་སྲོག་གིས་འབོད་སྒྲ་སྒྲོགས་ས་རེད་།མུ་མཐུད་ནས་གནས་པའི་སྨོན་འདུན་ཞུ་།ག་སྲིད་མུ་མཐུན་ནས་གནས་ན།ཁྱེད་ལས་བྱེད་པ་ཚོའི་བོད་ཆས་སྤྲོད་ནས་བོད་སྐད་གཙང་ན་ཤོད་རོགས།
བོད་སྐད་གློག་འཕྲིན་འདི་ཉིད།།
སྒོ་རྒྱབ་གནང་བ་ཡིན་ན།།
ཨ་རི་ཟེར་བའི་སྟོབས་ཆེན།།
ངོ་ཚ་མིན་ན་ཅི་ཡིན།།
འབྲེལ་ཡོད་ལས་བྱེད་རྣམ་པའི།།
འབད་བརྩོན་ལྷོད་མེད་གནང་ནས།།
བོད་སྐད་གློག་འཕྲིན་འདི་ཉིད།།
མུ་མཐུད་གནས་པར་ཡོང་བས།།
ཤུགས་སྣོན་ཡོད་ཚད་སྐྱོན་དགོས།།
འདི་ཉིད་སྒོ་རྒྱབ་གནང་ན།།
ང་ཚོ་ཚང་མར་གྱོང་ངོ་།།
དེ་དག་ཡིད་དུ་བཟུང་དགོས།།
ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ནང་ཆེད་ལས་མཁས་ཅན་དངོས་་་ཡོད་མིན་མི་ཤེས་ཀྱང་།ཆེད་ལས་མཁས་ཅན་དང་འདྲ་བའི་མི་སྣ་མང་དག་ཞིག་ཡོད་པ་ང་ཚོ་ཚང་མས་མཐོང་གསལ་རེད་ལ། ཁོང་ཚོས་ལས་ཁང་དེའི་སྒྲིག་གཞི་དང་མཐུན་པའི་གསས་འགྱུར་མཁོ་འདོན་བྱེད་པ་ལས། ལས་རིམ་ཚང་མ་གཅོལ་ཆུང་དང་ཕྱོགས་རིས་རྨོང་ཞེན་ཁོ་ནའི་དབང་དུ་མ་སོང་བ་ནི་གུང་ཁྲན་གཞུང་ནས། བོད་ནང་གི་བོད་མི་ཚོར་ཨ་རིའི་བོད་སྐད་རླུང་འཕྲིན་ཉན་་མི་ཆོག་པའི་བཙན་བཀའ་གཏོང་བཞིན་པ་ལས་ཀྱང་གསལ་ཤེས་ཐུབ་པ་ཡིན། རྒྱ་དམར་གཞུང་གིས་གནས་གཞིར་རྩིས་ཡུལ་རླུང་འཕྲིན་ཁང་འདི་སྒོ་རྒྱབ་ན་བོད་མི་ཚང་མར་གྱོང་གུན་ཆེན་པོ་ཞིག་ཕོག་པ་ངོས་འཛིན་ཐོག་ལས་ཁང་དེ་ཡུན་རིང་གནས་ཐུབ་པའི་འབད་བརྩོན་གནང་གལ་ཆེའོ།། །།
བོད་དོན་བདེན་རྒྱབ་ཞུ་འབོད་ཁྲོད་ཀྱི་གནད་དོན་གལ་ཆེ་ཞིག་ཡིན་ན། འདིར་སྐད་ཆ་ཞིག་བཤད་བཞག་ན་ཇུས་ཏོག་ཚ་ཟེར་མདོག་ཁ་བོ་མ་རེད།
རླུང་འཕྲིན་འདིའི་ཁྱད་ཆོས་འདྲ་བོ་ད་ལྟ་བོད་ནང་དུ་ཤར་ཐུབ་པས་ཡོང་གི་ཡོད། བོད་ནང་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་གནས་ཚུལ་རེ་གོ་སོང་ན་དེ་རིན་ཐང་གཞལ་མེད་ཅིག་ཡིན་པ་ང་ཚོ་བོད་ནས་ཡོང་མཁན་ཚང་མར་གསལ་བོ་རེད། བོད་ནས་ཚུར་འབྱོར། འདི་ནས་བཙན་བྱོལ་བོད་མིའི་བྱུང་རབས་རིམ་གྱིས་བཙལ་འགོ་ཚུགས་པ་ཡིན་ན། ཨ་རིའི་རླུང་འཕྲིན་ཁང་གིས་བོད་ནང་དུ་བརྡ་ལན་གསལ་བོ་ཅི་ཞིག་སྤྲོད་དགོས་མིན་ལ་ངས་ལྟོས་ན་ལས་འཆར་ཞིབ་འཇུག་དོ་ནན་ཞིག་གནང་རྒྱུ་ད་དུང་ལྷག་འདུག ཨ་རིའི་རླུང་འཕྲིན་ཁང་གིས་གསར་འགྱུར་གཙོ་འདོན་གྱིས་དེ་དང་འབྲེལ་བའི་བརྗོད་བྱར་བགྲོ་གླེང་གིས་མདོ་དོན་ཉི་མ་རེ་རེའི་བྱུང་བའི་རྗེས་སུ་ཆོད་དགོས་པའམ་འགྲོ་བཞིན་པ་གསལ་བོ་རེད།
ཡིན་ནའང་། བོད་ནང་དུ་དེ་རྣམས་གལ་ཆེ་གདའ་ཆེ་མོད། མཐུད་རྒྱག་ཐུབ་མེད་པ་ཞིག་དང་སྟོང་ཆར་གྱུར་ཟིན་པ་ཞིག་ནི། ༥༩ ནས་༢༠༠༨ བར་གྱི་གནས་ཚུལ་ཆེ་ཁག་བརྡ་ལན་ཡག་པོ་འཕྲོད་མེད་པ་དེ་རེད། ༢༠༠༨ ནས་ད་བར་ཞིབ་ཚགས་མེད་ནའང་། ཅུང་ཙམ་གོ་ཐོས་མང་དུ་ཕྱིན་ཡོད།
དེའི་ཕྱིར། ༥༩ ནས ༢༠༠༨ བར་གྱི་བཙན་བྱོལ་བོད་མིའི་བྱུང་རབས་ཅི་ལྟར་ངོ་སྤྲོད་བྱ་རྒྱུ་དང་། ལས་རིམ་ཅི་ལྟར་སྒྲིག་རྒྱུ་སོགས་ནི་ངས་ལྟོས་ན་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་སྡེ་ཚན་སྐད་གྲགས་ཅན་འདིར་འཁྲི་ཞིང་བྱ་ཐུབ་པའི་ལས་འགན་ཞིག་རེད་འདོད། དེ་ལྟར་གནང་རྒྱུའི་ལས་འགོ་བཙུགས་པ་ཡིན་ན། ད་གཟོད་voaདོན་དངོས་བོད་མི་རིགས་ཀྱི་བདེ་སྡུག་གླེང་བའི་ལོ་རྒྱུས་ཅན་གྱི་གླེང་སྟགས་སམ་བརྒྱུད་ལམ་ཆགས་སོང་བ་རེད། བོད་ནང་དུ་ཅི་ཞིག་དགོས་མིན་དང་གང་ཞིག་བརྡ་སྤྲོད་དགོས་པ་དེས་ང་ཚོའི་རྩ་དོན་ཐུག་ས་བོད་ནང་ནས་མེད་པ་དེས་གསལ་བོ་བྱེད་ཐུབ་ཀི་རེད། གལ་སྲིད་དེ་ལྟར་གནང་རྒྱུའི་ལས་འཆར་སྒྲིག་པ་ཡིན་ན། སྐབས་དེར་ཨ་རིའི་གཞུང་བཙན་བྱོལ་བོད་མི་གནས་ཡུལ་ཀུན་ནས་ད་རེའི་གནས་ཚུལ་འདིའི་ཐད་མཐུན་འགྱུར་ཅི་ཞིག་གནང་དགོས་ཀྱང་གནང་དགོས་པ་རེད།
གཞན། རྗེས་སུ་མོལ་ཆོག
གནས་ཚུལ་འདི་དངོས་བདེན་ཡིན་དང་ན་བོད་མི་རིགས་གི་་གྱོང་ཡིན་པ་མ་ཟད། བོད་སྐད་སྨྲ་བ་ཡོངས་ཀྱི་གྱོང་ཡང་རེད། ཅོལ་ཆུང་ལ་ལ་ཞིག་གིས་ལྟ་ས་ཁབ་མིག་ཙམ་གྱི་ཁུང་བུ་ལ་བལྟས་ནས་སྐད་ཤོད་ཀྱིན་འདུག དཔེར་ན། རླུང་འཕྲིན་ལས་བྱེད་མི་སྣའི་ལས་ཀ་ལ་ཟུར་ཟ་བྱེད་བཞིན་འདུག དེ་ནི་རྒྱལ་ཁབ་དང་མི་རིགས་སེམས་ནང་ལ་མ་འཁོར་བ་དང་རང་ཉིད་བྱིས་བློ་ཡིན་པ་ཡང་མ་ཤེས་པའི་རྟགས་ཕྱིར་མངོན་པ་རེད།
རྒྱ་གཞུང་གི་སྤྱོད་པ་འདི་འདྲའི་ཐོག་ཨ་རིས་ཀྱང་འདི་འདྲ་བྱ་རྩིས་ཡོད་ན་་་ད་ནི་་་རང་རེས་རྒྱུན་དུ་ཤོད་པའི་གཏམ་དཔེ་དེ་ཡིད་ལ་དབང་མེད་དུ་དྲན་འོང་གིས།
མུ་གེའི་སྒང་ལ་ཟླ་ལྷག །དང་ འགྱེལ་པའི་སྒང་ལ་རྡོག་བརྫིས། །
ཨ་ཧ་བོ། ཐབས་ཤིག་ཡོད་ན་འཐེན་རོགས། ཇུས་ཤིག་ཡོད་ན་བཏོན་རོགས།
ང་ཚོར་གཏམ་དཔེ་ཞིག་ཡོད། མི་ངན་པས་ནང་དང་ཕྱི་མི་ཤེས་ཞེས་བྱ་བ་ལྟར་བོད་མི་ཁག་ཅིག་གིས་དགྲ་དང་གཉེན། ནང་དང་ཕྱི་ཡི་དབྱེ་བ་ཆོད་ཀྱིན་མི་འདུག
ཨ་རིའི་རླུང་འཕྲིན་ཁང་རྦད་དེ་གཅོད་རྒྱུ་ཡིན་པ་ལས་ཨ་རིའི་རླུང་འཕྲིན་བོད་སྐད་བརྙན་འཕྲིན་སྔར་ལས་ཡར་རྒྱས་གཏོང་རྒྱུ་རེད་ཅེས་དབྱིན་ཇིའི་ནང་དུ་ཨ་རིའི་རླུང་འཕྲིན་འགན་འཛིན་ལྷན་ཚོགས་ཀྱིས་གསལ་ཞིང་རྒྱས་པ་བྲིས་འདུག་གོ ཅོལ་ཆུང་རེ་འགས་ནབརྙན་འཕྲིན་གཙོ་སྐྱོང་བ་ཁ་ཤས་དམིགས་འདོན་ནས་རང་གི་སྒེར་ནད་ཤོད་པའི་འབྲས་བུ་མུ་འགྲུབ་པ་ཐག་གིས་ཆོད
ཨ་རིའི་རླུང་འཕྲིན་ཁང་གི་རྒྱང་བསྒྲགས་ལེ་ཚན་གཅོད་དགོས་དོན་ནི་རླུང་འཕྲིན་ནང་གི་གསར་འགྱུར་རྣམས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་དང་གཅིག་མཚུངས་ཡོང་གི་ཡོད་པས། ཨེ་ཤེ་ཡེ་རང་དབང་རླུང་འཕྲིན་གྱིས་རླུང་འཕྲིན་རྒྱུན་སྐྱོང་བ་དང། ཨ་རིའི་རླུང་འཕྲིན་གྱིས་བོད་སྐད་བརྙན་ཚ་ཚགས་སུ་གཏོང་དགོས་པའི་ཐག་གཅོད་བྱེད་འདུག བོད་མི་ཁ་ཤས་ཀྱིས་དོན་དག་མགོ་མ་ཚོས་པར་འུད་ཤོབས་སྨྲ་བ་ནི་མི་ངན་ཁྱི་སྐྱག་སྐད་ཅོར་ཚ་བ་ཚོ་རེད་དོ