———–ནམ་མཁའ།
ཨ་རིའི་བུད་མེད་Maura Moynihan ལགས་ཀྱིས་ཨ་རིའི་དམངས་གཙོའི་སྨྲ་བརྗོད་རང་དབང་བེད་སྤྱད་དེ། སྲིད་སྐྱོང་མཁས་བློ་བཟང་སེང་གེ་མཆོག་གིས་ཚིག་བེད་སྤྱོད་བྱེད་སྟངས་ནས་བཟུང་། ཁང་པ་སྟབས་བདེ་ཞིག་ཉོས་པའི་རིམ་པ་སོགས་ལ་དོགས་དཔྱོད་དང་འབྲེལ། སྐྱོན་བརྗོད་ཀྱི་རྩོམ་ཡིག་མང་པོ་ཞིག་ཝ་ཞིན་ཊོན་དུས་བབ་སྟེང་The Washingtion Times བྲིས་གནང་སོང་། མ་ཟད་ཨ་རིའི་དོན་གཅོད་དབུ་དཀར་ཚང་གིས་མོའི་རྩོམ་ཐུང་དེར་ལན་འདེབས་གནང་ཡོད།
དེའི་ལན་ལ་ཡང་བསྐྱར་མྰོ་ར་ལགས་ཀྱིས་རྩོམ་ཐུང་ཞིག་The Tibetan Political Review ཐོག་ཕུད་འདུག ཚིག་བེད་སྤྱོད་བྱེད་སྟངས་གཅིག་ལ་ཕྲན་རང་ཉིད་ཡང་བློ་ཕམ་བྱུང་སྟེ།༼ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད༽ཟེར་བའི་ཚིག་གྲུབ་འདི་རྩོམ་བྱང་བྱས་ཏེ། བོད་རྩོམ་ཞིག་བྲིས་ནས་བསམ་འཆར་བཤད་མྱོང་ཡོད། ཡིན་ཡང་དེ་རིང་འདིའི་སྐོར་གླེང་འདོད་མེད།
དེ་རིང་འདིར་གླེང་འདོད་པ་ནི། ཨ་རིའི་ལྕམ་སྐུ་མྰོ་ར་ལགས་ཀྱིས་གསུངས་པའི་ཚིག་འགའ་ལ་དོགས་དཔྱོད་ཕྲན་བུ་ཞིག་བྱེད་འདོད་སྐྱེས། ཐོག་མར་ཨ་རིའི་ལྕམ་སྐུ་མྰོ་ར་ལགས་འདིར་གདན་འདྲེན་ཞུ་དགོས། ལྕམ་སྐུ་མྰོ་ར་ལགས་ཀྱིས་འདི་ལྟར་གསུངས་འདུག ལོ་བཅུའི་ཡར་སྔོན་གྱི་གནས་ཚུལ་ཞིག་སྟེ། སྲིད་སྐྱོང་མཆོག་ཨ་རིའི་ཧ་ཝ་ཊར་ཡོད་སྐབས། རྒྱ་ནག་གི་ཕྱི་སྡོད་མི་སེར་ལག་ཁྱེར་གྱི་ངོས་ནས་རྒྱ་ནག་ལ་ཕྱིན་པའི་གནས་ཚུལ་ལ་སྐྱོན་བརྗོད་བྱས་ཡོད།
སྤྱིར་བཏང་ཕྱི་སྡོད་རྒྱ་ནག་གི་མི་སེར་ལག་ཁྱེར་གྱི་ཐོག་ནས་རྒྱ་ནང་ལ་ཕྱིན་པ་ཙམ་གྱིས་གནད་འགག་དེ་ཙམ་མེད། རྒྱུ་མཚན་ནི། མཁས་དབང་བློ་སེང་གཅིག་པོ་མ་ཡིན་པར་རྒྱ་གར་དང་ཨ་རི་ཡོ་རུབ་སོགས་སུ་ཡང་རྒྱལ་ཁབ་ག་གེ་མོ་དེའི་མི་སེར་ལག་ཁྱེར་མེད་ཚེ་། ནང་མི་གཉེན་འཕྲད་ལ་འགྲོ་སྐབས། རྒྱ་ནག་མི་སེར་གྱི་ཕྱི་སྡོད་ལག་ཁྱེར་དེའི་ཐོག་ནས་འགྲོ་གི་ཡོད་པ་རེད།
ཡིན་ཡང་ལྕམ་སྐུ་མྰོ་ར་ལགས་ཀྱིས་སྐྱོན་བརྗོད་བྱེད་སྟངས་ནི། མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གི་ཕྱི་སྡོད་མི་སེར་གྱི་ལག་ཁྱེར་ཞུས་པ་དེ་རེད། དེ་ཡང་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་གི་འོས་གཞི་ལངས་སྐབས་བོད་མི་ཚོས་དྲི་བ་དྲིས་ལན་བོད་སྐད་ཀྱི་ཐོག་ལན་འདེབས་གནང་བའི་དྲ་ཐག་ཞིག་གི་ཁ་བྱང་དང་བཅས་བཀོད་འདུག་པས་དེར་བལྟས་པ་ཡིན། དེ་གར་བློ་སེང་མཆོག་གིས་བོད་སྐད་ཀྱིས་ལན་འདེབས་གནང་སྟེ། ང་རང་གིས་རྒྱ་ནག་གི་མི་སེར་ཕྱི་སྡོད་ལག་ཁྱེར་དེ་ཞུས་ནས་ཕྱིན་པ་ཡིན། ལག་ཁྱེར་དེའི་ཐོག་མ་སོང་སྔོན་ལ་ཨ་རིའི་སྐུ་ཚབ་དོན་གཅོད་དང་བཀའ་ཤག་ལ་བཀའ་འདྲི་ཞུས་པ་ཡིན། ཁོང་ཚོས་ཀྱང་འགྲིག་གི་རེད་ཅེས་བཀའ་གནང་སོང་ཟེར།
གང་ལྟར་ཡང་བཀའ་འདྲི་ཞུས་ཡོད་མེད་དང་། བཀའ་འཕྲོད་བྱུང་ཡོད་མེད་སྐབས་དེའི་མི་སྣར་སྐད་ཆ་འདྲི་ཡ་ལས་གཞན་ལྷག་མེད། མ་ཟད་སྐབས་དེར་བློ་སེང་མཆོག་སྲིད་སྐྱོང་ལ་བཞེངས་འཆར་ཡོད་མེད་ཡང་ཁོ་རང་ཉིད་ཀྱིས་ཀྱང་ཤེས་ཀྱི་མ་རེད་སྙམ།
འོན་ཏེ། དེ་རིང་འདིར་ལྕམ་སྐུ་མྰོ་ར་ལགས་འདིར་གདན་དྲངས་ཏེ་དྲི་བ་ཞིག་ཡོད་པ་ནི། ལྕམ་སྐུ་ལགས་ཀྱིས་བོད་སྐད་མཁྱེན་གྱི་ཡོད་ན་དྲི་བ་གཏོང་ཡ་མི་འདུག་མོད། འོན་ཀྱང་བོད་སྐད་མཁྱེན་གྱི་མེད་ཚེ། ལྕམ་སྐུ་ལགས་ལ་སྐད་བསྒྱུར་བོད་པ་ཞིག་དགོས་པའི་བོད་པ་དེ་སུ་ཡིན་ནམ། འདི་ནི་རྩོམ་དེའི་ནང་གི་དྲི་བ་དང་པོ་དེ་ཡིན།
གོང་གི་སྐྱོན་བརྗོད་དེས་བཙན་བྱོལ་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་བྱུང་མེད། ཡིན་ཡང་དྲ་ལམ་བརྒྱུད་དེ། ཆབ་སྲིད་ཀྱི་རི་སྒང་ཆུང་ཆུང་རྡ་སའི་རི་ངོགས་ཀྱི་རྐང་ལམ་ཕྲ་མོ་དེའི་ནང་ཤོང་དཀའ་བའི་གནས་ཚུལ་གཉིས་ཡོད།
དེ་གཉིས་ནི། སྲིད་སྐྱོང་མཆོག་གིས་ཨ་རིར་བུ་ལོན་ལོ་སུམ་བཅུའི་ནང་སྤྲོད་དགོས་བའི་ཁང་པ་ཞིག་ཉོས་ཏེ། སྲིད་སྐྱོང་གི་དམ་འབུལ་མ་བྱས་པའི་སྔོན་ཉིན་བདུན་ནང་དངུལ་བུན་ཆ་ཚང་སྤྲད་ཐུབ་པ་བྱུང་བ་དེ་རེད། ལྕམ་སྐུ་མྰོ་ར་ལགས་ཀྱིས་དངུལ་དེ་གང་ནས་བྱུང་བ་རེད་ཞེས་དོགས་འདྲི་བྱས་ཡོད་པ་རེད། དོགས་འདྲི་འདི་ནི། གླེང་སློང་བྱུང་རྐྱེན་གྱི་རྒྱུ་རྐྱེན་གཙོ་བོ་གཅིག་རེད། ལྕམ་སྐུ་མྰོ་ར་ལགས་ཀྱི་དོགས་འདྲི་འདི་འགྲིག་གི་ཡོད་པ་རེད།
ཡིན་ཡང་། ཕྲན་གྱིས་ལྕམ་སྐུ་མྰོ་ར་ལགས་འདིར་ཡང་བསྐྱར་གདན་འདྲེན་ཞུས་ཏེ། དྲི་བ་ཞིག་འདྲི་གི་ཡིན། བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་དམ་འབུལ་གྱི་ཉིན་བདུན་སྔོན་བུ་ལོན་ཆ་ཚང་སྤྲད་ཟིན་པའི་གནས་ཚུལ་དེ། ཁྱེད་རང་གིས་ཅི་ལྟར་ཤེས་པ་རེད་དམ། ཁྱེད་རང་དངུལ་ཁང་ལ་སོང་ནས་སྐད་ཆ་དྲིས་པ་ཡིན་ནམ། ཡང་ན་སྲིད་སྐྱོང་གི་སྐུ་ཟླ་ལགས་ཀྱིས་ཁྱེད་ལ་གནས་ཚུལ་དེ་བཤད་པ་རེད། ཡང་ན།
སྲིད་སྐྱོང་མཆོག་ལ་དངུལ་གང་ནས་རེག་པའི་དོགས་སློང་བྱེད་སའི་ཡུལ་དེ་ནས་གནས་ཚུལ་དེ་བཤད་པ་རེད། དྲི་བ་འདི་དག་ནི་ཁ་གསལ་བཟོ་རྒྱུ་ལྷག་ཡོད་པ་རེད།
གླེང་སློང་གི་གནས་ཚུལ་གཞན་ཞིག་ནི། ཨ་རིའི་དོན་གཅོད་དབུ་དཀར་ཚང་བརྒྱུད་ནས་བྱུང་བའི་གནས་ཚུལ་ཞིག་རེད། དེ་ནི་༢༠༡༢ ལོར་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་གནས་ཚུལ། ཨ་རིའི་གྲོས་ཚོགས་ནང་ཞུ་འབུལ་ཞུ་སྟངས་ཞིག་གི་སྟེང་ནས་རེད། ཨ་རིའི་དོན་གཅོད་དབུ་དཀར་ཚང་བསྐོ་བཞག་གནང་སྟངས་ལ། བཙན་བྱོལ་གྲོས་ཚོགས་ནས་ཀྱང་གླེང་སློང་བྱུང་ཟིན་པས། བཀའ་སྤྱི་གཉིས་ཀྱིས་ཐག་གཅོད་དགོས་པ་ལས་ང་ཚོས་ཐག་གཅོད་བྱེད་ཐུབ་པ་ཞིག་མ་རེད།
འོན་ཀྱང་གླེང་སློང་གི་གནས་ཚུལ་བྱུང་སྟངས་ནི། ཨ་རིའི་དོན་གཅོད་སྐལ་རྡོར་དབུ་དཀར་ཚང་གིས་ཨ་རིའི་གྲོས་ཚོགས་ལ་ཞུ་འབུལ་བྱེད་མཁན་གྱི་མི་གླ་སྒྲིག་སྟངས་རེད། ལྕམ་སྐུ་མྰོ་ར་ལགས་ཀྱིས་གསུངས་ཚུལ་ལ། ཨ་རིའི་གཞུང་ལ་ཞུ་སྐུལ་བྱེད་མཁན་མི་གླ་རྒྱ་ནག་ནང་སྐྱེས་ཏེ། ཨ་རིར་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ཞིག་ལ་ཨ་སྒོར་༢༠༠༠༠ ཉིས་ཁྲི་སྤྲད་དེ་གླས་པ་དེའི་སྐོར་རེད། རྒྱ་རིགས་དེའི་མིང་ལ་བྷན་ཟེར་བ་དང་རྒྱ་རིགས་དེ་ཨ་རིའི་གསང་བའི་ལས་ཁུང་fbi བརྟག་དཔྱད་འོག་ཡོད། རྒྱུ་མཚན་ནི། རྒྱ་རིགས་བྷན་ནི་རྒྱ་ནག་གི་དམར་ཤོག་ལ་སེམས་ཤུགས་ཡོད་མཁན་ཞིག་ཡིན་པས་རེད་ཟེར། མ་ཟད་ད་རུང་ཁོ་རང་གི་ཕ་ལགས་ཡང་རྒྱ་ནག་གི་བདེ་སྲུང་ལས་ཁུངས་ཀྱི་མི་སྣ་ཞིག་ཡིན་ཚུལ་གསུངས་ཡོད་ལ།
དེ་ལས་ཀྱང་ང་རང་ཡ་མཚར་ཞིག་གིས་དྲི་བ་བསླངས་རྐྱེན་ནི། ལྕམ་སྐུ་མྰོ་ར་ལགས་ཀྱིས་རྒྱ་རིགས་དེ་ཞུ་སྐུལ་གྱི་དངུལ་ག་ཚོད་སྤྲད་ཡོད་མེད་ཀྱི་བྱུང་འཛིན་རེག་ཡོད་པ་དེ་རེད། ལྕམ་སྐུ་ལགས་ལ། དངུལ་གྱི་བྱུང་འཛིན་དེ་ག་བ་ནས་རེག་པ་ཡིན་ནམ། བྱུང་འཛིན་དེ་བོད་ཀྱི་དོན་གཅོད་ཁང་གིས་སྤྲད་པ་ཡིན་ནམ། ཡང་ན། རྒྱ་རིགས་བྷན་གྱིས་སྤྲད་པ་རེད། གལ་ཏེ་དོན་གཅོད་ཁང་གིས་སྤྲད་ཡོད་ཚེ། དོན་གཅོད་སྐལ་རྡོར་དབུ་དཀར་ཚང་གིས་སྤྲད་ཡོད་ཀྱི་རེད།
དེ་མིན་རྒྱ་རིགས་དེས་སྤྲད་ཡོད་ཚེ། ཁྱེད་ཀྱིས་ཀྱང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་བརྟག་དཔྱད་འོག་ཡོད་པའི་རྒྱ་རིགས་བྷན་ཟེར་བ་དེ་ལ་འབྲེལ་འདྲིས་བྱེད་ཀྱི་ཡོད་པ་ར་སྤྲོད་བྱེད་ཐུབ་པ་མ་ཟད། ཁྱེད་གཉིས་ཀྱིས་དམིགས་ཡུལ་ཅི་ཡིན་ཡང་རིམ་གྱིས་གསལ་བོར་ཤེས་ཐུབ་ཀྱི་རེད་འདོད། དེ་མིན་མི་གླས་དངུལ་གྱི་བྱུང་འཛིན་དེ་ཨ་རིའི་གསར་ཤོག་ཐོག་བཏོན་མེད་པ་གསལ་བོ་རེད།
ཡིན་ཡང་ལྕམ་སྐུ་ལགས་ལ། མཁས་དབང་བློ་སེང་མཆོག་གིས་ཁང་པའི་བུ་ལོན་སྲིད་སྐྱོང་དམ་འབུལ་གྱི་ཉིན་བདུན་སྔོན་སྤྲད་ཐུབ་པའི་དོགས་འདྲི་ཡོང་རྐྱེན་གཙོ་བོ་ནི། ཨ་རིའི་དོན་གཅོད་སྐལ་རྡོར་ལགས་ཀྱིས་བོད་དོན་ཞུ་སྐུལ་གྱི་མི་གླ་སྒྲིག་སྟངས་ཐོག་ནས་བྱུང་འདུག་སྙམ།
གང་ལྟར་ཡང་ཕྲན་གྱིས་འདིར་གསལ་བཤད་ཞུ་འདོད་པ་ཞིག་ལ། ངས་བསམ་ཚུལ་འདི་བྲིས་ཏེ་ཉིན་འགའ་སོང་མོད་། འོན་ཀྱང་དེ་རིང་བར་དུ་དྲ་ཐོག་ཏུ་བཞག་མེད། རྒྱུ་མཚན་ནི། མི་གཞན་གྱིས་དོགས་འདྲིའི་རྩོམ་ཐུང་རེ་འབྲི་རྒྱུ་དང་། གཅིག་བྱས་ན་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་སྲིད་པ་རེད་སྙམ་ནས་སྒུག་པ་ཡིན། ཡིན་ཡང་གཅིག་ཀྱང་མ་བྱུང་བར་དྲ་ལམ་དང་རྡ་སའི་རི་སྒང་དེར་ཤོང་དཀའ་བའི་གླེང་སློང་བྱུང་བས་དེ་རིང་འདིར་འཇོག་འདོད་བྱུང་།
ཨ་རིའི་ལྕམ་སྐུ་ལགས་ཀྱིས་གསུངས་པའི་ཚིག་གི་ངོ་གདོང་གཅིག་པོ་ལ་མ་བལྟས་པར་རྒྱབ་ལྗོངས་ལ་གཞིགས་ཏེ་སྐད་ཆ་བཤད་པ་ཡིན། དེ་མིན་ང་ཚོའི་སྲིད་སྐྱོང་མཆོག་གི་ཕྱོགས་ནས་ལངས་ཏེ་ཁོང་དཀར་བོར་བཟོ་ཆེད་གཅིག་པོ་ཡང་མིན་པ་ཀློག་མཁན་ཚོས་ཤེས་དགོས་པ་རེད།
༡༦/༨/༢༠༡༥ ལ་བྲིས་ཏེ་༢༣/༨ ལ་བསྐྱར་བཅོས་ཕྲན་བུ་བྱས།
ད་དུང་ཁྱོད་ཀྱིས་གནས་ཚུལ་གཞན་ཞིག་གླེང་མི་འདུག སྲིད་སྐྱོང་བློ་སེང་དང་ཁོང་དང་སློབ་གྲྭ་གཅིག་པའི་རྒྱ་རིགས་བུད་མེད་དེ་དང་འབྲེལ་བ་ཅི་ཡོད་འདྲི་དགོས་པ་རེད། རྒྱ་མོ་དེ་མི་གང་འདྲ་ཞིག་ཡིན་པ་དང་བློ་སེང་དང་ཁོ་གཉིས་ཀྱི་འབྲེལ་བ་ཅི་འདྲ་ཞིག་ཡིན་པ་འདི་གར་ཡོད་པའི་མི་བསམ་ཤེས་ཚོའི་སེམས་ན་ཏག་ཏག་ཡོད་པ་རེད། མཐར་རྒྱ་མོ་དེ་ཧཱ་ལྦ་ནས་འབུམ་རམས་པ་ཐོན་རྗེས་མཐར་ཕྱིན་རྩོམ་ཡིག་ནང་བློ་སེང་ལ་ཐུགས་རྗེ་ལེགས་འབུལ་གང་འདྲ་གནང་འདུག རྒྱ་མོ་དེས་རྒྱ་ནག་གི་ཆབ་སྲིད་མི་སྣའི་ཁྲོད་གོ་བབ་གང་འདྲ་ཟིན་འདུག རྒྱ་མོ་དེ་བོད་ཐོག་ལ་སྡང་ཟུག་གང་འདྲ་འདུག ད་སྐབས་རྒྱ་མོ་དེས་ཅི་ཞིག་བྱེད་ཀྱི་ཡོད་པ་རེད། འདི་ཚོ་ངེས་པར་གླེང་དགོས་པ་ཞིག་ཡིན།
citizen power of China ཞེས་པའི་ཨེན་ཡིག་འདིའི་མདུན་དུ་རྒྱ་མི་ཡ་ཅིན་ལི་ཟེར་བ་ཞིག་དང་མཉམ་བསྡད་བྱས་ནས་དཔར་བརྒྱབ། དཔར་དེ་འཛམ་གླིང་ཐོག་ཏུ་ཁྱབ་བསྒྲགས་བྱས། བློ་སེང་གིས་ཁོ་རང་རྒྱ་ནག་གི་མི་སེར་ཡིན་མདོག་འཛམ་གླིང་ལ་བསྒྲགས་ཡོད། བློ་སེང་གིས་སྲིད་སྐྱོང་གི་མིང་ཐོག་ནས་ཁོ་རང་རྒྱ་ནག་གི་མི་སེར་ཡིན་མདོག་མདོག་བྱས་པ་འདིས་བོད་མི་ཡོངས་རྫོགས་རྒྱ་ནག་གི་མི་སེར་ཡིན་ཞེས་ཤུགས་ནས་བསྒྲགས་ཀྱི་ཡོད་པ་རེད། བྱས་སྟངས་འདི་དག་ལོ་རྒྱུས་ཀྱི་ནག་ཉེས་རེད།
བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་མི་འདོད་བཞིན་དུ་རྒྱ་ནག་གི་མི་སེར་ལག་ཁྱེར་མ་ལེན་རང་ལེན་རེད། བོད་ནང་དུ་ཐུག་འཕྲད་འགྲོ་མཁན་སྐྱབས་བཅོལ་བ་རྣམས་ཀྱིས་ཀྱང་མ་ལེན་རང་ལེན་རེད། གནས་སྟངས་འདི་དག་མི་འདོད་ནའང་བོད་རང་བཙན་མ་འཐོབ་བར་དུ་ཐབས་ཤེས་མེད་པའི་བྱ་བ་རེད། བློ་སེང་གིས་རྒྱ་མི་ཚོའི་མཉམ་དུ་རྒྱ་ནག་གི་མི་སེར་ཡིན་མདོག་མདོག་བྱས་པ་འདི་ཡག་པོ་མ་རེད། བོད་མི་རྣམས་ཀྱིས་བསམ་བློ་གཏོང་དགོས་པའི་དུས་ལ་བབ་ཡོད།
ཨ་རོ། ད་ལི་ཐང་གི་ཞབས་འདྲེན་ཞུ་ཞི་གདའ། སྲིད་སྐྱོང་བློ་སེང་མཆོག་ནས་ལན་རྒྱབ་དགོས་འདུག་པ་ལས་ང་ཚོ་མི་མང་ནང་ལ་འགྲོ་སྐབས་ངོ་ཚ་བོ་འདུག
དེ་རིང་འདིར་ཕྲན་གྱིས་གླེང་གཞི་གཙོ་བོ་ང་ཚོའི་སྲིད་སྐྱོང་མཆོག་མ་ཡིན་པར་ཨ་རིའི་བུད་མེད་མྰོ་ར་ཟེར་བ་འདི་དང་མོའི་བཤད་པའི་སྐད་ཆའི་རྒྱབ་ལྗོངས་ཡིན། དེ་ཡང་དོགས་འདྲི་བྱས་ཏེ་གླེང་ཡོད། འོན་ཏེ་སྲིད་སྐྱོང་དང་འབྲེལ་བ་ཡོད་སྟབས། ཁྱེད་ཚོས་སྲིད་སྐྱོང་གླེང་ཡང་ཆོག་གི་རེད། ང་ཚོས་མོས་བཤད་པའི་སྐད་ཆའི་ངོ་གདོང་གཅིག་པོ་ལ་བལྟས་ན་ཅུང་འགྲིག་གི་ཨེ་ཡོད་སྙམ།
སྲིད་སྐྱོང་གི་ཁང་པ་དང་། དེ་དང་འབྲེལ་བའི་དཔལ་འབྱོར་གནས་བབ་ནི་ཨ་རིའི་ནང་སྲིད་ཀྱི་སྤྱི་སྒེར་ས་ཁང་དོ་དམ་དྲ་བར་འཚོལ་ན་ཏག་ཏག་དེར་ཡོད་པ་རེད། དེ་ཨ་རིའི་ནང་གི་ས་ཁང་བདག་འཛིན་ཡོད་མཁན་ཚང་མར་ཡོད་པའི་ཡིག་ཆ་སྤྱིར་བཏང་བ་ཞིག་རེད། དེ་གསང་བ་བྱེད་ས་འགྲོ་བ་ཞིག་མ་རེད།
ཨ་རི་བ་ཞིག་གིས་བོད་པའི་སྲིད་དོན་ནང་མཛུལ་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ ??????
ད་བུད་མེད་མོ་ལ་དོགས་འདྲི་བྱས་འདུག འ་རོ་འདྲེ་རིགས་ལྡན་དེ་ལྟར་ཡིན་ན་དངུལ་ཡོང་ཁུངས་དེ་ཡང་གསལ་བོ་ཤེས་ཐུབ་རྒྱུ་རེད་རྙོག་དྲ་འདི་སེལ་ཕྱིར་དྲ་ལམ་ནས་བསྔོགས་ཏེ་གསལ་བཤད་གནང་རོགས་ཞུ།
ཧ་ཧ་ཧ་་་དོགས་འདྲི་བྱས་འདུག་ཨང་། ངོ་ཚ་་་་དཀོན་མཆོག་གསུམ་་
གཅིག་ཤེས་མི་འདུག ཨ་རི་བུད་མེད་དེས་དོན་གཅོད་དབུ་དཀར་ཚང་ལ། ཨ་རིའི་ནང་ལ་ཞུ་གཏུག་བྱེད་སའི་ལས་ཁུངས་མང་པོ་ཡོད་པ་རེད། ཁྱོད་ཀྱིས་ཇི་ལྟར་བྱས་ཏེ་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་རྒྱ་མི་དེའི་ལས་ཁུངས་བདམས་པ་ཡིན་ཞེས་དྲིས་པར། དབུ་དཀར་ཚང་གིས་དེ་གླ་མེད་ཡིན་ཙང་འབྲེལ་བ་བྱས་པ་ཡིན་ཞེས་ལན་བཏབ་པ་རེད། དེ་གླ་མེད་མིན་པ་ཨ་སྒོར་ཁྲི་གཉིས་ལྷག་སྤྲད་པའི་བྱུང་འཛིན་བདེན་དཔང་དུ་བསྟན་པ་རེད། དེས་དབུ་དཀར་ཚང་གིས་རྫུན་ཤོད་ཀྱིན་ཡོད་པ་དངོས་སུ་བསྟན་པ་རེད།
སྲིད་སྐྱོང་བློ་སེང་གི་གྲོས་ཚོགས་ནང་གི་ལན་དེར་གངས་སྐྱིད་ཁུལ་དུ་འདོད་པ་ཁེངས་མེད་པ་མ་ཟད། དོགས་པ་མང་པོ་ཞིག་འཁྱེར་ཡོང་པ་རེད། ཨ་རིའི་ནང་སླེབས་པའི་བོད་མི་ཚོས་ལོ་བཅུ་རྗེས་ཁང་པ་ཉོ་ཐུབ་ཡོད་ཀྱང་དེ་དག་གི་ཁང་རིན་དེ་ལོ་སུམ་ཅུ་ནང་སྤྲད་ཚར་གི་ཡོད་རེད། ཁ་སང་ཨ་རིའི་མན་ནི་སོ་ཊ་ནང་གནས་སྡོད་ཅིག་གིས་ཁོང་དང་ཁོང་གི་སྐྱེས་དམན་གཉིས་ཀྱིས་ཁང་པོ་ཉོས་ནས་ལོ་བཅོ་ལྔའི་རིན་པ་སྤྲད་ཚར་ཡང་། ད་རུང་ལོ་བཅོ་ལྔ་ལ་སྤྲོད་དགོས་ཟེར། ཨ་རིའི་ནང་ཁང་པ་ཉོས་ཡོད་པ་མང་པོ་ཡིན་ཡང་དེ་དག་གི་ཁང་རིན་སྤྲད་ཚར་བ་ཧ་ལམ་ཉུང་ཉུང་རེད། མན་ནི་སོ་ཊའི་བོད་མི་ཚོ་༡༩༩༡ ལོར་ཨ་རིར་ཕྱིན་པ་རེད། དེ་དག་གི་ཁྲོད་དུ་ཁང་རིན་ཆ་ཚང་སྤྲད་ཚར་བ་ཧ་ལམ་མི་འདུག་ཟེར། མང་ཆེ་བས་ལོ་བཅུ་ནས་བཅོ་ལྔར་སྤྲོད་རྒྱུ་ལྷག་བསྡད་པ་རྐྱང་རེད་ཟེར། གོང་དུ་དངུལ་ཁང་དུ་དངུལ་བུན་གཡར་ཟེར་བ་དེར་རྒྱུ་མཚན་འདུག་སྙམ། དེ་མིན་སྲིད་སྐྱོང་ལ་དངུལ་འབུམ་གཉིས་སྤྲོད་མཁན་ཚོགས་པ་དང་སྒེར་བ་སུ་ཡང་ཡོང་གི་མ་རེད་སྙམ། གལ་ཏེ་དངུལ་ཁང་དུ་དངུལ་གཡར་བ་ཡིན་ཡང་འོས་བསྡུའི་སྒྲིག་གཞི་ནང་ལྟར་བུ་ལོན་དུ་ཟུགས་པའི་གང་ཟག་ཅིག་ཡིན་ཙང་སྲིད་སྐྱོང་ལ་ལངས་པ་འགྲིག་མེད་པ་རེད། དེར་བརྟེན་སྲིད་སྐྱོང་གིས་བདེན་དཔང་ཁུངས་འཕེར་གྱིས་མི་མང་ལ་གསལ་བཤད་བྱེད་ཐབས་མེད་པ་རེད། གང་ལྟར་འདིར་གནད་དོན་ཞིག་ཏན་ཏན་ལྷག་འདུག་སྙམ།
དེ་མིན་ཨ་རིའི་རྩོམ་པ་མོ་དེར་སྡུག་སྐད་རྒྱབ་ནས་ཡོང་རྒྱུ་གང་ཡང་མེད་པ་རེད། མོས་གསལ་གསལ་ཐིང་ཐིང་རྩོམ་ཡིག་ནང་སྤེལ་འདུག་ག མོའི་བདེན་དབང་དེ་དག་ཡིག་ཆའི་སྟེང་ནས་མིག་ལ་བསྟན་འདུག་པས་ཡིད་ཆེས་མ་ཆེས་མི་འདུག་སྙམ། དེར་དགག་ལེན་སྲིད་སྐྱོང་མ་གཏོགས་སུ་གཅིག་གིས་ཀྱང་ཕོག་གི་མ་རེད། དེ་ལས་ཀྱང་རྫོབ་ཆེན་པོ་ཞིག་ནི་ཨ་རིའི་དོན་གཅོད་དང་རྒྱ་མིའི་ཚོང་པ་དེ་གཉིས་ཀྱི་འབྲེལ་བ་དེ་རེད། རྒྱ་མིའི་ཚོང་པ་དེ་ནི་ད་སྐབས་ཨ་རིའི་བདེ་སྲུང་ལས་ཁུངས་ནས་རྒྱ་ནག་དམར་ཕྱོགས་དཔོན་རིགས་དང་གསང་བའི་འབྲེལ་བ་ཡོད་པར་ངོས་འཛིན་གྱིས་རྟོག་ཞིབ་བྱེད་བཞིན་པ་རེད། གནས་ཚུལ་དེ་འདྲ་ནི་བོད་པའི་རྩ་དོན་ལ་གནོད་གཞི་ཞིག་དང་ནོར་འཁྲུལ་ཚབས་ཆེན་ཞིག་རེད། དེར་སྲིད་སྐྱོང་དང་དོན་གཅོད་གཉིས་ནས་ལན་གསལ་པོ་ཞིག་དགོས་ཀྱི་རེད།
རྩོམ་པ་པོས་གོང་དུ་དོགས་འདྲི་འདི་འདྲ་ཞིག་བྱས་འདུག ཁང་རིན་གྱི་བུ་ལོན་སྤྲད་པའི་བདེན་དབང་ཡིག་ཆ་དེ་དང་དོན་གཅོད་ཀྱི་ཡིག་ཆ་དེ་གཉིས་སུས་སྤྲད་ཡོད་མེད་དེ་རེད། དོགས་འདྲི་འདི་ལ་རྒྱུ་མཚན་མི་འདུག་སྙམ། ཨ་རིའི་ནང་ཁང་རིན་གྱི་བུ་ལོན་སྤྲད་པའི་ཡིག་ཆ་ཞིག་དགོས་ཚེ་ལས་སླ་པོ་རེད། ཁང་པ་ཚོང་མཁན་གྱི་ཚོང་གཉེར་ཁང་ལ་འབྲེལ་བ་བྱས་ཚེ་རེག་གི་རེད། དེ་མིན་དོན་གཅོད་ཀྱི་ཡིག་ཆ་དེའང་ཞུ་སྐུལ་གང་བྱས་དང་ལས་གླ་ཅི་ཙམ་ཡིན་མིན་དེ་ཕར་ཆེར་ཨ་རིའི་གྲོས་ཚོགས་འབྲེལ་ཡོད་ལས་ཁུངས་ནས་རེག་གི་རེད། ཞུ་སྐུལ་བྱེད་སྐབས་ཕྱི་གསལ་ནང་གསལ་ཡིན་དགོས་རེད།
དྲི་བ་གནད་ཅན་མི་འདུག རྒྱལ་ཕྱི་ནང་གི་དཔལ་འབྱོར་དང་ཆབ་སྲིད་ལ་རྨོངས་ནས་འདུག
Maura Moynihan ཟེར་བའི་བུད་མེད་འདི་བཙན་བྱོལ་བའི་དབུ་འཛིན་རྣམས་པའི་དཀའ་མོལ་ནང་བཞིན་ཁུང་མེད་ལུང་མེད་༧གོང་ས་མཆོག་ཁ་ལ་འཁྱེར་ཡོང་མཁན་དེ་འདྲ་མིན་པ་ཤེས་དགོས་རེད།
བསྟན་རྣམ་ལགས་ཀྱི་གསུང་པ་བདེན་པ་རེད། ཨ་རིའི་བུད་མེད་མྰོ་ར་ཟེར་ལ་ཡིག་ཆ་གང་ནས་ཐོབ་པ་རེད་ཟེར་བ་དེ་ང་ཚོས་ལས་འགན་མ་རེད། དེ་ནི་སྲིད་སྐྱོང་བློ་སེང་ལགས་རང་ཉིད་ནས་ཞིབ་འཇུག་དང་གཙང་མ་བཟོ་དགོས་པ་ལས་ཁོང་གི་ཕྱོགས་རྟོག་ནས་བཟོ་ཐུབ་ཡས་ཤིག་རྩ་བ་ཉིད་ནས་མ་རེད། ཁོ་མོའི་རྩོམ་དེར་དོན་གཅོད་ཨོ་སྒ་ཚང་ནས་གནད་འཁེལ་ལན་འདེབས་མེད་ཁར། ཁོ་མོས་དཔང་རྟགས་ཡན་ཆད་བཏོན་ནས་ཡང་བསྐྱར་གསལ་བཤད་གནང་འདུག་འདིར་གཟིགས་རྒྱུ་འདུག དེས་ན་སྲིད་སྐྱོང་བློ་སེང་ལགས་ནས་ད་བར་དགག་ལན་གནང་མ་ཐུབ་སྟབས་མང་ཚོགས་ནང་དྭོགས་པ་ཆེ་རུ་འགྲོ་བཞིན་པ་མ་ཟད། ལྷག་པར་དུ་རྡ་ས་རི་ཁུག་ནང་སྐད་ཆ་མང་དུ་འགྲོ་བཞིན་འདུག ད་དུང་སྲིད་སྐྱོང་བློ་སེང་ལགས་ལ་གནས་ཚུལ་ཚབ་ཆེན་པོ་འདི་ལྟ་བུ་མ་འདོན་པའི་རེ་བ་ཞུ།
འ་རོགས་ཚོ་ཡག་པོ་བཀླགས་ཏེ་བསམ་བློ་བཏང་ན། མོ་ར་ལགས་ཀྱི་ཁ་ནས་དངུལ་ཡོང་ཁུང་དེ་དྲིས་ན་འདོད་ཡོད་ཀི་བསམ་སོང་།
དོགས་འདྲིའི་སྔ་རྗེས་ཚང་མ་ཀློག་དང་གོ་རྒྱུ་ཞིག་འདུག
རྒྱ་མིའི་ཚོང་པ་དེ་ནི་ད་སྐབས་ཨ་རིའི་བདེ་སྲུང་ལས་ཁུངས་ནས་རྒྱ་ནག་དམར་ཕྱོགས་དཔོན་རིགས་དང་གསང་བའི་འབྲེལ་བ་ཡོད་པར་ངོས་འཛིན་གྱིས་རྟོག་ཞིབ་བྱེད་བཞིན་པ་རེད། གནས་ཚུལ་དེ་འདྲ་ནི་བོད་པའི་རྩ་དོན་ལ་གནོད་གཞི་ཞིག་དང་ནོར་འཁྲུལ་ཚབས་ཆེན་ཞིག་རེད། དེར་སྲིད་སྐྱོང་དང་དོན་གཅོད་གཉིས་ནས་ལན་གསལ་པོ་ཞིག་དགོས་ཀྱི་རེད།
ཟེར་།།།།།།
ཡང་གཅིག་བཤད་ན། ཨ་རི་ནས་ནང་སྲིད་ཀྱི་དཔལ་འབྱོར་གནས་ཚུལ་དྲ་སྔོགས་བྱེད་ཐུབ་ཁང་རིན་དེ་དངུལ་ཁང་གང་ནས་ཡོང་པ་ཡང་ཤེས་ཐུབ་ཀྱི་རེད། དེ་མིན་ཁུག་མ་ནང་བླུགས་ཏེ་དངུལ་ཁང་ལ་སྤྲད་མཁན་ནུབ་ཕྱོགས་སུ་དཀོན་པོ་རེད།དེ་ཡིན་དུས་མོ་ར་ལགས་ཀྱིས་ཤེས་ཡོད་པས་བསམ་བཞིན་ཚིག་སྣེ་བཏོན་པ་རེད།
མགོ་སེར་མ་དེས་སྲིད་སྐྱོང་ལ་ཡང་ནས་བསྐྱར་དུ་སྐྱོན་བརྗོད་བྱེད་སྟངས་དང་དེ་ཡང་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་སུ་བྱེད་སྟངས་གང་ལ་ལྟས་ཀྱང་སྲིད་སྐྱོང་ལ་སྒེར་འཁོན་བཅང་ཡོད་པ་ལས་སྤྱི་དོན་ལ་བསམ་ནས་བཤད་ཀྱི་མེད་པ་གསལ་པོ་རེད། ལྷག་ཏུ་ད་ལན་གྱི་གནས་ཚུལ་འདིས་བོད་པ་ཚོ་རང་ཚུགས་བརྟན་པོ་ཇི་ཙམ་ཡོད་མེད་ཀྱི་ཡིག་རྩལ་ཞིག་ཀྱང་བཏང་བ་རེད། གལ་ཏེ་མོའི་དོག་སློངས་འདི་དག་ལ་རྟེན་ནས་སྲིད་སྐྱོང་བློ་སེང་འོས་བསྡུའི་ནང་ཕམ་ཉེས་བྱུང་བ་ཡིན་ན་བོད་པ་ཚོ་ནི་གཞན་ཟེར་གཡམ་རྒྱུག་ལ་དགའ་བའི་མགོ་ཡང་ཞིག་ཡིན་པ་ཡང་གསལ་པོ་ཆགས་སོང་བ་རེད།
གནད་དོན་འདི་ཆུང་ཆུང་རྩ་བ་ནས་རེདམི་འདུག འོན་ཀྱང་དཔྱད་བརྗོད་པ་དང་མཆན་འགོད་མཁན་མང་པོ་ཞིག་གིས་དབྱིན་མོ་འདིའི་རྒྱབ་ལ་སུ་ཡོད་མེད་དང་། མོའི་བསམ་བློའི་རྒྱབ་ལྗོངས་འདི་རང་དོན་ཡིད་བྱེད་དང་ལྷག་པའི་བསམ་པ་གང་ཞིག་གིས་ཀུན་ནས་བསླངས་ཡོད་མེད་སོགས་གནད་ལ་དེ་ཙམ་མི་འཁེལ་བའི་ཉག་ཉགོ་མང་པོ་ཞིག་བཤད་ནས། རྩ་བ་བོར་ནས་ཡལ་ཀ་འགྱུས་པའི་རྣམ་ཐར་ཙམ་ལྷུར་ལེན་བཞིན་པ་འདི་ང་ཚོའི་སྤྱི་ཚོགས་འདི་དང་ལྷག་པར་དུ་ཤེས་ཡོན་པའི་སྡེ་འདི་ད་དུང་ཚད་དམའ་དྲགས་པའི་རྟགས་རེད། སྤྱིར་ཡིན་ན་མོའི་དཔང་རྟགས་དེ་ཚོ་དངོས་ཡོད་ཚད་ཐུབ་ཡིན་མིན་དང་། གལ་སྲིད་རྒྱལ་རི་དང་བཀྲིས་མཐོང་སོགས་ཁོང་ཚོའི་པར་གྱི་རྙོག་གླེང་དེ་ཚོའི་ཁྲོད་སུ་ལ་ནོར་འཁྲུལ་ཡོད་མེད་དང་སུས་སྤྱི་པའི་ཆེད་དུ་ལྷག་བསམ་རྣམ་དག་དང་། ཡང་སུས་རང་དོན་ཁོག་བཅུག་གིས་སྤྱི་དོན་ཁ་ལ་ཁྱེར་ནས་རྩེ་མོ་རྩེད་གྱིན་ཡོད་མེད་སོགས་ལ་དཔྱད་པ་མཐིལ་ཕྱིན་བྱེད་རྒྱུ་ཧ་ཅང་གལ་ཆེ། གང་ཡིན་ཟེར་ན་མི་སྣ་འདི་ཚོ་ང་ཚོའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་རྐྱང་ཡིན་པ་དང་། གནད་དོན་འདི་ཚོ་ཡང་ང་ཚོའི་རྩ་དོན་དང་ཐད་ཀར་འབྲེལ་བསྡད་ཡོད་པ་རྐྱང་ཡིན་པས་གནད་དོན་འདི་ཚོ་གཙོར་བཟུང་གིས་ཕུ་ཐག་གཅོད་དགོས་པ་གནད་ཆེ། དེ་མིན་གཅིག་གཅིག་ལ་དགའ་མིན་སོགས་དེ་ཙམ་གལ་མི་ཆེ་སྙམ།
ང་རང་གི་བསམ་ཚུལ་བྱས་ན། གནས་ཚུལ་འདིའི་རྒྱབ་ལོགས་ན་སུ་ཡོད་མིན་དེ་དེ་ཙམ་གཙོ་བོ་མ་རེད་སྙམ། གཙོ་བོ་ནི་སྲིད་སྐྱོང་ལ་བཞེངས་པའི་འོས་མིའི་དགེ་སྐྱོན་རེད། རྒྱབ་ལོགས་ན་སུ་ཡོད་ཀྱང་དེར་སྐྱོན་གང་ཡང་མི་འདུག གལ་ཏེ་རྒྱབ་ལོགས་ཀྱི་མིས་བློ་སེང་ལ་སྐྱོན་གང་ཡང་མེད་བཞིན་དུ་དཀྲོགས་གཏམ་དང་བདེན་རྫུན་གོ་ལྡོག་བྱས་ཏེ་སྐྱོན་འཛུགས་བྱས་ན་རྒྱབ་ལོགས་ཀྱི་མི་དེའི་ཀུན་སློང་ལ་རྟོག་ཞིབ་བྱས་ཆོག་གི་རེད། དེ་མིན་བདེན་པ་ཁུངས་འཕེར་ཞིག་ལ་རྒྱབ་ལོགས་ན་སུ་ཡོད་མེད་རྩོད་པ་ནི་རྐུན་མ་མིག་མདུན་དུ་བཞག་ནས་རྐུན་མ་རྩིས་སྤྲོད་མཁན་དེ་ཅིག་རེད་མདོག་མདོག་བྱེད་པ་ལྟ་བུ་རེད། དེར་སྙིང་པོ་ག་རེ་འདུག
འདི་ལྟ་བུའི་དཀྲོགས་གཏམ་གང་མང་ཞིག་གིས་བོད་པ་ཚང་མེད་པར་བཟོས་པ་རེད། དེ་བས་ཚང་མའི་མཉམ་འཇོག་བྱས་ན་བཟང་།
མཁས་དབང་དགེ་ཆོས་ཀྱིས། སྐྲ་སེར་སྤྲེའུ་རིགས་ལ་དོག་ཟོན་མཛོད། ཅེས་པའི་ཞལ་གདམས་དེ་དྲན་པའི་དུས་ལ་སླེབས་འདུག མགོ་སེར་ཚོས་རང་ལ་ཁེ་ཕན་བྱུང་ན་གཞན་གྱི་བདེ་སྡུག་ལ་ཉུང་མ་རྐང་པས་རྫིས་པ་ཙམ་གྱི་ཚོར་འདུ་མེད་པ་རེད། ལྷག་ཏུ་འོས་སྡུ་སླེབས་ལ་ཉེ་བའི་སྐབས་སུ་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་སྟངས་འདི་ལ་ལྟས་ན་མགོ་སེར་མ་དེས་དམིགས་ཡུལ་ངེས་ཅན་ཞིག་བཟུང་ཡོད་པ་གསལ་པོ་རེད། དེས་ན་སྲིད་སྐྱོང་བཟང་པོ་ཞིག་སླེབས་ཐུབ་མིན་ནི་བོད་སྤྱི་པའི་མདུན་ལམ་དང་ཧ་ཅང་འབྲེལ་ཆེ་བས་བོད་པ་ཚོས་རང་གི་ཀླད་པ་རང་གིས་བེད་སྤྱད་ནས་གཞན་གྱི་གཡོ་འོག་ལ་མི་ཚུད་པ་བྱེད་རྒྱུ་གལ་ཆེ།
དོགས་གཞི་ཅན་གྱི་སྲིད་སྐྱོང་དེ་མ་འོངས་བ་ན་སྲིད་སྐྱོང་གི་འོས་ཤོག་ཐོབ་རྒྱའི་རེ་བ་མ་བཅངས།བོད་མི་མང་གླེན་པ་མིན་ཙང་ཁྱེད་ལྟ་བའི་མི་ཞིག་ལ་འོས་མི་བླུགས་ཁོ་ཐག་ཡིན།ད་ལྟའི་སྲིད་སྐྱོང་གི་དུས་ཚོད་མ་རྫོགས་སྔོན་ལྐོགས་ཟ་བྱས་བའི་ཨ་སྒོར་དེ་ཚོ་བཙན་བྱོལ་བོད་གཞུང་ལ་ཕྱིར་ལོག་བྱེད་དགོས།
ངའི་བསམ་ཚུལ་ལ། ཨ་རི་བའི་བུད་མེད་དེ་ལ་བོད་པའི་ཁྱོ་ག་སྲིད་སྐྱོང་བློ་སེང་མཆོག་ལ་འཁོན་འཛིན་ནམ་ཕྲག་དོག་ཡོད་མཁན་ཞིག་མཉམ་དུ་ཉལ་རྒྱུ་བྱུང་སྟེ་མོ་སྐྱིད་པོ་བྱུང་ཙང་ཁོ་དགའ་པོ་ཡོང་བའི་ཆེད་དུ་དཔང་རྟགས་མེད་པའི་སྐེས་འཛེགས་འོག་གི་སྐད་ཆ་གསར་ཤོག་ནང་བཀོད་པར་བདག་སྤྲོད་དགོས་དོན་ཅང་མི་འདུག། མོ་ལ་དངུལ་མང་པོ་ཡོད་ཙང་གང་ཡང་བྱེད་་སྲིད་ཀྱི་རེད། ཉལ་ཐག་ཀྱང་འཐུང་སྲིད་ཀྱི་རེད། དེ་བས་བོད་པའི་ཁྱོ་ག་ཁོ། ཆང་རང་གིས་འཐུང་ན་མགོ་ན། གཞན་གྱིས་འཐུང་ན་སྙིང་ན། ཟེར་བའི་དཔེ་ལྟར་བྱེད་ཀྱི་མེད་དམ། དགོངས་དག། སྐད་ཆ་བཙོག་པ་ཁ་ཤས་བེད་སྤྱོད་བྱེད་དགོས་བྱུང་།།
སྐུ་ངོ་སྲིད་སྐྱོང་རང་ཉིད་ནས་གསུང་ཞིག་བྱོན་མ་གཏོགས་དོན་གཅོད་སྐལ་རྡོར་གྱིས་བྱབ་ཚང་མ་བསྐྱལ་ཚར་སོང་། སྐུ་ངོས་ཡིན་མིན་གི་གསུང་ལན་གསལ་པོ་ཞིག་མ་བྱོན་རང་བྱོན་རེད། གང་ཡིན་ཞེ་ན་དེ་འོས་ཐོབ་ཤོར་ཙམ་ཙམ་མིན་པར་གང་ཉིད་བོད་མིའི་སྲིད་སྐྱོང་ཡིན་པས་སོ།