བསྟན་འཛིན་འཇམ་དཔལ་གྱིས་འོས་སྦྱོར་ཞུས།
མཚུངས་མེད་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་མཐུན་མོང་མཆོག་ལ།
ཆེད་འབུལ། དགོངས་པས་མངའ་གསལ་ལྟར་ ༢༠༡༥།༤།༢༥ ཉིན་བལ་ཡུལ་དང་རྒྱ་གར་བྱང་ཤར་ས་ཁུལ། འབྲུག་ཡུལ། བོད་ཀྱི་ས་ཁུལ་ཁག་གཅིག་བཅས་ལ་ས་ཡོམ་གྱི་གནོད་པ་ལ་བརྟེན་ནས་གོད་ཆག་ཤུགས་ཆེ་བྱུང་ཡོད་པར། བོད་མིའི་སྒྲིག་འཛུགས་ནས་ ༢༠༡༥།༤།༢༧ ཕྱི་དྲོ་ཕྱག་ཚོད་ ༤།༠༠ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གོང་གསལ་ས་ཡོམ་གྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་དང་རྨས་སྐྱོན་ཕོག་པ་རྣམས་ཀྱི་ཆེད་བསྔོ་སྨོན་དང་གསོལ་འདེབས་སྨིན་རྒྱས་ཤིག་གནང་གཏན་འཁེལ་བ་ལགས་ན། དེ་དོན་ས་གནས་སོ་སོའི་གནས་བབས་ལ་གཞིགས་པའི་བོད་མི་མང་ཚོགས་ངོས་ནས་བསྔོ་སྨོན་དང་གསོལ་འདེབས་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་གདུང་སེམས་མཉམ་བསྐྱེད་མཚོན་སླད་བལ་ཡུལ་གཞུང་ལ་བལ་སྒོར་འབུམ་ཉི་ཤུ་ཐམ་པ་ངལ་སེལ་ཞལ་འདེབས་འབུལ་རྒྱུའང་ཐུགས་གཏན་འཁེལ་འདུག་ཞུ་རྒྱུ།
དེ་བཞིན་དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་ ༢༠༡༥།༤།༢༦ འཁོད་གནས་དགོངས་དོན་ལྟར། བྱང་ཨ་རི་ཁྱབ་ཁོངས་བཙན་བྱོལ་བོད་མི་ཡོངས་ནས་གོང་གསལ་གནོད་འཚེ་ཕོག་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་མཚོན་སླད། རང་བློས་གང་ཚོད་ཀྱི་ཞལ་འདེབས་བསྡུ་བསྐུལ་གནང་སྟེ་འདི་ག་ལས་ཁུངས་སུ་ ༢༠༡༥།༥།༢༠ འགྱངས་མེད་གནང་འབྱོར་ཐུབ་པའི་འབོད་བསྐུལ་ཞུ་རྒྱུ་བཅས།
ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༧ ལ་ཕུལ།
༼འདྲེན་ཁུངས། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ངོ་དེབ།༽
ད་གཞི་ནས་སློང་མོ་རྒྱག་དགོས་པ་ཞིག་ཡིན་ན་མ་སྦྱིན་ན་བཟང་མི་འདུག་གམ།
ཡག་པོ་རེད། བྱང་ཆུབ་སེམས་སྒོམ་པ་གཅིག་པུ་མ་ཡིན་པར་དངོས་སུ་ལག་ལེན་སྟར་ན་་ཡག་པོ་འདུག། ཁ་ནས་སྙིང་རྗེ་ཞེས་པ་དེ་མ་ཡིན་པར་དོན་ལ་ལག་ལེན་ལྟར་རན་འདུག། བོད་ཀྱི་བླ་ཆེན་ཚོ་དང་ ། བོད་ཀྱི་ཕྱུགས་བདག་ཚོ་དང། དགོན་ཆེན་ཚོས་ད་རེས་ཤུགས་རྒྱབ་པའི་དུས་ལ་བབས་འདུག།
ཤར་པ་ལགས་་་་་་་གཞན་གཅེས་པར་འཛིན་པའི་བྱང་ཆུབ་ཀྱི་སེམས་ལས་ལྷག་པའི་རིན་ཐང་ཆེ་བ་ཞིག་ཡོད་ན་
་་་་་་་་་་་་་མ་གཞི་ནས་སློང་མོ་རྒྱག་གི་ཡོད་རེད་་་་་་་་ཡང་ན་སྡིག་ར་སྐུལ་གྱི་ཡོད་རེད་་་་་་་་་་
མགོ་བདེ་ཚོ་ལ། གོ་སྐབས་ཞིག་ཤར་སོང་། ཡིན་ན་ཡང་། ལས་ལམ་དུ་འགྲོ་བར་ཤོག། ལམ་ལ་བར་ཆད་མེད་པར་ཤོག། ཞལ་འདེབས་ཚང་མ། གསོན་པོའི་འཐུང་ཆུའི་དོན་དུ་འགྲོ་བར་ཤོག།
ཐེ་ཝེན་གྱི་རོགས་སྐྱོར་བལ་གཞུང་གིས་ངོས་ལེན་མ་བྱས་པ།
http://www.themalaymailonline.com/world/article/nepal-rejects-taiwan-rescue-team-offer-says-minister
ཁ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནང་དུ་༼བོད་མིའི་སྒྲིག་འཛུགས་ཀྱིས་བལ་ཡུལ་དུ་ས་ཡོམ་གྱིས་གོད་ཆག་བྱུང་བར་བློ་ཕམ་དང་ངལ་སེལ་ཆེད་བལ་སྒོར་འབུམ་ ༢༠ གནང་བ།༽ཞེས་བཀོད་འདུག་པས། བལ་སྒོར་འབུམ་༢༠ དེ་གནང་ཚར་བ་རེད་བསམ་སོང་།
ཨ་རིའི་དོན་གཅོད་ཁང་གི་འབོད་སྐུལ་ཡི་གེ་འདིར་ལྟ་དུས་བལ་སྒོར་འབུམ་ཉི་ཤུ་དེ་ད་ལྟ་གཞི་ནས་གནང་རྒྱུ་ཡིན་འདུག་པས་མ་ཚད། ངལ་སེལ་ཞལ་འདེབས་དེ་ཡང་བོད་མི་ཚོར་ཞལ་འདེབས་བསྡུ་སྐུལ་གཙོར་བཟུང་གིས་གནང་རྒྱུ་ཡིན་པ་གསལ་འདུག
རྩ་བས་ཆ་ནས་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཀྱི་ལས་གཞི་འདི་ཡག་པོ་ཡིན་པ་སྨོས་ཅི་དགོས། ཡིན་ན་ཡང་། དེ་དང་དུས་མཚུངས་སུ་བལ་ཡུལ་དང་ཧ་ཅང་ཐག་ཉེའམ་ས་འབྲེལ་ཡིན་པའི་བོད་ས་ཁག་ཏུ་གོད་ཆག་གི་གནས་ཚུལ་ཇི་བྱུང་ཐད་ལ་རྒྱུས་ལོན་གཏིང་ཟབ་ཅིག་ལེན་ཐབས་གནང་དགོས་པ་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རང་བབས་འགན་འཁྲི་ཞིག་ལོས་ཡིན།
བཙན་བྱོལ་བོད་མིའི་སྒྲིག་འཛུག་ནས་བསྔོ་སྨོན་དང་ཐུགས་སྨོན་ཞུས་ན་འགྲིག་ བལ་སྒོར་འབུམ་༢༠ བལ་ཡུལ་གཞུང་ལ་ཕུལ་ནའང་ཁོང་ཚོས་ལེན་མི་ཡོང་། གལ་སྲིད་མ་བླང་བ་ཡིན་ན་དོན་སེམས་ལ་ན་ཚ་ཕོག་རོག་རེད། ཐེ་ཝན་གཞུང་གི་རོག་ཚོགས་ལ་བལ་གཞུང་ནས་མ་བླང་རེད། ད་ག་བ་བསླེབས་སོང་། ང་ཚོས་འཇོན་ཡག་ཤི་བོ་ལ་བསྔོ་བ་སྨོན་ལམ་བྱས་དགའ་ཡོང་།
འཛམ་གླིང་གིས་ནེ་པལ་ལ་རོགས་པ་བྱེད་གནང་གི་འདུག་པས་ལྐོག་ཟ་བྱས་མ་བཞག་ན་དངུལ་གྱིས་ལྡེང་ཙམ་ཡོང་རྒྱུ་རེད། དངུལ་ཡོད་ན་བལ་ཡུལ་གྱི་སྐྱབས་བཅོལ་པ་རྣམས་ལ་གནང་རོགས། ཞེ་ཆེན་དགོན། སྟག་མོ་ལུས་སྦྱིན་སོགས་སུ་གནོད་སྐྱོན་ཐེབས་ཡོད་པ་གོ་བས་དེ་ལ་གནང་རོགས། བོད་པ་ལ་ཐུགས་ཐུགས་ཐུགས་ཁུར་བྱེད་མཁན་མེད་པ་ཡིན་ནམ། གསར་འགྱུར་བརྒྱུད་ལམ་མེད་པ་ཡིན། །གྲྭ་བ་ཡང་མང་པོ་ཤི་ཡོད་པ་ཐོས་མོད། བོད་གཞུང་གིས་ལབ་གླེང་ཙམ་ཡང་གནང་གི་མི་འདུག །