ཨ་རིར་ཡོད་པའི་བོད་པ་ཚོར་ཆ་རྒྱུས་ཆེན་པོ་ཡོད་པའི་དོན་དག་ཅིག་སྟེ། ཨ་རིའི་མི་དམངས་དང་ཁྱིའི་བར་གྱི་བརྩེ་དུང་གི་འབྲེལ་བ་འདི་ནི་སྐབས་མང་པོ་ཞིག་ཏུ་མི་དང་མིའི་བར་གྱི་འབྲེལ་བ་ལས་ཀྱང་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། རིག་གཞུང་འདིའི་སྣང་ཚུལ་ལམ་ཤུགས་རྐྱེན་ལ་བརྟེན་ནས་ཕྱིར་སྡོད་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཡང་མི་དང་ཁྱིའི་བར་གྱི་བརྩེ་དུང་གི་འབྲེལ་བ་དེ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱུས་ཀྱི་ཕྱོགས་སུ་མྱུར་ཚད་ཧ་ལས་པའི་སྒོ་ནས་གོང་དུ་འཕེལ་བཞིན་ཡོད། ཁོ་བོས་ལོ་ཤས་སྔོན་གནད་དོན་འདི་ལ་དམིགས་ཏེ་སྤེལ་བའི་རྩོམ་ཡིག་ཅིག་བླ་ནག་ཤེས་རིག་ཁྱབ་སྤེལ་ཚོགས་པའི་ལོ་དེབ”་སྤྱན་”གྱི་སྟེང་དུ་སྤེལ་བ་ཡིན་ལ། གཤམ་དུ་རྡེག་གནོན་བྱས་ཚེ་རྩོམ་ཡིག་ཆ་ཚང་ཀློག་ཐུབ།
dogs-in-west2
ཉིན་ཤས་གོང་ངའི་ངོ་ཤེས་བུད་མེད་ཅིག་གི་ཁྱི་ལོ་བཅུ་གསུམ་ལོན་པ་ཞིག་ཡོད་པ་དེར་ཀན་སར་བྱུང་སྟེ་སྨན་ཁང་ནང་ཕྱིན་ནས་གཤགས་བཅོས་བྱས་ཀྱང་མ་ཕན་པར་གྲོངས་འདུག ད་མོ་སེམས་པ་ཞེ་དྲག་སྐྱོ་གི་འདུག
ཁྱི་མེད་མི་ཡི་སྤྱི་ཚོགས། །
ཚོན་མེད་རི་མོ་སྐྱ་བྲིས། །
མི་མེད་ཁྱི་ཡི་སྤྱི་ཚོགས། །
ཆུ་མེད་མྱ་ངམ་ཐང་ཆེན། །
ཨར་མི་ཁྱི་ལ་དགའ་བའི་གཏམ་རྒྱུད་དེ།།
མུན་ནག་ལས་ཀའི་གསང་བ་ཕྲ་མོ་ཡིན།།
བོད་མི་ཁྱི་ལ་དགའ་བའི་བྱུང་བ་ཡང་།།
ཨ་གསར་ཆེ་བའི་མངོན་རྟགས་ཐུང་ངུ་ཞིག།
མྱི་རྩིས་མེད་ལ་ཁྱི་རྩིས་ཆེ་བ་དག།
བྱམས་དང་སྙིང་རྗེ་ཆེ་རབས་བཤད་དཀའ་ཡང་།།
རང་གི་ཁྱིམ་གྱི་ཁྱི་ལས་མི་དག་ལ།།
བརྩེ་བ་མེད་པ་དེ་ནི་ཡ་རེ་ང་།།