ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ ༦ པར་ཆེད་ཕེབས་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༢ དང་ ༡༣ བཅས་ཉིན་གྲངས་གཉིས་རིང་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ ༦ དེ་བཞིན་ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་མངའ་སྡེ་ཨོ་རེ་གྷོན་གྱི་གྲོང་ཁྱེར་པོཊ་ལེནཊ་ནང་དུ་སྐོང་ཚོགས་གནང་ཡོད་པ་དང། སྐབས་དེར་ཨ་རིའི་སྐུ་ཚབ་དོན་ཁང་ནས་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལ་སྙན་སེང་ཞུས་པའི་ཐོག་ཆེད་ཕེབས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་སྡོད་གནས་མི་ནི་སོ་ཊ་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ཆུ་ཚོད་བཞི་ཙམ་རྗེས་པོཊ་ལེནཊ་ལ་འབྱོར་བ་དང། ཚེས་ ༡༢ ཉིན་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གལ་གནད་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད་ཚོགས་ཆེན་གྱི་ཉིན་གཉིས་རིང་དེ་སྔ་ཚོགས་ཆེན་གྱི་གྲོས་ཆོད་མཇུག་སྐྱོང་ཇི་བྱུང་དང། སློབ་དེབ་བསྐྱར་བཅོས། ༸གོང་ས་མཆོག་གི་དགོངས་གཞི་ལྟར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་འཁྲིད། སློབ་གྲྭ་སོ་སོའི་ནང་སློབ་འཁྲིད་གནང་ཕྱོགས་དང། འཁྲིད་ཆས་བེད་སྤྱོད་ཇི་གནང་སོགས་ཀྱི་གྲོས་གཞིའི་ཐོག་བགྲོ་གླེང་ནང་མཉམ་ཞུགས་དང་ལམ་སྟོན་གནང་ཡོད། དེ་བཞིན་ཕྱི་ཚེས་ ༡༢ དགོང་དྲོ་པོཏ་ལེནཊ་བོད་རིགས་སྤྱི་མཐུན་ཚོགས་པའི་སློབ་ཕྲུག་རྣམས་ནས་ཚོགས་བཅར་བ་དང་ས་གནས་མི་མང་ལ་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུ་སྐབས་མི་མང་ལ་གསུང་བཤད་ཀྱང་གནང་ཡོད་འདུག
ཚོགས་ཆེན་ཐོག་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་ཤེས་རིག་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས། ཟུང་དྲུང་ཚེ་རིང་བཀྲིས་ལགས་གཙོས་པའི་ས་གནས་ཁག་ ༡༢ ནས་སློབ་གྲྭའི་དགེ་ལས་ཁྱོན་བསྡོམས་ ༣༡ ཚོགས་བཅར་གནང་ཡོད་འདུག ཕྱི་ཚེས་ ༡༣ མཚན་མོའི་ཆུ་ཚོད་ ༡༢ དང་ཕྱེད་ཀའི་ཐོག་པོཊ་ལེནཊ་ནས་ཕྱིར་ཐོན་གྱིས་བཞུགས་གནས་མི་ནི་སོ་ཊར་ཞོགས་པ་ཆུ་ཚོད་དྲུག་པ་མ་ཟིན་ཙམ་ལ་འབྱོར་གནང་ཡོད་པའི་གནས་ཚུལ་དུ།།
ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༤ རེས་གཟའ་ཟླ་བ།
འདི་ཚོའི་གྲས་ན་བོད་ཡིག་ལ་རང་རྐྱ་འཕེར་མཁན་ཞིག་ཕར་ཞོག བོད་ཡིག་ཤར་རེ་གཙང་ཀློག་བྱེད་ཐུབ་མཁན་ཞིག་ཀྱང་དཀོན་སེ་འདུག་པས་ན། འདི་ཚོས་བོད་ཡིག་སློབ་དེབ་དང་འབྲེལ་བའི་གལ་གནད་སྐོར་ལ་ཐག་གཅོད་ཅི་ཞིག་བྱ་ཐུབ་བམ།
བོད་མི་རྐྱང་བ་ལས་གྲུབ་པའི་ཚོགས་འདུ་འདི་ལྟ་བུར་ཡང་མདུན་ཅོག་ཐོག་གི་རང་མིང་དེ་ཨིན་ཡིག་གིས་འབྲི་དགོས་དོན་ཡོད་དམ།
དེ་མིན་ཚོགས་ཡུལ་གྱི་ས་མིང་་་པོཊ་ལེནཊ་་་ཞེས་པ་དེ་སྦྱོར་ཀློག་ཇི་ལྟར་བྱ་དགོས་སམ།
མ་གཞི་ནས་བོད་ཡིག་གི་རྨང་གཞི་མེད་པའི་ཨ་རིར་གནས་སྡོད་བོད་ཕྲུག་ཚོའི་བོད་ཡིག་སློབ་དེབ་ཅིག་ལ་འདི་འདྲའི་དགོས་མེད་ཀྱི་ལས་ལྷག་མང་པོ་ཞིག་ཅིའི་ཕྱིར་ཡོད་དམ། དགོད་རེ་བྲོ།
བོད་ཀྱི་སྐད་ཡིག་དང་རིག་གཞུང་ཚོགས་ཆེན་རང་རེད་འདུག་ཐུགས་རྗེ་ཆེ་གཟིགས་དང་སྐུ་ངོ་རྣམ་པའི་མདུན་ལྕོག་སྟེང་མཚན་བྱང་ལ་གཟིགས་དང་དབྱིན་ཡིག་ལས་བོད་ཡིག་མཇལ་རྒྱུ་མེད་པ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཚོགས་ཆེན་རང་རེད་འདུག་ཧཧཧ
ཆོས་དང་མ་འབྲེལ་བའི་བཟང་སྤྱོད། བོད་དྲི་མི་བྲོ་བའི་སློབ་གསོ།
ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་གསོ་སྤེལ་བ་ལ་ཐོག་མར་བོད་དྲི་བྲོ་བའི་སློབ་གསོ་ཞིག་ངེས་པར་དགོས། ཕྱི་སྡོད་བོད་པ་སྤྱི་དང་ཁྱད་པར་དུ་ ནུབ་སྡོད་བོད་པ་ཚོ་བོད་ཀྱི་ཆོས་དང་རིག་གཞུང་རྣལ་མ་དང་ཁ་བྲལ་ནས་ལོ་མང་ཕྱིན་ཟིན་པས། ད་ནི་བོད་པ་ཕྱེད་ཀ་འམ་བོད་པའི་གཟུགས་བརྙན་དག་ལ་ཆོས་དང་མ་འབྲེལ་བའི་སློབ་གསོ་ཞིག་སྤེལ་ཚེ་དེའི་མཇུག་འབྲས་ག་འདྲ་ཞིག་ཐོན་ཡོང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་འདི་ནུབ་ཕྱོགས་པ་མགོ་སེར་ཕ་མེས་ཀྱི་ཆོས་དང་རིག་གཞུང་ལ་སུན་སྣང་སྐྱེས་པའམ་ཞེན་པ་ལོག་པ་ཚོར་འཚམ་པོ་ཡོད་སྲིད་ལ། ཆོས་ལ་དུག་ཏུ་ལྟ་བའི་དམར་ཕྱོགས་པ་ཚོ་འདུལ་བྱེད་ཀྱི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་སྲིད། ཡིན་ན་ཡང་རེ་བོད་པ་ཚོའི་རིན་ཐང་བྲལ་བའི་ནང་ཆོས་ཀྱི་བསླབ་བྱ་བཟང་པོ་དག་དང་མ་འབྲེལ་བའི་བཟང་སྤྱོད་ཅིག་སྤེལ་དགོས་ན། སྲོལ་རྒྱུན་གྱི་ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བའི་གཏན་ཚིགས་ཀྱི་རང་བཞིན་ལྡན་པའི་བྱེད་ཐབས་ཁག་རེ་ཞིག་ཟུར་འཇོག་བྱེད་རྒྱུར་ངེས་པར། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་སྤེལ་མཁན་གྱི་དགེ་རྒན་རྣམ་པས་དྲང་དོན་ཐ་སྙད་ཙམ་དུ་ཆོས་དང་མ་འབྲེལ་ཡང་ངེས་དོན་དུ་༧རྒྱལ་དབང་མཆོག་གི་དགོངས་གཞི་རླབས་ཆེན་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ནང་པའི་ལྟ་གྲུབ་དང་འབྲེལ་བའི་སློབ་གསོ་ཞིག་སྤེལ་རྒྱུ་ཧ་ཅང་གལ་ཆེ་བར་སེམས། དེ་མིན་ཤེས་རྒྱུད་མ་སྨིན་པའི་བོད་རིགས་ལོ་ཆུང་ཚོས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདིའི་ནང་དོན་ངོ་མ་དེ་རྟོགས་ཐུབ་དང་མི་ཐུབ་རེ་ཞིག་བཤད་དཀའ་བར་སེམས།
ཆོས་དང་མ་འབྲེལ་བའི་བཟང་སྤྱོད་བོད་པའི་སྤྱི་ཚོགས་ལ་སྤེལ་སྟངས་སྐོར་མཁས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤེལ་བའི་རྩོམ་ཡིག་འདི་ཧ་ཅང་ཡག་པོར་མཐོང་།
http://www.khabdha.org/?p=90575
བོད་ཀྱི་སྐད་ཡིག་དང་རིག་གཞུང་་་ཟེར་བ་ཞིག་གང་ནས་བྱུང་ངམ། ཡང་ན་གང་ན་ཡོད་དམ། མ་རྩ་ཐམས་ཅད་རྒྱ་དཀར་ནག་ནས་བྱུང་བ་ཞིག་མིན་ནམ་ལགས། བོད་ཀྱི་་་ཞེས་པ་དེ་འབྲི་དུས་ལས་བསླ་པོ་ཡོད་རེད་དེ། དེའི་རྗེས་ཀྱི་ཡིན་རྒྱུ་མ་དེ་ཚོ་ལ་ཁུངས་དང་ལུང་དངོས་གནས་དགོས་ལེ་རེད། ཁུངས་ལུང་དངོས་གནས་དེ་བོད་རང་ལ་་བཏུགས་ཡོད་དམ། བོད་མུན་པའི་གླིང་ཡིན་པར་ལུང་རིགས་བརྒྱ་སྟོང་མངས་པོས་བསྒྲུབས་མཁན་དེ་སུ་རེད་དམ་ལགས། །
དུས་བབ། > གསར་འགྱུར། > གཙོ་གནད་གསར་འགྱུར། > བོད་ཀྱི་སློབ་གསོའི་གནས་རིམ་གྱི་གོ་མིང་གཅིག་གྱུར་མ་ཡོང་བའི་རྒྱུ་མཚན་གསུམ།
http://tibettimes.net/2017/08/18/162109/
བོད་མི་དཱངས་གཙང་ཞིག་ཡིན་ན་བོད་པའི་སྐད་ཡིག་དང་རིག་གཞུང་ཁུང་གཏུགས་ས་དེ་ཞང་ཞུང་གི་སྐད་ཡིག་དང་རིག་གཞུང་ལ་གཏུགས་དགོས་པ་དེ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་མ་རེད་དམ་?