མེ་ཏོག་དཀར་པོ།
སྲིད་པའི་སྡུག་བསྔལ་སུས་ཀྱང་མི་
བདེ་ལྡན་ཞིང་ཞིག་ཀུན་གྱིས་རེ་
ཟག་མེད་ཞིང་ཁམས་གར་ཡོད་མི་ཤེས་
དངོས་སུ་མཐོང་རྒྱུའི་ཞིང་ཁམས་ཨ་
སྔགས་པས་གསང་སྔགས་ཁྲོམ་བསྒྲགས་
ནང་པ་དག་གིས་ནང་བསྟན་འཚོང་འགྲེ
ནག་འཚོང་ལ་སོགས་རྒྱག་ནའང་རྒྱག་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཉིན་མོ་གྲྭ་ཆས་དགེ་སློང་ཡོངས་ཀྱ
མཚན་མོར་དབྱིན་མོ་རུམ་པའི་གྲུབ་
ཆོས་ལོག་ཆོས་སུ་འཆད་མཁན་སྔ་ནས་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
སྐྲ་ནག་མཛེས་མའི་གདོང་གི་ལྟད་མོ
སྐྲ་སེར་གཞོན་མའི་བྲང་གི་ནུ་འབུ
ཁྲོན་ཤན་བུ་མོའི་རྐུབ་བྲོ་མྱོང་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཁ་ཡིས་རྐུབ་ཀྱི་ལས་ཀ་འཇོན་པ་དང༌
རྐུབ་ཀྱི་ངོ་སོ་ཁྲོམ་ལ་ངོམས་པ་
ཁྲོམ་གསེབ་རྐུབ་ཚབ་ཚོང་ཟོག་ལྟ་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
བླ་སྤྲུལ་བཙུན་པའི་ཆོས་ཀྱི་འཚོ
སྐད་བསྒྱུར་མཁས་པས་བར་ཟོས་ཁེ་
ཚོང་པའི་ཉོ་འཚོང་གསུམ་པོ་ཚོད་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཉིན་མོ་ཕྲུ་གུ་འཚོ་སྐྱོང་བྱེད་
མཚན་མོ་སྦྱིན་བདག་གཟུགས་པོ་བཀྲུ
ཟས་གཡོ་གད་བརྡར་བྱེད་རྣམས་སྡུག་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཉིན་མོར་ཟ་ཁང་ནང་དུ་ལག་གཡོག་རྒྱ
མཚན་མོར་ཞབས་བྲོ་ཁང་དུ་ཌང་སེ་
ཟླ་ཕོག་ཕལ་ཆེར་སྐྱིད་པོའི་ཆེད་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
མི་ཡུལ་ས་མཐར་འཁྱམས་པའི་བྲོ་བ་
ཕ་མ་སྤུན་མཆེད་བྲལ་བའི་སེམས་ཁྲ
ལག་ཁྱེར་མེད་པའི་དཀའ་ངལ་ཉམས་མྱོ
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
མངའ་སྐྱུར་བྲོ་བ་མྱོང་སའི་ཆང་
མི་རིགས་འདྲ་མིན་འདུ་སའི་ཞབས་བྲ
ཤར་ནུབ་མི་རིགས་གཞང་ཁང་མང་བའི་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ལོ་རྒྱུས་རྫུན་མ་བསྒྲིགས་པའི་རྩ
དབྱིན་ཡིག་སྙན་ཞུ་འབྲི་མཁན་གླ་
སྐྱབས་བཅོལ་དཔང་ཡིག་ཞུ་ཡང་ཐ་ཤལ་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཆང་ས་རྫུན་མ་རྒྱག་མཁན་སྐྱབས་བཅོ
གཉེན་སྒྲིག་དཔང་ཡིག་ཞུ་མཁན་མགོ་
གྷི་རིན་ཁ་ཌི་སྒུག་རུང་གུ་ཡངས་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཁང་གླ་ཆེན་པོ་འཇལ་དགོས་སེམས་ཁྲ
ལས་གླ་ཚད་ལྡན་མེད་པའི་ཕམ་ཁ་གཉི
སྦྱིན་བདག་བཙན་པོའི་བརྙས་བཅོས་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཁྲིམས་མཐུན་ཁྲལ་གྱི་དཔང་ཡིག་མེ
ཨ་རིའི་རྒྱལ་ཁབ་དམ་དྲག་ཚ་བ་གཉི
ཝི་ས་རྫུན་མའི་བུ་ལོན་ཆེ་ཡང་རུ
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ལས་ཀ་གཅིག་ཏུ་གཏད་སོ་མེད་ན་ཡང་། །
དངུལ་ཁང་འཛིན་ཡིག་མེད་པ་ག་ལ་བདེ
ལག་ཁྱེར་མེད་པ་སྡོད་མཁན་གྲངས་མེ
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
གྲྭ་པས་ཆོས་གོས་ཕུད་ནས་སྐྱ་ཆས་
དཔོན་པོས་རྐུབ་སྟེགས་གཡུགས་ནས་
མཛེས་མས་སྤོམ་མདོག་བཞག་ནས་ལས་དོ
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
དབང་ཆེན་དཔོན་པོའི་སྤྱི་སེམས་
གྲྭ་ཆུང་བཙུན་པའི་སྡོམ་པ་ཤོར་ས་
ན་ཆུང་ལང་ཚོ་མ་ཉམས་ས་ཞིག་མེད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཁ་སང་ཁ་བ་འབབ་པའི་མཚན་མོ་དང༌། །
དེ་རིང་ཚ་བ་འབར་བའི་ཉིན་མོ་སོ
ངེས་མེད་དུས་ཀྱི་དུཿཁ་འདི་ནའང་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཕྱི་ཡི་སྟོབས་འབྱོར་མཐོ་རིས་ལྷ་
ནང་གི་སེམས་པ་རྒྱ་མཚོའི་རྒྱ་ལྟ
དུས་ཀྱི་འཁྲུག་ཆ་དོད་པས་ཡར་རྒྱ
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཁ་སང་དགོོད་ནས་སོ་དཀར་བསྟན་བཞི
དེ་རིང་མྱ་ངན་ངུ་ནས་མིག་ཆུ་གཏོ
སང་ཉིན་ཁྲོས་སོགས་སྐྱེ་བོ་ཀུན་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
འཕྲོད་བསྟེན་རྣམ་བཞག་གཞན་ལས་མང་
ངེས་མེད་ནད་ཡམས་སྣ་ཚོགས་འབྱུང་
སྔོན་གྱི་ལས་ཏེ་དེ་ལས་གཡོལ་དུ་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
ཕྱོགས་སླེབས་ཚོགས་པ་དུ་མའི་འཁྲ
ཕྱོགས་འཁྱམས་ཆབ་སྲིད་བཙོན་པའི་
ཕྱོགས་མཐའི་མཁས་པ་མང་བ་ཤེས་རིག་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
དེ་དང་དེ་འདྲའི་ཨ་རིའི་ཞིང་ཁམས་
སུ་དང་སུ་ཞིག་ཕེབས་རྣམས་སྐལ་
ཅི་དང་ཅི་འདྲའི་ཐབས་ཤིག་བྱེད་
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་
སྤྱི་ལོ་ ༢༠༠༣ ཟླ་ ༦ ཚེས ༡༡ ལ་ཨ་མེ་རི་ཁ་ཇོ་ཇོན་མངའ་སྡེ་ནས་
མེ་ཏོག་དཀར་པོས་སྤྲུལ་དགོག་རྣམས་ལ་ཚིགས་ཀྱིས་དགག་པ་ཇི་ལྟར་རྒྱབ་ཀྱང་
དོན་ལ་རྗེས་འཇུག་གཙོ་བོ་ཞིག་ཡོང་བའི་རེ་བ་ཆེན་པོ་ཡོད་པ་འདྲ།
བཀྲ་ཤིས་ཟེར་བ་བཀྲ་མ་ཤིས།།
སྐྱེས་པའི་ཞོགས་པར་ཨ་མ་ཤི། །ཀུ་རེ་
ཨ་རི་ཞེས་པའི་ཞིང་ཁམས་དེར།།
མེ་ཏོག་དཀར་པོ་སྐྱེས་བར་ཤོག།
སྐྱེས་ནས་འདོད་དོན་ཀུན་འགྲུབ་སྟེ།།
རང་སྐྱོང་བོད་དུ་ཕེབས་པར་སྨོན།།
མེ་ཏོག་དཀར་པོ་ཨ་རིར་འགྲོ་ནའང་འགྲོ།
གཡུ་སྦྲང་ང་ལ་སེམས་པ་སྐྱོ་རྒྱུ་མེད།
མེ་ཏོག་དཀར་པོ་སེར་པོར་འགྱུར་ནའང་གྱུར།
གཡུ་སྦྲང་ང་ལ་སྐྱོ་རོགས་དགོས་པ་མེད།
ཉིན་མོ་དགེ་སློང་ཆས་སུ་བརྫུས་ནས་ནི།
ཆོག་ཤེས་ངེས་འབྱུང་གདམས་པ་འཆད་ཅིང་བཞུགས།
མཚན་མོ་མི་ནག་ཆས་སུ་སྤྲས་ནས་ནི།
གཅེར་བུ་ཌནསི་འཁྲབ་སར་འགྲོ་འདོད་ནི།
སྤྲུལ་གོག་བསྟན་པ་འཛིན་འདོད་ཡིན་ལས་ཆེ།
ནམ་ཟླ་ཡལ་བའི་མེ་ཏོག་དཀར་པོ་ལགས།
ད་དུང་དཔྱིད་ཀྱི་དཔལ་ཡོན་ཡིན་མ་བསམ།
གསེར་སྦྲང་གཡུ་སྦྲང་འབྲོས་པའི་དུས་ལགས་ན།
སྡོང་སྐམ་མ་མའི་རུམ་འཛུལ་སྟ་གོན་བགྱིས།
ཆོག་ཤེས་མཁན་པོ་ཨོ་རྒྱན་ཉི་མ་རེད། །
བན་དེ་བ་ཁྱོད་མྱོས་པར་མ་གྱུར་ཏམ། །
མེ་ཏོག་དཀར་པོས་བན་དེ་སློག་འདོད་དམ།
དམ་ཚིག་ཉམས་པ་ཅན་དང་ཁ་ལག་གཉིས།
འདྲེས་སུ་མི་རུང་རྒྱལ་བས་གསུངས་བ་ན།
སྡིག་པའི་ཉེས་དམིགས་སོམས་ལ་མནོ་མ་བསམ།
བན་དེ་སློག་དང་མ་སློག །
རང་གི་མཇེ་ལ་འདྲི་གྲོགས།།
མེ་ཏོག་ཟུམ་ནས་སྡོད་ལ།།
མ་ཉེས་ཁ་གཡོག་མ་གནང་།།
མེ་ཏོག་དཀར་པོ་ཟེར་བའི་མིང་རྫུན་དོན་དང་མི་མཐུན་པ་ཁྱོད་
ཀུ་རེ་ལ་ཡང་ཁྱོད་ཀྱི་ཕ་ཤི་མ་ཤི་ངས་ནི་མི་ཟེར་ཐག་ཆོད་ཡིན་
དགོངས་དག། བཟོད་གསོལ་ཞུ།
མགྲོན་ཤོག་ཙམ་ཞིག་སྐུར་ཡང་མི་དགོས་ཤིང་། །
ཆང་ས་རྫུན་མ་རྒྱག་ཡང་མི་དགོས་པར། །
ཨ་སྒོར་དྲིན་གྱིས་མེ་དཀར་མཛེས་མའི་རྐུབ། །
བདག་གི་མཇེ་ཡི་ལག་ཏུ་ལྷུང་ས་རེད། །
སུས་ཀྱང་མགྲོན་ཤོག་མ་བཏང་ཞིང་། །
ཡིག་ཆ་རྫུན་མ་མ་བཟོས་ལ། །
སྟུ་རྐུབ་གཙོང་བར་མ་བྱས་པར། །
ཨ་རིར་སླེབས་པའི་མེ་ཏོག་ང་། །སྔ་ན་མེད་པའི་རྒྱུའི་རྒྱན་ནོ།།
མགྲོན་ཤོག་གཏོང་བར་མ་ནུས་ཤིང་། །
ཡིག་ཆའི་གྲོགས་ཀྱང་མ་བྱས་ལ། །
ཨ་སྒོར་གཏོང་བར་མ་ནུས་པར། །
ལམ་སེང་རྐུབ་ལ་དམིགས་འདི་འདྲེ། །
ཨ་རིར་བསྐྱོད་འདོད་མེ་ཏོག་དཀར་པོས་མང་དུ་བྲིས།
ཨ་རིར་ལས་དབང་གིས་སླེབས་ཚེ་འདིའི་འདོད་པས་མིན།
རྒྱ་གར་སློབ་གྲྭ་ཆེན་པོར་ལེགས་སྦྱར་བོད་རིག་གཞུང་།
སློབ་བསྐོས་སློབ་མ་མེད་ཀྱང་ཕོག་ལེན་དཀའ་ངལ་མེད།།
་
སོག་པོ་དགེ་བཤེས་དབང་རྒྱལ་དང་པོར་མཇལ།
ཨ་རིར་ལེན་ན་ཁྱོད་འོང་ཐུབ་བམ་གསུངས།
གང་ཡང་བསམ་མེད་འོང་ཐུབ་ཞེས་པ་ཞུས།
དཔེ་ཆ་སྒྱུར་ཚུལ་ཨ་རིར་བདག་སྐོར་གསན།།
་
ཁྱིམ་ན་ཐག་ཉེར་རིགས་གསུམ་མགོན་གྱི་མཆོད་རྟེན་བཞུགས།
བདག་ཅག་བྱིས་པ་འགའ་ཞིག་དེའི་སྟེང་འཛེགས།
མཆོད་རྟེན་གཟུང་སྔགས་ཡོད་པ་ཕྱིར་ཁྱེར་འོངས།
ཀློག་པར་བརྩམས་ཀྱང་སྔགས་ཡིག་ཤེས་པར་དཀའ།།
་
དེ་ནས་ལོ་ངོ་བཅུ་གསུམ་བཅུ་བཞི་སྐབས།
མཆོད་རྟེན་གཟུངས་བཏོན་ཉེས་པ་ཆེ་བ་ཐོས།
ན་ཚོད་ལོངས་དུས་གཞིག་སོས་དམ་བཅའ་བྱས།
རྒྱ་གར་ན་ཡོད་དབུལ་བས་དེ་ནི་མི་ཐུབ་བསམས།།
་
ཨ་རིའི་སློབ་གྲྭར་སློབ་སྦྱོང་བྱེད་སྐབས་སུ།
སློབ་དཔོན་ཨེ་ལེགས་མཆོག་གི་ཐབས་ཤེས་ཀྱིས།
མངོན་བརྗོད་སྣ་ཚོགས་གསལ་བ་ལེགས་སྦྱར་བོད།
གཏན་འབེབས་བྱེད་པར་ཨ་སྒོར་ཕོག་ཐོབ་གྱུར།།
་
དེ་ཡིས་རིགས་གསུམ་མགོན་པོའི་མཆོད་རྟེན་ཆེ།
ཐོག་ཚད་གསུམ་ཅན་རྣམས་ལ་གཞིག་སོས་ཞུས།
ལ་དྭགས་སྐྱེ་བོ་འགའ་ཡིས་མཐོང་བ་ན།
བསོད་ནམས་ཅན་ཞེས་རྗེས་རངས་བྱེད་པ་ཐོས།།
་
ལོ་ངོ་ཉེར་ལྔ་ལས་ལྷག་གཏམ་ཞིག་ལགས།
བ་མགོ་མཁར་གྱི་བྱམས་ཁང་རྣམ་གསུམ་ལའང་།
ཧོར་ནག་དབང་ཕྱུག་སོགས་ཀྱིས་གཞིག་སོས་ལ།
ཞབས་ཏོག་ཕྲན་བུ་ཞུ་ཐུབ་སྐལ་བ་བཟང་།།
་
ཁ་ཤས་ལྷ་ཡུལ་འགྲོ་སྙིང་འདོད། །
ཁ་ཤས་ཕ་ཡུལ་འགྲོ་སྙིང་འདོད། །
ཁ་ཤས་ཨ་རིར་འགྲོ་སྙིང་འདོད། །
ང་ནི་སྐྱེས་སར་ལོག་སྙིང་འདོད། །
ཨ་རིར་ཞེས་པ་སྐད་གྲགས་ཆེ་ན་ཡང་། །
ཨ་སྒོར་འདི་ཡང་རིན་ཐང་ཆེ་ན་ཡང་། །
ཨམ་སྐད་ལ་ཡང་རིན་ཐང་མི་འདུག་པས། །
ཨ་མདོའི་ཕོ་གསར་ང་ནི་སུན་ནས་ཡོད། །
ཨ་སྒོར་ཡིག་ཆའི་རོགས་ཤིག་མ་ཐུབ་པར། །
ཨ་ཅག་མཛེས་མ་ཁོང་ཁྲོ་མ་ཟ་ར། །
ཨ་རིར་སླེབས་པའི་ཉིན་མོ་དེ་ལ། །
ཨ་རིའི་གནམ་ཐང་བསུ་བ་ཡོང་ཆོག །
ཨ་མདོ་བ་ལ་ཨོང་ཚིགས་མེད།
ཨོང་ཚིགས་ཅན་ལ་ཨམ་སྐད་མེད།
འདི་ལྟའི་བྱུང་བས་སྤྱི་ཁོག་ནི།
འདྲེ་མིན་ལྷ་རྐང་ཅན་གྱི་ཤེས།
ཧ་ཧོ་རྐང་ཐོ་ལའོ།
ཨ་རི་ལུང་པ་སྐྱབས་བཙོལ་སྡོད་གནས་བཟང་།
ཨ་རི་ལུང་པ་རང་དབང་མང་གཙོ་ལེགས།
ཨ་རི་ལུང་པ་དཔལ་འབྱོར་ཤེས་བྱ་རྒྱས།
ཨ་རི་ལུང་པ་ཐམས་ཅད་འཛོམས་པའི་གནས།
ནུབ་ཕྱོགས་ལགས།
དེ་ཕྱིར་མེ་དཀར་ཨ་རིར་འགྲོ་འདོད་པའོ།།
ཨ་རིའི་ལུང་པར་ལས་མེད་སྡོད་ས་མེད།
ཨ་རི་ཡུལ་མིའི་སེམས་ལ་ཀྲེན་ཤོན་མང།
ཨ་རི་ཡུལ་མིའི་སེམས་ལ་ཌེ་པེ་རེས་མང།
དེའི་ཕྱིར་ཨ་རིར་འགྲོ་འདོད་སྨྱོན་པ་ཡིན།
ཊེན་ཤོན་མེད་པའི་ས་གཅིག་ག་ན་ཡོད། །
ཌིབ་པེརས་མེད་པའི་མི་ཞིག་དཀོན་མོ་ཡིན།།
ཨིན་ཇོའི་མེད་པའི་གླིང་འདིར་སྡོད་པ་ལས།།
ཝོལཌ་གི་སུབ་པར་ཨ་རིར་འགྲོ་འདོད་བྱུང་།
ཨ་རིར་འགྲོ་འདོད་མེད་མཁན་གང་ན་ཡོད་།
སྟོད་ནས་གཞུང་ཞབས་རྒན་པོ་ཨ་རིར་འགྲོ
སྨད་ནས་བླ་མ་བྱང་སེམས་ཨ་རིར་འགྲོ
བར་ནས་མི་རྐྱང་སྡོམ་པོ་ཨ་རིར་འགྲོ
མཐོང་ན་མཛེས་ཉམས་ཅན་མ་ཨ་རིར་འགྲོ
ལྟས་ན་ཕོ་ཉམས་ཅན་པོ་ཨ་རིར་འགྲོ
ཡོད་ན་རྒྱུ་ནོར་ཅན་རྣམས་ཨ་རིར་འགྲོ
མེད་ན་སྤྲང་འདོག་འདྲ་པོ་ཨ་རིར་འགྲོ
གཞོན་པ་ཉིན་གསུམ་བྱིས་པ་ཨ་རིར་འགྲོ
རྒན་པོ་དགུང་ལོ་རྒྱད་ཅུ་ཨ་རིར་འགྲོ
མ་འདུག་མ་འདུག་མེ་ཏོག་དཀར་པོ་ཡ་།
ནུབ་ཕྱོགས་ཨ་རི་བདེ་ལྡན་ཞིང་ཁམས་ན་།
ཡོད་ཚད་སྒྱུ་མ་མཁན་པོའི་འཕྲུལ་འཁོར་ཡིན་།
རིགས་ཚད་གྲོག་མ་ནང་བཞིན་བྲེལ་ཅིང་འཚུབ་།
མ་འདུག་མེ་ཏོག་དཀར་པོ་ཨ་རིར་སོང་།
Economy ཨ་རིར་ཡག །
Education ཨ་རིར་ལེགས། །
Human right ཀྱང་ཨ་རིར་བཟང་།།
Sex ཀྱང་free སྣང་བ་སྐྱིད།།
Fashion ཚང་མ་འདི་ནས་དར།།
ཨ་རི་ཞེས་པའི་རྒྱལ་ཁབ་འདི།།
བདེ་ལྡན་ཞིང་ཁམས་ངོ་མ་རེད།།
གྲྭ་ཆས་གཡུག་ན་འདོད་ན་ཨ་རིར་ཤོག །
སྐད་རིག་མཉམ་བསྲེས་འདོད་ན་ཨ་རིར་ཤོག །
བོད་ཡིག་བརྗེད་དུ་འདོད་ན་ཨ་རིར་ཤོག །
ཚེ་གང་མི་གཡོག་འདོད་ན་ཨ་རིར་ཤོག །
༡༽tension དངང་འཚབ་དགོས་ན་ཨ་རིར་ཕེབས། (ལས་ཀའི་དུས་ཚོད་ཀྱི་སྟེང་དུ་སླེབས་མི་ཐུབ་ཅིང་ཟླ་རེར་ཁང་གླ་ཁ་པར་གྱི་གླ་འཕྲོད་བསྟེན་གྱི་ཆེད་ཀྱི་དངུལ་སྤྲོད་མི་ཐུབ་པའི་སྟེང་དུ་རྗེས་སུ་ལུས་པའི་བུ་ཕྲུག་ཕ་མ་མཛའ་གྲོགས་སོགས་ཀྱིས་ཁ་པར་འབྱོར་ནས་རྟག་པར་དུ་དངུལ་སྐུར་རོགས་་་ཨ་ཡི་ཕོན་སྐུར་རོགས། ལྷམ་སྐུར་རོགས། གློག་ཀླད་སྐུར་རོགས། མི་གཞན་གྱིས་ཁྱོད་ཀྱི་ཆུང་མའམ་མཛའ་མོར་བུ་གཞན་པ་དགའ་བོ་ཡོད་རབས་སོགས་གཏམ་མི་སྙན་པ་རྐྱང་གོ་ནས་སེམས་ཚོར་སྡུག་གིས་མནར་བ།)
༢༽depression སེམས་ནད་དགོས་ན་ཨ་རིར་སོང། (བསམ་བློར་མི་དྲན་དགུ་དྲན་མིག་གིས་མི་མཐོང་དགུ་རྣ་བས་མི་ཐོས་དགུ་ཐོས་སོགས་ཀྱིས་རྐྱེན་པས་རང་སྡུག་རང་གིས་བཟོས་པ་ལས་བྱུང་བའི་སྡུག་བསྔལ་འདི་ཞེས་བཤད་དུ་མེད་པའི་སེམས་ནད།)
༣༽lonley ཚོར་སྣང་དགོས་ན་ཨ་རིར་བྱོན། (གྲོགས་པོ་གྲོགས་མོ་ཤ་ལས་མཆེད་པའི་བུ་ཕྲུག་རྣམས་རྒྱ་བོད་བལ་འབྲུག་སོགས་སུ་མཐོང་ཆེན་ཤོག་བུ་མ་ཐོབ་ནས་ལུས་པ་དང་རང་གི་ཤག་རོགས་དང་ལས་དུས་མི་གཅིག་ཅིང་ཕལ་ཆེར་ཟླ་བ་རེའི་ནང་དུའང་སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུའི་དལ་ཁོམས་མེད་པ་དང། རང་གི་ཁྱིམས་མཚེས་ནི་ངོ་མི་ཤེས། ཁོ་ཡི་སར་ཤོག་ཅེས་བཤད་མཁན་ནི་མེད། དྭ་ཕྲུག་ཐང་སྟོང་དུ་ལུས་པ་ལྟར་གྱི་རང་ཉིད་ཁེར་རྐྱང་དུ་ལུས་པའི་བསམ་བློའི་ཚོར་བ་ཞིག)
༤༽sadness མཁོ་བར་འདོད་ན་ཨ་རིར་རྒྱུགས། (ཕ་མ་སྤུན་ཟླ་ཉེ་དྲུང་འབྲེལ་བ་གྲོགས་པོ་རྣམས་ལྔ་བའི་ལམ་དུ་ཆས་ཀྱང་ཁ་ལ་ཆུ་ཕོར་གང་ཀྱང་བླུགས་དབང་མེད་པའི་ཐག་རིང་མི་ཡུལ་དུ་ལུས་ནས་སེམས་མྱ་ངན་གྱིས་མནར་བ།)
དྲ་གྲོགས་མེ་ཏོག་དཀར་པོ།
ཨ་རིར་ཕེབས་པར་འདོད་ན།
སྔོན་ནས་ང་ཡི་གདམས་པར།
ཡང་ཡང་གཟིགས་པ་གནང་རོགས།
རྗེས་སུ་འགྱོད་པ་བྱུང་དུས།
ལེ་ཁག་དཀྲི་ས་མེད་དོ།
དེ་དུས་གདམས་པ་འདི་ཉིད།
དཀར་པོ་ཆིག་ཐུབ་ཉིད་དུ་ཤེས།
དཀར་པོ་ཆིག་ཐུབ་ཉིད་དོ། ཞེས་པར་བཅོས་རོགས།
རང་དབང་ངོ་མ་དགོས་ན་ཨ་རིར་ཕེབས།
ཆོས་ལུགས་འདྲ་མཉམ་དགོས་ན་ཨ་རིར་ཕེབས།
བླ་མ་སྒོར་མོ་འདོད་ན་ཨ་རིར་ཕེབས།
དགེ་བཤེས་མནའ་མ་དགོས་ན་ཨ་རིར་ཕེབས།
ཨ་ནི་མནའ་མར་འགྲོ་ན་ཨ་རིར་ཕེབས།
ཨ་རི་མནའ་མར་ལེན་ན་ཨ་རིར་ཕེབས།
གྲ་པ་ཨ་ནེ་སྒྲིག་ན་ཨ་རིར་ཕེབས།
སྔགས་པ་སྔགས་མ་སྦྱོར་ན་ཨ་རིར་ཕེབས།
ཤན་པ་སྒོམ་ཆེན་འདོད་ན་ཨ་རིར་ཕེབས།
ཁྲམ་པ་གོ་གནས་དགོས་ན་ཨ་རིར་ཕེབས།
རྐུན་མ་ཁྲིམས་དཔོན་འདོད་ན་ཨ་རིརི་ཕེབས།
རྒྱ་མིའི་བསོ་པ་བྱེད་ན་ཨ་རིར་ཕེབས།
ཕོ་གསར་ཨི་ཁུང་དགོས་ན་ཨ་རིར་ཕེབས།
མོ་གསར་ཁ་ནང་འདོད་ན་ཨ་རིར་ཕེབས།
ནག་པོ་མཇེ་ཆེན་དགོས་ན་ཨ་རིར་ཕེབས།
རྒྱ་མོའི་སྟུ་ལ་འདོད་ན་ཨ་རིར་ཕེབས།
ལུང་ཁྲིད་རྟོག་པ་དགོས་ན་ཨ་རིར་ཕེབས།
གསང་སྔགས་དབང་ཆེན་དགོས་ན་ཨ་རིར་ཕེབས།
བླ་མའི་མཇེ་ལ་བརྔམས་ན་ཨ་རིརི་ཕེབས།
སློབ་མའི་སྟུ་ལ་འདོད་ན་ཨ་རིར་ཕེབས།
སྲིང་མོ་མནའ་མར་ལེན་ན་ཨ་རིར་ཕེབས།
བཟའ་ཚང་ཁ་སྟོར་དགོས་ན་ཨ་རིར་ཕེབས།
ཕ་མ་སྤངས་དགོས་བྱུང་ན་ཨ་རིར་ཕེབས།
ཕ་ཡུལ་སྤོངས་དུ་བསམ་ན་ཨ་རིར་ཕེབས།
རང་ཤི་རྒྱག་དགོས་བསམ་ན་ཨ་རིར་ཕེབས།
སྨྱོན་པ་ཆགས་དགོས་བསམ་ན་ཨ་རིར་ཕེབས།
དམྱལ་བ་འགྲིམ་དགོས་བསམ་ན་ཨ་རིར་ཕེབས།
བར་མདོ་འགྲིམས་དགོས་བསམ་ན་ཨ་རིར་ཕེབས།
གང་ལྟར་འདི་ལ་མེད་པའི་སྣ་ནི་མེད་པ་དང་།
ཡོད་པའི་གྲངས་ཀྱང་བགྲང་ནི་མི་ཐུབ་པས།
ཐམས་ཅད་ཡོད་པར་འདོད་ཀྱང་ཨ་རི་ལགས།
སྙིང་པོ་མིན་འདུག་སྙམ་ཡང་ཨ་རི་ལགས།
ཨ་རིར་མ་སླེབས་གལ་ཏེ་ཤི་སོང་ན།།
གཤིན་རྗེ་རྒྱལ་པོས་བཀའ་བཀྱོན་གཏོང་གི་ཞེས།།
ན་ཉིན་བར་དོར་སོང་བའི་གྲོགས་པོ་དེས།།
ང་ལ་SMS ཞིག་བཏང་བྱུང་ངོ་།།
ཧ་ཧ་ཧ་གྲོགས་མེ་ཏོག་འདི་ལ་བསླབ་བྱ་ག་ཚད་བྱས་ཀྱང་ཉན་གྱི་མི་འདུག དེ་ཡིན་ན་ཁྱེད་རང་ཕ྄ེབས་རོགས་གནང།
གྲོགས་ཀྱིས་གདམས་པར་མ་ཉན་ཅིང།
རང་གིས་གདེང་ཚོད་མ་བྱས་ཤིང།
ཐ་མ་ཌེན་ཤོན་ཆགས་ནས་ལོག་ཤོག
དེ་དུས་འགྱོད་ཀྱང་སྔོན་ལས་རེད།
ཨེ་མ། ངེས་འབྱུང་སད་སུད་སྐྱེ་བའི་མེ་ཏོག་དཀར་པོ། །ཆོས་པའི་བག་ཆགས་ཡོད་པའི་གསར་བརྗེ་མཁན་པོ། །སྐྱེ་འཆི་སེམས་སུ་ཤེས་ན་ཁྱད་པར་མི་འདུག །གྲྭ་ཆས་གྲོང་ཆས་རན་ཚད་ལུས་ལ་གྱོན་ཅིག །ཐལ་སྐད་ཐོར་ཐོར་སྨྲ་བའི་མེ་ཏོག་དཀར་པོ། །སྤྲུལ་གཟུགས་བོན་ལ་སྡང་པའི་ཕྱོགས་རིས་མཁན་པོ། །ཁ་ཙམ་ཀྱལ་ཀ་ཡིན་ན་ཁྱད་པར་མི་འདུག །བཟང་ངན་ཚིག་གིས་ཁ་བརྡར་འབྲེལ་འཇོག་ཨེ་འདོད། །འགྲོ་འདོད་ལིང་ལིང་འཕྱོ་བའི་མེ་ཏོག་དཀར་པོ། །འདོད་ཁམས་བདེ་བ་གཉེར་བའི་ཆགས་པའི་རྒྱལ་པོ། །གཙུག་ལག་སྲུང་སྤེལ་ཡིན་ན་ཁྱད་པར་མི་འདུག །རྒྱ་གར་ཨ་རི་གང་འདོད་ཅི་དགར་འགྲིམ་མཛོད། །གསང་སྔགས་ཆལ་ཆོལ་འཆད་པའི་མེ་ཏོག་དཀར་པོ། །དག་སྣང་ཡད་ཡུད་འཆར་བའི་ཉམས་ལེན་ཅན་པོ། །འཁོར་འདས་དབྱེར་མེད་ཤེས་ན་ཁྱད་པར་མི་འདུག །བག་ཡངས་བཏུལ་ཞུགས་སྤྱོད་པ་ཅི་བདེར་སྐྱོངས་ཤིག །ཅེས་པའང་པདྨ་དཀར་པོར་སྐྱོ་བསང་གི་མཚར་གཏམ་མོ། །
སང་ཉིན་འདི་ནས་ཨ་རིའི་ཕྱོགས་སུ་འགྲོ།
ཟླ་གསུམ་མ་ཟིན་ཙམ་ལ་དེ་རུ་སྡོད།
བཀའ་འགྱུར་དཔེ་ཆ་འགའ་ཞིག་སྦྱང་དགོས་ཡོད།
སླར་འདིར་ནགས་མཐའི་བྱ་སྐད་ཉན་དུ་འཁོར།།
རྒན་ལེ། ཕྱག་འཚལ།
མགྲོན་པོ་དག་ནི་ཐམས་ཅད་ལ།།
ཕྱོགས་རྣམས་ཐམས་ཅད་བདེ་བར་འགྱུར།།
གང་གི་དོན་དུ་འགྲོ་བྱེད་པ།།
དེ་འབད་མི་དགོས་འགྲུབ་གྱུར་ཅིག ། ཅེས་གསུངས་པ་ལྟར་རྒན་ལེ་སྐུ་འཚོ་དྭངས་ཤིང་ཐུགས་བསམ་འགྲུབ། བཀའ་འཚལ།