མཁོ་གཏོང་བ། སྤྱི་འཐུས་ཤར་གླིང་ཟླ་སྒྲོན།
ཨ་རུ་ན་ཅལ་མངའ་སྡེའི་ཞུ་གཏུག་ལས་འགུལ་དེར་སྤྱི་ཁྱབ་བློན་ཆེན་དང་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་ཚོས་བོད་དོན་ཐོག་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག དེ་ཡང་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་གྱི་མངའ་སྡེ་བདུན་པ་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨི་ཀྲ་ན་སྒར་དུ་གསར་འགོད་ལྷན་ཚོགས་གནང་བ་དང་འབྲེལ་མཇུག་བསྒྲིལ་ཞུས་འདུག ཉིན་ལྔའི་ཞུ་གཏུག་ལས་འགུལ་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་ཁག་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་དངོས་གསལ་དོད་པོའི་རྒྱབ་སྐྱོར་ཤུགས་ཆེ་ཡོང་བའི་འབོད་བསྐུལ་ཞུས་འདུག
ཕྱི་ཚེས་ ༢༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་དང་། རྒྱ་དམར་གྱི་སྲིད་བློན་ལི་ཁེ་ཆང་དབར་བཀའ་མོལ་གནང་བའི་སྐབས་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨི་ཀྲ་ན་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གསུམ་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ན་བམ་ཏུ་ཀུ་(Shri Nabam Tuku)མཆོག་གི་གཟིམ་ཤག་ཏུ་མཇལ་འཕྲད་ཞུས་འདུག ཁོང་ནས་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་ལ་གདུང་སེམས་མཉམ་སྐྱེ་ཡོད་པ་དང། བོད་ནི་མངའ་སྡེ་དེའི་སྤྱི་ཚོགས་དང་རིག་གཞུང་གང་ཐད་ནས་འབྲེལ་བ་ཤུགས་ཆེ་ཡོད་པ་དང། བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཆོས་རིག་མུ་མཐུད་སྲུང་སྐྱོབ་གནང་བར་བསྔགས་བརྗོད་ཡོད་སྐོར། རྒྱ་ནག་ནས་རྒྱ་དཀར་ནག་གི་ས་མཚམས་ཟེར་བཞིན་པ་དེ་བཞིན་དོན་དངོས་སུ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཡིན་སྐོར་སོགས་གསུངས་འདུག
དེ་ནས་སྐུ་ཚབ་ཚོས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང། དབུས་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པ་གང་ཞིག་ལ་ཀོང་རེ་སི་མངའ་སྡེའི་ཚོགས་གཙོ་སྐུ་ཞབས་མུ་ཀུཊ་མི་ཐི་(Shri Mukut Mithi, Rajya Sabha Member of Parliament (Congress), and former Chief Minister, and present president of Arunachal Pradesh Congress Committee)མཆོག་མཇལ་འཕྲད་ཞུས་འདུག ཁོང་ནས་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག
དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྷ་ལྕམ་ཀར་ཡ་བྷ་གངྒ་ (Smt. Karya Bagang) མཆོག་དང། པ་སངས་རྡོ་རྗེ་སོ་ན་ (Shri Passang Dorjee Sona)བཅས་མཇལ་བའི་སྐབས་སྤྱི་ཚོགས་དང་རིག་གཞུང་གཅིག་གྱུར་ལ་སོང་རྒྱབ་སྐྱོར་གཙང་མ་གནང་ཐུབ་གནས་གསུངས་འདུག བློན་ཆེན་དང་གྲོས་ཚོགས་འཐུས་མི་༥༨ མངའ་སྡེའི་ནང་དུ་གྲོང་སྡེ་ལྷན་ཚོགས་དང། གྲོང་གསེབ་སྤྱི་མི་འོས་བསྡུ་དང་སྟབས་འཁེལ་ལ་སོང་མཇལ་འཕྲད་མ་ཐུབ་སྟབས་བོད་དོན་དཀའ་རྙོག་གི་ཞུ་གཏུག་སྙན་ཞུ་སྦྲག་ལམ་བརྒྱུད་ནས་བསྐུར་གནང་འདུག
དེ་བཞིན་ཕྱི་ཚེས་༢༠ ཉིན་མངའ་སྡེའི་ནང་གི་སྲིད་དོན་ཚོགས་པ་ཁག་བཞིའི་ལྷན་དུ་བོད་དོན་དཀའ་རྙོག་སེལ་ཐབས་སུ་ཆུ་ཚོད་གསུམ་ཙམ་རིང་བགྲོ་གླེང་ཚོགས་འདུ་གནང་འདུག ཚོགས་འདུ་དེའི་ནང་ཆབ་སྲིད་ཚོགས་པ་མཉམ་ཞུགས་གནང་མཁན་ཁག་ནི། ཀོང་རེ་སི་ཚོགས་པའི་བརྒྱུད་ལམ་སྡེ་ཚན་གྱི་ཚོགས་གཙོ་དང་བློན་ཆེན་ཟུར་པ་སྐུ་ཞབས་ཐུབ་བསྟན་བསྟན་པ་(Shri Thupten Temba, former Minister and current Chairman of Media Department, APCC(INC)མཆོག་དང་།
བི་ཇེ་པ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཏ་ཡི་ཏ་ག་ (Shri Tai Taga, State President, BJP)མཆོག ཨེན་སི་པི་ཚོགས་པའི་ཚོགས་གཙོ་དང་བློན་ཆེན་ཟུར་པ་སྐུ་ཞབས་ཁ་ཕ་བེན་གི་ཡ་(Shri Khafa Bengia, former Minister and current President of NCP)མཆོག ས་གནས་ཀྱི་ཚོགས་པ་པི་པོལ་ས་པར་ཀྲི་ཨོབ་ཨ་རུ་ན་ཅལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀ་མིང་རིན་གུ་(Shri Kameng Ringu, President ofPPA)མཆོག་དང་ཚོགས་པ་སོ་སོའི་དྲུང་ཆེ་(PPA)བཅས་ལྷན་བཅར་ཞུས་འདུག
ཚོགས་འདུ་དེའི་ནང་གནད་དོན་མང་པོ་ཞིག་བགྲོ་གླེང་གནང་ཞིང། དེའི་ནང་ནས་གནད་འགག་ཅན་ཆུ་དང། ས་མཚམས་བཅས་ཀྱི་ཐོག་བོད་དང་རྒྱ་གར་དང་། དམིགས་བསལ་ཨ་རུ་ན་ཅལ་མངའ་སྡེར་དོ་ཕོགས་ཇི་ཡོད། གཙང་པོ་ནི་ཨ་རུ་ན་ཅལ་མང་ཚོགས་ཀྱི་འཚོ་རྟེན་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། མ་འོངས་པར་རྒྱ་གར་གྱི་གློག་ཤུགས་ཡར་རྒྱས་ཀྱི་འཆར་གཞིའི་ཐོག་ལའང་གལ་གནད་ཅན་ཞིག་ཆགས་ཡོད་སྐོར་བཅས་ཀྱི་ཐོག་བཀའ་མོལ་ཞིབ་ལྷུག་གནང་འདུག་པ་མ་ཟད། མངའ་སྡེའི་གྲོས་ཚོགས་སུ་གྲོས་ཆོད་ཡོང་རྒྱུའི་ཆེད་ཚོགས་པ་ཐུན་མོང་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཞུ་སྙན་འབུལ་རྒྱུ་གནང་འདུག དེ་བཞིན་ཚོགས་པ་ཚང་མས་བོད་དོན་ཐོག་གཅིག་གྱུར་གྱིས་རྒྱབ་སྐྱོར་ཡོད་གནས་གསུངས་འདུག ཚོགས་འདུ་དེ་ནི་མངའ་སྡེ་དེའི་གསར་དུ་བཙུགས་པའི་དོན་རྒྱབ་སྐྱོར་ཚོགས་པ་ནས་གོ་སྒྲིག་གནང་འདུག
ཚོགས་པ་དེའི་འགན་ཁུར་བཞེས་མཁན་ཁག་ནི།
བློན་ཆེན་ཟུར་པ་སྐུ་ཞབས་ཨ་ནུག་དབང་ས་ (Mr. Anok Wangsa (former Minister)མཆོག་དང། ཨེན་སི་པི་མངའ་སྡེའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཏ་ཆོ་ཀ་བག་(Mr. Tacho Kabak,former NCP President)མཆོག ཀོང་རེ་སི་ཚོགས་པའི་ཁོངས་སུ་ཡོད་པ་སྐུ་ཞབས་ཀར་པག་སོ་ར་མཆོག་དང། ཉི་མ་སེངྒེ་བཅས་ཡིན་འདུག (Mr. Karpak Sora (APCC) and Nima Sange APCC)
བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་དང་པོ་དེ་བཞིན་ནུབ་བྷེང་གོལ་དང། ཨོ་ཌི་ཤཱ། ཆ་ཏིས་སྒར། ཇར་ཁནྜ་བཅས་ཡིན་པ་དང། ཞུ་གཏུག་ཐེངས་གཉིས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་པདྨ་འབྱུང་གནས་དང། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་བཅས་ནས་འབྲས་ལྗོངས་མངའ་སྡེ་དང་། ཨ་སམ། ཨ་རུ་ན་ཅལ་ཚར་ནས་མཐའ་མ་དེ་མེ་གྷ་ལ་ཡ་ལ་སྐོར་བསྐྱོད་གནང་རྒྱུ་རེད་འདུག
ཨ་རུ་ན་ཅལ་མངའ་སྡེ་བློན་ཆེན་དང་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་ཚང་མས་བོད་དོན་ཐོག་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པའི་སྐད་ཆ་འདི་ཏན་ཏན་ཏིག་ཏིག་ཅིག་རེད་པས། ད་དུང་། རྒྱ་གར་དང་རྒྱ་ནག་གི་ས་མཚམས་དེ་དོན་དངོས་ཐོག་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་རེད་ཟེར་པ་དེ་ཀྱང་ཞེ་ཐག་པ་ནས་གསུངས་པ་ཅིག་ཡིན་ནམ།
གལ་སྲིད་སྐད་ཆ་འདི་གཉིས་དངོས་བདེན་ཡིན་ཚེ། བོད་ནི་རྒྱ་ནག་གི་ཆ་ཤས་མ་རེད་ཟེར་པའི་རྒྱབ་གཉེར་ཡི་གེ་ཞིག་ལེན་རོགས་གནང་། སྤྲོད་མི་སྤྲོད་གི་དོགས་པ་ཕལ་ཆེར་ཡོད་རྒྱུ་མ་རེད། དེ་བྱུང་ན་ཞུ་གཏུགས་སྤྱི་འཐུས་རྣམ་པ་ཚོའི་དཀའ་ཚེགས་དང་གསལ་བསྒྲགས་འདི་ཡང་ཁ་བཤད་དོན་མཚུངས་བྱུང་བ་རེད།
སྤྱི་འཐུས་པད་མ་འབྱུང་གནས་ལགས་ཀྱིས་དཀའ་ལས་སྐྱོན་འདུག གཡས་ལ་བུ་མོ་མཛེས་མ་གཅིག་དང་གཡོན་ལ་བུ་མོ་གཅིག ཉིན་ལྟར་བཞིན་ཁོང་གཉིས་མཉམ་དུ་བཟང་ཐུང་མཉམ་སྦྲེལ་བྱས་ནས་བོད་དོན་བསྒྲུབས་པ་དེ་ལ་སྙིང་ཐག་པ་ནས་སེམས་པ་ཤོར།
ཨ་རོགས་རྒད་པོ། ལོ་ལོན་དུས་བསླབ་བྱ་རེ་རྒྱག་མི་ཐུབ་རུང་། མ་ཎི་རེ་བཏོན་ནས་བསྡད་ན་མི་ལེགས་སམ། བུ་མོ་མཛེས་མའི་སྐོར་དེ་རྒད་པོ་ལོ་ལོན་ཚོར་མཛའ་ག
མི་རེ་ངོ་རེས་ནུས་ཤུགས་བཏོན་རྒྱུའི་དུས་ལ་བབ་པ་ལས་གླེང་གཞི་བཟོ་མི་རུང་།
་་་་་་དེའི་ནང་ནས་གནད་འགག་ཅན་ཆུ་དང། ས་མཚམས་བཅས་ཀྱི་ཐོག་བོད་དང་རྒྱ་གར་དང་། དམིགས་བསལ་ཨ་རུ་ན་ཅལ་མངའ་སྡེར་དོ་ཕོགས་ཇི་ཡོད། གཙང་པོ་ནི་ཨ་རུ་ན་ཅལ་མང་ཚོགས་ཀྱི་འཚོ་རྟེན་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། མ་འོངས་པར་རྒྱ་གར་གྱི་གློག་ཤུགས་ཡར་རྒྱས་ཀྱི་འཆར་གཞིའི་ཐོག་ལའང་གལ་གནད་ཅན་ཞིག་ཆགས་ཡོད་སྐོར་བཅས་ཀྱི་ཐོག་བཀའ་མོལ་ཞིབ་ལྷུག་གནང་འདུག ་་་་་་ཟེར།
སྤྱི་འཐུས་རྣམ་པའི་ཕྱོགས་སྐྱོད་ལས་གཞི་ལ། །དམིགས་བསལ་གྲུབ་འབྲས་ཇི་ཡོང་མ་ངེས་ཤིང་། །གཞན་སྡེས་བསྟོད་སྨད་ཅི་བསྒྱི་མ་རྟོགས་ཀྱང་། །དུས་དང་འཚམས་པའི་ཚ་རླབས་ཉིད་དུ་མངོན། །
རྒད་པོས་མཛེས་མ་འཁྲིད་ཀྱང་བོད་དོན་སླད། །མཛངས་མས་རྒས་པོར་བཀུར་འདིའང་བོད་ཀྱི་དོན། །འགའ་ཞིག་སེམས་གཅོང་ཞུགས་མིན་མ་ལྟོས་པར། །ཐབས་ཤེས་ཟུང་སྦྲེལ་མཛད་འདིར་མིག་གཟེར་སྤོངས། །
པདྨ་འབྱུང་གནས་གཡས་གཡོན་དུ། །
པདྨ་འདྲ་བས་མཛེས་མ་གཉིས། །
པདྨ་འབྱུང་གནས་མཐུ་ཡོད་ན། །
པདྨའི་རྩི་ལ་ཡང་ཡང་རོལ། །
སྐབས་རེ་ལས་ཀའི་ང་དུད་དག །
སངས་ཕྱིར་དར་མའི་སྤྱོད་ཚུལ་དགོས། །
གཞན་གྱིས་འཕྱ་སྨོད་གང་བྱས་ཀྱང་། །
སྤྱི་དོན་ཞོར་དུ་གོ་སྐབས་བླངས། །
ལོ་རྒན་དྲུག་བཅུ་ཟིན་ན་ཡང་། །
སྐྱེ་བུ་དར་མའི་ལ་རྒྱལ་དག །
བསུང་ན་ཁྱེད་ཅག་ལྷན་རྒྱས་ཀྱིས། །
སེམས་ཀྱི་མངོན་འདོད་བདེ་སྐྱིད་ཡོད། །
དེ་རིང་ཡིན་ན་ངོ་མ་པདྨ་འབྱུང་གནས་ངོ་མར་གྱུར་འདུག རྙིང་མའི་དགོན་སྡེ་ཚོའི་ནང་ན་སློབ་དཔོན་པདྨ་སམ་བྷ་ཝའི་སྐུ་བརྙན་མཁའ་འགྲོ་མ་མཛེས་མ་གཉིས་གཡས་གཡོན་ན་ཡོད་པ་དེ་འདྲ་བཞེངས་སྲོལ་འདུག་ག ང་ཚོའི་སྐུ་ངོ་ལགས་དེ་རིང་པདྨ་འབྱུང་གནས་ངོ་མར་བཞེངས་པ་ཧ་ཅང་ལེགས། རིང་པོར་མི་ཐོགས་པར་མེ་དཔུང་མཚོ་རུ་སྒྱུར་བའི་རྫུ་འཕྲུལ་འདྲ་སྟོན་མ་ཡོང་མ་གཏོགས་
ཁོང་གི་མིག་སྤུ་དེ་ཚོ་ཡང་སློབ་དཔོན་པདྨ་སམ་བྷ་ཝ་འདྲ་བ་རྫིགས་པོ་ཞེ་པོ་ཞིག་འདུག་ག ་་ཧ་ཧ་་ཧཧ་
༩༽ སྤོབས་པ་མཐའ་ཡས་ལགས་རང་འགྲམ་ཆུ་ལྡང་ན་འགྲིགས་ཀྱང་། དད་མོས་བྱས་ན་ནོར་བ་རེད་དོ། །ཧ་ཧོ། །
བུ་མོ་གཉིས་ཀྱི་ཞལ་རས་ལ་ཡག་པོ་བྱས་ནས་གཟིགས་དང་་་་་་་བོད་ངོ་ཧིན་ངོ་འཁྲུལ་སོང།