སེང་མགུལ་སྨན་ལས་བསྒྱུར།
འཇིག་རྟེན་ནི་ཅི་ལྟར་གྲུབ་པ་རེད། ཅིའི་ཕྱིར་ཆག་སྒོ་འབྱུང་དགོས་སམ། སེམས་ཅན་དག་ཇི་ལྟར་འཚར་ལོངས་འབྱུང་གིན་ཡོད། ཅེས་གནའ་བའི་གྷི་རི་ཁིའི་མཚན་ཉིད་རིག་པ་བ་གྲགས་ཅན་ཨ་རེ་སི་ཐྲོ་ཐྲིལ་(Aristotle)ཡིས་གོང་གི་འདི་ལྟ་བུའི་དྲི་ཚིག་གང་མང་ལ་དྲི་ལན་བརྙེད་ཕྱིར་འབད་བརྩོན་ལྷོད་མེད་བྱས་པ་དང་། དེང་དུས་སུའང་། མི་རྣམས་ཀྱིས་ཁོང་ནི་ཡུན་རིང་སྙན་གྲགས་རྒྱས་པའི་མཚན་ཉིད་རིག་པ་གྲགས་ཅན་དག་གི་ཁྲོད་ཀྱི་གཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
འགྲོ་ཞོར་དང་བཤད་ཞོར།
ཨ་རི་སི་ཐྲོ་ཐྲིལ་ནི་ད་ལྟའི་གྷི་རི་སིའི་བྱང་ཕྱོགས་ཏེ་གནའ་བའི་མའ་སི་ཌོའོ་ནི་ཡའི་(Macedonia)་ནང་དུ་སྤྱི་ལོ་སྔོན་གྱི་ལོ་384་ལོར་སྐྱེས་ཤིང་། ཁོང་གི་ཡབ་ནི་སྐབས་དེར་སྨན་པ་ཞིག་ཡིན། ཁོང་ལོ་ན་བཅུ་བདུན་ལ་སོན་དུས་འབྱོར་ཕྱུག་ལྡན་ཞིང་རྒྱ་ཆེ་བའི་གནའ་བའི་གྷི་རེ་ཁིའི་གྲོང་ཁྱེར་ཨ་ཐན་སི(Athens)ལ་བསྐྱོད་ནས་སློབ་སྦྱོང་དང་སློབ་ཁྲིད་ཀྱི་བྱ་བཞག་གཉེར་ཞིང་ཧ་ལམ་མི་ཚེ་ཧྲིལ་བོ་གནས་དེར་བཞུགས། ཁོས་རང་ཉིད་ཀྱི་སློབ་གྲྭ་ཞིག་དབུ་བརྙེས་ཞིང་དུས་རྒྱུན་དུ་ལྡུམ་ར་ནང་ནས་སློབ་ཕྲུག་ཚོ་ལ་འགྲོ་ཞོར་དང་ལྟ་ཚུལ་གསར་བ་གླེང་མོལ་བྱེད་པའི་སྲོལ་བཙུགས།
སྤྱི་ལོ་སྔོན་གྱི་ལོ་345 ནས་335 བར་ཁོང་མའ་སི་ཌོའོ་ནི་ཡའི་ནང་དུ་བཞུགས་ནས་རླབས་ཆེ་བའི་ཨ་ལེ་ཁི་ཟན་དྲིའི་(Alexander)དགེ་རྒན་གྱི་ཕྱག་ལས་གནང་བ་དང་335 ལོར་ཁོང་ཕྱིར་ཨ་ཐན་སི་ལ་ལོག། 323་ལོར་ཨ་ལི་ཁི་ཟན་དྲི་ཚེ་ལས་འདས་རྗེས། ཉེ་འཁོར་གྱི་མི་མང་པོ་ཞིག་གིས་ཁོང་ལ་སྡང་སེམས་དང་མནར་གཅོད་བཏང་ནས་སློབ་གྲྭ་དང་ཁ་བྲལ་དུ་བཅུག ལོ་དེའི་རྗེས་མ་སྟེ་སྤྱི་ལོ་སྔོན་གྱི་ལོ་322 ལ་ཁོང་སྐུ་གཤེགས་པ་རེད།
རྟོག་ཞིབ་བྱས་པ།
ཨ་རེ་སི་ཐྲོ་ཐྲིལ་གྱིས་སྦྱང་བྱ་མང་པོ་ཞིག་ལ་སློབ་སྦྱོང་བྱས་པའི་ཁྲོད་ཀྱི་དོ་སྣང་ཆེར་ལྡན་པ་ནི་སྐྱེ་དངོས་མཚན་རིག་དང་སྲོག་ཆགས་མཚན་རིག གཟའ་སྐར་རིག་པ་དང་། མིའི་རིགས་ཀྱིས་ཕྱིའི་སྣོད་ཀྱི་འཇིག་རྟེན་འདི་གང་འདྲ་ཞིག་ལ་བསམ་པ་དང་མྱོང་བ་སོགས་ཀྱི་སྐོར་ལ་བརྩོན་པ་ཆེན་པོས་འཚོལ་ཞིབ་དང་། ནང་སེམས་དང་རྣམ་ཤེས་ལྟ་བུའི་མི་མངོན་པའི་དཀའ་གནད་མང་པོ་ཞིག་ལ་འགྲེལ་བརྗོད་བྱས་པ་མ་ཟད། དངོས་པོ་ནི་ཅིའི་ཕྱིར་འབྱུང་བའི་སྐོར་ལ་གསལ་བཤད་གནང་མཐར་རྒྱུ་འབྲས་སྨྲ་བ་ཞེས་འབོད་པའི་མཚན་རིག་གི་སྡེ་ཚན་གསར་བ་ཞིག་གསར་གཏོད་མཛད།
ཁོའི་དམིགས་གསལ་གྱི་ཁྱད་ཆོས།
ཁོས་ཞིབ་འཇུག་མང་པོ་བྱས་པའི་ཁྲོད་ནས་སློབ་སྦྱོང་གི་ཐབས་ལམ་གསར་བ་ཞིག་གསར་གཏོད་གནང་ཞིང་། མི་མང་གིས་ཡིད་ཆེས་བྱེད་པའི་བྱ་བའི་རིགས་ལ་ནམ་ཡང་ཡིད་ཆེས་དང་འོལ་ཚོད་མི་བྱེད་པར་རང་གི་མཐོང་ཐོས་མྱོང་གསུམ་ལ་ཁུངས་གནས་ཡང་དག་བཙལ་བ་དང་། ཁོང་གི་བྱེད་ཐབས་ཀྱིས་སྤྱད་པའི་དྲི་བ་དག་གིས་དུས་རབས་མང་པོའི་མཁས་བ་གང་མང་ཞིག་ལ་འགྱུར་བ་ཆེན་པོ་བཏང་།
ཁོས་བརྩམས་ཆོས་གང་མང་བརྩམས་ཤིང་ཁྲིད་བྱ་ལ་ཕན་པའི་ཟིན་བྲིས་ཀྱང་མང་པོ་བཏབ། གནའ་བའི་གྷི་རེ་ཁིའི་ཤེས་རིག་ཉམས་ཆགས་སུ་སོང་རྗེས་ཁོང་གི་བརྩམས་ཆོས་གང་མང་ཞིག་མཐོང་མེད་དུ་གྱུར་ནའང་། སྐབས་དེར་ཁ་ཆེ་མཚན་རིག་པ་མང་པོ་ཞིག་གིས་དོ་སྣང་ཆེན་པོས་ཁོང་གི་གསུང་རྩོམ་དག་ལ་གཅེས་སྤྲས་བྱས་པ་མ་ཟད་ཡོ་རོབ་དང་ཨེ་ཤ་ཡའི་མཁས་པ་གང་མང་ལ་རྒྱུད་སྤྲོད་བྱས་ནས་ད་ལྟ་ཁོང་གི་ལྟ་བ་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་ཡོད།
གཙང་བཞད་དུ་དངུལ་ཆུ་དབྱངས་ཅཅ་གྲུབ་པའི་རྡོ་རྗེས།
་
།ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།
་
ཞེས་གསུངས་སོ།
་་་་་་་་་་་་ཐབས་ལམ་གསར་བ་ཞིག་་་་་་་་་་་་་་་
གསར་པ།
གསར་བ།
གསར་ཤོས།
Aristotle གྱི་མིང་ཀློག་ཁག་པོ་ཞེ་དྲག་འདུག་ གང་ལྟར་ཡག་བྱུང་།
ཨ་རིས་ཀྲོ་ཀྲལ།
http://www.iep.utm.edu/aristotl/#H1
ཡག་བྱུང་། ཨ་རེ་སི་ཐྲོ་ཐྲོལ། ཡག་པོ་འདུག