གཞོན་ནུ་ཟླ་མེད
ཉེ་ཆར་བཀའ་ཁྲིའི་འོས་གཞིར་ཚོགས་པ་ཁག་ནས་མིང་འདོན་དང་། དེ་བཞིན་སྒེར་བ་ཁག་ནས་བགྲོ་གླེང་བྱེད་དང་བྱེད་མུས་ཀྱི་སྐབས་འདིར། མདོ་སྨད་འོས་གཞི་ནང་དུ་ཨ་རིར་བཅའ་བཞུགས་ཨ་རྒྱ་བླ་མའི་མཚན་འཁོད་ཡོད་པ་དང་། དེ་བཞིན་གཞན་དག་གིས་ཨ་རིར་བཅའ་བཞུགས་བློ་བཟང་སེང་གེ་འོས་གཞིར་གླེང་བཞིན་ཡོད།
དེ་བཞིན་དུ་ཁོང་གཉིས་ཀྱིས་ཀྱང་རང་རང་ས་ནས་སེམས་ཤུགས་ཀྱིས་ག་ས་གང་དུ་ལས་འགུལ་སྤེལ་བཞིན་པ་ནི། ཨ་རྒྱ་རིན་པོ་ཆེ་ལ་མཚོན་ན་ཨ་རི་ནང་དུ་ཕྱོགས་ཕེབས་ཀྱིས་སློབ་གྲྭ་ཁག་ནས་ཁོང་གི་རྩོམ་དེབ་དང་འབྲེལ་བོད་དོན་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད། དེ་བཞིན་དུ་བློ་བཟང་སེངྒེ་ལ་མཚོན་ན་ཡང་ཨ་རི་ཙམ་དུ་མ་ཟད་རྒྱ་གར་དུའང་བསྐྱོད་ནས་བོད་དོན་དང་འབྲེལ་རང་ཉིད་ངོ་སྤྲོད་བྱེད་བཞིན་པར་མ་ཟད། དྲ་རྒྱ་ཁག་གི་ནང་དུ་ཡང་ཤུགས་ཆེན་ཁྱབ་བསྒྲགས་བྱེད་བཞིན་ཡོད།
ཁོང་གཉིས་ལ་སྲིད་དོན་ཚོགས་པ་གཉིས་ཀྱི་ཕྱོགས་ནས་བལྟས་ན་ཡང་འགྲིག་པ་ནི། ཨ་རྒྱ་རིན་པོ་ཆེ་སྤྱི་ཚོགས་རིང་ལུགས་ཚོགས་པ་དང་། བློ་བཟང་སེངྒེ་གཞོན་ནུ་ཚོགས་པ་ཞེས་ཀྱང་འབོད་ཆོག འདི་དག་ལ་བཟང་ཕྱོགས་ནས་བལྟས་ན་འདི་ལྟར་དགའ་སྤོབས་སྐྱེས་འོས་པ་ཞིག་རེད། འོན་ཀྱང་དྲ་རྒྱ་ཁག་ཏུ་གླེང་སློང་འབྱུང་བཞིན་པ་ཞིག་ནི། ཨ་རྒྱ་བླ་མ་སོག་རིགས་རེད་ཟེར་ནས་བཀའ་བློན་འོས་གཞིར་མི་འོས་ཚུལ་གསུང་མཁན་ཁག་ཅིག་དང་། ཡང་བློ་བཟང་སེང་གེ་རྒྱལ་ཁབ་གཞན་གྱི་མི་སེར་རེད་ཟེར་ནས་བཀའ་བློན་ཁྲི་བར་མི་འོས་ཚུལ་གསུང་མཁན་ཁག་ཅིག་འདུག དེ་གཉིས་ཀ་ཡང་བདེན་སྲིད་པས་བགྲོ་གླེང་བྱེད་འོས་སུ་མཐོང་། བློ་བཟང་སེངྒེ་ཨ་རིའི་མི་སེར་ཡིན་པས་བཀའ་ཁྲི་བསྡད་ན་རྒྱ་དང་འབྲེལ་བའི་བོད་དོན་ལ་སྐད་ཆ་བཤད་ན་བོད་པའི་ཁྲིམས་ལུགས་ལ་འགྲིག་མིན་གང་ལྟར་ཡང་། རྒྱ་ཚང་གི་ཁྲིམས་ལུགས་ལ་འགྲིག་མི་སྲིད་དེ་ཀྲུང་གོའི་ནང་སྲིད་ལ་ཕྱི་མིས་ཇུས་གཏོགས་བྱས་པར་འགྱུར་བ་མ་ཟད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྒྲོམ་གཞི་འོག་གི་བོད་རང་སྐྱོང་ས་ཁུལ་གྱི་མི་སེར་ཡང་མ་ཡིན་པས་སོ།
མཚམ་འདིའི་དྲི་བ་ནི།
དང་པོ་བོད་རྒྱལ་ཁབ་ཆེན་པོའི་མི་སེར་ཡིན་མིན་དེ་གཞི་རྩའི་བཀའ་ཁྲིའི་འོས་གཞི་ཡིན་པར་སོང་།
བོད་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་ཚད་དེ། དེང་སང་ཅི་ལྟར་འཇོག་དགོས་སམ།
རང་བཙན་དཔྱ་དེབ་ཡོད་པ་ཙམ་གྱི་ཡིན་ནམ། ཡང་ན་དེའི་སྟེང་དུ་བོད་རིགས་གཙང་མ་ཡིན་དགོས་སམ།
བོད་རྒྱལ་ཁབ་ཆེན་པོའི་མངའ་འབངས་ལ་བོད་རིགས་ཁོ་ནས་ཁྱབ་བམ།
གལ་ཏེ་བོད་རྒྱལ་ཁབ་ཆེན་པོའི་མངའ་འབངས་ལ་བོད་རིགས་ཁོ་ནས་མ་ཁྱབ་ན་བོད་སྐྱེས་སོག་རིགས་དང་ཁ་ཆེ།
དེ་བཞིན་དུ་རྒྱ་མི་སོགས་ཀྱང་བཀའ་ཁྲིའི་འོས་གཞི་ནང་དུ་ཞུགས་ཆོག་གམ།
འདི་དག་ལ་བསམ་ན་ཁོང་གཉིས་ཀ་བཀའ་བློན་འོས་གཞིར་འོས་མིན་ལ་ཨ་མཉམ་ཆ་མཉམ་ཡིན་ས་རེད་ཟེར་མཁན་ཡང་འདུག
གཞོན་ནུ་ཟླ་མེད་།
ཁྱེད་རང་ཨ་མདོ་ནས་ཡིན་པའི་སྐད་ཆ་གོ་མྱོང་བའི་སྐད་ཆ་འདི་འདྲ་མ་གླེང་།ཨ་ཀྱཱ་རིན་པོ་ཆེའི་སོག་པོ་ཡིན་མིན་གྱི་སྐད་ཆ་དེ་འདྲ་མ་གླེང་།བོད་ཀྱི་ལོ་རྒྱུས་ཤེས་མཁན་ཞིག་ཡིན་ན་སྐད་ཆ་འདི་འདྲ་ལབ་གིན་མ་རེད་།མཚོ་སྔོན་པའི་སོག་པོ་མང་ཆེ་བ་ཀུ་ཤཱུ་བསྟན་འཛིན་ཆོས་རྒྱལ་གྱི་བརྒྱུད་པ་རེད་།དེ་བས་བོད་ཀྱི་སྤྱི་འབངས་རང་རེད་།རྒྱ་ནག་མདོ་སྨད་ཁུལ་ཏུ་མ་འོངས་བའི་སྔོན་དུ་མི་རིགས་ཀྱི་མིང་ཞིག་རྩ་བ་ཉིད་ནས་འདོགས་གིན་མི་འདུག་།ཨ་ཀྱཱ་རིན་པོ་ཆེ་སོག་པོ་ཡིན་དགོས་ན་།མཚོ་སྔོན་པའི་བོད་རིགས་མང་ཆེ་བ་དང་།དེ་བཞིན་རྨ་ཆུའི་བྱང་རྒྱུད་ཀྱི་འབྲོག་པ་མང་ཆེ་བ་དང་།དེ་བཞིན་འདན་ཚན་པ་ཡོངས་རྫོགས་།ཁམས་ཕྱོགས་ཀྱི་ཧོར་ཚོ་བ་དགུ་།དེ་བཞིན་གྱི་འདམ་གཞུང་གི་འབྲོག་པ་ཐམས་ཅད་སོག་པོར་བརྩི་དགོས་བས་བོད་ཟེར་བ་ཡར་ཀླུང་ཁོག་གི་མི་ཚང་ཁ་ཤས་ལས་ལྷག་བསྡད་ཡོད་པ་མ་རེད་།་རྒྱ་ནག་གི་མེན་ཙོ་ཟེར་བའི་ཐ་སྙད་འདི་ལོ་བརྒྱ་ཙམ་གྱི་ནང་ལ་འཇར་ཕན་གྱི་ཡི་གེ་ཐོག་ནས་རྒྱ་ཡིག་ཏུ་ཡོང་བ་ཤིག་ཡིན་རེད་།དེ་རྗེས་བོད་ཡིག་ཏུ་དར་བ་ཤིག་རེད་།
རྒྱལ་ཁབ་དང་།མི་རིགས་ཟེར་བའི་ཐ་སྙད་འདི་དག་ནུབ་ཀྱི་མིའི་རིགས་རིག་པའི་ཐ་སྙད་མང་པོ་རྒྱ་ནག་གི་གསར་བརྗེ་བ་ཕ་ཡང་གསོད་ནུས་བ་དག་གིས་རྒྱ་ནག་ཏུ་དྲངས་།དེ་ནས་བོད་ཀྱི་གསར་བརྗེ་བ་དག་གིས་རྟོག་དཔྱོད་སོགས་ཅི་ཡང་མེད་པར་བོད་ཡིག་ཏུ་དྲངས་བ་ཤིག་རེད་།ཐ་སྙད་སྔོན་དུས་ནས་བོད་དུ་དར་འདུག་།བཏགས་དོན་རྩ་བ་ཉིད་ནས་འདྲ་བོ་མི་འདུག་།དཔེར་ན་རྒྱལ་ཁབ་ཟེར་བ་དེང་དུས་ཡོངས་གྲགས་སུ་nation, state and ་country ཟེར་བ་གོ་བཞིན་འདུག་མོད་།དོན་གྱིས་city-stateགོ་དགོས་བ་ལྟ་བུ་རེད་།མི་རིགས་ཟེར་བའི་བཏགས་དོན་རྩོད་པ་མང་པོ་རྒྱབ་ཆོག་མོད་།ད་རེབ་འདི་ཙམ།
བོད་རིགས་ངེས་བར་དུ་ཡིན་པ་དང་། བོད་ཡིག་ངེས་བར་དུ་ཤེས་བ་དགོས་པ་གཉིས། བཀའ་ཁྲིའི་སྔོན་འགྲོའི་ཆ་རྐྱེན་ཀྱི་ནང་དུ་ཡོད་དམ།
ལོ་འགའི་སྔོན་། བོད་སོགས་སྐུ་འབུམ་བྱམས་པ་གླང་དབུ་འགྱེད་ཀྱི་ཉིན་མོར་། རིན་པོ་ཆེ་ནས་། ཐེང་གཉིས་ལ་ང་བོད་མིན་། ཞེས་གསལ་བུར་གསུང་སོང་།
བཀའ་ཁྲིར་བོད་ཀྱི་མི་སེར་ཡིན་པ་གང་ཞིག་ལ་བོད་ལ་ཤ་ཚ་མཁན་སུ་ཡིན་རུང་ལངས་ན་འགྲིག་གི་རེད། ཨ་རྒྱ་དང་བློ་སེང་གཉིས་ཀ་བོད་ཀྱི་མི་སེར་ཡིན་པ་མ་ཟད་བོད་ལ་ཤ་ཞེན་ཀྱང་ཡོད་ཡོད་པ་ཡིན་ན་ཁོང་གཉིས་སུ་ཡིན་རུང་བཀའ་ཁྲིའི་འོས་ཆོས་ཚང་བསྡད་ཡོད་རེད། དེ་མིན་ཨ་རིའི་མི་སེར་དང་སོག་རིགས་ཡིན་ན་བཀའ་ཁྲིའི་འོས་མིར་རུང་མི་རུང་བཤད་མཁན་དག་ནི་མགོ་མ་ཚོས་བར་ཁ་བརྡར་མཁན་གྲངས་རེད། ཡིན་ནའང་ཁོང་གཉིས་ཀའི་གླེང་མོལ་བྱེད་སྟངས་ལ་བལྟས་ན་བཀའ་ཁྲི་འཇོན་ས་མ་རེད། གང་ཡིན་ཞེ་ན། རྒྱ་ལ་བསྟུན་མཁས་ཆེ་དྲགས་འདུག ད་ཡིན་ན་ང་རང་ལ་འདི་ནས་བཀའ་ཁྲིའི་འོས་མི་གཅིག་ཡོད། ཁོ་མོ་ལོ་ཚོད་དང་མཉམ་མྱོང་། ཤེས་ཚད། སེམས་ཤུགས་གང་ཅིའི་ཆ་ནས་འགྲིག་བསྡད་ཡོད་བསམ་གི རྣ་བར་མི་འགྲོ་ན་ཁྱོད་ཚོས་ཉམས་ཞིབ་ཅིག་བྱོས་དང་། ད་ལྟའི་སྤྱི་འཐུས་ལས་ཐོག་དབུ་དཀར་གཡུ་སྒྲོན་འདི་བ་ཅི་འདྲ་ཞིག་ཡིན་པ་ངང་གིས་ཤེས་ཡོང་།
བོད་ཡིན་མིན་དེ་བོད་རིགས་གཙང་མ་སྟེ་རང་གི་ཕ་མེས་ཡང་མེད་ཚང་མའི་ཁྲག་ནང་དུ་མི་རིགས་གཞན་པའི་ཁྲག་རྒྱུན་མེད་པ་ཞིག་ལ་གོ་དགོས་ཀྱི་ཡོད་ན་གོང་གི་རྒྱ་ནག་ཉམས་ཞིབ་པས་གསུངས་པ་བཞིན་མདོ་སྨད་ཀྱི་བོད་རིགས་སུ་འབོད་པའི་མི་དམངས་དེ་དག་གི་ཁྲོད་དུ་བོད་རིགས་གཙང་མ་ཞིག་རྙེད་དཀོན་པར་བསམས། གནའ་སྔ་མོའི་བོད་པ་ཞེས་པ་ནི་ཡར་ཀླུང་ཁོག་གི་རིགས་རྒྱུད་ཚོ་བ་ཆུང་ཆུང་ཞིག་གི་མིང་རེད། ཆོས་རྒྱལ་ཚོའི་སྐབས་སུ་དམག་བརྒྱབ་ནས་འཇང་དང་འ་ཞ་སུམ་པ་སོགས་བོད་རྒྱལ་ཁབ་ཀྱི་ཆབ་འབངས་སུ་གྱུར་པའི་ལོ་རྒྱུས་ཀྱི་ཁྲོད་དུ། བོད་པ་ཞེས་པ་མི་རིགས་དེ་ཡང་གནའ་སྔ་མོའི་ཡར་ཀླུང་བ་ཚོའི་ཤ་ཁྲག་རུས་གསུམ་གྱི་སྟེང་དུ་མཐའ་མཚམས་མི་རིགས་དུ་མའི་ཤ་ཁྲག་རུས་གསུམ་འདུས་པའི་གོང་བུ་ཞིག་ཏུ་གྱུར་ཡོད་པ་རེད། བོད་དབུས་སུ་མཚོན་ན་ཡང་རྒྱ་བཟའ་སྔ་ཕྱིའི་ཞབས་ཞུར་ཁྲིད་ཡོང་བའི་རྒྱ་མོ་དེ་ཚོའི་བུ་རབས་ཚ་བརྒྱུད་ཀྱིས་གང་སར་ཁྱབ་བསྡད་ཡོད་པ་ཞིག་རེད། དེའི་ཕྱིར། མཚོ་སྔོན་པོའི་མཐའ་སྐོར་གྱི་མདའ་བཞི་དང་མདའ་ཚན་སོགས་སོག་པོའི་ཁྲག་རྒྱུན་ཅན་གྱི་མི་འདི་དག་ཀྱང་བོད་རིགས་ཀྱི་ཁོངས་སུ་འདུས་ཞེས་ཚུར་བགྲངས་ཆོག་ལ། སོག་རིགས་སུ་གཏོགས་ཞེས་ཕར་བཅད་ན་ཡང་འགྲིག དེའི་ཕྱིར་རྒྱ་ནག་གཞུང་གིས་ཀྱང་སྔོན་ཆད་བོད་རིགས་སུ་འབོད་པའི་མི་རིགས་ཁག་ཅིག་ལ་ལྷོ་བ་རིགས་འཇང་རིགས་སོགས་བོད་ལས་ལོགས་སུ་ཕྱེས་ཡོད་ལ། བལ་ཡུལ་གྱི་རྟ་མང་དང་ཀློ་བ་གཉི་ཤང་། རྒྱ་གར་གྱི་ལ་དྭགས་པ་དང་མོན་པ་སོགས་རེ་རེ་བྱས་ནས་བོད་རིགས་མ་རེད་ཟེར་ནས་ཕར་བཅད་ཚེ་མི་རིགས་གཞན་གྱི་ཁྲག་རྒྱུན་རྩ་ནས་མེད་པའི་བོད་རིགས་གཙང་མ་ཞིག་གང་ནས་འཚོལ་དགོས། དེའི་ཕྱིར་ངས་བསམས་ན་བོད་ཀྱི་བཀའ་ཁྲིར་རྒྱལ་ཁོངས་གང་ཡིན་ལ་མ་ལྟོས་པར་བོད་ཀྱི་ཁྲག་རྒྱུན་ཅན་གྱི་མི་ཞིག་ཡིན་ཕྱིན་བདམ་ཆོག་པར་བྱས་ན་ལེགས་པར་སྙམ། དཔེར་ན་བོད་ནང་མཛངས་མ་ཚེ་རིང་འོད་ཟེར་ལྟ་བུ་ཡང་གལ་སྲིད་སྐྱབས་བཅོལ་དུ་བསླེབ་ཐུབ་ན་བཀའ་ཁྲིར་བདམས་ན་ལོས་ཆོག
ངས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཆ་རྒྱུས་དེ་ཙམ་མེད་པའི་ཨ་རྒྱ་རིན་པོ་ཆེ་ལས་རང་རེའི་སྤྱི་ཚོགས་འདིར་རྒྱུས་མངའ་ཡོད་པའི་བློ་བཟང་སེང་གེ་ལྟ་བུ་འདེམ་གྱི་རེད། ཨ་རྒྱ་རིན་པོ་ཆེ་ཆོས་དོན་བཀའ་བློན་དང་ཤེས་རིག་ལྟ་བུར་བདམས་ན་རྗེས་སུ་ཡི་རང་ཡོད།
དེང་སང་། ཁ་ཅིག་ལྷག་པར་དུ་ཕྱིརྒྱལ་ལ་་སླེབས་ནས། ཇིང་གུར་རྒྱལ་བོའི་མཚན་སྙན་སྔོན་དང་མ་འདྲ་བ་གཏམ་གསར་ཐོས་ཡོང་དུས། ང་བོད་རིགས་མིན། ང་སོག་པོ་ཡིན་ད་ཞེས་བོད་ཁོངས་ནས་ཕྱི་ལོག་ལ་ཐོན་འགྲོ་མཁན་ཡང་ཡོད་པ་རེད།
ངས་བསམ་ན། དེ་ཡིན་དང་ཡིན་བསམས། མི་སུ་ཡིན་ཡང་། རང་གི་ཕ་མེས་ལ་དགའ་བོ་དང་ཁོང་ཚོའི་བྱས་རྗེས་ངོམ་སོ་བྱེད་ཆོག་པ་རེད།
དེ་མིན། རྩྭ་ཉིན་ནས་ཟ། ལྩི་བ་སྲིབ་ནས་བཏང་ཟེར་བའི་སྒང་ལ་འགྲོ་ན་དེ་འདྲ་ལན་པོ་མི་འདུག་བསམས། འདི་སྒེར་གྱི་མཐོང་ཚུལ་ཙམ་སྦ་གསང་མེད་པར་ཞུས་པ་ཡིན་ཙང་།བདེན་པ་ཡིན་པའི་ངེས་པ་མེད།
ངས་སྔོན་ཆད་ལྗང་བུ་དང་ཚེ་རིང་དོན་གྲུབ་གཉིས་སོག་རིགས་རེད་བསམས་མྱོང་ལ་ལྗང་བུ་ཁོས་ཀྱང་དེ་ལྟར་ཟེར་མྱོང་། ཡིན་ན་ཡང་ལོ་རྒྱུས་ལ་ཆེ་ས་ནས་བལྟས་ན་ལྗང་བུ་དང་ཨ་རྒྱ་རིན་པོ་ཆེ་སོགས་བོད་སོག་འདྲེས་མའི་མི་རིགས་ཀྱི་ཁོངས་སུ་གཏོགས་པར་འདོད། ཨ་མདོའི་བོད་པ་གང་མང་ཞིག་གི་ངོ་གདོང་རྒྱ་མི་བཞིན་དཀར་ཞིང་སོག་པོ་བཞིན་མགོ་ལེབ་ཡིན་པ་འདིས་མི་རིགས་འདི་བོད་རྒྱ་འདྲེས་མ་དང་བོད་སོག་འདྲེས་མ་ཡིན་པ་སྟོན་བཞིན་ཡོད་པ་རེད། རྒྱ་ཟས་བཟའ་རྒྱུ་མང་དྲགས་ན་ཡང་ངོ་གདོང་རྒྱ་མི་དང་འདྲ་སེ་བ་ཞིག་ཆགས་ཡོང་ས་རེད་དེ། དེང་སང་གི་ཕྱི་རབས་པ་འདི་ཚོའི་མང་པོ་ཞིག་གི་ངོ་གདོང་བོད་པ་ལས་རྒྱ་མི་འདྲ་བོ་འདུག ངོ་མ་སྐྲག་ནི་ཞིག་རེད།
ཁ་སྔོན་ཀུན་གླེང་གི་བགྲོ་གླེང་སྐབས།རྡོ་རྗེ་ཚེ་བརྟན་གྱིས་ལྷ་ས་བ་ཆུང་ཚེ་རིང་ལ་ང་བོད་པ་ཡིན་ཟེར་བའི་བརྙན་ཕབ་དེ་བསྟན་ནས། ཁོང་གིས་བསམ་ཚུལ་དྲིས་བར། ཆུང་ཚེ་རིང་གིས་བོད་ལྭ་གྱོན་པ་དང་བོད་ཡིག་སྦྱོང་བ། བོད་པ་ཡིན་བསམས་པ་ཙམ་གྱིས་བོད་རིགས་ཡིན་པའི་ངེས་པ་མེད་པར།བོད་ཀྱི་ཁྲན་རྒྱུན་གཙང་མ་ལྡན་དགོས་ཚུལ་འདྲ་ཞིག་གོ་དུས་ཁྲག་རྒྱུན་གཙང་མའི་བོད་པ་ཟེར་བ། བཙན་པོའི་དུས་ཀྱི་ཡར་ཀླུང་གི་ཞིང་པ་དེ་ཚོ་ཡིན་ནམ་བསམས་སོང་།
ཨ་རྒྱ་བླ་མ་དང་བློ་བཟང་སེངྒེ་གཉིས་བཀའ་ཁྲིའི་འོས་གཞིར་འོས་ཀྱང་། བཀའ་ཁྲིར་མི་འོས་ཏེ། བཙན་བྱོལ་བོད་གཞུང་གི་ལས་བྱེད་ཀྱི་ཉི་མ་གཅིག་གི་ཉམས་མྱོངས་ཀྱང་མེད་པའི་ཕྱིར། ཟེར་ན་ཅི་ལོབ།
༡༽བཀའ་ཁྲི་དབུ་དཀར་གཡུ་སྒྲོན། ༢༽ཕྱི་སྲིད་བཀའ་བློན་བཀྲས་མཐོང་ལྷ་སྒྲོན། ༣༽ནང་སྲིད་བཀའ་བློན་བཀྲིས་དབང་འདུས། ༤༽ཤེས་རིགས་བཀའ་བློན་རྔ་བ་ཚེ་རྒྱམ། ༥༽ཆོས་དོན་བཀའ་བློན་ད་ཡོད་བོན་པའི་སྤྱི་འཐུས་ལས་ཐོག་༼མིང་དྲན་མ་སོང་། རྒྱགས་བླུགས་མ་ཡིན་པ། ལུང་ཚན་གྱི་ཞེན་ཁོག་ཆེར་མེད་པ་༽དེ། བདེ་སྲུང་བཀའ་བློན་ད་ལྟའི་སྐུ་སྲུང་འགོ་བ་བསྟན་འཛིན་བཅས་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་རང་འཇགས་ཡིན་ན་ཅི་མ་རུང་།
ཡ་ཡ་ད་ཚང་མ་ལོ་ཐུགས་རྗེ་ཆེ། གང་ལ་གང་འཚམ་རང་རང་ས་ནས་བསམ་ཚུལ་བཏོན་འདུག ད་དུང་བསམ་ཚུལ་འདོན་དགོས་པ་དག་བཏོན་མི་འདུག དེ་བས་ནས་བསམ་ཚུལ་མང་ཙམ་གསུང་རོགས། དམིགས་བསལ་གྱི་རྒྱ་ནག་ཉམས་ཞིབ་པའི་བསམ་ཚུལ་དེ་བཞིན་ང་ཚོ་ཚང་མས་འདོད་ཀྱི་ཡོད་པ་རེད། ཨ་མདོ་ཕྱོགས་ཀྱི་སོག་རིགས་དེ་ཚོ་བོད་པ་མ་རེད་ཟེར་ན་ད་ལྟའི་བར་དུ་ངའི་སེམས་ལ་ཡང་དེ་འདྲ་ནམ་ཡང་འཁོར་མ་མྱོང་བ་རེད། འོན་ཀྱང་ཨ་རྒྱ་རིན་པོ་ཆེ་བོད་པ་མིན་ཟེར་བ་དེ་ང་མ་རེད། གལ་ཏེ་ཁོ་རང་གིས་ཁོ་རང་བོད་པ་མིན་ཅེས་ལབ་ན་ཁྱོད་ལ་ག་རེད་ཟེར་ཡ་ཡོད། འདི་གཅིག་རེད། དེ་ནས་ཁ་ཤས་ཀྱིས་བློ་བཟང་སེངྒེ་བཀའ་ཁྲིར་འོས་པའི་རྒྱ་མཚན་ལ་བོད་པའི་ཁྲག་རྒྱུན་ཙམ་གྱིས་འགྲིག་པར་བཤད་བཞིན་འདུག དེ་ན་ལ་དྭགས་བླ་མ་བློ་བཟང་བཀའ་ཁྲིའི་འོས་དམིགས་ནང་དུ་བཞག་ན་ག་འདྲས་འདུག ཁོ་ཡང་གནའ་སྔ་མོའི་བརྩི་སྲོལ་ལྟར་ན་སྟོད་མངའ་རིས་སྐོར་གསུམ་གྲས་ནས་རེད། ད་དུང་མུ་མཐུད་ཡིན་ད།
བཀའ་བློན་ཁྲིར་པ་ ༡ འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ ༢ སྡེ་བསྲུང་བཀའ་བློན་བསོད་ནམ་སྟོབས་རྒྱལ ༣ ཆོས་རིགས་བཀའ་བློན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༤ ཤེས་རིགས་བཀའ་བློན་འབབ་བ་སྐལ་བཟང་རྒྱལ་མཚན་ ༥ དྲིལ་སྒྲགས་བཀའ་བློན་གསེར་རྟ་ཚུལ་ཁྲིམས་ ༦ ནང་སྲིད་བཀའ་བློན་འཇུ་ཆེན་དཀོན་མཆོག་ ༧ དཔལ་འབྱོར་བཀའ་བློན་དགེ་བཤེས་སྨོན་ལམ་མཐར་ཕྱིན་ ༨ འཕྲོད་སྟེན་བཀའ་བློན་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་
སྤྱི་འཐུས་ཚོགས་གཙོ་བེ་རི་འཇིག་མེད་དབང་རྒྱལ་ ཚོགས་གཞོན་བོན་པོ་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་བཅས་གང་འདྲ་འདུག
བྱང་དཀར་ལགས། ཁམས་པ་རྐྱང་རྐྱང་འདེམ་གི་ཡོད་དམ ཁྱོད་བླ་མའི་སྐུ་ལུས་དྲང་གི་ར། མགོ་དབུ་ཞྭའི་རྩེ་མོ་འཁྱོག་འདུག་ལགས།
ད་ཁམས་པ་རྐྱང་རྐྱང་མ་འདེམ་ན་ཁོ་ཚོ་ལ་བསམ་འཆར་འདུག་ད་ ཁོ་ཚོ་ཡག་པོ་ཡོད་རེད་ད་
འདིར་ཡོད་པའི་མཆན་འབྲི་མཁན་ཚོས་ སྐད་ཆ་བཤད་སྐབས་བསམ་བློ་བཏང་། ཞིབ་འཇུག་བྱས་ཏེ་སྐད་ཆ་བཤད་རྒྱུའི་ཕྱོགས་ལ་འགྲོ་མི་ཐུབ་པ་དེ་སྐྱོ་བ་ལ་དྲན་བྱུང་། རི་བོང་ཅལ་འདྲོགས་དང་ཟེར་སྒྲོས་ཐོས་སྒྲོས་ཙམ་ལས་མེད་ན་ཧ་ཅང་སྐྱོ་པོ་རེད།
འདིར་ཞུ་རྒྱུ་ཞིག་ལ་སྲིད་དོན་གྱི་སྐད་ཆ་ཟེར་བ་དེ་ཀེ་རེམ་རྒྱབ་པ་ལྟ་བུ་རེད་བསམ། ཁ་ཐུག་ལ་ཁུང་བུ་ནང་དུ་མ་གཏད་པར། N M W སོགས་རྒྱབ་ནས་ཁུང་བུ་ནང་དུ་བླུག་ཐུབ་པ་དག་ཀྱང་ཡོད་ཀྱི་རེད་བསམ། ཧཧཧ སྐུ་རྩེད་ཞུ་བ་ཡིན་ད།
ད་མང་པོ་བཤད་ན་ཡང་ཁ་བརྡ་ཚང་གིས་བསུབ་ཀྱི་རེད། འོན་ཀྱང་ཨ་ཀྱཱ་བླ་མ་བཀའ་བློན་ཁྲི་བར་འགྲོ་བའི་ཉིན་ཞིག་ཡོད་ན་ཉིན་དེར་མི་ལོ་བཅོ་བརྒྱད་ཀྱི་རིང་ལ་གསོས་པའི་རང་བཙན་ལག་དེབ་དེ་མེར་སྲེག་ལ་གཏོང་རྒྱུ་མིན་ན་ལྷ་དཀོན་མཆོག་གསུམ་དཔང་། མ་མཐའ་ཡང་ངའི་སྤུན་མཆེད་དང་གྲོགས་པོ་ངོ་ཤེས་སོགས་མི་ཉི་ཤུས་མེར་སྲེག་གཏོང་གི་རེད། རྒྱུ་མཚན་ནི་གཅིག་རང་ལས་མེད། ༡༩༩༦དང་༡༩༩༧ཡས་མས་ལ་པཎ་ཆེན་སྤྲུལ་སྐུའི་དོན་དུ་ཨ་ཀྱཱས་སྐད་ཆ་ཇི་བཤད་གསལ་བོར་ཤེས་པས་ཡིན། དྲང་དོན་ངེས་དོན་ཟེར་བ་མང་པོ་ཞིག་མི་ཤེས། སྔ་དྲོ་མགོ་ལ་རྭ་འཛེར་ནས་ཤ་བའི་གྲལ་དུ་འགྲོ་ཞིང་། ཕྱི་དྲོ་རྐུབ་ལ་རྩམ་པ་བགོས་ནས་རྒོ་བའི་གྲལ་དུ་འགྲོ་བ་ཚོར་དགའ་བོ་མེད་ལ་ཡིད་ཆེས་མེད། ཆོས་ལུགས་གྲུབ་མཐའི་ཞེན་ཁོག་གིས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་རྩེད་མོ་རྩེ་སྤྱད་བྱེད་ཀྱི་ཡོད་ན། ད་རྒྱལ་དོན་ལ་སེམས་ཁུར་བྱེད་པ་ལས་རང་མགོ་གང་ཐོན་བྱས་ཏེ་སེམས་ཁྲལ་མེད་པའི་འཚོ་བ་སྐྱིད་པོ་ཞིག་བསྐྱལ་ན་ཡག་གི་རེད་པ། ད་ལྟོས་ཨ། ཡང་ཨ་ཀྱཱའི་ཕྱོགས་གཏོགས་ག་ཚད་ཅིག་གིས་ང་ལ་ཚོགས་གཏམ་དང་འཇིགས་སྐུལ་གཏོང་གི་རེད། ད་དུང་བཤད་རྒྱུ་མང་ཡང་བཤད་མ་ཕོད་པར་བཞག་ནི་ཡིན།
ད་དུང་ཁོས་ I am mongolians ཞེས་བྲིས་ཡོད་པ་འདི་ཙམ་ཡང་ཕྱོགས་ཞེན་མ་གཏོགས་བོད་སེམས་མེད་པའི་གཞོན་ནུ་ཟླ་མེད་སོགས་ཀྱིས་མཐོང་གི་མ་རེད། མིག་ཡོད་བཞིན་དུ་ལོང་བ་ཆགས་པ་འདི་ཡ་མཚན་རེད། མི་འདི་ཚོའི་རིགས་ལ་བོད་སེམས་ཟེར་བ་དེ་ཨ་བྲའི་རིལ་མ་ཙམ་ཞིག་ཡོད་ས་མ་རེད། ཇི་འདྲའི་ཡ་མཚན་ཆེ་བ་ལ། ངོ་མ་ཡིད་ཆེས་ཐུབ་ཀྱི་མི་འདུག
I am mongolian
ང་མཚར་བ་ཞིག་ལ་།སྐད་ཆ་འདི་འདྲ་མཐོང་གིན་འདུག་།ངས་ཏ་ལྟ་བར་ཨ་ཀྱཱ་རིན་པོ་ཆེ་རང་ཉིད་ནས་བཀའ་ཁྲི་ལ་འདེམས་རྒྱུ་སྐད་ཆ་ཤིག་གོ་མ་མྱོང་།དེ་ན་དོན་མེད་ཀྱི་སྐད་ཆ་འདི་དྲུད་ཡོང་ནས་ག་རེ་བྱེད་བསམ་གིན་ཡོད་།ཁོ་རང་གིས་ཆབ་སྲིད་ཀྱི་ནང་ལ་མི་ཞུགས་ཟེར་ནས་ཕྱི་རྒྱལ་དུ་བཙན་བྱོལ་དུ་ཡོང་བ་མ་རེད་དམ་།བོད་པ་ཚོ་།དངོས་སུ་ཡོད་པ་དང་།བདེན་པ་དང་དྲང་པོ་ཤིག་གིས་སྐད་ཆ་བཤད་ཅི་ཐུབ་བྱོས།བརྟག་པ་མཐའ་བཟུང་གི་སྐད་ཆ་ཆབ་སྲིད་ཀྱི་སྟེང་ནས་རྩ་བ་ཉིད་ནས་ཡག་པོ་མེད་པ་འདྲ་མཐོང་།སྙིང་དོན་རང་གི་ཆབ་སྲིད་ཀྱི་འགྲོ་སྟངས་སོགས་མི་བཤད་ན་།སྐད་ཆ་ཆེན་པོ་འདྲ་མ་བཤད་།ཁ་ནས་ཆོས་བ་ཆབ་སྲིད་པ་ལ་འགོག་ཁུལ་འདྲ་བྱས་།དོན་གྱིས་ཆོས་བ་ཤིག་གིས་ཆབ་སྲིད་ཀྱི་སྐད་ཆ་ཚོས་ལ་མ་ཚོས་བ་ཞིག་བཤད་ན།རང་བཞན་གཉིས་ལ་ཕན་ཐོགས་ཅི་ཡང་མེད་།
ཨ་ཀྱཱ་རིན་པོ་ཆེ་བཀའ་ཁྲི་འོས་མི་ལ་འདུག་བསམ་ན་།ཁོང་གིས་འོས་ཐོ་བཀོལ་བའི་རྗེས་ནས་གླེང་།དེ་མིན་སྐད་ཆ་འདི་ཚང་མ་ལྷག་མ་རེད་།
ཚུལ་ཁྲིམས་མཐར་ཕྱིན་།
ངས་ཁྱེད་ལ་སྐད་ཆ་རྡོག་རྡོག་ཅིག་བཤད།འདིས་ཁྱོད་ཀྱི་རྨོངས་བའི་སེལ་བའི་རེ་བ་ཡོད་།བོད་ཀྱི་ས་ཐོག་་གི་སོག་པོ་དང་བོད་གཉིས་ཀྱི་ཁྱད་པར་ནི་།མི་རིགས་ཀྱི་ཁྱད་པར་རེད་།རྒྱལ་ཁོངས་ཀྱི་ཁྱད་པར་མ་རེད་།ཨ་ཀྱཱ་རིན་པོ་སོག་པོ་ཡིན་པའི་དབང་དུ་བཏང་རུང་།བཀའ་ཁྲིམས་ལ་ཞུགས་མ་ཆོག་པ་མ་རེད་།ངས་སྔོན་ནས་བཤད་ཡོད་པ་རེད་།ཁོ་ཚོ་ནི་བསྟན་འཛིན་སོག་པོ་ཨོ་རོད་ཀྱི་རྒྱུད་པ་རེད་།དེ་ན་ཁོ་ཚོ་བོད་རྒྱལ་ཁམས་ཆེན་མོའི་འབངས་མི་ཡིན་པ་བཤད་མི་དགོས་བ་ཤིག་རེད་།སྐབས་འདིར་ཨ་ཀྱཱ་རིན་པོ་ཆེས་འོས་འདེམས་ལ་ཞུགས་པའི་སྐད་ཆ་ཤིག་ད་བར་གོ་མ་མྱོང་བས་།དོན་མེད་ཀྱི་གཏམ་འདི་མི་གླེང་བའི་རེ་བ་ཞུ།དེ་བས་མི་རིགས་དང་།མི་སེར་བར་གྱི་སློབ་སྤྱོང་འདྲ་བྱེད་ན་ཡག་པོ་མི་འདུག་གམ།
ཁོ་རེ། བཙན་བྱོལ་བོད་མིའི་རྩ་ཁྲིམས་བཅའ་ཁྲིམས་ནང་བཀའ་བློན་ཁྲི་བར་ཚང་དགོས་ཆ་རྐྱེན་ག་རེ་རེད་ཤེས་བར་གྱིས་དང་། དེ་ནས་ཁ་འཁྲུག་བགྲོ་གླེང་དོན་ཡོད་འགྱུར།
ངས་ཀྱང་འོས་གཞི་ཁ་ཤས་འདོན། བཀའ་བློན་ཁྲི་བ་པད་མ་འབུམ།
ཤེས་རིག་བཀའ་བློན་ཤེས་རབ་དར་རྒྱས།
ཆོས་རིག་བཀའ་བློན་ཀླུ་སྨྱོན་ཧེ་རུ་ཀ
ཕྱི་འབྲེལ་ཀའ་བློན་རྡོ་སྦིས་བློ་བཟང་ཡོན་ཏན།
བདེ་སྲུང་བཀའ་བློན་བསྟན་འཛིན་སྟག་ལྷ།
རྒྱ་ནག་ཉམས་ཞིབ་པ། ངས་དེ་རིང་ཁྱོད་ལ་ཤེས་རབ་ཀྱི་ལེགས་སྐྱེས་ཆུང་ཆུང་ཞིག་སྟེར། ཁྱོད་ཀྱི་མཆན་ཐུང་ཐུང་གཉིས་ཀྱི་ནང་དུ་ཡིག་ནོར་ལྔ་བཅུ་ཧ་ལམ་ཡོད་ས་རེད། ཡིན་ན་ཡང་ཡིག་ནོར་གཞན་པ་ཚོ་མི་གླེང་། ལག་ནོར་བར་ཆ་ཞོག ཚེག་ཤད་ནོར་བ་གཅིག་གི་ཐོག་ལ་བསམ་བློ་བཏང་ན་མཆན་གཉིས་ཀྱི་ནང་དུ་ཚེག་ཤད་ཉི་ཤུ་རྩ་གཅིག་ནོར་འདུག གཅོད་མཚམས་སུ་ང་ཡིག་སླེབས་པའི་རྗེས་ལ་མ་གཏོགས་ཚེག་ཤད་འཇོག་ནི་མ་རེད། ལྟོས་དང་རྟགས་(་།)འདི་བརྒྱབ་ཡོད་པ་ཚོ་ནོར་བ་རེད། རྟགས་༼༼༼་།༽༽༽འདི་བརྒྱབ་ཡོད་པ་ཚོ་འགྲིག་བཞག རྗེས་མ་ནས་བསམ་བློ་ཐོངས། ད་དུང་རྒྱ་ནག་ཉམས་ཞིབ་པ་ཡིན་ན་ཅིག
མཆན་གཉིས་ཀྱི་ངོ་བཤུས།
ང་མཚར་བ་ཞིག་ལ(་།) སྐད་ཆ་འདི་འདྲ་མཐོང་གིན་འདུག(་།) ངས་ཏ་ལྟ་བར་ཨ་ཀྱཱ་རིན་པོ་ཆེ་རང་ཉིད་ནས་བཀའ་ཁྲི་ལ་འདེམས་རྒྱུ་སྐད་ཆ་ཤིག་གོ་མ་༼༼༼མྱོང་།༽༽༽ དེ་ན་དོན་མེད་ཀྱི་སྐད་ཆ་འདི་དྲུད་ཡོང་ནས་ག་རེ་བྱེད་བསམ་གིན་ཡོད(་།) ཁོ་རང་གིས་ཆབ་སྲིད་ཀྱི་ནང་ལ་མི་ཞུགས་ཟེར་ནས་ཕྱི་རྒྱལ་དུ་བཙན་བྱོལ་དུ་ཡོང་བ་མ་རེད་དམ(་།) བོད་པ་ཚོ(་།) དངོས་སུ་ཡོད་པ་༼༼༼དང་། ༽༽༽ བདེན་པ་དང་དྲང་པོ་ཤིག་གིས་སྐད་ཆ་བཤད་ཅི་ཐུབ་བྱོས།བརྟག་པ་མཐའ་བཟུང་གི་སྐད་ཆ་ཆབ་སྲིད་ཀྱི་སྟེང་ནས་རྩ་བ་ཉིད་ནས་ཡག་པོ་མེད་པ་འདྲ་༼༼༼མཐོང་།༽༽༽ སྙིང་དོན་རང་གི་ཆབ་སྲིད་ཀྱི་འགྲོ་སྟངས་སོགས་མི་བཤད་ན(་།) སྐད་ཆ་ཆེན་པོ་འདྲ་མ་བཤད(་།) ཁ་ནས་ཆོས་བ་ཆབ་སྲིད་པ་ལ་འགོག་ཁུལ་འདྲ་བྱས(་།) དོན་གྱིས་ཆོས་བ་ཤིག་གིས་ཆབ་སྲིད་ཀྱི་སྐད་ཆ་ཚོས་ལ་མ་ཚོས་བ་ཞིག་བཤད་ན།རང་བཞན་གཉིས་ལ་ཕན་ཐོགས་ཅི་ཡང་མེད(་།) ཨ་ཀྱཱ་རིན་པོ་ཆེ་བཀའ་ཁྲི་འོས་མི་ལ་འདུག་བསམ་ན(་།) ཁོང་གིས་འོས་ཐོ་བཀོལ་བའི་རྗེས་ནས་༼༼༼གླེང་།༽༽༽ དེ་མིན་སྐད་ཆ་འདི་ཚང་མ་ལྷག་མ་རེད(་།)
ཚུལ་ཁྲིམས་མཐར་ཕྱིན(་།)
ངས་ཁྱེད་ལ་སྐད་ཆ་རྡོག་རྡོག་ཅིག་བཤད། འདིས་ཁྱོད་ཀྱི་རྨོངས་བའི་སེལ་བའི་རེ་བ་ཡོད(་།) བོད་ཀྱི་ས་ཐོག་་གི་སོག་པོ་དང་བོད་གཉིས་ཀྱི་ཁྱད་པར་ནི(་།) མི་རིགས་ཀྱི་ཁྱད་པར་རེད(་།) རྒྱལ་ཁོངས་ཀྱི་ཁྱད་པར་མ་རེད(་།) ཨ་ཀྱཱ་རིན་པོ་སོག་པོ་ཡིན་པའི་དབང་དུ་བཏང་༼༼༼རུང་།༽༽༽ བཀའ་ཁྲིམས་ལ་ཞུགས་མ་ཆོག་པ་མ་རེད(་།) ངས་སྔོན་ནས་བཤད་ཡོད་པ་རེད(་།) ཁོ་ཚོ་ནི་བསྟན་འཛིན་སོག་པོ་ཨོ་རོད་ཀྱི་རྒྱུད་པ་རེད(་།) དེ་ན་ཁོ་ཚོ་བོད་རྒྱལ་ཁམས་ཆེན་མོའི་འབངས་མི་ཡིན་པ་བཤད་མི་དགོས་བ་ཤིག་རེད(་།) སྐབས་འདིར་ཨ་ཀྱཱ་རིན་པོ་ཆེས་འོས་འདེམས་ལ་ཞུགས་པའི་སྐད་ཆ་ཤིག་ད་བར་གོ་མ་མྱོང་བས(་།) དོན་མེད་ཀྱི་གཏམ་འདི་མི་གླེང་བའི་རེ་བ་ཞུ། དེ་བས་མི་རིགས་ ༼༼༼དང་།༽༽༽ མི་སེར་བར་གྱི་སློབ་སྤྱོང་འདྲ་བྱེད་ན་ཡག་པོ་མི་འདུག་གམ།
རྒྱ་ནག་ཉམས་ཞིབ་པས་བཤད་པ་འདི་ཤིན་ཏུ་ནས་བདེན། ཨ་རྒྱ་རིན་པོ་ཆེ་ཁོང་རང་གི་ངོས་ནས་བཀའ་བློན་དུ་བསྡད་ཀི་ཡིན་ཅེས་གསུང་པ་ཐོས་མ་མྱོང་། གལ་ཏེ་དེ་ལྟར་གསུང་ན་དངས་བླང་ཟེར་བ་དེ་ཆགས་འགྲོ་གི་མེད་འགྲོ། འོན་ཀྱང་ད་ལྟ་བགྲོ་གླེང་བྱེད་བཞིན་པའི་ཆོལ་ཁ་གསུམ་དང་། བུད་མེད་ཚོགས་པ། དེ་བཞིན་དུ་ཚོགས་པ་སྐྱིད་སྡུག་ཁག་གིས་བཏོན་ཡོང་པའི་བཀའ་ཁྲིའི་འོས་གཞི་དེ་ཚང་མ་ཡང་ཚོགས་པ་སོ་སོས་འོས་གཞིར་བཏོན་པ་རེད་མ་གཏོགས། མི་སྒེར་སོ་སོ་ནས་ང་རང་དེའི་ནང་དུ་འཇོག་རོགས་ཀྱིས་ལབ་ཡོད་མཁན་འེ་ཡོད་ན། མི་སྒེར་བ་སོ་སོའི་ངོས་ནས་བཀའ་ཁྲིའི་འོས་གཞི་ནང་དུ་ཞུགས་འདོད་ཡོད་མེད་གང་ལྟར་ན་ཡང་། བཀའ་ཁྲིའི་འོས་གཞི་འདི་བགྲོ་གླེང་བྱེད་འོས་སུ་མཐོང་ནས་ཚོགས་པ་ཁག་དང་ཆོལ་ཁ་སོ་སོས་འོས་གཞིར་བཏོན་པ་མིན་འགྲོ། ད་དུང་ཨ་རྒྱ་རིན་པོ་ཆེ་བཀའ་ཁྲིའི་འོས་གཞིར་འཇོག་མཁན་དེ་ང་མ་རེད། དེ་མདོ་སྨད་ཆོལ་ཁའི་འོས་གཞི་ན་འདུག དེ་དྲ་རྒྱའི་ཐོག་བཀྲམ་འདུག ལྷག་པར་དུ་རང་ཉིད་བོད་འབངས་ཞིག་ཡིན་པའི་ཆ་ནས་དེ་བགྲོ་གླེང་བྱེད་འོས་སུ་མཐོང་།
ཚུལ་ཁྲིམས་མཐར་ཕྱིན་གྱི་བཤད་པ་དེ་ལ་ཆོད་ཁོ་རང་མི་འདུག གལ་ཏེ་ཁྱེད་རང་དགའ་སའི་བཀའ་བློན་ཞིག་གཏན་འཁེལ་ན་ངས་དགའ་བ་སྒོམ་གི་ཡིན། ཁྱེད་རང་མི་དགའ་སའི་བཀའ་བློན་ཞིག་ཡིན་ན། ཁྱེད་རང་གི་མི་རབས་མི་བརྒྱུད་ཚང་མའི་རང་བཙན་ལག་དེ་མེ་སྲེག་གཏོང་གི་ཡིན་ཟེར་བ་དེ་ག་རེ་རེད་ཨང་།
ཁྲག་རྒྱུད་གང་ཡིན་དེ་གཙོ་བོ་མ་རེད། མདོར་ན་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་མཐུན་པར་ལས་ཀ་བྱེད་པར་ཁ་ཞེ་གཉིས་མེད་ཀྱི་ཡིན་མཁན་ཞིག་བཀའ་ཁྲིའི་འོས་མི་ཉིད་དུ་འཇོག་འོས་སོ། །
ཚུལ་ཁྲིམས་མཐར་ཕྱིན་ལགས།
ཡིག་ནོར་གྱི་རྒྱལ་ཁ་ཁྱེད་ལ་སྟེར།ཆུངདུས་ནས་ཡིག་ནོར་བཙལ་ནས་མི་ཚེ་གཏོང་བའི་དྲུང་ཡིག་ཅིག་ལ་རེ་བ་་རྒྱབ་མ་མྱོང་མོད།ཁྱེད་ཀྱིས་དེ་བསླབ་བྱ་ཤིག་ཏུ་བསམ་ཡོད་ན་།ལགས་སོ་བཀའ་དྲིན་ཆེ་ཟེར་བ་ལས་མེད་།
གཞོན་ནུ་ལགས། བློ་བཟང་སེང་གེ་ཨ་རིའི་མི་སེར་ཡིན་ན་ཡང་བཀའ་བློན་ཁྲི་པར་ལངས་ཆོག་ནི་རེད། བོད་གཞུང་གི་བཅའ་ཁྲིམས་ནང་བོད་མི་ཞིག་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་རུང་། ད་དུང་སོ་སོ་ལ་བོད་མིའི་ཐོབ་ཐང་ལེན་འདོད་ཡོད་ཚེ་ཐོབ་ཐང་ཆ་ཚང་ཡོད་ཚུལ་བྲིས་ཡོད།
ཨ་ཀྱཱ་བླ་མ་ལྟ་བུ་དང་པོ་སོག་རིགས་ཡིན་མཁན་ཚོས་རྗེས་མ་བོད་པའི་མི་སེར་བཟོས་ཏེ་བཀའ་ཁྲིའི་ཐོབ་ཐང་ཡོད་མིན་བཅའ་ཁྲིམས་དང་རྩ་ཁྲིམས་གསལ་བོ་དྲན་གྱི་མི་འདུག
གཞོན་ནུ་ཟླ་མེད། ང་དགའ་ན་ཡང་ཆོག་གི་མ་དགའ་ན་ཡང་ཆོག་གི དེ་གལ་ཆེན་པོ་མ་རེད། གལ་སྲིད་ང་མི་དགའ་སའི་མི་ཞིག་བཀའ་བློན་ཁྲི་པར་སླེབས་པ་ཡིན་ན་ངས་རང་བཙན་ལག་དེབ་མེར་སྲེག་གཏོང་གི་རེད་དམ་ཟེར་ན་དེ་ལ་ཁྱད་པར་ཡོད་པ་རེད། དཔེར་ན་ལོ་མང་པོའི་སྔོན་གྱི་བཀའ་བློན་ཁྲི་པ་བསོད་ནམས་སྟོབས་རྒྱལ་ལ་ང་གཏན་ནས་དགའ་གི་མེད། ཁོས་ལོ་གང་མང་ཞིག་ལ་བཀའ་ཁྲི་བྱས་པའི་རིང་ཆུང་ས་ནས་བཤད་ན་ཚོགས་འདུ་ཞིག་གི་ཐོག་ཏུ་གཏམ་བཤད་ཡག་པོ་ཐེངས་གཅིག་བཤད་ཐུབ་པ་ཡང་ཧ་ལམ་མཐོང་དཀོན་པོ་ཡིན། འོན་ཀྱང་ངས་རང་བཙན་ལག་དེབ་བསྲེག་མེད་ལ་བསྲེག་རྒྱུ་ཡིན་པའི་བསམ་བློ་ཡང་འཁོར་མ་མྱོང་། ད་དུང་ཡང་དེ་ཀ་རེད། སྤྱིར་བཏང་རང་ཉིད་མི་དགའ་སའི་མི་སུ་ཞིག་བཀའ་ཁྲིར་ཐོན་ཡང་ད་དུང་རང་ཉིད་དགའ་ལྡན་ཕོ་བྲང་གི་ཆབ་འབངས་ཞིག་ཡིན་པའི་བསམ་བློ་འགྱུར་དོན་མེད། འོན་ཀྱང་བོད་དུ་ཡོད་དུས་རྒྱལ་ཚོང་བའི་མིང་ཡོད་མཁན་ཞིག ད་མི་དྲག་སྐུ་དྲག་ཅིག་ཡིན་པ་དང་། བླ་ཆེན་ཞིག་ཡིན་པ་ཙམ་ལ་རྒྱུ་མཚན་བྱས་ནས་དགའ་ལྡན་ཕོ་བྲང་གི་བཀའ་ཁྲིར་འཇོག་རྒྱུ་ཟེར་ན། ཉི་མ་དེ་ནས་ངས་དགའ་ལྡན་ཕོ་བྲང་ཡང་རྒྱ་གཞུང་དང་གཅིག་པར་བརྩི་རྒྱུ་ཡིན་པས། མིག་ཆུ་གཏོང་ཞོར་ལ་རང་་བཙན་ལག་དེབ་བསྲེག་ཐག་ཆོད་བསྲེག་གི་ཡིན། དཀོན་མཆོག་གསུམ་དཔང་བཞག་གིས་བསྲེག་གི་ཡིན། རྒྱལ་ཚོང་བ་ཞིག་བཀའ་ཁྲི་ལ་བཀུར་ནས་སྡོད་པ་ལས་རང་ཉིད་ལ་སླར་གསོ་དགོས་པའི་རྒྱལ་ཁབ་ཅིག་མེད་པར་ཐག་བཅད་ནས་བསྡད་ན་དེ་དགའ་གི་རེད།
ངོ་མ་ཡིན། མི་ཟེར་བ་དེ་ལ་རང་བཞིན་གྱིས་ཤེས་རབ་ཕྲན་བུ་རེ་ཅིས་ཀྱང་ཡོད་པ་རེད། འོན་ཀྱང་ཨ་ཀྱཱ་དང་གཅིག། ཉལ་སའི་ནང་ནས་ཡར་ལངས་མི་ཐུབ་པའི་རྒྱལ་ལོ་དོན་གྲུབ་དང་གཉིས་སོགས་བཀའ་ཁྲིར་འཇོག་རྒྱུ་ཟེར་བ་དེ་ཚོའི་ཀླད་པའི་ནང་ནས་དབང་རྩ་གང་རུང་ཞིག་ཉམ་ཡོད་ས་རེད། ཨ་ཀྱ་ལ་མཚོན་ན་བོད་དུ་ཡོད་དུས་ཁ་ལས་མི་དགེ་བ་སུས་ཀྱང་ཤེས་ནི་རེད། ད་ཕྱི་ལོགས་སུ་ཡོང་ནས་ཆོས་འདྲ་བཤད། སྐུ་འབུམ་དགོན་པ་ཡར་རྒྱས་ལ་བཏང་། ད་དུང་སྔར་རང་གིས་གང་བྱས་དྲང་དོན་ལ་བརྩིས་ནས་ད་བོད་དོན་ཁྱབ་བསྒྲགས་འདྲ་བྱས་ན་འགྲིག་ནི་ཞིག་རེད། འོན་ཀྱང་སྔར་ཆབ་སྲིད་བཙན་བྱོལ་བའི་གཞུང་གི་ལངས་ཕྱོགས་དང་འགལ་བའི་ལས་ཀ་བྱེད་མྱོང་བ་ཞིག ད་ཆབ་སྲིད་བཙན་བྱོལ་བའི་གཞུང་གི་བཀའ་ཁྲི་ལ་སྡོད་རྒྱུ་ཟེར་ན་དེ་ཆབ་འབངས་ལ་བརྙས་བཅོས་དང་མཐོང་ཆུང་བྱས་པ་ཞིག་ལ་ངོས་འཛིན་བྱེད་རྒྱུ་ལས་གང་ཡང་མེད།
གོང་གི་མཆན་དག་ལ་ཞིབ་ཏུ་བལྟས་ཡོང་དུས། དངོས་གནས་ཤེས་ཡོན་ཅན་ཞིག་གི་བསམ་རྒྱ་དང་དཔྱོད་སྟངས། ངོས་འཛིན་དང་ལངས་ཕྱོགས་མེད་པ་ནི་ཆེས་ཤིན་ཏུ་ནས་ཀྱང་གསལ་བོ་རེད། དེས་ན། མཆན་འདེབས་པ་རྣམས་ཀྱིས་རྗེས་ཕྱོགས་རང་གཞན་གྱི་མདུན་ལྗོངས་སུ་ཕན་ནུས་ཐོན་པའི༷་མཆན་བུ་གཟུར་བོ་གནས་པ་རེ་སྤེལ་རྒྱུའི་སྐུལ་མ་བྱས་པ་ཡིན།
དྲ་གྲོགས་རྣམས་པ་ལགས།
དོན་མེད་དུ་མི་དང་མིའི་བར་ལ་དཀྲུག་ཤིང་དང་འབྲེལ་མེད་ཀྱི་སྐད་ཆ་མི་བཤད་པར་འཚལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དྲང་བདེན་ཞེས་པའི་རྩ་དོན་དེ་གཞི་ལ་བཞག་ནས་སྐད་ཆ་བཤད་རྒྱུར་འབད་དགོས། དེའི་སྟབས་ཀྱིས་དོན་མེད་དུ་མིའི་སྟེང་ལ་ཚོགས་གཏམ་བཏང་ན་ཡག་པོ་མི་འདུག མ་མཐའ་སྤྱི་ཚོགས་ཤིག་ལ་འགན་འཁུར་མི་བཏུབ་ནའང་རང་རེའི་གནས་སྟངས་དང་ཐོབ་ཐང་ག་འདྲ་ཡིན་མིན་ཤེས་པའི་སྟེང་ནས་སྐད་ཆ་བཤད་ཐུབ་ལེགས།
རང་ཉིད་བོད་པ་ཞིག་ཡིན་པས་བཀའ་ཁྲི་གསར་འདེམས་ཕྱོགས་ལ་འགན་ཞིག་ཁུར་དགོས་ནི།
རྡ་སར་ཡོད་པའཌྷི་ཀླད་མེད་ཀྱི་ཚོགས་པ་ཁག་ཅིག་སྨྱོས་འདུག རྒྱུ་མཚན་བཀའ་ཁྲིའི་འོས་གཞི་ལ་གཟིགས་དང་ཤེས། དྲ་གྲོགས་རྣམ་པའི་བསམ་འཆར་རགས་རིམ་ཙམ་བལྟས་རྗེས་བསམ་ཚུལ་འདི་འདྲ་ཞིག་བཏོན་བསམ་སོང།
༡ བྱ་རྒོད་པོ་ཞིག་ལ་ཚང་རྒྱུ་བོ། བྱེའུ་ཙི་ཙི་ཞིག་ལ་ཚང་དགོས་ཞེས་པའི་དཔེ་ལྟར། ང་ཚོས་ཀྱང་བཀའ་ཁྲི་འདེམས་སྐབས་མིག་གིས་གཡས་གཡོན་བལྟ་རྒྱུ་གལ་ཆེ་སྙམ། ང་ཚོའི་བཀའ་ཁྲིའི་མ་མཐའི་ཚད་གཞི་ཙམ་འཇལ་བྱེད་དུ་ལོ་ངོ་བཅུ་ཙམ་རེའི་རིང་ལ་བོད་གཞུང་གི་ཆབ་སྲིད་ཐོག་ལས་ཀ་བྱས་པའི་ཉམས་མྱོང་ཡོད་མཁན་ཞིག་དགོས་རྒྱུ་རེད་ཡ། དེ་མིན་གང་ཞིག་ན་མི་ཤེས་ཡོན་པ་ཞིག་ཡོད་ན་དེ་ང་ཚོའི་བཀའ་ཁྲིར་འདེམས་དགོས་བསམ་མཁན་ཚོས་བཌྷཀའ་ཁྲི་རྩོམ་རིག་འགན་འཛིན་ཞིག་མིན་པ་ཤེས་དགོས། དེ་མིན་གཞན་དག་གིས་བཀའ་ཁྲི་འདི་དགོན་པ་ཞིག་གི་ཁྲི་བ་མིན་པའི་གནས་ལུགས་དེ་མཁྱེན་དགོས།
༢ ད་ལྟའི་སྐབས་བབས་ཀྱི་དྲ་གྲོགས་ཚོའི་གླེང་གཞི་ནི་ཨ་ཀྱཱ་ཚང་དང་བློ་བཟང་སེང་གེ་གཉིས་རེད།
ངས་བལྟས་ན་དེ་གཉིས་ཀ་བཀའ་ཁྲིར་མི་འོས། གཙོ་བོ་དེ་གཉིས་ཀས་བཙན་བྱོལ་བོད་གཞུང་གི་ལས་སྣེ་ཕྱོགས་ཙམ་ཡང་ཁུར་མྱོང་མེད་པས་ཡིན། ཨ་ཀྱཱ་ཚང་ལྟ་བུ་བཙན་བྱོལ་དུ་ཕེབས་ནས་ལོ་མང་སོང་མེད་པས་དེའི་རྒྱབ་ལྗོངས་ལོ་རྒྱུས་ཡོངས་རྗོགས་ང་ཚོས་རྒྱུས་ལོན་བྱེད་ཐུབ་མེད་པས་ད་ལྟ་ཉིད་ནས་ཁོང་བཀའ་ཁྲིར་འདེམས་འདོད་ཡོད་པ་རྣམས་ཨག་གསར་བྱེད་པའམ་སྔ་དྲགས་པའི་སྐྱོན་འདུག
༣ དྲ་གྲོགས་ཁག་ཅིག་གིས་རྒྱལ་ཁག་གཞན་གྱིས་མི་སེར་ཡིན་ན་བཀའ་ཁྲིར་འདེམས་ཆོག་གི་ཡོད་མེད་བཤད་འདུག ད་ལྟའི་གནས་སྟངས་འདིའི་འོག་སྐྱབས་བཅོལ་བ་དང་མི་སེར་ཡིན་མིན་ལ་ཁྱད་ཆེན་པོ་མེད་པར་སྙམ།
རྒྱ་རི་བློ་གྲོས་ཀྱང་ཨ་རིའི་མི་སེར་ཡིན་ས་རེད་ངས་ཨ་རིའི་བོད་སྐད་བརྙན་འཕྲིན་བརྒྱུད་ལམ་ནས་སྐུ་ཚབ་རྣམས་རྒྱ་ནག་ཏུ་ཕེབས་པའི་སྐོར་ཞིག་མཐོང་སོང་ལ། རྒྱ་རི་རིན་པོ་ཆེ་མཆོག་གི་ཨ་རིའི་མི་སེར་ལག་དེབ་ཅིག་ལག་བསྣམས་འདུག་དེར་བརྟེན་ཁོང་ཡང་ཨ་རིའི་མི་སེར་ཡིན་ས་རེད།
གང་ལྟར་གང་ཞིག་བཀའ་ཁྲིར་འདེམས་པ་ཡིན་ནའང་མི་དེ་བཙན་བྱོལ་བོད་མིའི་སྲིད་གཞུང་ལ་ཉམས་མྱོང་ཡོད་མཁན་ཞིག་གལ་ཆེ། གཞན་དུ་ལས་སྣེའི་རིགས་གཅིག་ཀྱང་གནང་མི་དགོས་པར་བྱ་འབབ་འབབ་བྱས་ན་འགྲིག་གི་མ་རེད་ཡ།
ཡ་ད་ངས་བསམ་ཚུལ་ཞིག་གླེངས། ཨ་ཀྱཱ་སྔོན་མ་ཉེས་ཅན་ཡིན་མིན་དང་། བྱས་རྗེས་ཡོད་མེད་སོགས་མི་རྩོད། ཁོ་ལ་བཀའ་བློན་གྱི་ཐོབ་ཐང་ཡོད་ཀྱང་། ཁོས་བཀའ་བློན་འཇོན་གྱི་མ་རེད། ཁོ་ལ་ཉམས་མྱོང་དང་། ཆ་རྒྱུས་ཡོད་པ་མ་རེད། བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་བ་དང་གྲུབ་ཆ་སོགས་ལ་རྒྱུས་ལོན་མི་ཐུབ་ནས་ལོ་ངོ་གཉིས་ཙམ་ལྷག་འགྲོ་གི་རེད། ལས་ཀ་ཆ་ཚང་ཐུར་ཤོར་འགྲོ་གི་རེད།
བློ་བཟང་སེངྒེ་ཡང་ཉམས་མྱོང་མེད་པས་བཀའ་བློན་མི་འཇོན། ཁོ་རང་ཨ་རི་ཧ་ཝར་སློབ་ཆེན་ནས་ས་མིག་དེ་ཡག་པོ་བཟུང་ནས། ཁྲིམས་དང་། ཐོབ་ཐང་སྐོར་ལ་ཆེད་དུ་སྦྱོངས་དང་། མ་འོངས་པར་རྒྱ་རིའི་ལས་ཀ་ཨ་བོད་གཉིས་ཀྱི་བར་དུ་རྒྱུགས་མཁན་བྱས་ན་འབྲས་བུ་ཆེ་ངེས།
ད་ཐེངས་ཀྱི་བཀའ་ཁྲི་དེ་བཙན་བྱོལ་ནང་དུ་ལས་ཀ་བྱེད་མྱོང་ཞིང་། ན་གཞོན་སྐྱ་བོ་ཞིག་ལ་རེ་བ་ཡོད། རྫ་ཡུལ་བློ་བཟང་སྙན་གྲགས་ལ་ག་འདྲ་འདུག
ད་རིང་བོད་ཀྱི་བཀའ་ཁྲི་ནི་རླབས་ཆེན་སྐྱེད་བུ་དམ་པ་སྐུ་ངོ་འཇུ་ཆེན་ཐུབ་བསྟན་ལས་གཞན་སུ་ཡང་མི་འོས།
རེད་རེད
བཀའ་ཁྲིའི་འོས་མིའི་ནང་དུ་ཧོར་འཇིགས་འཇོག་པ་ལའང་རྒྱུ་མཚན་གང་ཡང་མ་མཐོང་། ཤེས་རིག་གི་ངོས་ནས་སྙན་ངག་ཀྱག་ཀྱོག་ཅིག་རྩོམ་ཤེས་པ་དང། སྐུ་སྒེར་ཡིག་ཚང་གིས་ཕག་གསོ་གསོ་བྱས་ཏེ། ལོ་རྒྱུས་བསྒྲིགས་མིན་རྩོམ་མིན་ཞིག་འབྲི་ཤེས་པ་ཙམ་གྱིས་བཀའ་ཁྲིའི་འོས་མིར་འཇོག་ན་བོད་མིའི་ཁྲོད་ན་དེ་འདྲ་མང་མེད་ན་ཉུང་མེད། གཞན་དུ་བཀའ་ཁྲིའི་འོས་མིའི་ཆ་རྐྱེན་དུ་རྙིང་མ་བཀའ་བརྒྱུད་སོགས་ལ་སྡང་མཁན་ཞིག་དགོས་ན་ཧོར་འཇིགས་འཇོག་ན་འོས།
ང་ཚོ་བོད་ཀྱི་བཀའ་ཁྲི་ནི་ངེས་པར་དུ་སྙན་ངག་པ་ཅིག་འདེམས་དགོས། རྒྱུ་མཚན་གང་ཡིན་ཟེར་ན། ཁ་བདེ་ཞིང་རྟོག་བཟོ་ཡི་སྒྲུང་གཏམ་མང་པོ་གཅིག་འཇུག་གཉིས་འཐུད་བྱས་ནས་དུས་ཚོད་འཁྱོལ་ཐུབ་མཁན་ཅིག་དགོས་བ་སོང་ཙམ།
བཀའ་བློན་ཁྲི་བ་བོད་རིགས་ཡིན་ན་ཕྱི་རྒྱལ་གྱི་མི་ཁོངས་ཡིན་མིན་ལ་ཁྱད་པར་ཡོད་པ་མ་རེད་བསམ་གྱི་འདུག
ཡང་རྒྱལ་ཁབ་ཞིག་གིས་ཚུར་མི་ཁོང་དང་མི་སེར་གྱི་ཐོབ་ཐང་སྤྲད་པ་དང་ཡང་རང་གིས་ཕར་བཟོས་པ་གཉིས་ལ་ཁྱད་པར་ཡོད་ན་མ་གཏོགས། ༸སྐུ་འདུན་ཁོང་ཡང་ཁེ་ན་དྲ་དང་གཞན་རྒྱལ་ཁབ་ཁ་ཤས་ཀྱིས་མི་ཁོང་ཕུལ་ཡོད་རེད་བསམ་སོང་། ཡང་ཧོར་འཇིག་ལྟ་བུ་བཀའ་ཁྲི་སླེབ་སྲིད་པའི་དུས་ངན་ཞིག་འཆར་རྒྱུ་ཡོད་ན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་ཀྱི་བཞེད་དགོང་གཙོ་བོ་ཆོལ་གསུམ་གཅིག་བསྒྲིལ་དང་ཆོས་ལུགས་མཐུན་སྒྲིལ་སོགས་རྩ་མེད་བཟོ་རྒྱུ་ནི་སྨོས་མ་དགོས་པ་ཞིག་རེད།
རྒྱལ་ཁབ་རང་གི་མི་སེར་ལག་ཁྱེར་མེད་ཀྱང་སྲིད་འདིན་འདེམ་ཆོག་པ་སྔར་ལོ་རྒྱ་གར་གྱི་སྲིད་འཛིན་སོ་ནེའུ་ཡ་གན་དེ་ལྟ་བུ་རེད་དེ་ལ་ཁྱད་པར་མ་མཐོང་། གང་ལྟར་ཡང་བཀའ་བློན་འོས་མི་དེའི་ཆ་རྐྱེན་གཙོ་བོ་གངས་ས་མཅོག་བཀའ་སྤྱི་བོར་ལེན་པ་ལྷག་བསམ་ཟོལ་མེད་དང་ཉམ་མྱོང་ཅན་དེང་དུས་ཀྱི་ཤེས་ཡོན་གྱིས་ཕྱུགས་པ་དེའི་དཔའ་མཛངས་ལྡན་པའི་མི་ཞིག་ཡིན་ཕྱིན་བཀའ་ཁྲི་འོས་འདེབས་ཆ་རྐྱེན་ཡིན་སྙམ།
འབྱུང་འགྱུར་གི་ང་ཚོའི་བཀའ་ཁྲིར་དེ་ལོ་ཚད་དང་ཤེས་ཡོན་གི་ཆ་རྐྱེན་སོགས་གཙོ་བོ་མི་འཛིན་པ་ མི་རིགས་གི་བདེ་སྡུག་ལ་བསམ་བློ་གཏང་མཁན་དང་ བྱ་བ་བསྒྲུབ་ཕོད་མཁན་ཞིག་ངེས་པར་དུ་དགོས་
དེ་མིན་ཧོར་འཇིགས་དང་ཨ་རྒྱ་བླ་མ་ལྟ་བུའི་ང་ཚོ་བཀའ་ཁྲིར་བྱེད་དགོས་དུས་བོད་ཀྱི་ཆོས་དང་རིགས་གཞུངས་ཐམས་ཅད་སྙན་ངག་གི་བརྒྱན་ཙམ་དུ་འགྱུར་ཉེན་ཆེ།
ཁ་བདྲ་དྲ་རྒྱ་འདིའི་ནང་དུ་ཁྲིམས་ལུགས་དང་བཅའ་ཁྲིམས་སྐོར་གྱི་མཆན་འདེབས་མཁན་གཅིག་ཀྱང་མི་འདུག མི་སྒེར་བ་ལ་ཁ་གཏོང་རྒྱུ་རྐྱང་རེད། ལྷག་པར་དུ་བོད་ཀྱི་སྲིད་དོན་ཐད་མི་ཚེ་ཧྲིལ་བོར་རང་ཉིད་ཀྱི་ཡོད་ཚད་ཕུལ་བ་ཙོང་ཁ་རྒྱ་ལོ་དོན་འགྲུབ་དང་། འཇུ་ཆེན་ལྟ་བུ་ལ་ཡང་འདྲ་མིན་བཤད་ཀྱི་འདུག ངོ་ནས་ཁ་བརྡ་དྲ་རྒྱ་ནང་ན་ཤེས་ཡོན་ཡོད་མཁན་རེ་གཉིས་ལས་མི་འདུག ཐབས་སྐྱོ་བོ་རེད་ཨང་།
ཁ་བདྲ་དྲ་རྒྱ་འདིའི་ནང་དུ་ཁྲིམས་ལུགས་དང་བཅའ་ཁྲིམས་སྐོར་གྱི་མཆན་འདེབས་མཁན་གཅིག་ཀྱང་མི་འདུག མི་སྒེར་བ་ལ་ཁ་གཏོང་རྒྱུ་རྐྱང་རེད། ལྷག་པར་དུ་བོད་ཀྱི་སྲིད་དོན་ཐད་མི་ཚེ་ཧྲིལ་བོར་རང་ཉིད་ཀྱི་ཡོད་ཚད་ཕུལ་བ་ཙོང་ཁ་རྒྱ་ལོ་དོན་འགྲུབ་དང་། འཇུ་ཆེན་ལྟ་བུ་ལ་ཡང་འདྲ་མིན་བཤད་ཀྱི་འདུག ངོ་ནས་ཁ་བརྡ་དྲ་རྒྱ་ནང་ན་ཤེས་ཡོན་ཡོད་མཁན་རེ་གཉིས་ལས་མི་འདུག ཐབས་སྐྱོ་བོ་རེད་ཨང་།
བདེན་པ་རེད།
གཞོན་ནུ་ལགས།
ཐབས་སྐྱོ་བོ་རེད་ཡ།
ཐེངས་འདིའི་ཨ་མདོའི་བཀའ་བློན་ཁྲི་པའི་འོས་མིར་ནང་བློ་བཟང་སེང་གེ་ནི་བོད་རིགས་རྒྱལ་སྤྱིའི་ནང་མཁས་དབང་ཚད་ལྡན་གཅིག་དང་ཨ་རྒྱ་རིན་པོ་ཆེ་ནི་བོད་མི་རིགས་ཀྱི་དོན་ཏུ་ཕྱག་ལས་གང་མང་གནང་མྱོང་ཡོད་པ་ཞིག་རེད་འདུག་ཀྱང་བློ་བཟང་སེངྒེ་ཨ་རིའི་མི་སེར་ཐོབ་པ་དང་ཨ་རྒྱ་རིན་པོ་ཆེ་སོག་རིགས་ཡིན་པའི་གནས་སྟངས་ལ་ལྟས་ན་ཁོང་གཉིས་བཀའ་ཁྲིར་འོས་ཆོས་ཚང་མིན་དོགས་པ་སྐྱེ་ཆོག་པ་ཞིག་རེད། ཡིན་ཡང་ངས་ལྟས་ན་སྐུ་ངོ་འཇུ་ཆེན་དང་སྐུ་ངོ་རྒྱ་ལོ་དོན་འགྲུབ་གཉིས་འདེབས་ན་ལེགས་པ་མཐོང་།
ཧོར་གཙང་འཇིགས་མེད་ནི་སྤྱི་འཐུས་མི་འོས་བཤད་མཁན་འདུག་ན་བཀའ་ཁྲིར་འོས་ཟེར་མཁན་ཚོགས་པ་དང་སྒེར་སུ་ཡིན་ན་ད་འགྲེལ་བརྗོད་བྱེད་རིན་དུས་ལ་བབ་འདུག། དེ་མིན་ཕྱོགས་འཐེན་བྱེད་པའི་མིང་ངན་རག་པ། ཡང་ན་བོད་གཞུང་ཁ་བྲལ་གྱི་ལས་དངོས་སུ་སྤེལ་བའི་མིང་ཐོབ་པ། དངོས་གནས་ཡིན་ཨ་མདོའི་རྒྱུན་ལས་ནས་འོས་མིར་བཏོན་མཁན་གྱི་རྒྱུན་ལས་རྣམས་པས་དུས་ལ་བབ་པའི་འགྲེལ་བརྗོད་གནང་ན་གུས་པ་བློ་བདེ་བ། དེ་མིན་འདི་གར་གཡས་གཡོན་དུ་ཕ་ཡུ་ཨ་མདོ་བ་གང་ཡིན་ལ་སྐྱོན་བཛུག་བྱེད་གྱི་འདུག།
དོན་ཚན་དང་པོ་ནི་ཨ་ཀྱཱའི་སྐོར་ནས་ཡིན། ཆོས་དང་སྲིད་གཉིས་ལོགས་སུ་ཕྱིན་ན་མང་གཙོ་གྲལ་དག་ཅིག་ཡོང་གི་རེད། ཆོས་དང་སྲིད་གཉིས་མཉམ་དུ་ཕྱིན་ན་ཆོས་སྲིད་ཟུང་འབྲེལ་རེད། ད་ལྟའི་བཙན་བྱོལ་བོད་གཞུང་ནི་མང་གཙོ་ཡིན་ལ་ཆོས་སྲིད་ཟུང་འབྲེལ་ཡང་ཡིན་པའི་གཞུང་ཞིག་རེད། གཉིས་འདྲེས་མ་ཞིག་རེད། མང་གཙོ་ཤིན་ཏུ་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཕལ་མོ་ཆེར་བལྟས་ནའང་། སྲིད་དང་ཆོས་ལུགས་གཉིས་ཀ་ལོགས་སུ་ཡོད་པ་རེད། དེ་གཉིས་ཀྱི་ལྟ་བ་དང་གྲུབ་མཐའ་འདྲ་གི་ཡོད་པ་མ་རེད། ང་ཚོར་དོན་དངོས་ཀྱི་མང་གཙོ་ཞིག་དགོས་ཚེ། ཆོས་དང་སྲིད་གཉིས་ཁ་ཁར་གཏོང་དགོས་པ་རེད། ད་ལྟ་ནས་འགོ་འཛུགས་དགོས་རྒྱུ་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་རིང་བསྒྱུར་བཅོས་བཏང་བ་ཡིན་ན་རྙོག་དྲ་ཡོད་པ་མ་རེད། གལ་སྲིད་བཀའ་བློན་ཁྲི་པའི་འོས་གཞི་གྲས་སུ་སེར་མོ་བའི་རིགས་ཡོང་མི་ཆོག་བཟོ་དགོས་པ་དང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་མེད་པ་བཟོ་དགོས་པ་རེད། དེ་ལྟར་ཕྱིན་ན་མང་གཙོའི་གཞུང་ཞིག་གི་བཟོ་ལྟ་ཐོན་གི་རེད། གཞུང་དེ་སྐྱ་བོས་སྐྱོང་ཐུབ་དང་མི་ཐུབ་དོན་དག་གཞན་ཞིག་རེད། སྐབས་དེར་བོད་ཀྱི་བླ་སྤྲུལ་ཁག་དང་སེར་མོ་བ་ཚོས་ཀྱང་དགེ་འདུན་པའི་སྡེར་མཐོང་ཆུང་དང་ཁྱད་གསོད་བྱེད་པ་ལྟ་བུ་ཐུགས་ལ་མི་དགོངས་པར་མང་གཙོ་ཐུགས་ལ་བཅག་སྟེ་ཕྱིན་ན་ཡག་པོ་འདུག དགོངས་དག ངའི་སེམས་ལ་དྲན་པ་གོང་གི་འདི་མིན་ནའང་འབྲི་གིན་འབྲི་གིན་འདི་འདྲ་ཞིག་ཏུ་གྱུར་སོང་། སྐྱར་ཟློས་ལྟ་བུ་ཞིག་ཏུ་གྱུར་སོང་།
དེ་ནས་བློ་བཟང་སེང་གེའི་སྐོར་ཡིན། བློ་བཟང་སེང་གེ་ཟེར་བ་འདི་རྒྱལ་སྤྱིའི་ཁྲིམས་ལ་མཁས་པ་ཡོད་པ་རེད་ཟེར། ཁྲིམས་ལ་མཁས་པ་ཙམ་གྱིས་བཀའ་ཁྲིར་བསྡད་ན་ལེགས་པར་མཐོང་བ་འདིར་མོས་མཐུན་མེད། བོད་དོན་འདི་སེལ་ཐུབ་ཀྱི་མེད་པ་འདི་བོད་པ་ཚོས་རྒྱལ་སྤྱིའི་ཁྲིམས་ཤེས་ཀྱི་མེད་པའི་སྐྱོན་མ་རེད། བོད་དོན་འདི་སེལ་ཐུབ་ཀྱི་མེད་པ་འདི་བོད་པ་ཚོས་རྒྱ་ནག་གི་ཆབ་སྲིད་ཤེས་ཀྱི་མེད་པའི་སྐྱོན་མ་རེད། གཙོ་བོ་རྒྱ་ནག་དང་རྒྱ་ནག་གི་དབང་འཛིན་པ་ཉུང་ཤས་ལ་ཐུག་བསྡད་ཡོད་པ་རེད། ང་ལ་དགོས་པའི་བཀའ་བློན་ཁྲི་པ་ནི་བཙན་བྱོལ་བོད་གཞུང་གི་གཞོན་ནུ་ཚོར་བོད་ཀྱི་ཤེས་རིག་དང་། བཙན་བྱོལ་བོད་མིའི་གནས་སྟངས། བཙན་བྱོལ་བོད་གཞུང་གི་མང་གཙོ། གཞིས་ལུས་མི་མང་གི་སེམས་ཤུགས་སོགས་གཉོར་ནས་དེ་དག་རིམ་གྱིས་འཚར་ལོངས་བྱུང་ཐུབ་འཇུག་མཁན་ཞིག་ཡིན། དེ་རིང་འདི་ཙམ་ཡིན། འདིའི་སྐོར་ལ་རྗེས་མར་རྩོམ་ཡིག་ཅིག་འབྲི་གི་ཡིན།
དོན་དངོས་ཐོག་བོད་རིགས་འདིར་རྒྱུན་རིང་གནས་དགོས་ན་འབྱུང་འགྱུར་བཀའ་བློན་ཁྲི་བ་དེ་ལོ་གཞོན་གཅིག་འདེབས་ཐུབ་པ་དགོས་བཤད་མཁན་ལོ་གཞོན་མང་ཆེ་བས་བློ་བཟང་སེང་གེ་ལེགས་ཚུལ་དང་ཡང་ཉམས་ཞིབ་བྱེད་སྡོད་པའི་བོད་མི་གང་མང་ཞིག་ནས་བཤད་དོན་འཇུ་ཆེན་དང་རྒྱ་ལོ་གཉིས་ལས་ལྷག་པ་མེད་པ་རེད་ཟེར། གུས་པས་ལྟས་ན་བཀའ་བློན་ཁྲི་པ་དེ་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་གཞི་བཞག་བྱེད་ན་སྐུ་ངོ་འཇུ་ཆེན་འདེབས་པ་
ཨ་ཀྱ་རེན་པོ་ཆེན་ཀ་འཁྲིལ་རྡམ་པ་ནོར་བ་རིད། ག་ཡིན་ཟེར་ན། ཁོ་གི་འཇན་ནི་མ་རེད། བློཟང་སེགིའི་ལ་འཚན་ན་རྒྱ་སྐྱིའི་འགྲོ་གཏང་ཡ་པོ་ཤིས་ཀྱང་ཉམས་ཉང་མེད་པའི་མི་འབྱེན།
སྔོན་དུས་བྱུང་མྱོང་མེད་པའི་བཀའ་བློན་ཁྲི་བའི་སྐོར་གླེང་སློང་མང་པོ་ཞིག་གང་སར་ཡོང་གི་འདུག་པ་འདི་ནི། ཆབ་སྲིད་ཀྱི་ཤེས་ཡོན་དང་། རང་དབང་གི་ཁེ་ཕན་ཅུང་ཟད་ཤེས་པའི་དན་རྟགས་གསལ་པོ་རེད། གསར་བུ་རྣམས་འཁང་ར་བྱེད་ས་ནི་འདས་པའི་རྒན་པོ་དྲིན་ཆེན་དེ་རྣམས་རེད། འཁང་ར་བྱེད་དགོས་པའི་རྒྱུ་མཚན་ནི། དེ་དག་ལ་ཆབ་སྲིད་ཀྱི་ཤེས་ཡོན་མེད་པ་དང་ཀླད་རྙིང་འཁྲེགས་བཟུང་གིས་བོད་ཕུང་པ་རེད་ཟེར་འདི་རེད།
ཡང་བསྒྱུར་བཅོས་མེད་ན། གསར་རྗེ་མེད། གསར་རྗེ་མེད་ན། ཡར་རྒྱས་མེད་པ་ཀུན་གྱིས་རྨི་ལམ་ཚུན་གླེང་བཞིན་དུ། ཆབ་སྲིད་ཀྱི་སློབ་མཐར་ཕྱིན་པའི་མཁས་དབང་གཞོན་ནུ་བློ་བཟང་སེང་གེ་ཁོང་ལ་བཀའ་བློན་ཁྲི་བའི་འོས་བབས་མེད་པའི་རྒྱུ་མཚན་དུ། བོད་པ་ཡིན་བཞིན་མེད་པར་སྒྲུབ་པ་སོགས་ལ་ནི་རྒྱུ་མཚན་མེད་པའི་ཐོག་ཏུ། ཁ་ཟེར་དོན་ལ་མེད་པ་གསལ་བོ་སྟོན་གྱི་འདུག།
ཝ་མོར་རྒྱུག་འདིར་རྒོད་པ་ཟས་ཀྱིས་ཆེད། གཡོ་ཅན་གྲགས་འགུལ་མང་བ་གོ་སའི་ཆེད།།
བརྟགས་དཔྱད་ཟབ་མོ་བྱས་ཏེ་རང་ཚུགས་གིས།།གཡོ་རྒྱུས་འོག་ལ་མ་ཤོར་བོད་མི་ཚོ།།
ང་ལ་བཀའ་བླུན་ལས་བཀའ་བློན་མི་དགོས། བཀའ་བློན་ལ་ངེས་པར་སྒྱུར་བ་ཞིག་གཏོང་དགོས། དེ་སྔ་ང་ཚོས་བཀའ་བློན་ཐེངས་གཉིས་བདམས་ཟིན་ཀྱང་གྲུབ་འབྲས་ནི་དེ་འདྲ་ཞིག་རེད། དེ་ལས་བཀའ་བླུན་དགོས་ན། འཚོལ་མི་དགོས་པ་མང་པོ་རག་གི་རེད་
དངོས་གནས་ཐབས་སྐྱོ་བོ་ཞེ་དྲག་རེད་ཤག དགོས་ངེས་ཀྱི་མཆན་གཅིག་ཀྱང་བཏབ་མི་འདུག རྒྱལ་ཁོངས་གང་ལ་ཚུད་མིན་དེ་གཙོ་བོ་མ་རེད། རང་སྲིད་ཐབས་མཁས་ཀྱིས་སྐྱོང་མཁན་ཞིག་དང་ཤེས་འཇོན་སྙིང་སྟོབས་ཀྱིས་ཕྱུག་མཁན་ཞིག ཆོས་སྲིད་ཀྱི་འགྲོ་སྟངས་གསལ་ཐག་ཆོད་ངེས་མཁན་ཞིག་དང་ཁ་དན་ཚིག་ལ་གནས་མཁན་ཞིག ངེས་པར་དུ་མཁོ་བའི་བཀའ་ཁྲི་སྟེ། དུས་རབས་ཉེར་གཅིག་པའི་ནང་འདིར་མེད་དུ་མི་རུང་བའི་བོད་ཀྱི་སྲིད་བློན་མཆོག་ཏུ་གྱུར་བ་ཞིག་ཡིན་ནོ།། གཞན་བཀའ་ཁྲི་ལ་སེར་མོ་བ་ཞིག་སླེབས་ཚེ་ད་གཟོད་ང་ཚོའི་བྱ་བཞག་ཚང་མ་ཚར་སོང་བའི་སྣང་བ་རྒྱུན་ཏུ་འབྱུང་གིན་ཡོད། རྒྱུ་མཚན་ང་ཚོ་ད་བར་དུ་སེར་མོ་བ་དང་ཆོས་ལུགས་ཀྱིས་གཙོ་སྐྱོང་གནང་ནས་འོང་བ་ཡིན་པས་ཕྱིར་རྟོག་ནན་པོ་རེ་གྱིས་དང་ཤེས་ཡོང་གི་རེད། ངའི་མཆན་འདི་མཐོང་ཚེ་ཕྱི་སྡོད་པ་གོབ་ཏོ་དག་གིས ༧ བླ་མ་རིན་པོ་ཆེའི་མཚན་དྲངས་ནས་ལན་འདེབས་སྲིད་མོད། དེ་ལ་ངས་དམིགས་བསལ་གྱི་ལན་གཞན་ཞིག་རྒྱག་གི་ཡིན།
མུ་མཐུད་ནས་མཆན་ཐོབས་དང་། ད་ཡིན་ན་ངའི་དགོངས་དོན་རྟོགས་མཁན་མང་རུ་མང་རུ་འགྲོ་གི་འདུག་ཡ།
ངའི་རྟེན་ན་དཀར་སློན་འཁྲུར་པ་རྒྱ་རི་སྒྲོལ་མ་ཡ་པོ་འདུག །ཚང་མའི་འོས་ཤོག་སླུག་རོག་ཞུ། ཐུགས་རྗེ་ཆེ།
ཨ་རྒྱ་བླ་མ་ལས་རྒྱ་རི་སྒྲོལ་མ་དགའ་ངེས་པ་རེད།༽
ནོར་བུ་འཟང་བོ་གས་བསམ་ཚུལ་གཏོན་གནང་པ་ཐུགས་རྗེ་ཆེ།།
བཀའ་བློན་ཁྲི་པ་དེ་ཤེས་འཇོན་གཉིས་ལྡན་ཞིག་དགོས་པ་ཆོལ་གསུམ་བོད་པ་ཡོངས་ཀྱི་ཁས་ལེན་བྱིད་ཀྱི་ཡོད་མོད་འོན་ཀྱང་ད་ལྟའི་བཙན་འབྱོར་ཁྲོད་དུ་དེ་ལྟ་བུ་མི་རག་ཡག་དཀའ་ལས་ཁག་པོ་རེད་འདུག།རྒྱ་རི་སྒྲོལ་ཅ་ཡོང་ཨི་ཡོང།།
ཁྱེད་ཚོས་རང་འདོད་ཀྱི་ཞེན་ཁོག་རྐྱང་རྐྱང་བཤད་ནས་བཀའ་བློན་ཁྲི་པ་ཚད་ལྡན་ཞིག་ཡོང་ས་མ་རེད།དུས་ཚོད་སྟོང་ཟད་གཏོང་མཁན་ཞིག་ཡོང་ན་མི་
དུས་སོ་མི་མང་ཆེ་བའི་དཀར་བློན་འཁྲི་པ་གྲ་པ་མིན་པ་ཞིག་དགོས། ལམ་གི་འདུག ང་ཧ་སོ་གི་འདུག ག་ཡིན་ཟེར་ན། གྲ་པ་རྒྱ་ཆ་༩༥་བླ་མ་སྐུ་མཆོག་རིད། རྒྱུ་ཟ་ཟས་འབྱོར་ཡང་གིས་མ་རིད། ངོ་ཤིས་ངོ་མེན་ཡང་གིས་མ་རེད། སྐད་ཆ་ག་རི་ཡིན་ན་ལམ་ཐོབ་གི་རེད། ཉེར་རེ་ཆ་རྡང་བྱེ་གྲ་ཡང་གི་མ་རེད། བླ་མ་སྐུ་མཆོག་གིས་ལམ་ལ་འགྲོ་འུ་རིད། མི་སྐྱར་ཚོ་ལ་བྱིད་ན། རྒྱ་ཆ་༤༥་བླ་མ་མཆོག་ཡིན་ན། ངས་མི་སྐྱ་ཚང་ལ་ཁ་དོ་པ་མིན། ང་རང་ཡིན་ན་མི་སྐྱ་ཞིག་ཡིན། འབྱིན་ཐང་ཟེར་བ་དེ་གནས་ཚུ་ཁ་ཁ་རིད། ངས་དཀར་བློན་འཁྲི་པ་གྲ་པ་དགོས་འུ་རིད་ཡང་ལམ་འུ་མེད། ངའི་ཡི་གེ་དར་ཆ་ཡ་པོ་མེད་པའི་དགོང་འགའ་མེད་ཞུ། དོན་ལ་རྟར་རོག་ཞུ། བོད་རྒྱལ་ལོ།
མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན།
འདོན་སྤེལ། ༢༠༡༠/༠༤/༢༦
མདོ་སྟོད་མི་མང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་སྤྱི་དོན་སྒྲུབ་མཁན་ཞིག་དང་། ཤེས་འཇོན་ལྡན་པའི་བཀའ་ཁྲི་དང་སྤྱི་འཐུས་ཡོང་རྒྱུར་བགྲོ་གླེང་དང་གྲོས་བསྡུར་གནང་གི་ཡིན་ཟེར།
ཕྱི་ཚེས་ ༢༥ དང་རེས་གཟའ་ཉི་མའི་ཉིན་མདོ་སྟོད་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༨ དེ་ངྷ་ས་མེག་གྷན་ཡོངས་གླིང་སློབ་གྲྭའི་ཉེ་ཁུལ་དུ་འཚོགས་ཡོད། དེར་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ས་གནས་ཁག་ ༡༧ ཙམ་གྱི་སྐུ་ཚབ་འཐུས་མི་རྣམས་ཚོགས་ཞུགས་གནང་ཡོད་ཅིང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་ལི་ཐང་ཨ་འབྲུག་ཚང་གི་ལྕམ་སྐུ་ཆོས་སྐྱིད་ལགས་ཕེབས་ཡོད་འདུག
ཉིན་དེར་སྐུ་མགྲོན་གཙོ་བོ་ལྕམ་སྐུ་ཆོས་སྐྱིད་ལགས་ཀྱིས་གསུང་བཤད་གནང་དོན། ད་ལྟའི་ཆར་གལ་ཆེ་ཤོས་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་གདམ་རྒྱུར་དུས་ཡུན་རིང་བོ་མེད། དེའི་སྐབས་ཚང་མས་ཐུགས་སྣང་ཆེན་པོ་གནང་རྒྱུ་དང་། དངོས་གནས་དྲང་གནས་སྤྱི་འཐུས་སྤུས་དག་པོ་སླེབས་རྒྱུར་གྲ་སྒྲིག་གནང་དགོས་ཀྱི་འདུག་ཅེས་གསུངས།
ཁོང་གིས་ད་དུང་། འདིའི་སྔོན་ང་ཚོའི་སྤྱི་འཐུས་དེ་ཚོས་གང་འདྲ་གནང་མིན་བཙན་བྱོལ་ཙམ་མ་ཟད་བོད་ནང་ལོགས་སུའང་ཁྱབ་བསྡད་ཡོད། སྤྱིར་བཏང་ང་ལ་དེ་རིང་ཞུ་འདོད་མེད་ནའང་། རང་ཉིད་མདོ་སྟོད་མི་མང་ཞིག་ཡིན་པའི་ཆ་ནས་ཞུས་ན། སྐབས་དེར་༧གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ནས་མཛད་འཕྲིན་ཧ་ལས་པ་བསྐྱངས་གནང་མཛད་སྐབས། གྲོས་ཚོགས་ཀྱི་ཚོགས་འདུའི་སྟེང་ཁོང་ལ་དབུ་འོག་དཔུང་གདེགས་གནང་སྟེ་ཁོང་ཚུར་ཕེབས་དུས་དངོས་གནས་དྲང་གནས་ཐུགས་དགྱེས་དགོས་པ་ཞིག་བྱེད་དགོས་ནའང་། སྐབས་དེར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་དབུ་ཁྲིད་པའི་མདོ་སྟོད་སྤྱི་འཐུས་ཚང་མ་མར་ཐོན་གནང་སོང་། རང་ཉིད་མདོ་སྟོད་ཡིན་པའི་ཆ་ནས་དཔེ་མི་སྲིད་པའི་བློ་ཕམ་བྱུང་།
༧གོང་ས་མཆོག་གི་མཛད་འཕྲིན་དེ་ཙམ་ཞིག་རྒྱས་བཞིན་པ་དང་བོད་ནང་དུ་ཛ་དྲག་གི་གནས་སྟངས་དེ་ལྟ་བུ་ཞིག་ཏུ་ཐུག་ཡོད་སྟབས། ནམ་རྒྱུན་གྲོས་ཚོགས་ནང་བོད་མི་མང་ཟེར་ནས་ཁ་རུ་འཁྱེར་གྱིན་ཡོད་ནའང་། དོན་ཐོག་ཏུ་བབ་དུས་གང་འདྲ་གནང་མིན་ཚང་མས་མཁྱེན་གསལ་ལྟར་རེད། ཧ་ཅང་གི་བློ་ཕམ་བྱུང་ཞེས་གསུངས་ཡོད།
མཇུག་ཏུ་ཁོང་གིས། སྐབས་རྗེས་མའི་བཀའ་སྤྱི་གཉིས་གདམ་སྐབས་མི་མང་ཚང་མས་གཟབ་གཟབ་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
དེ་བཞིན་ཉིན་དེར་ནང་གསེས་དོན་ཚན་ལྔ་ཅན་གྱི་ཚོགས་འདུ་ངོ་སྤྲོད་ཀྱི་ཡིག་ཆ་ཞིག་གི་ནང་གསེས་དོན་ཚན་གཉིས་པའི་ནང་བཀོད་དོན། འདི་ལོ་ནི་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་དང་སྐབས་ ༡༤ པའི་བཀའ་བློན་ཁྲི་པ་འོས་བསྡུ་ཞུ་རྒྱུའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། བོད་འབངས་རྣམས་ལ་འཛམ་གླིང་ཐོག་གི་རྒྱལ་ཁབ་སྲིད་གཞུང་སུ་ལའང་སྔར་བྱུང་མྱོང་མེད་པའི་དམངས་གཙོའི་ཐོབ་ཐང་ཡོད་པ་འདི་ནི། ༧གོང་ས་མཆོག་གི་ཐུགས་རྗེ་ཁོ་ན་ལས་བྱུང་བ་དང་། དེའང་སྔ་དེང་གི་འཛམ་གླིང་སྤྱི་སྲོལ་དང་འཚམས་པའི་ཁྲིམས་ལུགས་དང་བཅའ་ཁྲིམས་ཐོག་ནས་དམངས་གཙོའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་གཏན་འབེབས་ཟིན་ཡོད།
སྲིད་བྱུས་གཏན་འབེབས་ཟིན་པའི་རྗེས་སུ་རག་ལས་སའི་རྒྱུ་རྐྱེན་གཙོ་བོ་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པ་དང་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པར་ཐུག་ཡོད། རང་ཅག་བོད་མི་བཙན་བྱོལ་བ་རྣམས་ལ་མཚོན་ན། འཛམ་གླིང་འདིའི་ཐོག་གི་རྒྱལ་ཁབ་དང་སྲིད་གཞུང་སུ་ལའང་མེད་པའི་མང་གཙོའི་ཁེ་དབང་འཕྲོག་རྩོད་མ་དགོས་པར་༧གོང་ས་མཆོག་གིས་གསོལ་སྩལ་གནང་ཡོད།
དེ་ཡང་འགན་དབང་གཉིས་ཀ་མི་མང་ལ་ཡོད་པ་ཡིན་སྟབས་འོས་ཤོག་དེ་མི་སུ་འདྲ་ཞིག་ལ་ལྡུག་མིན་གྱི་ཐོབ་ཐང་དང་དབང་ཆ་ལོ་ན་སོན་པའི་བོད་མི་ཚང་མར་ཡོད་ལ། འོས་ཤོག་ལྡུག་སའི་གང་ཟག་དེས་སྤྱི་དོན་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཡིན་པར་འོས་ཤོག་ཕུལ་མཁན་གྱི་གང་ཟག་སོ་སོས་འགན་ལེན་ཐུབ་པ་ཞིག་དང་། འོས་ཤོག་འབུལ་སའི་གང་ཟག་དེས་འོས་ཆོས་དང་ལྡན་པའི་སྤྱི་དོན་ཐད་ལྷག་བསམ་རྣམ་དག་གནང་གི་ཡོད་མེད་ལ་བལྟ་ཞིབ་དང་། བསམ་འཆར་འབུལ་རྒྱུའི་འགན་དབང་གཉིས་ཀ་མི་མང་གིས་ལོངས་སུ་སྤྱོད་ཆོག་པ་ཞིག་ཡིན།
འོན་ཀྱང་། རང་ཅག་བཙན་བྱོལ་བོད་མི་རྣམས་ཀྱིས་མགོན་པོ་མཆོག་གིས་བསྩལ་བའི་དམངས་གཙོའི་ཐོབ་ཐང་གི་འགན་དབང་ཇི་བཞིན་ལག་བསྟར་མ་ཐུབ་པའི་དབང་གིས། ད་བར་སྤྱི་འཐུས་ཚད་ལྡན་འོས་འདེམས་ཞུ་མ་ཐུབ་པར་བརྟེན། སྐབས་སོ་སོའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཐེངས་མང་ཆེ་བའི་ནང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་རྩིས་མེད། ཡང་ན་འགྲེལ་བཤད་གཞན་ཞིག་བརྒྱབ་སྟེ་རང་དོན་ཕྱོགས་ལྷུང་དང་འགན་མིན་ཞེན་འཛིན། ཐ་ན་དཔུང་སྒྲིག་གིས་མི་གཞན་ལ་འཇིགས་སྐུལ་དང་གནོན་ཤུགས་སྤྲད་དེ། གཞན་གྱི་དྲང་ཚུགས་དང་ལྷག་བསམ་བཅས་ལ་རྡུང་རྡེག་ཚབས་ཆེན་བཏང་ཡོད། ཅེས་སོགས་གསལ་ཡོད།
དེར་བརྟེན་ཐེངས་འདིའི་ཚོགས་ཆེན་སྟེང་མདོ་སྟོད་མི་མང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་སྤྱི་དོན་སྒྲུབ་མཁན་ཞིག་དང་། ཤེས་འཇོན་ལྡན་པའི་སྤྱི་འཐུས་ཤིག་ཡོང་རྒྱུར་བགྲོ་གླེང་དང་གྲོས་བསྡུར་གནང་རྒྱུ་ཡིན་འདུག་ལ། ཐེངས་འདིའི་མདོ་སྟོད་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་སྐབས་ ༣༨ པའི་ཚོགས་འདུ་འདི་ཉིད་ཕྱི་ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་རིང་འཚོགས་གཏན་འཁེལ་ཡོད་འདུག