རྡོ་རྗེ་ཚེ་སྲུང་།
ར་ཤེ་ཡ་དང་། རྒྱ་ནག ཨ་རི་གསུམ་པོའི་བར་གྱི་འགལ་འབྲེ ལ་གྱི་གདོང་རིས་ངོ་མ་དེ་མཐོང་ཐུ བ་མཁན་ང་གཅིག་པོ་ཡིན་ནམ་སྙམ་པའི ་དོགས་པ་སྐྱེས་དགོས་ཐུག་བྱུང་། གཅིག་བྱས་ན། ང་རང་དྲ་ཐོག་གི་དཀྲོག་གཏམ་སྤེལ་ མཁན་ཚོའི་ནང་དུ་འཛུལ་ཆེ་སོང་བས་ ཡིན་སྲིད། ཡུལ་སྡེ་ཆེན་པོ་འདི་གསུམ་གྱི་ འགལ་འབྲེལ་ནི་ཕྱོགས་གཉིས་ནས་མི་ ལྟ་བར་ཕྱོགས་གསུམ་ནས་ལྟ་ཐུབ་དགོ ས། མི་མང་པོའི་སེམས་ལ་ར་ཤེ་ཡ་དང་རྒྱ ་ནག་གཉིས་པོའི་བར་ན་མཛའ་འབྲེལ་ བརྟན་པོ་ཞིག་ཡོད་པར་ངོས་འཛིན་ མཁན་མང་། དེ་བཞིན་དུ་ཨ་རི་དང་རྒྱ་ནག ཨ་རི་དང་ར་ཤེ་ཡའི་བར་ན་མི་མཐུན་ པ་ཆེན་པོ་ཞིག་ཡོད་སྣང་ཤར་མཁན་ ཡང་མི་ཉུང་བ་ཞིག་ཡོད།
འོན་ཀྱང་། དོན་དངོས་ཡོད་ཀྱི་གནས་སྟངས་ནི་ དེ་ལྟ་བུ་ཞིག་གཏན་ནས་མིན། ཨ་རི་དང་ར་ཤེ་ཡའི་བར་ན་དེ་ཙམ་ འགལ་བ་ཆེན་པོ་མེད་ཐོག་ཨ་རི་དང་ རྒྱ་ནག་གི་བར་ན་དེ་བས་ཀྱང་མི་ མཐུན་པ་ཆེན་པོ་གཏན་ནས་མེད། ཕན་ཚུན་བར་ལ་དོག་པ་རྣམ་རྟོག་ཆེ ས་ཆེན་པོ་ཡོད་ས་དེ་ནི་རྒྱ་ནག་ དང་ར་ཤེ་ཡའི་བར་ཡིན་པར་འདོད། ཨ་རི་སྟོབས་ཤུགས་ཆེན་པོ་ཆགས་ན་ རྒྱ་ནག་དང་ར་ཤེ་ཡའི་གཉིས་ཀའི་སེ མས་གཏིང་ན་དེ་ཙམ་མི་བཟོད་པ་མེད་ མོད། གལ་སྲིད་ར་ཤེ་ཡ་སྟོབས་ཆེན་རྒྱལ་ ཁབ་ཨང་དང་པོ་ཆགས་ཡོང་ན་དེ་ནི་རྒྱ ་ནག་ལ་མཚོན་ན་ཆེས་མི་དགའ་ས་དེ་ རེད། དེ་བཞིན་དུ་རྒྱ་ནག་སྟོབས་ཤུགས་ ཆེན་པོ་ཆགས་ཡོང་ན་ར་ཤེ་ཡ་ཡང་མི་ དགའ་བ་གསལ་པོ་རེད།
ཡ་མཚན་པ་ཞིག་ནི། ར་ཤེ་ཡས་ཡུ་ཁུ་རེན་ལ་དཔུང་འཇུག་ བྱས་པ་དེས་ནི་རྒྱ་ནག་རེ་དོགས་ གཉིས་ཆར་གྱི་ཀློང་དུ་ཚུད་བཅུག་ ཡོད། ཕྱོགས་གཅིག་ནས་ར་ཤེ་ཡས་ཡུ་ཁུ་རེ ན་དབང་དུ་བསྡུ་བ་ལམ་ལྷོངས་བྱུང་ སོང་ན་དེས་ནི་རྒྱ་ནག་གིས་ཐའེ་ ཝན་ལ་བཙན་འཛུལ་བྱས་ན་ཡང་ཁྲིམས་ མཐུན་དུ་འགྱུར་བར་ཕན་པ་དང་། ཕྱོགས་གཞན་ཞིག་ནས་ར་ཤེ་ཡའི་སྟོ བས་ཤུགས་དང་རྒྱ་སྐྱེད་ཧམ་ཤེད་ཇེ ་ཆེར་སོང་ན་རྒྱ་ནག་གི་ས་མཚམས་ན་ ཡང་ལོ་རྒྱུས་སྟེང་དུ་རྩོད་རྙོ གས་ཡོད་སའི་ས་ཆ་མི་ཉུང་བ་ཞིག་ཡོ ད་པས་ར་ཤེ་ཡས་རྙོགས་དྲ་སློང་སྲི ད་པས་མགོ་རྙོགས་ཤིག་ཏུ་ཡང་འགྱུ ར་སྲིད་པ་རེད།
རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་དང་ར་ཤེ་ཡའི་བར་ན་ས་ མཚམས་ཀི་ལོ་མི་ཊར་༤༢༠༩ཡོད་ཅིང་། འཛམ་གླིང་སྟེང་གི་རྒྱལ་མཚམས་རི ང་ཤོས་ཨང་དྲུག་པ་རེད། ༡༩༦༩ལོ་ནས་་ཨུ་རུ་སུ་སོ་ཝིད་ མཉམ་འབྲེལ་དང་རྒྱ་ནག་བར་ལ་ས་ མཚམས་རྩོད་རྙོགས་ཀྱི་དམག་འཁྲུ གས་དངོས་སུ་ལངས། ཕྱོགས་གཉིས་ཀས་ཕྱིར་བསྒྲགས་བྱས་ པའི་གྲངས་འབོར་མི་འདྲ་ཡང་ལུས་སྲོ ག་དང་རྒྱུ་ནོར་གྱོང་གུད་ཀྱང་ཚབ་ ཆེན་བྱུང་། ས་མཚམས་སྐོར་ལ་གྲོས་མོལ་མུ་མཐུ ད་ནས་བྱས་ཀྱང་བརྟན་ལྷིངས་ཡོང་མ་ ཐུབ་པར་ལུས་པ་༡༩༩༡ལོར་གཞི་ནས་ས་ མཚམས་སྐོར་གྲོས་མཐུན་བྱུང་ཐུབ་ ཙམ་བྱུང་ཡོད།
ར་ཤེ་ཡ་དང་། རྒྱ་ནག་བར་གྱི་རྩོད་རྙོགས་དེ་ལ་ བརྟེན་ནས་ཨ་རི་དང་རྒྱ་ནག་བར་ལ་ འབྲེལ་བ་ཡག་པོ་ཡོང་མགོ་ཚུགས། ༡༩༧༡ལོར་ཨ་རིའི་རྒྱལ་སྲུང་དྲུང་ ཆེ་ཧེན་རིས་ཁེ་སིན་ཇུར་(Henry Kissinger)་གྱིས་གསང་བའི་ལྟ་སྐོ ར་དང་གྲོས་མོལ་བྱེད་དུ་རྒྱ་ནག་ ལ་སོང་། དེ་ལ་བརྟེན་ནས་༡༩༧༢ལོར་ཨ་རིའི་ སྲིད་འཛིན་རི་ཆར་ཌི་ནིག་སོན་( Richard Nixon)རྒྱ་ནག་ལ་མགྲོན་འབོད་བྱས།
ལྷག་པར་ཡང་། ༡༩༧༠སྨད་ཙམ་ནས་རྒྱ་ནག་མགོ་ཁྲིད་