ཨ་ལ་ལ་མོ་དགའ་བའི་གླུ་དབྱངས་ལེན།།
ཐ་ལ་ལ་མོ་སྐྱིད་པའི་བྲོ་གར་རྩེད།
ས་དང་ས་ངོ་ཁྱོད་ཀྱིས་མ་ཤེས་ན།།
ས་འདི་རྡ་ས་འཕགས་པའི་ཞིང་ཁམས་རེད།
སྐུ་དང་སྐུ་ངོ་ཁྱོད་ཀྱིས་མ་ཤེས་ན།།
འཕཊ་མཆོག་སྤྱན་རས་གཟིཊ་དབང་འཁྲུལ་མེད་རེད།།
བྱམས་བརྩེ་ཉི་འོད་རྟག་ཏུ་འཚེར་འཚེར་འཕྲོ།།
ཞལ་གསུང་བདུད་རྩིའི་བྱིན་རླབས་ཤག་ཤག་འབབ།།
བདེ་དང་བདེ་མོ་ཟེར་བ་མ་ཤེས་ན།།
ཁེངས་དྲེགས་ང་རྒྱལ་ལངས་དུས་བདེ་མོ་མེད།།
འདོད་ཆགས་ཞེ་སྡང་སྐྱེས་དུས་བདེ་མོ་མེད།།
ཕྲག་དོག་ངོ་ཚ་འཕེལ་དུས་བདེ་མོ་མེད།།
བཅུ་དྲུག་ལོ་ནས་བོད་མིའི་འགན་འཁུར་བཞེས།།
ལོ་ངོ་དྲུག་ཅུ་རེ་བཞིར་བོད་དོན་མཛད།།
ཆོས་ལུགས་སྣ་ཚོགས་མཐུན་སྒྲིལ་ལམ་ལ་དྲངས།།
འཛམ་གླིང་ཞི་བདེའི་རྒྱལ་པོར་མངལ་དབང་གསོལ།།
བརྒྱད་ཅུའི་གྱ་སྟོན་ཁྱོད་ཀྱིས་མ་ཤེས་ན།།
དགུང་ལོ་བརྒྱད་ཅུར་ཕེབས་དུས་བརྒྱད་ཅུ་དང་།།
ཚེ་རིང་གཟི་བརྗིད་རླབས་ཆེན་འབྲས་བུ་ལ།།
བརྒྱད་ཅུའི་གྱ་སྟོན་ཟེར་ནས་འབོད་ཀི་ཡོད།།
གླིང་གླུར་སྦྱར་བའི་གྱ་སྟོན་འདི། །
་
ས་འདི་ས་ངོ་མ་ཤེས་ན། །
ས་འདི་དྷ་ས་འཕགས་པའི་ཡུལ། །
༸སྐུ་འདི་སྐུ་དངོས་མ་ཤེས་ན། །
༸སྐུ་དངོས་སྤྱན་རས་གཟིགས་དབང་རེད། །
་
ཀརྡོ་ང་ཡིས་ཁ་བརྡར་ཕུལ། །