རྔ་བ་ཀུན་བཟང་།
ཨ་ལ་ལ་མོ་ཞེས་པའི་གླུ་དབྱངས་དང་གླུ་བ་གཉིས་གོ་མྱོང་མཁན་མང་ནི་རེད། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་ལོ་ཆུང་ཁྲོད་ན་གླུ་བ་བསོད་བཀྲ་མི་ཤེས་མཁན་ཧ་ལམ་ཉུང་ཉུང་རེད་འདོད། རྒྱུ་མཚན། གླུ་བ་ཁོང་གི་དབྱངས་དང་། སྒྲ། བརྙན་སོགས་ལ་མཚོན་ན་དེང་རབས་ཀྱི་འཚོ་བ་དང་། གསར་གཏོད་ཀྱི་ཁྱད་ཆོས། མཛེས་དཔྱོད་ཀྱི་རྣམ་པ་ལྡན། དཔེར་ན། <<གངས་ཅན>>དང་། <<ཁམས་བདེ། >> <<གཏམ>> ཨ་ལ་ལ་མོ་ཞེས་པའི་གླུ་ཚིག་ནང་ལ་མི་རིགས་ཤིག་གི་རེ་བ་དང་། རྨི་ལམ། ལས་དབང་། སྐྱོ་གར་སོགས་དབྱངས་དང་ཚིག་གི་ལམ་ནས་བརྗོད་ཡོད་པ་ཧ་ཅང་གསལ།
ཡང་ཕྱོགས་གཞན་ནས་དཔྱད་ན། སྒྱུ་རྩལ་བ་བསོད་བཀྲ་དང་ཁོང་གི་གླུ་ཚིག་ནང་ལ་དེང་རབས་ན་གཞོན་རྣམས་ལ་ཁ་བརྡ་དུ་མ་ཞིག་གནང་འདུག དཔེར་ན། <<ད་སད་ན་རེད་>> དང་། <<རང་ལ་ཡིད་ཆེས་དགོས>> <<བཞུར>> ལ་སོགས་ཀྱི་ནང་ལ་
དུས་རབས་ཀྱི་འགྱུར་ཤུགས་ཁྲོད་ནས་ལོ་ཆུང་དུ་མ་ཞིག་རང་མགོ་རང་ཐོན་དང་། རང་ཁ་རང་གསོ། རང་ངོ་རང་ཤེས། གསར་གཏོད་ཀྱི་སྙིང་སྟོབས། མི་རིགས་ཀྱི་རྟོགས་སད། རང་ཉིད་ལ་ཡིད་ཆེས་སོགས་དགོས་པའི་བརྡ་ལན་དང་མཉམ་དུ་རང་རྐང་ནས་ལངས་དགོས་པའི་རེ་འབོད་ཡང་ཤུགས་ཆེ་གནང་འདུག ད་དུང་། ང་རང་ཉིད་ལ་མཚོན་ན་ཡང་དྲ་ལམ་ན་ཡོད་པའི་ཁོང་གི་གླུ་གཞས་དུ་མ་ཞིག་ཉན་མྱོང་། གཙོ་བོ་དེ་ཁོང་གི་ཚིག་ཡག་གི སྒྲ་སྙན་གི དབྱངས་ཡག་གི རྣམ་པ་བཟང་གི བརྙན་རེ་རེ་ལ་སྒྱུ་རྩལ་ལྡན་གི དེའི་ཕྱིར་ང་རང་ཉིད་ཀྱི་འཚོ་བ་ཞིག་ལ་མཚོན་ན་གླུ་དབྱངས་ནི་ཚེ་སྲོག་གསོ་བའི་ཆང་ཡིན་ལ། བདེ་སྐྱིད་ཀྱི་རྩ་བ་གལ་ཆེན་ཞིག་ཀྱང་ཡིན།
མཛངས་མ་རྔ་བ་ཀུན་བཟང་ལགས་ཀྱི་དཔྱད་གཏམ་བདུད་རྩིའི་ཉིང་ཁུ་འདྲ་བ་དེ་བཀླགས་པ་བརྒྱུད་ཨ་ལ་ལ་མོ་གླུ་དབྱངས་དེར་སྔར་བས་དོ་སྣང་ཆེ་རུང་སོང་ཏེ་ཐེངས་འགར་ལྟ་ཉན་བྱས་པ་ཡིན། ཀུནབཟང་ལགས་ཐུགས་རྗེ་ཆེ།