མཁས་དབང་ཆེན་མོ་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས།
སྤེལ་དུས། 2011-04-19ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྲིགས།
མཁས་དབང་ཆེན་མོ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་བར་གྱི་འབྲེལ་བ་སོགས་ཀྱི་ཐད་ལ་གླེང་མོལ་བྱེད་པ།
ཟླ་༤པའི་ཚེས་༡༨ཉིན་གྱི་སྔ་དྲོར། བོད་ཀྱི་མཁས་དབང་ཆེན་མོ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་གདན་ཞུས་ལྟར་སློབ་གྲྭར་ཕེབས་ནས་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་བར་གྱི་འབྲེལ་བའི་བརྗོད་བྱ་གཙོ་བོ་བྱས་ནས་ཨ་རིའི་ནུའོ་ཡའོ་སློབ་གྲྭ་གསར་པའི་རྒྱ་བོད་ཞིབ་འཇུག་ཁང་གི་དབུ་གཙོ་ཨ་ཤུ་ཀ་དང་།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་བཀྲ་ཤིས་དང་ཀརྨ་རྒྱལ་མཚན།བོད་ཀྱི་མཁས་དབང་སྡེ་རོང་ཚེ་རིང་དོན་གྲུབ་སོགས་དང་།བོད་ཡིག་སློབ་གྲྭའི་དགེ་ཁག་ཅིག་དང་ལྷན་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་གནད་དོན་དང་སྲུང་སྐྱོབ་བྱ་ཐབས་སྐོར་ལ་བཞུགས་མོལ་གནང་བ་རེད།
མཆོག་སྤྲུལ་ཐུབ་བསྟན་ཉི་མ་ལགས་ཀྱིས་བཀའ་སློབ་གནང་བཞིན་པ།
བཞུགས་མོལ་མཇུག་སྒྲིལ་རྗེས། མཆོག་སྤྲུལ་ཐུབ་བསྟན་ཉི་མ་ལགས་ཀྱིས་སི་བོད་སློབ་གྲྭའི་དགེ་སློབ་ཡོངས་ལ་ལུས་ངག་ཡིད་གསུམ་དྲང་པོ་འཛིན་ནས་བོད་ཀྱི་མི་རིགས་དང་རིག་གནས་ལ་ཕན་ཐོག་པའི་ལས་དོན་འབད་དགོས་པའི་སྐོར་གྱི་བཀའ་སློབ་གནང་བ་རེད།
དགའ་འོས་པའི་དོན་ཆེན་ཞིག་རེད། ཁང་གི་རྣམ་ཐར་མདོར་བསྡུས་ཤིག་སུས་མཁྱེན་གྱི་ཡོད་དམ།
http://www.amdotibet.cn/html/dt/whjy/2011-04/10629.html
འདིར་སྐབས་དེའི་གཟན་དཀར་རིན་པོ་ཆེའི་སྐུ་པར་གལ་ཆེན་གཉིས་དང་གནས་བསྡུས་འདུག་ལགས།
མཆོག་སྤྲུལ་ཐུབ་བསྟན་ཉི་མ་ཁོང་ལྟ་བུའི་མཁས་དབང་ཆེན་མོ། ཁོང་ལྟ་བུའི་ཤེས་འཇོན་གཉིས་ལྡན་ཞིག་དུས་རབས་འདིར་ཧ་ཅང་གི་ཉུང་ཉུང་ཡིན། ཁོང་ནི་གངས་ལྗོངས་ཀྱི་རྒྱན་ཆ་ཡིན། དུས་རབས་འདིར་ཁོང་ལ་འགྲན་ཟླ་མེད།
རྡ་རམ་ས་ལའི་ཕྲག་དོགས་ཀྱི་ལུང་པ་འདི་ནས་ཁོང་གི་ཡོན་ཏན་ནི་སུས་ཀྱང་མཐོང་མི་སྲིད། བོད་གཞུང་གི་གཞུང་ཞབས་ལྐོག་ཟ་རུལ་སོང་གི་རྒྱས་མོ་ཚོས་ཁོང་ལྟ་བུའི་དམ་པའི་སྐྱེས་བུའི་ཡོན་ཏན་མཐོང་མི་སྲིད་ལ། གལ་སྲིད་མཐོང་ཡང་ཁོང་ཚོ་ལ་ཁེ་བཟང་མེད་ཚེ་ཁོང་གི་ཡོན་ཏན་གླེང་མི་སྲིད། ཁོང་ལྟ་བུའི་འགྲ་ཟླ་མེད་པའི་མི་སྣ་ཚོ་སྐུང་ཅི་ཐུབ་བྱེད་ཀྱི་རེད། དྲང་མོ་བཤད་ན་རྒྱ་མི་ལས་ཀྱང་ཁོང་ཚོ་སྡུག་གི་རེད། ཁོང་ནི་འགྲ་ཟླ་མེད་པའི་མཁས་དབང་དང་། ཤེས་ཡོན་པ་ཆེན་པོ། ལྷག་བསམ་ལྷད་མེད། ཁོང་ནི་ངོ་མཚར་ཆེ་ཡ།
དུས་རབས་གཅིག་གི་རིག་པའི་དཔའ་བོ་སྟེ། །
གནའ་དེང་ཤེས་བྱ་འབུམ་གྱིས་ཐུགས་རྒྱུད་ཕྱུགས། །
བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོངས་ལ། །
འགྲན་གྱི་ཟླ་མེད་ཐུབ་བསྟན་ཉི་མ་རྒྱལ། །
ཀུན་ཕན་ཉི་མའི་གཟི་འོད་འཕྲོ་བའི་ཚེ། །
འབྱུང་བྱའི་མིག་ལ་སྣང་བའི་གོ་སྐབས་བཞིན། །
ཤེས་རིག་འབུམ་གྱིས་འོད་སྣང་དང་འགྲོགས་པའི། །
གངས་ཅན་མགོན་ཁྱེད་ཕལ་གྱིས་མཐོང་མི་སྲིད། །
འཇིགས་གླིང་སྐུ་ཕྲེང་བཞི་བ་གཟན་དཀར་རིན་པོ་ཆེ་མཆོག་ནི་བནྡེ་དང་བོན་པོ། སྐྱ་བོ་དང་སེར་མོ། མི་མང་དཀྱུས་མ་དང་གཞུང་ལས་ཆེན་པོ་སོགས་ཀུན་ལ་བཀའ་དྲིན་ཆེ་བ། སུ་ཁྲོན་བོད་ཡིག་སློབ་གྲྭ་རྩ་འཛུག ལྷ་ནུབ་མི་རིགས་སློབ་གྲྭ་དང་རྫོགས་ཆེན་སློབ་གྲར་སློབ་ཁྲིད་སོགས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་ལ་དལ་བ་མེད་པར་འབད་རྩོད་གནང་པ་དང་། ཁྱད་པར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་བཞིན་བཀའ་བསྟན་དཔེ་བསྡུར་མ་ལེགས་འགྲུབ་གནང་བར་མ་ཟད། བོན་པོའི་བཀའ་འགྱུར་ལ་པར་བསྐྲུན་ལ་ཕྱག་རོགས། ཕུར་བ་ཕྱོགས་བསྡུས་པོད་ལྔ་བཅུ། བཀའ་གདམས་དཔེ་རྙིང་ཕྱོགས་བསྡུས་པོད་བརྒྱ། ཕྱག་བྲིས་ཕྱོགས་བསྡུས། མཁྱེན་རྩེའི་འོད་སྣང་། ཤེས་བྱའི་གཏེར་བུམ་ཟེར་བ་སོགས་དཔེ་ཚོགས་མང་པོ་པར་བསྐྲུན་གནང་། སྔོན་ཁོང་རང་ལྟོ་སྐྱ་གོས་ཧྲུལ་བྱས། ཉམ་ཆུང་བྱ་བྲལ་བའི་མཛད་པ་ཁོ་་ན་བསྐྱངས་ཏེ་་རང་གི་ཟླ་ཕོག་ཡང་གཞན་པ་སློབ་ཡོན་དང་སྐྱོབ་གསོ་བྱས་ཚུལ་རྣ་བའི་གོ་བ་ཙམ་གྱིས་མིག་ནས་མཆི་མ་ཤོར་བ་ཞིག་ཡོད། ནུབ་བྱང་མི་རིགས་སློབ་གྲྭའི་རྒན་དགེ་ལེགས་དང་། ལྕགས་ལ་བུ་ཕྲུག རྒན་པད་རྡོར་སོགས་རྒྱུས་ཡོད་ཀུན་ཀྱིས་གཟན་དཀར་རིན་པོ་ཆེས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་ཆེད་ཉིན་མཚན་མེད་པར་བརྩོན་པ་བསྐྱེད་པ་མཐོང་ཚེ་རང་ཤུགས་ཀྱིས་གུས་པ་འཕེལ་ཡོང་ཚུལ་བཤད་མྱོང་། དེ་འདྲའི་རླབས་ཆེན་གྱི་སྐྱེས་བུ་སྐུ་ཚེ་ཞབས་པད་བརྟན་པར་ཤོག
ཁོང་གི་སྐུ་པར་དེ་མཐོང་ནས་མིག་ཆུ་ཤོར་སོང་། ཁོང་ཡང་དགུང་ལོ་ཆེན་པོར་ཕེབས་འདུག ང་ཚོའི་དཔེ་ཆ་མང་པོ་མཇའ་བའི་བསོད་ནམས་བྱུང་བ་འདི་ཁོང་གི་པར་བསྐྲུན་གྱི་ཕྲིན་ལས་དང་འབྲེལ་ཡོད། མཁས་དབང་དམ་པ་འདི་ཉེ་བའི་ལོ་སུམ་ཅུའི་རིང་མཚན་མོ་ཡང་གཟིམ་ལོང་མེད་པར་དཔེ་བསྡུར་དང་ཞུ་དག་མཛད་ནས་བཞུགས་ཡོད་ཚུལ་གོ་བས་སྙིང་ནས་གུས་པ་འཔེལ་ཞིང་དེ་རིང་མཇལ་བ་ཡིན་ན་ཕྱག་ཕུལ་ཏེ་་ཐུགས་རྗེ་ཆེ་ཞུ་འདོད་པ་བྱུང་། བོད་ཀྱི་མཁས་པ། ལྷག་བསམ་ཅན། འཇོན་ཐང་ཅན་ཚོ་དབུ་དཀར་སང་ངེ་ད་དུང་འབད་པ་འདི་འདྲ་གནང་ཚུལ་གོ་ན་དངོས་གནས་ངོ་མཚར་སྐྱེ་དགོས་པ་ཞིག་རེད། ང་ལྟ་བུ་ངུས་ནས་སྡོད་རྒྱུ་ལས་ཆོས་རིག་ལ་ཞབས་ཞུ་ཞིག་ཡོང་ཚོད་མ་རེད།
༄། །རྗེ་བཙུན་བླ་མ་ཁྱེད་ལ་སྐྱབས་སུ་མཆི། །སྐུ་ཚེ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན། །མཛད་འཕྲིན་ཉི་འོད་བསྟན་འགྲོའི་གསོས་སུ་སྨིན། །བཞེད་དོན་གེགས་མེད་ཡིད་བཞིན་འགྲུབ་གྱུར་ཅིག །
སྐྱབས་བཅོལ་བ་ལགས།
སྐུ་མཁྱེན་ནག་ཁུང་ནང་མདའ་མོ་མ་འཕེན་རོགས། གཟན་དཀར་རིན་པོ་ཆེ་དང་བོད་གཞུང་། དེ་བཞིན་རྒྱལ་བ་རིན་པོ་ཆེ་ལ་སོགས་བར་ལ་དམ་ཚིག་མ་གཙང་བ་གང་ཡང་མེད། སྔོན་མ་བོད་གཞུང་གི་སྐུ་ཚབ་རྒྱ་ནག་ལ་ཕེབས་སྐབས། རྒྱལ་བ་རིན་པོ་ཆེས་དམིགས་བསལ་གཟན་དཀར་རིན་པོ་ཆེ་མཆོག་ཕྱི་རྒྱལ་ལ་གདན་ཞུ་གནང་ཡོད། ཁྱེད་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ལ་སྐད་ཆ་དྲི་རོགས།
དེ་མིན་བོད་གཞུང་ནས་སྔོན་མ་བོད་ཀྱི་སྐད་ཡིག་སྐོར་ལ་ཚོགས་འདུ་ཞིག་སྐོང་རྩིས་ཀྱིས། སྐབས་དེ་དུས། དུང་དཀར་རིན་པོ་ཆེ་དང། གཟན་དཀར་རིན་པོ་ཆེ། དེ་མིན་གྱི་བོད་ལ་བཞུགས་པའི་མཁས་དབང་ཁག་གཅིག་ཀྱི་མཚན་ཐོ་རྒྱ་ནག་གཞུང་ལ་འབུལ་ནས་མཐུན་འགྱུར་གནང་རོགས་ཞུ་སྐབས། དེ་ལ་རྒྱ་གཞུང་ནས་ཁས་ལེན་བྱས་མེད། བོད་གཞུང་གིས་གཟན་དཀར་རིན་པོ་ཆེར་གཟིགས་ཕྱོགས་ཇི་འདྲ་ཡོད་མིན་དེ་ནས་མཁྱེན་ཐུབ།
ཁྱེད་རང་གི་བཀའ་མོལ་གནང་སྟངས་དེས། ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་བདེ་རྩར་ནད་དུག་ལྟ་བུའི་གཏིང་ནས་གནོད་ཀྱི་འདུག བྱས་ཙང་། དུས་རབས་༢༡ཡི་བོད་པ་ང་ཚོས། ཤེར་བསྟན་གྱི་མཐུན་སྒྲིལ་ཟེར་བའི་གླུ་གཞས་དེ་ལ་ཡང་བསྐྱར་གཅིག་གསན་ནས། གདོང་དམར་བོད་ཀྱི་མ་འོངས་པར་བསམས་ནས། མཐུན་སྒྲིལ་ལ་ཁ་ཕྱོགས་རོགས།
ང་ཚོས། ཨ་ཕའི་སྐྱོ་སྣང་གི་གདོང་པ་དེ་ལ་དགོངས་ནས། བུ་ཕྲུག་རྣམས་ཀྱིས་མཐུན་སྒྲིལ་དང་ལ་རྒྱའི་བྱ་བ་གནང་རོགས། མ་འོངས་པའི་གངས་ཅན་པ་ཚོར། བདེ་སྐྱིད་དང་རེ་བ། ཕུགས་བསམ་བཅས་སྤྲོད་རོགས། དེ་ཁྱེད་ཀྱིས་བྱེད་ཐུབ་པའི་ལས་ཀ་ཞིག་རེད་ལ། ཁྱེད་ཀྱིས་བྱེད་དགོས་ངེས་ཀྱི་ལས་ཀ་ཞིག་ཀྱང་རེད།
བདེ་མོ།
དེང་དྲྭ་གྲོགས་ཆེས་ཉུང་ཤས་ཤིག་གིས་རང་ཉིད་ཀྱི་ཤེས་ཡོན་བེད་སྤྱོད་གཏོང་ཚུལ་སྐྱུག་དྲོ་བའི་གནས་རེད། དེ་དག་གི་རྩོམ་ཡིག་ཐུང་ཐུང་ཞིག་སྟོན་པ་ཡིན་ནའང་མདའ་རྩེ་ནང་གཏད་ཀྱི་བོད་གཞུང་གི་མ་སྒྲིག་པ་དང་བོད་གཞུང་གི་མ་བྱས་པ་ཁོ་ན་ལས་གཞན་གླེང་མི་ཤེས། ཁྱོད་རང་ཚོར་ཤེས་བྱ་ཡོན་ཏན་ཡོད་ན་རྒྱ་དམར་གྱི་ཁྱོགས་བཤད་དེར་ཚོས་དགག་པ་ཚ་ནན་ཞིག་རྒྱོབ་དང་། ཁྱོད་ཕ་མེས་དམར་གསོད་བཏང་མཁན་དང་སྤུན་ཟླ་གསོད་མཁན་ཐ་ན་རང་ཡུལ་ཕྲོག་མཁ་རྒྱ་དམར་ཡིན་པ་ལས་བོད་གཞུང་མིན་པ་མཁྱེན་དགོས། དགོས་སར་ཆད་མི་དགོས་སར་ལྷག མི་དེ་དག་ནི་དགྲ་གཉེན་དབྱེ་བ་མི་ཤེས་པའི་དུད་འགྲོ་རང་མ་རེད་དམ། ད་ལྟ་བཙན་བྱོལ་ཡོད་པའི་བོད་མི་སུ་འདྲ་ཞིག་ཡིན་ཀྱང་། ལག་ཏུ་སྒོར་ལྡོག་གཅིག་མེད་པའི་དུས་སུ་བོད་གཞུང་གི་གོ་སྒྲིགས་འོག་བལ་ཡུལ་ནས་མཐུན་རྐྱེན་སྦྱར་ནས་ཡོང་བ་ཤ་གཅིག་ཡིན་པ། བཀའ་དྲིན་ལ་ལན་གསོ་མེད་པར། དྲིན་ལན་ལ་སྲོག་གཅོད་ཟེར་བ་དེ་འདི་འདྲ་ལ་ཟེར་གྱི་མ་རེད་དམ། བག་ཡོད་བགྱི། ལ་རྒྱབ་ན་དགྲ་བོས་བལྟ་མོ་བལྟས་ནས་སྡད་ཡོད་པ་ཤེས་པར་བགྱི། བོད་གཞུང་གི་གཞུང་ཞབས་སུ་དང་སུའི་ལྐོག་ཟ་བྱས་ཡོད་པ་ཁྱེད་ལ་དཔང་རྟགས་ག་རེ་སྟོན་རྒྱུ་ཡོད་དམ། བག་ཡོད་བགྱིས། མཐུན་སྒྲིལ་བགྱིས།
བོད་ཀྱི་མཁས་དབང་མཆོག་སྤྲུལ་ཐུབ་བསྟན་ཉི་མའི་རྣམ་ཐར་མདོར་བསྡུས་ཞིག་བོད་ཀྱི་ནང་བསྟན་དཔེ་ཚོགས་ཀྱི་དྲྭ་ཐོག་ཏུ་འདུག་པ་གཤམ་གསལ།
http://www.tbrc.org/?locale=bo#about_board
ཐུབ་བསྟན་ཉི་མ་རིན་པོ་ཆེ།
ཨ་ལགས་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་ནི་༡༩༤༣ལོར་ཟི་ཁྲོན་ཞིང་ཆེན་ དར་མདོའི་རྫོང་ཁོངས་དཔལ་ལྷ་སྒང་དུ་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་གྱི་ཐོག་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སྐུ་ཕྲེང་གཉིས་པ་ཨ་ ལགས་གཟན་དཀར་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་མཛད། ཁོང་འཁྲུངས་ཡུལ་དཔལ་ལྷ་ སྒང་ཕྱོགས་ས་སྐྱ་ཡིན་པ་དང་། སྐུ་གོང་མའི་གདན་ས་མ་ཧཱ་སྐྱིད་ལུང་དགོན་པ་རྙིང་ མ་ཡིན་པ་བརྟེན་ས་རྙིང་དགོན་པ་གཉིས་ཀྱིས་ཐུན་མོང་གི་བསྟན་བདག་ཏུ་བཀུར་ ནས། སྐུ་ན་ཆུང་དུས་རྙིང་མའི་ཆོས་སྐོར་སྔ་འགྱུར་རྫོགས་ཆེན་དགོན་པ་དང་རྡོ་ གྲུབ་ཆེན་དགོན་ལ་ཕེབས་ནས་སློབ་གཉེར་མཛད་པ་དང་། ས་སྐྱའི་ཆོས་སྐོར་ཁམས་རྫོང་ སར་དགོན་ལ་ཕེབས་ནས་སློབ་གཉེར་མཛད་དེ་ས་རྙིང་རིས་མེད་ཀྱི་ཆོས་ལ་མཁས་པར་གྱུར།
མིག་སྔར་ཁོང་གིས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་སྤྱི་ཁྱབ་ཇུས་ འགོད་པ་དང་། ཨ་རིའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་ལྷན་ ཚོགས་ཀྱི་ཚོགས་མི་དང་། ཝིར་ཇི་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་གདན་ཞུས་ཞིབ་འཇུག་པ། ཀྲུང་གོའི་ བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ལས་འཛིན་བཅས་ཀྱི་ཐུགས་འགན་བཞེས་ བཞིན་ཡོད།
ཐུབ་བསྟན་ཉི་མ་རིན་པོ་ཆེ་ནི་བོད་ཀྱི་རིག་གནས་དང་སློབ་གསོའི་ཐད་ལ་མཛད་རྗེས་ གཟེངས་སུ་མཐོ་ཞིང་ཆོས་ལུགས་དང་གྲུབ་མཐའི་ཕྱོགས་སུ་མ་ལྷུང་བ་བོད་ཀྱི་མཁས་པ་ ཆེན་པོ་ཞིག་སྟེ། ༡༩༧༨ལོ་ནས་༡༩༨༥ལོའི་བར་བོད་རྒྱ་ཚིག་མཛོད་ཆེན་མོའི་གཙོ་སྒྲིག་པ་གཞོན་པ་དང་ རྟིང་མའི་གཏན་འབེབས་པ་གནང་། ཁོང་གིས་ཚིག་མཛོད་འདིའི་ནང་གི་ཚད་མ་རིག་པ་དང་ ནང་དོན་རིག་པའི་ཐ་སྙད་བཞི་སྟོང་ལྷག་གསར་འབྲི་མཛད། ཚིག་མཛོད་འདི་ལ་༡༩༨༦ལོར་ ཀྲུང་གོའི་ཝུའུ་ཡུས་ཀྲང་སྐད་ཡིག་བྱ་དགའི་རིམ་པ་དང་པོའི་གསེར་གྱི་གཟེངས་ རྟགས་ཐོབ།
༡༩༨༡ལོར་ཟི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་གྱི་དབུ་ཁྲིད་བཀྲ་ཤིས་ཚེ་ རིང་དང་ལྷན་དུ་ཟི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་འཛུགས་མཛད་ནས་སློབ་ སྤྱི་གཞོན་པ་དང་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས། སློབ་གྲྭ་འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་རྗེས་བོད་ཀྱི་སྲོལ་རྒྱུན་བཅུ་ ཕྲག་རིག་གནས་སློབ་གཉེར་བྱེད་སའི་སློབ་གྲྭ་ཐོག་མར་གྱུར་ཡོད།
༡༩༨༤ལོར་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཁང་གི་ཁོངས་གཏོགས་གེ་སར་ཞིབ་ འཇུག་གཞུང་ལས་ཁང་གི་དབུ་འཛིན་གཞོན་པ་མཛད་དེ། ལྷ་གླིང་གབ་རྩེ་དགུ་སྐོར། འཁྲུངས་གླིང་མེ་ཏོག་ར་བ། རྟ་རྒྱུགས་ནོར་བུ་ཆ་ བདུན་སོགས་དམངས་ཁྲོད་དུ་ཐོར་བའི་གེ་སར་སྒྲུང་ཡིག་པར་མ་དང་བྲིས་མ་པོད་བཅུ་ ཕྲག་གསུམ་ལྷག་འཚོལ་སྡུད་མཛད་པ་དང་། དེ་ལས་སྒྲུང་དཔེ་མང་པོ་ལེགས་བསྒྲིགས་ ཀྱིས་དཔེ་སྐྲུན་དང་འཕྲལ་སྐྱོབ་ཀྱི་ཕྱག་ལས་མཛད་དེ་རྒྱ་ཆེའི་ཀློག་པ་པོ་དང་ ཞིབ་འཇུག་པ་རྣམས་ཀྱི་ཐུགས་འདོད་བསྐངས་པར་མཛད། དེའི་ནང་ནས་ཁག་གཅིག་རྒྱ་ཡིག་ ལ་བསྒྱུར་རྒྱུ་སྒྲིག་འཛུགས་དང་རྒྱ་ཡིག་གི་གེ་སར་ཞེས་པའི་དུས་དེབ་ཅིག་ཀྱང་ བཏོན་ཡོད། ༡༩༨༧ལོར་ཁོང་གིས་གཙོ་སྒྲིག་མཛད་པའི་རྒྱ་བོད་ཤན་སྦྱར་གྱི་གེ་སར་ཚིག་མཛོད་ལ་ སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་ཞིབ་འཇུག་འབྲས་བུའི་བྱ་དགའ་ ཐོབ་པ་དང་། སྐབས་དང་པོའི་རྒྱལ་སྤྱིའི་གེ་སར་རིག་གཞུང་གྲོས་བསྡུར་ཚོགས་ འདུའི་སྟེང་ནས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ ཏོག་འཐོར།
ལྷག་པར་དུ་སྤྱི་ལོའི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ ནང་། ཀྲུང་གོའི་བཅོས་བསྒྱུར་དང་སྒོ་འབྱེད་ཀྱི་སྲིད་ཇུས་ཐོག་མར་སྒོ་ཕྱེ་པ་ དང་འབྲེལ་ཁོང་གིས་སྔཕྱིར་ཤེས་བྱ་ཀུན་ཁྱབ། མདོ་རྒྱུད་མཛོད། ཁམས་ཀྱི་མཁས་པའི་ སྙན་ངག་དཔེ་བརྗོད་ཕྱོགས་སྒྲིག དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་སོགས་ཤེས་ བྱ་ཀུན་བཏུས་ཀྱི་རང་བཞིན་དང་དཔེ་མཚོན་གྱི་རང་བཞིན་ལྡན་པའི་རྩ་ཆེའི་དཔེ་དེབ་ མང་པོ་པེ་ཅིན་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་གཞུང་འབྲེལ་གྱི་དཔེ་ སྐྲུན་ཁང་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ལ་བཀྲམ་ ཡོད།
དེ་བཞིན་དུ་ཟི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་དུ་ཁོང་གིས་ ཁྲིད་སྟོན་དང་རྩ་འཛུགས་གནང་སྟེ་དཔལ་སྤྲུལ་བཀའ་འབུམ(པོད་༦)། རིན་ཆེན་གཏེར་ མཛོད་སྔ་ཕྱི་པར་ཐེངས་གཉིས(པོད་༡༡༡ཅན་དང་པོད་༦༣)། བདུད་འཇོམས་རིན་པོ་ཆེས་ ཕྱོགས་བསྒྲིགས་མཛད་པའི་སྔ་འགྱུར་བཀའ་མ(པོད་༥༨)། པཎ་ཆེན་ཤཱཀ་མཆོག་བཀའ་འབུམ (པོད་༢༤)། གདམས་ངག་མཛོད(པོད་༡༥)། མཁས་གྲུབ་ཀརྨ་ཆགས་མེད་རིན་པོ་ཆེའི་གསུང་ འབུམ(པོད་༤༩)། བོན་པོའི་བཀའ་འགྱུར་(སྤྱི་ལོ་༡༩༨༦ལོར་པོད་༡༤༤)སོགས་ཆོས་ལུགས་ དང་གྲུབ་མཐའ་རིས་མེད་ཀྱི་རྩ་ཆེའི་དཔེ་དཀོན་པར་མ་དང་བྲིས་མ་པོད་ཆིག་སྟོང་ ལྷག་པར་འདེབས་མཛད་དེ་སྐབས་དེའི་དགོན་པ་དང་ཀློག་པ་པོ་རྣམས་ལ་དཔེ་ཆ་མེད་པའི་ དཀའ་ངལ་སེལ་བར་མཛད།
དེ་རྗེས་སུ་ཁོང་གིས་བྲག་དཀར་བློ་བཟང་དཔལ་ལྡན་གྱི་གསུང་ འབུམ་(པོད་༢༠)དང་། དགེ་རྩེ་པཎྜི་ཏ་ཚེ་དབང་འགྱུར་མེད་ཀྱི་གསུང་འབུམ(པོད་ ༡༠)། ཉག་བླ་རང་རིག་རྡོ་རྗེའི་གཏེར་ཆོས་(པོད་༤༢)སོགས་དཔེ་དཀོན་མང་པོ་ཚར་ བརྒྱ་རེ་པར་འདེགས་བྱས་ཏེ་དེ་དག་དུས་ནམ་ཡང་མི་བརླགས་པའམ་ས་ཆ་གཅིག་ཏུ་བརླགས་ ན་གཅིག་ལ་གནས་པའི་ཆེད་དུ་དམིགས་ནས་དེ་ལས་ཚར་ལྔ་བཅུ་ཀྲུང་གོའི་ནང་གི་དགོན་པ་ དང་དཔེ་མཛོད་ཁང་ཆེ་ཁག་དང་། ཚར་ལྔ་བཅུ་ཨ་རི་སོགས་ནུབ་ཕྱོགས་དང་ཡོ་རོབ་ཕྱོགས་ ཀྱི་དཔེ་མཛོད་ཁང་ཆེན་མོ་རྣམས་ལ་ཕུལ་ཡོད། གཞན་ཡང་ཁོང་གིས་དབུ་འདྲེན་དང་མཐུན་ འགྱུར་རོགས་རམ་གནང་སྟེ་དཔེ་སྐྲུན་དང་པར་འདེགས་མཛད་པའང་ བཀའ་མ་ཤིན་ཏུ་རྒྱས་ པ(པོད་༡༣༣)། ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ(པོད་༡༦)། ཀརྨ་པ་མི་བསྐྱོད་ རྡོ་རྗེའི་གསུང་འབུམ་(པོད་༢༦)སོགས་པོད་བརྒྱ་ཕྲག་དུ་མ་ཡོད།
ཁྱད་པར་དུ་ཁོང་གིས་སྔ་འགྱུར་རྙིང་མའི་ཆོས་ཀྱི་ཉིང་ཁུ་བཀའ་དགོངས་ཕུར་གསུམ་ གྱི་ཆོས་བཀའ་ཐམས་ཅད་གསར་དུ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། བཀའ་བརྒྱད་ཕྱོགས་ སྒྲིག(པོད་༢༠) དགོངས་འདུས་ཕྱོགས་སྒྲིག(པོད་༡༤) ཕུར་པ་ཕྱོགས་སྒྲིག་(པོད་༤༤ )བཅས་ཕྱོགས་སྒྲིག་ཆེན་པོ་གསུམ་པར་འདེགས་བྱས་ཏེ་ཁྱབ་སྤེལ་དུ་བཏང་ཞིང་། ཇི་ སྐད་དུ། བཀའ་དགོངས་ཕུར་གསུམ་མི་བཞུགས་ན་རྙིང་མའི་བསྟན་པ་མེད་ཅེས་སྔ་འགྱུར་ རྙིང་མའི་བསྟན་པ་གནས་མིན་དེ་བཀའ་དགོངས་ཕུར་གསུམ་གྱི་ཆོས་བཀའ་གནས་མིན་ལ་རགས་ ལས་པ་གྲགས་པའི་ཆོས་དཀའ་དེ་དག་ལ་སློབ་གཉེར་དང་ཉམས་ལེན་མཛད་མཁན་རྣམས་ལ་དཔེ་ མང་འཚོལ་བའི་དཀའ་ངལ་སེལ་བར་མཛད།
༡༩༨༧ལོ་ནས་༢༠༠༨ལོའི་བར་སི་ཁྲོན་ཁྲེན་ཏུའུ་ལ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་ འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གི་གསར་བཙུགས་ཀྱི་གྲྭ་སྒྲིག་དང་ལས་ དོན་གྱི་འཆར་འགོད་པ་མཛད་པ་དང་། ཟི་ཁྲོན་མི་རིགས་ལས་དོན་ཨུ་ལྷན་གྱི་གཙོ་ འཛིན་བཀྲ་ཤིས་ཚེ་རིང་གིས་དབུ་ཁྲིད་གནང་བའི་འོག བཀའ་བསྟན་དཔེ་སྡུར་ཁང་གི་ དབུ་འཛིན་གཞོན་པ་གནང་ནས་བཀའ་བསྟན་པར་མ་ཁག་དཔེ་བསྡུར་གྱིས་བསྟན་འགྱུར་དཔེ་ བསྡུར་མ་དཀར་ཆག་དང་བཅས་དེབ་༡༢༤དང་། བཀའ་འགྱུར་དཔེ་བསྡུར་མ་དེབ་༡༠༨དཔེ་ སྐྲུན་འགྲེམ་སྤེལ་བྱས་ཡོད།
༡༩༩༢ལོ་ནས་༡༩༩༧ལོའི་བར་དབྱིན་ཇིའི་ལོན་ཏུན་སློབ་གྲྭ་ཆེན་མོའི་ ཤར་ཕྱོགས་དང་ཨ་ཧྥེ་རི་ཁའི་ཤེས་རིག་སློབ་གླིང་གི་ཤར་ཕྱོགས་ཨེ་ཤ་ཡའི་སྡེ་ཚན་ དགེ་རྒན་ཆེན་མོར་གནང་། དེའི་རིང་བོད་རྒྱ་ཚིག་མཛོད་ཆེན་མོ་བསྒྱུར་སྒྲིག་གིས་བོད་དབྱིན་ཚིག་མཛོད་ ཆེན་མོ་རྩོམ་སྒྲིག་མཛད། ཚིག་མཛོད་འདིའི་ནང་སྔོན་གྱི་བོད་རྒྱ་ཚིག་མཛོད་ཆེན་ མོ་ལ་ཁ་སྣོན་དང་ལེགས་བཅོས་བརྒྱ་ཆ་སུམ་ཅུ་ལ་ཟིན་ཡོད།
༡༩༩༩ལོར་ཨ་རིའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཐོག་མར་གསར་བཙུགས་བྱས་པ་ནས་ཚོགས་པ་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གནང་། ༢༠༠༠ལོ་ནས་༢༠༠༣ལོའི་བར་ཀོ་ལུམ་བྷིར་ཡ་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་ཨེ་ཤེ་ཡའི་སྐད་ཡིག་ཚན་ཁག་ཏུ་མཐོ་རིམ་ཞིབ་འཇུག་པ་མཛད། སྤྱི་ལོ་༢༠༠༤ལོ་ནས་ཝིར་ཇི་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་གདན་ཞུས་ཞིབ་འཇུག་པ་གནང་བཞིན་ཡོད།
༢༠༠༢ལོ་ནས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གསར་བཙུགས་དང་འབྲེལ་ དེའི་སྤྱི་ཁྱབ་ཇུས་འགོད་པའི་ཐུགས་འགན་བཞེས་ནས་བོད་ཡུལ་སྟོད་སྨད་བར་གསུམ་དང་ ཕྱིའི་རྒྱལ་ཁབ་ཁག་ནས་བོད་ཡིག་དཔེ་དཀོན་དང་དཔེ་རྙིང་མང་པོ་འཚོལ་སྡུད་ལེགས་ སྒྲིག་གནང་ནས་《བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་》(པོད་༩༠)དང་།《བཀའ་གདམས་ གཅེས་བཏུས་》(པོད་༥) 《མེས་པོའི་ཤུལ་བཞག》(པོད་༡༣༡) དཔེ་རྙིང་《ཕྱག་བྲིས་གཅེས་བཏུས་》(པོད་༥༩) 《རྙིང་མ་རྒྱུད་འབུམ་》(པོད་༥༨) 《ཤེས་བྱའི་གཏེར་བུམ》(པོད་༥) 《མཁྱེན་བརྩེའི་འོད་སྣང་》(༦)སོགས་ཀྱི་དཔེ་དཀོན་དཔེ་ཚོགས་མང་པོ་དཔེ་སྐྲུན་ མཛད་ནས་མིག་སྔར་དཔེ་གཟུགས་དང་དེབ་གཟུགས་བསྡོམས་པོད་དེབ་བརྒྱ་ཕྲག་ལྔ་ལ་ཉེ་ བར་དཔེ་སྐྲུན་འགྲེལ་སྤེལ་བྱས་ཟིན་པ་དང་ད་དུང་མུ་མཐུད་དཔེ་དཀོན་འཚོལ་སྡུད་ དང་དཔེ་སྐྲུན་གནང་བཞིན་ཡོད་པ་རེད། དཔེ་ཚོགས་དེ་དག་ལས་《བཀའ་གདམས་གསུང་འབུམ་ ཕྱོགས་སྒྲིག་》ཏུ་བསྡུས་པའི་གསུང་རྣམས་དེ་སྔོན་པར་དུ་འཁོད་མ་མྱོང་པ་དང་། པར་དུ་འཁོད་མྱོང་པའང་ད་ཆར་དཔེ་དེ་ཁོ་ན་ཙམ་མ་གཏོགས་འཇིག་རྟེན་འདིར་མཇལ་རྒྱུ་ མེད་པའི་དཔེ་དཀོན་ཉག་ཅིག་དང་། 《ཕྱག་བྲིས་གཅེས་བཏུས་》སུ་བུ་སྟོན་རིན་པོ་ ཆེའི་ཐུགས་སྲས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་(༡༣༡༨-༡༣༨༨)གྱི་ཕྱག་དཔེ་ངོ་མ་ལ་ ཟེར་བྲིས་བཏབ་སྟེ་དཔེ་སྐྲུན་བྱས་པའི་《བུ་སྟོན་གྱི་གསུང་འབུམ་》(པོད་༢༨)སོགས་ ཀྱིས་མཚོན་རྩ་ཆེའི་མ་དཔེ་དང་རིན་ཐང་བྲལ་བའི་དཔེ་དཀོན་ཤ་སྟག་གོ།།
ལྷག་པར་དུ་ཁོང་གིས་ལོ་མང་རིང་འབྲས་སྤུངས་དགོན་པ་དང་། སེ་ར་དགོན་པ། ཞ་ལུ་ དགོན་པ། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་པ། གུ་གེ་དགོན་པ། དཔལ་སྤུངས་དགོན་ པ་སོགས་མདོ་དབུས་ཁམས་གསུམ་གྱི་གནའ་བོའི་དགོན་རྙིང་རྩ་ཆེན་ཁག་ལ་བཞུགས་པའི་ དཔེ་རྙིང་པོད་ཁྲིར་ལོངས་པ་རང་བྱུང་དང་མིའི་གནོད་འཚེས་འཇིག་ལ་ཉེ་བའི་ཉེན་ཁ་ ལས་བསྐྱབས་ཏེ་ལེགས་པར་བསྒྲིགས་ཤིང་དཀར་ཆག་ཏུ་བཏབ། དགོན་སྡེ་དེ་དག་ལ་དཔེ་ རྙིང་འཇོག་ས་དཔེ་སྒྲོམ་དང་པོད་རེ་རེ་བཞིན་དཔེ་རས་དང་དཔེ་ཐག་གསར་བཞེངས་མཛད་ ནས་བཞུགས་སུ་གསོལ་ཡོད། སྤྱི་ལོ་༢༠༠༤ལོར་འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་ རྙིང་དཀར་ཆག་དེབ་གཉིས་དཔེ་སྐྲུན་འགྲེལ་སྤེལ་གནང་བ་དང་འབྲེལ། རྒྱལ་ཁབ་ཕྱི་ ནང་གི་ཀློག་པ་པོ་དང་ཞིབ་འཇུག་པ་རྣམས་ཀྱིས་ཐེངས་དང་པོ་འབྲས་སྤུངས་དགོན་དུ་ དེ་འདྲའི་རྩ་ཆེའི་དཔེ་རྙིང་འབོར་ཆེན་ཡོད་པ་ཤེས་རྟོགས་བྱུང་བ་དང་། སྔོན་མི་ རིགས་རིག་གནས་ཕོ་བྲང་དུ་བཞུགས་པའི་བོད་ཡིག་དཔེ་རྙིང་མང་ཆེ་བའང་འདི་ནས་བྱུང་ བར་ཤེས་ཡོད།
ད་དུང་ཁོང་གིས་ངེས་དོན་གསུང་རབ་ཉམས་གསོ་ཁང་གི་གལ་ཆེའི་ལས་གཞི་(བོད་བརྒྱུད་ ནང་བསྟན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བརྡ་ཆད་ཀུན་བཏུས་)གཙོ་སྒྲིག་པ་གནང་ བཞིན་པ་སྟེ། མདོར་ན་ཁོང་གིས་སྔ་ཕྱི་བགྲང་བྱ་བ་བཞི་བཅུ་ལྷག་གི་ནང་རྙིང་མ་ དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས། ཇོ་ནང་། བོན་དང་བཅས་པའི་ཆོས་ལུགས་གྲུབ་ མཐའ་རིས་སུ་མ་ཆད་པའི་ཕྱག་དཔེ་པོད་ཁྲི་སྟོང་དུ་མ་འཚོལ་སྡུད་དང་ཕྱོགས་ སྒྲིག པར་སྐྲུན་འགྲེམ་སྤེལ་བཅས་མཛད་ཡོད་པ་དང་ད་དུང་མུ་མཐུད་མཛད་བཞིན་པ་ལགས།
ཁོང་གིས་སྔ་ཕྱི་མཚན་གནས་བཞེས་པའང་ཟི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ དྲུང་ཡིག་ཆེན་མོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། ༡༩༨༨ལོ་ནས་ ༢༠༠༧ལོའི་བར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སོགས་མང་པོ་ ཡོད། ཁོང་གིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ མཛད་པའི་རིང་བོད་རྒྱ་ཚིག་མཛོད་ཆེན་མོ་ཁ་སྐོང་མཛད་རྒྱུའི་གྲོས་འཆར། སྡེ་ དགེའི་པར་ཁང་འཛམ་གླིང་རིག་གནས་ཤུལ་བཞག་གི་ནང་དུ་འཇོག་རྒྱུའི་གྲོས་འཆར། བོད་ ཀྱི་དཔེ་རྙིང་དཔེ་དཀོན་ཡིག་ཆ་ཡོངས་རྫོགས་འཚོལ་སྡུད་ལེགས་བསྒྲིགས་བྱེད་ རྒྱུའི་གྲོས་འཆར་སོགས་བོད་ཀྱི་རིག་གནས་ཤུལ་བཞག་ཉམས་གསོ་དང་སྲུང་སྐྱོབ་ཀྱི་ སྐོར་ལ་གྲོས་འཆར་བཏོན་པ་དང་གཞན་གྱི་གྲོས་འཆར་ལ་རྒྱབ་སྐྱོར་མཛད་པ་སོགས་རིན་ ཐང་བྲལ་བའི་མཛད་རྗེས་བཞག་ཡོད།
དེ་མིན་ལས་དོན་གྱི་ཞོར་དང་འགྲུལ་བཞུད་ཀྱི་ལམ་ཞོར་(གནམ་གྲུའི་ནང་)སོགས་ལ་བལ་ ཡུལ་ཞེ་ཆེན་དགོན་པ་དང་ནིཏརྠ་ངེས་དོན་གསུང་རབ་ཉམས་གསོ་ཁང་སོགས་ལ་མ་བསྐུལ་དང་ བླངས་ཀྱིས་རྟིང་མའི་ཞུ་དག་གཏན་འབེབ་མཛད་པའང་ཀློག་ཀླད་གསརབཅུག་མཛད་པའི་རྫ་ དཔལ་སྤྲུལ་བཀའ་འབུམ་དང་། ཞེ་ཆེན་རྒྱལ་ཚབ་བཀའ་འབུམ། ཞབས་དཀར་ཚོགས་དྲུག་རང་ གྲོལ་གྱི་བཀའ་འབུམ། དིལ་མགོ་མཁྱེན་བརྩེའི་བཀའ་འབུམ། མདོ་རྒྱུད་མཛོད་སོགས་ པོ་ཏི་བརྒྱ་ཕྲག་ལས་བརྒལ་ཡོད།
དེ་བཞིན་དུ་བོད་ཀྱི་ན་གཞོན་སློབ་མ་དང་རིག་གནས་ཀྱི་སྐོར་ལ་ཕྱག་ལས་གནང་མཁན་ རྒྱལ་ཁབ་ཕྱི་ནང་ལ་སློབ་སྦྱོང་དང་རིག་གཞུང་ཚོགས་འདུ་སོགས་ལ་གོ་སྐབས་ཐོབ་པ་ མཛད་པའང་བགྲང་གིས་མི་ལོང་།
མདོར་ན་དམ་པ་འདི་ཉིད་ཀྱིས་དཔེ་རྙིང་འཐོར་བསྡུ་དང་། ལེགས་སྒྲིག །དཔེ་ སྐྲུན། སྒྱུར་སྤེལ་སོགས་ཀྱི་སྒོ་ནས་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་། མི་ ཉམས་གོང་འཕེལ་གྱི་བྱ་བ་ལ་སྲི་ཞུ་སྒྲུབ་རྒྱུ་ནི་ཁོང་ཉིད་ཀྱི་མི་ཚེའི་འོས་ འགན་དུ་ཡིན་པ་དགོངས་ཤིང་། དེའི་ཆེད་དུ་ཨ་རི་བ་འཇམ་དབྱངས་རྣམ་རྒྱལ་ལ་མིག་ དཔེ་བལྟས་ཏེ་མི་ཚེའི་ལྷག་མ་གང་ཡོད་ཀྱི་ནུས་ཤུགས་བོད་ཀྱི་རིག་གནས་སྲུང་སྤེལ་ ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཅེས་དུས་རྟག་ཏུ་གསུང་བཞིན་ཡོད་དོ།།
མཁས་དབང་དམ་པ་དེ་ཉིད་བོད་གཞུང་གིས་གདན་འདྲེན་བྱས་པའང་བདེན་པ་ཡིན་ཚུལ་གོ་རྒྱུ་འདུག འོན་ཀྱང་དེ་སྐབས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་བཞིན་བཀའ་བསྟན་དཔེ་སྡུར་གྱིས་ཕྱག་ལས་ལས་གནང་བཞིན་པའི་སྐབས་སུ་ཁེལ་ནས་མ་ཕེབས་པ་འདྲ། ལོ་ཉི་་ཤུ་ཙམ་གྱི་རིང་ཉིན་མཚན་བར་མེད་དུ་བཀའ་བསྟན་དཔེ་སྡུར་ལ་འབད་པ་གནང་བ་དང་། རྒྱལ་ཁབ་གང ཏུ་ཕེབས་ཀྱང་དཔེ་དང་མི་འབྲལ་བར་དུས་ཚོད་ཆུད་ཟོས་སུ་མི་གཏོང་མཁན་ཞིག་ཡིན་པར་གྲགས་པས་ཕེབས་ལོང བྱུང ཡོད་མེད་ཡང མི་ཤེས། རྒྱ་གཞུང་གིས་བཀག་འགོག་ཡང་ཡོད་པ་འདྲ། ཨ་རིའི་སློབ་གྲྭ་ཆེན་མོ་ཞིག་གིས་གཏན་བཞུགས་དགེ་རྒན་གནང་རོགས་ཞུས་ཀྱང་མཁས་དབང་ཁོང་གིས། ད་ལྟ་རྒྱ་གཞུང་གིས་ང་ལ་ཡིག་རྙིང་འགའ་རེ་པར་རྒྱུའི་ཆོག་མཆན་ཐོབ་ཡོད། གོ་སྐབས་དམ་འཛིན་མ་ཐུབ་ན་ཕྱིས་སུ་འགྱུར་བ་འགྲོ་ཐུབ་པས་ཀྲུང་དབྱང་ལ་བསྟུན་ཤེས་བྱེད་དགོས་གསུང་ནས་མ་ཕེབས་པ་རེད་ཟེར།
ཨ་ལགས་གཟན་དཀར་སང་། མདོ་སྔགས་རིག་གནས་དང་བཅས་པའི་གཏེར་མཛོད་ཅིག་རེད། ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཐད་ཕྱག་ལས་གནང་བའི་རླབས་ཆེན་གྱི་མཛད་རྗེས་ལ་གུས་བཀུར་རྗེས་སུ་ཡི་རངས་ཡོད། ལོ་ཤས་སྔོན་ཁོང་ནོས་ཡོག་ཏུ་ཕེབས་སྐབས། སྤྲུལ་སྐུ་དོན་གྲུབ་དང་ཁོང་ལྷན་རྒྱས་མཉམ་དུ་མཇལ་ཁ་ལྷོད་ལྷོད་ཅིག་ཞུ་རྒྱུ་བྱུང་བའི་དགའ་སྣང་དེ་དུས་ནམ་ཡང་བརྗེད་མི་ཐུབ་པ་ཞིག་རེད། ཁོང་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་གནམ་འོག་ཀུན་ཏུ་དར་བར་གྱུར་ཅིག
དི་རིང་། སྐྱབས་བཅོལ་བ་ལ། ཁ་རྒྱག་པ་དེའི་ནང་ལ། སྐྱག་པ་ཚ་བོ་ཞིག་བླུགས་འདུག དེ་འདྲ་རང་གཅིག་དགོས་འདུག སྐྱབས་བཅོལ་བས་རྟག་ཏུ། འཐེན་ཁྱེར་དང་། ཕྲ་མ། དཀྲུག་ཤིང་། དྭོགས་པ་དང་། རྣམ་རྟོག དེ་བཞིན་བརྫུན་དང་ཧམ་པ་ཤ་སྟག་་གི་སྐད་ཆ་ཁ་བརྡ་འདིར་ཁྱེར་ཡོང་ནས། བོད་པ་ནང་ཁུལ་ལ་དབྱེན་སྦྱོར། བོད་གཞུང་དང་མི་དམངས་དབར་ལ་དཀྲུག་ཤིང་། བླ་མ་དང་སློབ་མའི་དབར་ལ་ཕུང་དཀྲུག ཁམས་པ་དང་ཨ་མདོའི་དབར་ལ་ཁ་བྲལ། དབུས་པ་དང་གཙང་པའི་དབར་ལ་དམག་འཁྲུག དོར་ན། སྐྱབས་བཅོལ་བའི་རྩོམ་དང་མཆན་ག་དུས་ཀློག་ནའང་། བཀྲ་མ་ཤིས་པ་ཤ་སྟག་རེད། རྒྱུ་མཚན་འདིས་ཁ་བརྡ་ལ་ཡོང་རྒྱུའི་སེམས་ཤུགས་ཀྱང་ཆགས་སོང་། སྔོན་མ་དྲ་གྲོགས་ཤིག་གིས་སྐྱབས་བཅོལ་བ་ཟེར་བའི་མི་དེ་ཕལ་ཆེརཁ་ན་ཏའི་ནང་གི་་རྒྱ་ནག་གཞུང་ཚབ་ནང་ལ་ལས་ཀ་བྱེད་མཁན་གྱི་མི་བསོད་ནམས་ཟེར་མཁན་ཞིག་ཡོད། ཁོ་ཡིན་ནམ་ལ་སོགས་སྐད་ཆ་བཤད་སོང་།
སྐྱབས་བཅོལ་བ་འདི་ངའི་གྲོགས་པོ་ཞིག་ཡིན་པ་ཕལ་ཆེར་ཚོར་གྱི་འདུག
ཡིན་ན་ཡང་དངོས་གནས་རྒྱུ་མཚན་ཡོད་ཀྱང་མེད་ཀྱང་སྐབས་སུ་བབ་ཀྱང་མ་བབ་ཀྱང་བོད་གཞུང་ལ་ཁ་གཏོང་ནས་དགེ་འདུན་སྤྱི་མནར་བྱེད་རྒྱུ་འདིས་ངོ་མ་ང་ཚོས་རང་བཅད་ན་རང་ཐུང། རང་བཞོག་ན་རང་ཕྲ་བའི་རྒྱུ་རེད།
གང་ལྟར་བག་ཆགས་ངན་པ་ཞིག་འཇོག་པ་ལས་ཅི་ཡོད།
ངེས་པར་དེ་ལྟར་མ་གསུངས་ན་ལེགས་པ་འདུག
སྐུ་ཞབས་སྐྱབས་བཅོལ་བ་འདིས་གཟན་དཀར་ཚང་བསྟད་དེ་བོད་གཞུང་གི་ལས་བྱེད་མང་པོ་ཞིག་ལ་སྐྱོན་བརྗོད་དང་ལྐོག་ཟ་སོགས་འོས་མིན་གྱི་གཏམ་མང་དུ་སྨྲ་བ་འདི་ནི་རང་གི་ཁ་ཕོར་ནང་ལ་གཅིན་པ་བཏང་བ་དང་ཁྱད་ཅི་ཡང་ཡོད་པ་མ་རེད། ཅི་སྟེ་རང་ཉིད་ཀྱིས་མི་གཞན་ཞིག་བསྟོད་དགོས་བསམ་ན་ཡང་དེ་ལ་དེའི་ཚད་ཀྱི་ཆུ་ཚད་ཅིག་དགོས་པ་རེད། དེ་མིན་བོད་གཞུང་དང་དེ་ལ་ཞབས་ཞུ་ཞུ་པའི་ལས་བྱེད་ཚོ་ལ་གཞི་མེད་སྐྱོན་འཛུགས་བྱས་ན་གཟན་དཀར་ཚང་ལ་དམའ་འབེབས་བྱས་པ་དང་ཁྱད་ཅི་ཡང་ཡོད་པ་མ་རེད། སྐྱབས་བཅོལ་བ། སྐད་ཆ་བསམས་ནས་བཤད་ན་བཟང། ཟ་མ་ལྡད་ནས་ཟོས་ན་བཟང་།
གཟན་དཀར་གྱིས་ལོ་ཁ་ས་ཤིག་གི་སྔོན་ལ་བོད་རྒྱ་ཚིག་མཛོད་ལ་ཞུ་དག་དང་དབྱིན་ཡིག་ཏུ་བསྒྱུར་གྱིན་ཡོད་ཚུལ་ཞིག་ཐོས། དེ་ག་འདྲ་ཡིན་ནམ། ཁྱོད་ཚོ་སུས་ཤེས་སོང་ངམ། གཟན་དཀར་ལ་འབྲེལ་བ་ཡོད་མཁན་རེ་ཡོད་ན་དེའི་སྐོར་ཞིག་འདྲི་རོགས།
འདི་འདྲའི་མཁས་དབང་རེ་ཟུང་ཞིག་ལས་མེད་པ་བོད་པའི་སྐྱབས་མགོན་དངོས་མ་དེ་ཡིན་ཀྱང་ རྒྱ་སོགས་གིས་ཕུལ་བའི་ཆོ་ལོ་རྫིག་པོའི་རིགས་མེད་ཚེ་ངོ་ཙམ་ཡང་ཤེས་དཀའ་ལ་། དེ་ལས་ལྡོག་ཏེ་མཁས་པའི་སྐྱེ་བོ་ལ་སྙིང་ནས་ཕྲག་དོགས་ཅིང་ དམ་པའི་སྐྱེས་བུའི་གཉའ་ནས་ཞོན་པར་འདོད་པའི་ ཟོལ་མའི་སྐྱབས་མགོན་ཁ་ཙམ་གྱིས་སྐྱེ་བོ་སྐྱོབས་མཁན་དག་ལ་མིང་གང་སྙན་གྱིས་འབོད་ཅི་ཤེས་བྱས་ནས་ རྒྱིད་པ་རྒུར་མཁན་དག་ལ་ཅི་ཆ་ཡོད་།
ངས་ཉེ་ཆར་རྒ྄་གར་གྱི་བོད་མི་ཞིག་ལ་ཁ་པར་ལམ་ནས་་སྐད་ཆ་ཞིག་དྲིས་ཡིན། དེང་སང་རྡ་རམ་ས་ལར་བོད་ནང་གི་མི་བྱས་རྗེས་ཅན་ཚོ་ལ་བཀའ་དྲིན་རྗེས་དྲན་་བྱེད་ཀྱི་འདུག་ཟེར། མི་སྣ་སུ་སུ་རེད་དྲིས་པས་ཚེ་ཏན་ཞབས་དྲུང་། དུང་དཀར་བློ་འཕྲིན་སོགས་ཁ་ཤས་ཤིག་གི་མིང་སྨོས་སོང་། ངས་ཨ་ལག་གཟན་དཀར་ཚང་མི་འདུག་གམ་དྲིས་པས། ཁོང་གིས་ཨོ་དེ་ད་ག་བ་ག་བ་གོ་སྒྲིགས་བྱེད་མཁན་ཚོས་འཇོག་མ་རེད་ཟེར་གྱི་འདུག བློ་ཕམ་སོང་ཡ།
གོང་གི་དྲ་གྲོགས་ཁ་ཤས་ཤིག་ལ་ཞུ་རྒྱུར། རྡ་སར་བོད་ནང་གི་མི་སྣམ་གལ་ཆེན་ཚོ་རྟག་པར་གླེང་གི་འདུག ཨ་ལག་ཚང་གཟན་དཀར་རིན་པོ་ཆེ་་མི་འདུག་དོན་གང་རེད། གཅིག་ཡིན།
བོད་ནང་གི་སྐོར་བཤད་ཡོང་དུ་ག་དུས་ཡིན་་ཡང་ཕྱོགས་རེ་བ་རྐྱང་རྐྱང་རེད། དེའི་རྒྱུ་མཚན་གང་རེད་གཉིས་ཡིན།
ད་རུང་མང་པོ་བཤད་ཀྱི་ཡོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྤོབས་པ་མཐའ་ཡས་ལགས།
བོད་ཀྱི་མཁས་དབང་ཨ་ལག་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་ནས་”༡༩༩༢ལོ་ནས་༡༩༩༧ལོའི་བར་དབྱིན་ཇིའི་ལོན་ཏུན་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་དང་ཨ་ཧྥེ་རི་ཁའི་ཤེས་རིག་སློབ་གླིང་གི་ཤར་ཕྱོགས་ཨེ་ཤ་ཡའི་སྡེ་ཚན་དགེ་རྒན་ཆེན་མོར་གནང་བའི་རིང་བོད་རྒྱ་ཚིག་མཛོད་ཆེན་མོ་བསྒྱུར་སྒྲིག་གིས་བོད་དབྱིན་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་མཛད། ཚིག་མཛོད་འདིའི་ནང་སྔོན་གྱི་བོད་རྒྱ་ཚིག་མཛོད་ཆེན་མོ་ལ་ཁ་སྣོན་དང་ལེགས་བཅོས་བརྒྱ་ཆ་སུམ་ཅུ་ལ་ཟིན་ཡོད།”
ཚིག་མཛོད་འདི་ལ་དེབ་གསུམ་ཡོད་པ་ལས་དེབ་དང་པོ་དེ་དགུ་བཅུ་གོ་ཁ་ཤས་ནང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད། ཡིན་ནའང་དེ་རྗེས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དང་གོང་གསལ་དབྱིན་ཇིའི་སློབ་གྲྭའི་བར་ལ་པར་དབང་གི་འགལ་ཟླ་ཞིག་ལ་བརྟེན་དེབ་གཉིས་པ་དང་གསུམ་པ་ད་དུང་དཔེ་སྐྲུན་ཐུབ་མེད་པ་དང་། དེབ་དེ་གཉིས་ཀྱང་དབྱིན་ཇིའི་སློབ་གྲྭ་དེའི་འགན་འཛིན་ག་གེ་མོའི་ཕྱག་ཏུ་ཉར་ནས་ཡོད་འདུག
སྐྱབས་བཅོལ་བ།
ད་རྙོག་དྲ་མེད་སར་རྙོག་དྲ་མ་བཟོ་རོགས།
ངས་ཁྱེད་ལ་དྲི་བ་ཞིག་གཏོང་། སྔོན་མ་བོད་ནང་གི་རྩོམ་རིག་དུས་དེབ་སྦྲང་ཆར་གྱི་མདུན་ངོས་སུ། བོད་ནང་གི་མཁས་པ་དུ་མ་ཞིག་གི་པར་རིམ་པར་བཀོད་པ་རེད།ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་། དུང་དཀར་བློ་བཟང་འཕྲིན་ལས་ཚང་། དམུ་དགེ་བསམ་གཏན་ཚང་། རྡོ་རྗེ་རྒྱལ་པོ། གྲུབ་རིག་ཁྱུ་མཆོག་ཚང་། ཡི་དམ་ཚེ་རིང་། རབ་རྒྱས་པ་སངས་སོགས་ཀྱི་པར་བཀོད་པ་རེད། ཨ་ལགས་གཟན་དཀར་ཟེར་བ་ཞིག་གི་པར་བཀོད་པ་མཐོང་མ་སོང་། དེས་ན་དེ་ཡང་ཕྱོགས་རིས་བྱས་པ་རེད་དམ།
ཤ་དམར་ལགས།
སྦྲང་ཆར་༩༧ལོའི་དེབ་༤པའི་མདུན་ཤོག་ནང་མར། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་བ་ལ་མཛད་རྗེས་ཆེ་བའི་མཁས་དབང་ཐུབ་བསྟན་ཉི་མ་ཞེས་ཁོང་གི་མཛད་རྗེས་རགས་བསྡུས་དང་སྐུ་པར་ཁག་གཅིག་བཅས་འཁོད་འདུག
ཤ་དམར་ལགས།
སྦྲང་ཆར་༩༧ལོའི་དེབ་༤པའི་ མདུན་ཤོག་ནང་མར། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་བ་ལ་མཛད་རྗེས་ཆེ་བའི་མཁས་དབང་ཐུབ་བསྟན་ཉི་མ་ཞེས་པ་དེ་ཨ་ལག་གཟན་དཀར་ཚང་ལ་ཞུ་ལེ་རེད། ཨ་ལག་གཟན་དཀར་དང་ཐུབ་བསྟན་ཉི་མ་གཉིས་ཁོང་གི་མཚན་གྱི་རྣམ་གྲངས་རེད་ཞུ།
གོང་གི་ཨ་ལག་ཞེས་པ་དེ་ཨ་ལགས་ལ་བཅོས་དགོས་ཞུ།
བོན་ལགས། སྒྲོལ་མ་སྐྱབས་ཀྱིས་སྒོར་འབུམ་སུམ་བརྒྱ་བརྐུས་ནས་བྲོས་པ་ངོ་མ་རེད་དམ། དེ་གསལ་བོ་ཞིག་ཤོད་དང་།
ཨ་ལགས་གཟན་དཀར་ཚང་། གོ་ཐོས་ལྟར་ན། ཡབ་རྒྱ་བོད་འདྲེས་མ་ཞིག་ཕྱིས་སུ་རྫོགས་ཆེན་རིན་པོ་ཆེ་བླ་མར་བརྟེན་ཏེ་ཞལ་འདོན་ཁོ་ན་གནང་ཞིངབཛྲ་གུ་རུ་ཡང་དུང་ཕྱུཪ་ཙམ་བགྲངས་མྱོང་པའི་ཆོས་པ་ཡག་པོ་ཞིག་ཡིན་པ་དང་། མ་ཡུམ་ནི་བོད་མི་ཉག་གི་རུས་བརྒྱུད་ཁ་འདོན་དགེ་སྦྱོར་ཁོ་ནར་བརྩོན་པའི་དགེ་བསྙེན་སྒྲུབ་པ་པོ་ཞིག་ཡིན་པར་གྲགས། མི་ཚང་ཆེན་པོ་མིན་ཀྱང་ཉམས་ཆུང་ཆོས་པའི་རིགས་ཞིག་ཡིན་པར་ངེས། ལོ་ཆུང་སྐབས་མི་ཉག་ལྷ་སྒང་གི་ས་སྐྱའི་སྤྲུལ་སྐུར་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་པའི་སྐབས་ཤིག རྫོགས་ཆེན་རིན་པོ་ཆེས་ཨ་ལག་གཟན་དཀར་གྱི་སྤྲུལ་སྐུར་ངོས་འཛིན་བྱས་ཏེ་ཁྲི་འདོན་གནངབ་དང་། ས་སྐྱ་དང་རྙིང་མ་གཉིས་ཀའི་ཕྱོགས་ལ་གྲྭ་རྩོད་ཡང་ཕྲན་བུ་ཞིག་བྱུང་ནའང་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་རྩོད་པ་ཆོས་ཕྱོགས་སུ་ཞི་བཅུག་པས་རྩོད་གླེང་ཆེན་པོ་རང་བྱུང་མི་འདུག ཁོངགི་སྐུ་ཕྲེང་ནི། ༡རིག་འཛིན་འཇིགས་མེད་གླིང་པ།༢མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། ༣གྲུབ་དབང་གཟན་དཀར་པདྨ་དངོས་གྲུབ། ༤ད་ལྟའི་གཟན་དཀར་པདྨ་ཐུབ་བསྟན་རྒྱས་པའི་ཉི་་མ་བཅས་སོ། ། སྤྱིར་འཇིགས་གླིང་གི་སྤྲུལ་བའི་རྣམ་རོལ་དུ་མ་བཞུགས་ནའང་། གདན་ས་དང་མཚན་གནས་འཛིན་པ་ཁོང་གི་སྐྱེ་ཕྲེང་རིམ་བྱོན་ཡིན་ཚུལ་རྡོ་གྲུབ་ཆེན་གྱིས་གསུང་འདུག རྫོགས་ཆེན་ཆོས་འབྱུང་དུ་ཁོང་གི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་བཞུགས་པ་གཟིགས་ན་ལོ་རྒྱུས་མཁྱེན་པར་ཕན་ཐོགས་ཡོད་སྙམ། ཁོང་གི་མཚན་གྱི་རྣམ་གྲངས་ལ། འཇིགས་གླིང་སྤྲུལ་སྐུ། མདོ་མཁྱེན་སྤྲུལ། ཨ་ལགས་གཟན་དཀར་པ། དར་མདོ་གཟན་དཀར་པ། གྲུབ་དབང་གཟན་དཀར་པ། ཨ་མདོ་གཟན་དཀར་པ། རྫོགས་ཆེན་གཟན་དཀར་པ། གཟན་དཀར་ཐུབ་བསྟན་ཉི་་མ་སོགས་ཞུ། དར་མདོ་ཟེར་དོན་ད་ལྟའི་འཁྲུངས་ཡུལ་དང་། ཨ་མདོ་ཟེར་བ་སྐུ་གོང་མའི་འཁྲུངས་ཡུལ་གྱིས་བཏགས་པ་ཞིག་རེད་སྙམ། ཁོངརང་གིས་འབྲོག་རྒན་ཐུབ་བསྟན་ཉི་་མ་དང་། རྨོངས་རྟུལ་ཐུབ་བསྟན་ཉི་མ། འབྲོག་པ་འཁྱམ་པོ་སོགས་བྲིས་འདུག སྔོན་ཆད་སི་ཁྲོན་བོད་ཡིག་དཔེ་བསྐྲུན་ཁང་གིས་པར་ཏུ་བསྐྲུན་པ་ཕལ་མོ་ཆེའི་ཞུ་དག་དང་། རྩོམ་པ་པོ་ངོ་སྤྲོད། གླེང་བརྗོད། ནང་དོན་གནད་བསྡུས། མཇུག་རྩོམ་སོགས་མཛད་གནག་བ་གཟིགས་པས་ཤེས། །པཎ་ཆེན་རིན་པོ་ཆེའི་ཐུགས་ཀྱི་བཞེད་དོན་དུ་མ་འགྲུབ་པར་མཛད་པས་བསྔགས་བརྗོད་དང་ལམ་སྟོན་གྱི་ཕྱག་བྲིས་དུ་མ་བསྩལ་ཡོད་པར་གོ་ནའང་། ཁོང་བྱ་བྲལ་སྤྲང་པོའི་བརྟུལ་ཞུགས་ལ་གནས་པས་རང་ཆེ་འབྱིན་ཕྱིར་ཁྱབ་བསྒྲགས་མི་གཏོང་པས་མཇལ་མཁན་རེ་གཉིས་ལས་ཡོད་ཚོད་མི་འདུག མཁས་པའི་དབང་པོ་འདི་ཉིད་སྐུ་ཚེ་བརྟན་པར་ཤོག
བོད་ཀྱི་ཆོས་རིག་དོན་དུ་སྐུ་ཚེ་གང་བོར། །ཕྲིན་ལས་དལ་བ་མེད་པའི་གཟན་དཀར་སྐུ་སྐྱེ། །ཞབས་པད་བཀྲ་ཤིས་རེ་ཁ་མཆོག་ཏུ་བརྟན་ཅིང་། །ཐུགས་ཀྱི་བཞེད་དོན་གེགས་མེད་ལྷུན་གྲུབ་འབྱུང་སྨོན། །
གཟན་དཀར་ཚང་ནི་བོད་ཀྱི་མཁས་དབང་ཆེན་མོ་ཞིག་རེད། ཡིན་ནའང་། དོན་རྐྱེན་ཅི་ཞིག་གིས་ཡིན་མིན་གསལ་ཁ་མེད་མོད། བཙན་བྱོལ་བོད་གཞུང་ཕར་ཞོག བོད་ནང་ལོགས་ཀྱི་ཨ་མདོ་ས་ཁུལ་དུ་ཡང་རིན་པོ་ཆེའི་སྐུ་ཡོན་ནང་བཞིན་གྱི་སྙན་གྲགས་ཤིག་བྱུང་མི་འདུག དོན་གནད་དེའི་རྐྱེན་གྱིས་བཙན་བྱོལ་བོད་གཞུང་གི་མཁས་དབང་རྗེས་དྲན་གྱི་མཚན་ཐོག་དུ་ཁོང་གི་མཚན་བཞག་མེད་པ་སྒང་གི་དེ་དང་དོན་རྐྱེན་གཅིག་རེད་སྙམ། དེ་མིན་ཕྱོགས་རིས་སོགས་ཚིག་འདྲ་མིན་དང་། ཆོལ་གསུམ་སྤུན་ཟླའི་མཛའ་བརྩེ་ལ་གནོད་གཞིའི་སྐད་ཆ་ཁུངས་མེད་འཆལ་གཏམ་རིགས་ཉུང་དུ་བཏང་ན་ལེགས། ང་ཚོ་དྲ་གྲོགས་ཚང་མས་གོ་བསྡུར་དང་གནད་འགག་ལ་རྒྱུས་ལོན་བྱེད་དགོས་པ་ལས་གྲོང་ཚིག་ཕལ་བ་བར་གྱི་མཛའ་བརྩེ་དང་། འཁྲུག་རྩོད་ཀྱི་རིགས་སུ་གཏོགས་པའི་སྐད་ཆ་དེ་དག་ནི་ཧ་ཅང་ཐལ་དྲགས་པ་དང་། ཁ་བརྡ་རྩོམ་སྒྲིག་པས་དྲ་རྒྱ་འདི་འདྲ་ཞིག་ལ་དཀའ་ལས་རྒྱག་བཞིན་པའི་དམིགས་ཡུལ་དང་ཡང་འགལ་བར་མཐོང་། ང་ཚོ་སྨྱུ་གུ་འཛིན་མཁན་ཚོས་ཚིག་ཁ་ཤས་ལ་གོ་བ་ལོག་པར་འགྲེལ་ཏེ་རྩོད་གཞི་ཆེ་རུ་འགྲོ་བཞིན་འདུག་ལ། དགོས་མེད་ཀྱི་ཕྱོགས་ཁག་ཀྱང་མང་དུ་འགྲོ་བཞིན་པར་ཁོ་བོས་འདོད། དཔེར་ན་བོད་ནང་གི་ཞོགས་ལྗང་ལྟ་བུས་གཞིས་ལུས་དང་བྱེས་འབྱོར་ཞེས་པའི་ཐ་སྙད་གཅིག་བུའི་སྟེང་ནས་བྱེས་འབྱོར་བ་ཡོངས་ལ་སྐད་ཆ་ངན་པ་མང་དུ་སྨྲས་ཡོད་ལ། གཞིས་ལུས་ཞེས་པའི་ཐ་སྙད་དེར་ཁོས་གསལ་བཤད་བྱས་དོན། ག་རེ་ལུས་སོང་བ་རེད། སྐྲག་ཤོར་ཚོ། སྡར་མ་ཚོ། ཁྱོད་ཚོ་བྲོས་སོང་བ་རེད། ང་ཚོས་ག་རེ་ལུས་སོང་། གང་ནས་ལུས་སོང་སོགས་གཞི་མེད་སྐྱོན་འཛུགས་དང་། བཙན་བྱོལ་བ་ཡོངས་ལ་ཟུར་ཟ། བཙན་བྱོལ་བ་རྣམས་ཀྱིས་གཞིས་ལུས་རྒྱ་ཆེའི་མང་ཚོགས་ལ་ཟུར་ཟ་བྱེད་ཀྱི་འདུག་སོགས་སྒྲོ་འདོགས་སྣ་ཚོགས་བྱས་ཏེ། དགོས་མེད་རྙོག་དྲ་རྒྱུན་མ་ཆད་པར་བཟོ་བཞིན་པ་དེ་ལྟར་རོ། དེས་ན་ང་ཚོས་གུ་ཡངས་དང་རྣམ་དཔྱོད་ཡོད་པའི་སྒོ་ནས་བསམ་འཆར་སྤེལ་དགོས་ལ། ཁུངས་ལུང་དང་གནས་ལུགས་ལྡན་པའི་སྒོ་ནས་བགྲོ་གླེང་བྱེད་དགོས། སྤྱིར་ང་ཚོ་གངས་ཅན་པའི་དེང་དུས་ཀྱི་སྨྱུ་གུ་འཛིན་མཁན་དང་ལྷག་པར་ཏུ་རྒྱ་ནག་གི་སློབ་གསོའི་ཤུགས་རྐྱེན་ཞིག་གིས་རང་གི་རིག་གཞུང་དང་མི་སྣ་མཐོ་ཁག་ལ་ཅི་ལྟར་འཁོན་འཛིན་དང་སྒྲོ་སྐུར་ཞུས་པ་དེའི་ཚོད་ཀྱིས་དགའ་བ་དང་། གཞན་རྗེས་སུ་རྒྱུགས་པ། རང་གི་རང་ཚུགས་ཤོར་བཞིན་དུ་ད་དུང་སྒལ་ཚིགས་དང་མི་བུ་སོགས་ཁ་ནས་གང་ཐོན་དུ་སྨྲ་བ་ལ་མོས་པ། ལྟ་བ་གསར་རྙིང་གང་ལ་ཡང་རྒྱུས་མངའ་མེད་བཞིན་དུ་རྙིང་བ་དོར་བ་ལྷག་ཏུ་དགའ་བ། ནང་ལོག་གི་མཁས་པའི་ཁ་གཏད་གཅོག་པ་ལ་ང་ཚ་ཁྲེལ་མེད་ཀྱི་བྱ་བ་ཡང་བསྒྲུབས་པ། རང་གིས་མི་ནུས་ཀྱང་གཞན་གྱིས་ནང་ཆོས་དང་གྲྭ་བ་སོགས་ལ་བསྡིགས་ན་དེའི་ཚོད་ཀྱིས་དེ་ཡག་པར་འཛིན་པ་སོགས་ཧོལ་རྒྱུགས་ཀྱི་བྱ་བ་མང་པོ་སྨྱུག་འཛིན་པ་ཚོའི་ནང་ན་དབྱར་གྱི་ཤ་མོ་ནང་བཞིན་བརྡོལ་ཡོང་བ་འདི་ནི། ཤེས་ཡོན་པ་དང་སྨྱུག་འཛིན་པ་ཚོའི་ངོས་ཀྱི་འཐུས་ཤོར་དང་། ཞིབ་འཇུག་མཐིལ་ཕྱིན་གནང་མ་ཐུབ་པའི་སྐྱོན་ཉག་གཅིག་ཏུ་མཐོང་ན། དྲ་གྲོགས་ཚོའི་བསམ་འཆར་མང་དུ་གནང་བའི་རེ་འབོད་ཞུ།
ཁོང་ཨ་མདོའི་མི་མང་ནང་དུ་དེ་ཙམ་འདྲིས་མེད་པ་བདེན་ནའང་། མཁས་པ་ཆེན་པོ་རྣམས་ཀྱིས་བསྔགས་པ་གནང་ཚུལ་ཐོས། དཔེར་ན། མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་གཟན་དཀར་ཚང་ཟེར་བ་འདི་རྒྱ་བོད་འཇར་གསུམ་གྱི་ཡིག་རིགས་ལ་མཁས་ཤིང་མ་ལྡན་དགུ་ལྡན་ཅིག་རེད། དེང་དུས་རིག་གནས་སྣ་རེ་ཕྱོགས་ཙམ་ཤེས་ན་ང་རྒྱལ་གྱིས་ཁེངས་ནས་སྡོད་མཁན་གྱི་རིགས་མ་རེད། མཁས་དབང་ཟེར་ན་མི་ཆོག་རྒྱུ་མི་འདུག་ཅེས་གདེངས་འཇོག་ཆེན་པོ་གནང་བ་དང་། མདོ་སྨད་ཀྱི་སྨན་རམ་པ་ཨ་ཁུ་སྟན་ཁོ་ཚང་གིས། གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཡངས་ཞིང་ལྷག་བསམ་ཆེ་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ་བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་བཞེས་པའི་སྐྱེས་བུ་ཆེན་པོ། གཟན་དཀར་བ་ལྟ་བུ་བོད་གངས་ཅན་འདི་ན་འདྲ་འདྲ་ལས་ལྷག་པ་ཡོད་པ་མི་ཤེས། ཁོང་ཞི་དུལ་ཁེངས་སྐྱུང་ཁོ་ནས་གནས་པས་འཕྲད་པ་ཙམ་གྱིས་མཁས་དབང་ཆེན་པོ་ཞིག་ཡིན་པ་ཤེས་དཀའ་ཡང་། ཅུང་ཟད་འདྲེས་ཚེ་གཞན་གྱི་སྤོབས་པ་ཟིལ་གྱིས་གནོན་པ་ཞིག་ཡིན་ཟེར་བ་ཐོས། །
ཚེ་ཏན་ཞབས་དྲུང་གི་གསུང་འབུམ་པོད་ཇ་པའི་ནང་། ཁོང་གིས་ཨ་ལགས་གཟན་དཀར་རིན་པོ་ཆེའི་སྐོར་ལ་འདི་ལྟར་ཞིག་འཁོད།
ཕན་བདེའི་འབྱུང་གནས་ཐུབ་པའི་བསྟན། །ཉི་མའི་འོད་བཞིན་གསལ་བའི་སླད། །མཆོག་སྤྲུལ་དམ་པའི་ཟློས་གར་མཁན། །བདག་གི་གྲོགས་ཀྱི་དྭངས་མ་དེར། །དཔག་ཚད་སྟོང་གིས་བར་ཆོད་ཀྱང་། །མཛའ་བའི་འབྲེལ་ཐུག་སུ་ཡིས་གཞིག །ཡིད་ཀྱིས་དྲན་རྟོག་མཐུན་པའི་གཉེན། །རིང་ཡང་ཉེ་བར་ལྟ་བུར་སེམས། །དེ་ན་དོན་དང་མཐུན་པའི་ཕྱག་རྗེས་ཀྱིས། །གསུབ་ཏུ་མེད་པའི་རི་མོ་འབྲི་བ་ལ། །ནམ་ཡང་མཉེལ་བ་མེད་ངོས་གཟུགས་སྐུའི་ཁམས། །བསྐྱོད་པ་མྱུར་ཞིང་ལྡང་བ་ཡང་ལགས་སམ། །སོགས་འཁོད།
གྲོགས་པོ་ཚོ། གཟན་དཀར་ཐུབ་བསྟན་ཉི་མ་འདི་བསྟོད་མ་བསྟོད་ཅང་མེད། འདི་བསྟོད་སྨད་ལ་རེ་དོགས་བྱེད་མཁན་ཞིག་མ་རེད། ཁོ་རང་རང་ས་ནས་ཞོག་དང་ཁོ་རང་གི་ལམ་དེ་དེད་ནས་ལས་ཀ་མང་པོ་ཞིག་ལས་ཐུབ་ཀྱིན་འདུག མི་ཆུང་ཆུང་འདི་ལ་སྐད་རྫིགས་པོ་ཞིག་ཡོད་རེད། འདིས་ཆོ་ག་གྱེར་འདོན་བྱས་པའི་སྒྲ་ཐག་ཅིག་ཡོད། ང་དེ་ཐེངས་མ་མང་པོར་ཉན་མྱོང་།
སྐྱབས་བཅོལ་བས་བཤད་པ་འདི་རིགས་ཡོད་སྲིད་པ་རེད་ སྔོན་སྐྱབས་མགོན་རིན་པོ་ཆེར་དབང་ཆོས་ཕུར་མྱོང་རིགས་ཀྱི་བླ་མ་རྣམས་ཀྱི་མཚན་བགྲངས་སྐབས་ཤིག་ མཁན་ཆེན་འཛྷཇིགས་མེད་ཕུན་ཚོགས་བགྲངས་མ་སོང་ དེ་དུས་ཁོང་ཞལ་བཞུགས་ཡོད་། རྗེས་མ་ཞི་བར་གཤེགས་རྗེས་གཞི་ནས་བཀོད་སོང་།
དཔལལ་སེང་ལགས་ལ་ཐུགས་རྗེ་ཆེ་ཞུ། ད་དུང་མཁས་དབང་གཟན་དཀར་བའི་སྐོར་ཀྱི་བསྔགས་བརྗོད། ཕྲིན་ཡིག །ལོ་རྒྱུས། ཞབས་བསྟན་སོགས་ཡོད་ཚེ་མུ་འགོད་གནང་བར་ཞུ། རིག་གསར་རྗེས་ཀྱི་བོད་ཀྱི་མཁས་དབང་རྒན་པ་དེ་ཚོའི་བཀའ་དྲིན་ལ་བརྟེན་ནས་ཀ་ངོ་ཆོད་ཙམ་བྱུང་བ་རེད། བཀའ་དྲིན་ཆེ་དང་། རྗེས་དྲན་གུས་འདུད་ཞུ་འོས་པ་རེད། ད་ལྟའི་རང་ལ་བྱས་པ་ཏིལ་འབྲུ་ཙམ་སྟོན་རྒྱུ་མེད་པར། དེས་མ་བྱུང་། འདི་མི་བཟང་གི་སྐྱོན་བརྗོད་ལུང་བ་གང་རེ་བྱེད་མཁན་ཚོ་དང་མི་འདྲ།
གཟན་དཀར་རིན་པོ་ཆེ་བོད་མི་རྣམས་ལ་བཀའ་འདྲིན་ཆེན་པོ་རེད། ཐུགས་རྗེ་ཆེ། རེ་བར་རིན་པོ་ཆེས་སྐུ་གཟུགས་ལ་གཅེས་སྤྲས་ཐོག རི་བོ་དགེ་ལྡན་པའི་གསུང་འབུམ་རེ་གཉིས་དཔར་བཀོད་རོགས་གནང་། ད་བར་རིན་པོ་ཆེ་མཆོག་གིས་སྤར་སྐྱོན་པའི་ཕྱག་དཔེ་ཆོས་ལུགས་ཚང་མ་འདུག་རུང་། རི་བོ་དགེ་ལྡན་པའི་ཕྱག་དཔེ་ཤིན་དུ་ཉུང་།
ཐུགས་རྗེ་ཆེ།
དྲི་མེད་ལྷག་བསམ་ལགས།
མཁས་དབང་གཟན་དཀར་རིན་པོ་ཆེའི་སྐོར་བསྟོད་པ་དང་འཕྲིན་ཡིག ཞབས་བརྟན་སོགས་མཆོག་སྤྲུལ་པདྨ་སྐལ་བཟང་དང་། བོད་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་། མཁྱེན་རབ་འོད་གསལ་སོགས་ཀྱི་གསུང་རྩོམ་ཁག་ཏུ་མི་ཉུང་བ་ཞིག་བཞུགས།
འདིར་ཁྱེད་ཀྱི་རེ་བསྐུལ་ལྟར་དམིགས་བསལ་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་དམ་པ་འདིའི་སྐོར་ཀྱི་བསྟོད་པ་གཅིག་དང་ཞབས་བརྟན་གཅིག་བཀོད་ཡོད་པས་ཁྱེད་ཀྱི་ཐུགས་རེ་རྫོགས་པའི་རེ་བ་དང་བཅས།
༡༽རྗེ་བཙུན་མ་མདོ་ཟླ་གསལ་དབང་མོའི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་ལྡེབ་ངོས་༡༧༥ནས་༡༧༦པར།
མཆོག་སྤྲུལ་ཐུབ་བསྟན་ལུང་རིགས་སྨྲ་བའི་ཉི་མར་བསྟོད་པ།
ཨོཾ་སྭསྟི། མཁས་བཙུན་བཟང་པོའི་གྲགས་སྙན་ལྷའི་རྔ་སྒྲས། །འཛམ་གླིང་ཡངས་པའི་ཁྱོན་ཀུན་འགེངས་བྱེད་པ། །
དེང་དུས་འཇམ་དབྱངས་ངུར་སྨྲིག་འཆང་བའི་ཟོལ། །རིགས་བདག་ཐུབ་བསྟན་ཉི་མས་རྟག་ཏུ་སྐྱོངས། །
ཤེས་བྱའི་གནས་སུ་གྱུར་པ་ཇི་སྙེད་པ། །དེ་སྙེད་མཁྱེན་པའི་བློ་གྲོས་དཔལ་འབར་བས། །
བསྟན་པའི་འཁོར་ལོ་ལྗོངས་འདིར་ལྷགས་སོ་ཞེས། །ངོ་མཚར་ལྷ་ཡིས་སྒྲོགས་དེས་དགེ་ལེགས་སྩོལ། །
ཕྱི་ཚུལ་བཅོས་མས་ཟོལ་ཙམ་མ་ཡིན་པར། །ཉེས་ལྟུང་ཕྲ་མོའི་ཆ་ཡང་དུག་ལྟར་འཛེམ། །
གནས་བརྟན་ཉེ་བ་འཁོར་གྱི་རྗེས་འགྲོ་བའི། །དམ་པའི་རང་བཞིན་ངོམ་དེས་དགེ་ལེགས་སྩོལ། །
མཐོ་ལ་ངོ་དགའ་དམན་ལ་བརྙས་མིན་པར། །བྱམས་དང་སྙིང་རྗེས་ཡོངས་གང་གང་གི་ཐུགས། །
གཞན་ཕན་མཛད་པ་འབའ་ཞིག་ལྷུར་ལེན་པའི། །རྒྱལ་སྲས་བྱང་སེམས་མཆོག་དེས་རྟག་ཏུ་སྐྱོངས། །
ཁ་བཤད་མཐོན་པོའི་སྟོང་སྐད་མི་སྒྲོགས་ཀྱང་། །ཟབ་གསང་རྡོ་རྗེ་སྙིང་པོའི་དགོངས་པའི་བཅུད། །
མ་ལུས་ཐུགས་ཀྱི་དཔལ་བེར་ཡོངས་གཏམས་པ། །རྡོ་རྗེ་འཛིན་པ་མཆོག་དེས་དགེ་ལེགས་སྩོལ། །
མཐོན་པོའི་ཁྲི་དང་ཆེན་པོའི་ཐོབ་ཐང་ལ། །མི་དགྱེས་ཆོས་བརྒྱད་ཞེན་པར་རྒྱབ་ཀྱིས་ཕྱོགས། །
དེང་དུས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱིས། །སྲིད་ཞུ་ཁོ་ནར་བརྩོན་དེས་རྟག་ཏུ་སྐྱོངས། །
མཚན་དང་གདུང་གི་ཆེ་བར་གྲགས་པ་འགར། །གཡོ་དང་ནོར་གྱིས་ཉོས་པས་སྒྲོ་བཏགས་མིན། །
གྲུབ་དབང་གོང་མའི་རྡོ་རྗེའི་ལུང་གི་དོན། །འཁྲུལ་བྲལ་གཏེར་གྱི་ཕྱག་རྟགས་གསལ་དེས་སྐྱོངས། །
སྲིད་ན་མངའ་ཐང་བཙན་པའི་ཆེ་རྒུ་དང་། །གཙུག་ལག་ཀུན་ལ་བྱང་བའི་མཁས་རྣམས་ཀྱིས། །
ཁྱོད་ཞབས་ཅོད་པཎ་ལྟ་བུར་མགོས་གཏུག་ཀྱང་། །མི་སྙེམས་དམན་ས་འཛིན་དེས་དགེ་ལེགས་སྩོལ། །
ཐུན་མོང་ཐུན་མིན་རིག་གཞུང་མཐའ་དག་ལ། །དཔྱོད་པའི་བློ་གྲོས་རྒྱན་དྲུག་མཆོག་གཉིས་དང་། །
གངས་ཅན་འཇམ་པའི་དབྱངས་དངོས་རྣམ་གསུམ་གྱི། །རྗེས་འགྲོ་མཁས་པའི་གཙུག་རྒྱན་དེས་སྐྱོངས་ཤིག །
འཛམ་བུའི་མིང་གིས་བཏགས་པ་གླིང་འདི་ཡི། །རྒྱ་མཚོ་ཆེན་པོའི་མཐས་གཏུགས་ས་ཆེན་ཁྱོན། །
ཁྱོད་མཚན་སྙན་པའི་གདུགས་ཀྱིས་མ་ཁེབ་པ། །མེད་ཀྱང་འགྱིང་བག་མི་སྟོན་དེ་ལ་འདུད། །
སྟོབས་ཀྱིས་དྲེགས་པས་མངའ་དབང་སྦྱིན་པ་དང་། །འབྱོར་ལྡན་སྐྱེ་བོས་འདོད་རྒུ་ཕུང་པོ་རུ། །
སྤུངས་ཏེ་ཕུལ་ཡང་འཛུམ་པ་མི་སྟོན་པ། །ཀུན་སྤངས་དུལ་བའི་སྤྱོད་ལ་དགྱེས་དེས་སྐྱོངས། །
ཁྲེལ་མེད་སྙིགས་དུས་མ་རབས་སྐྱེ་བོ་འགས། །མངའ་ཐང་རྩོད་ཅིང་ནོར་ཕྱིར་ཕ་ཡང་གསོད། །
ཆོས་པའི་གཟུགས་ཀྱིས་ཆོས་མིན་སྤྱོད་མཐོང་ན། །ཁྱེད་ཀྱི་ཡོན་ཏན་སྙིང་ལ་ཡང་ཡང་མངོན། །
གང་ཐུགས་མཁྱེན་རབ་འཇམ་དཔལ་དཔའ་བོ་དངོས། །ཚད་མེད་ཐུགས་རྗེ་མིག་མི་འཛུམ་དང་མཚུངས། །
རྨད་བྱུང་མཐུ་སྟོབས་ལག་ན་རྡོ་རྗེར་མཉམ། །རིགས་གསུམ་སེམས་དཔའ་ཁྱོད་ལས་གཞན་དུ་ཅི། །
སྟོན་པའི་རྒྱལ་ཚབ་བསྟན་པ་ཡོངས་ཀྱི་བདག །པདྨའི་གདུང་འཚོབ་གྲུབ་པའི་འཁོར་ལོས་བསྒྱུར། །
སྐྱེ་དང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །འབྲལ་མེད་བྱང་ཆུབ་བར་དུ་རིགས་བདག་མཛོད། །
༷ཅེས་ཟླ་གསལ་མིང་གིས་འཕྲལ་བྲིས་བགྱིས་པའོ། །
༢༽གདུང་སྲས་ཕྲིན་ལས་ནོར་བུའི་གསུང་འབུམ་པོད་གསུམ་པའི་ལྡེབ་ངོས་༢༤༠པར།
ཨོཾ་སྭསྟི། གདོད་ནས་འཕོ་བྲལ་སྟོང་ཆེན་ཆོས་ཀྱི་སྐུའི། །སྣང་ཆ་མ་འགགས་ཁ་སྦྱོར་ཡན་ལག་བདུན། །
འོག་མིན་ཞིང་དུ་ལོངས་སྤྱོད་རྫོགས་པའི་ལྷ། །ཚེ་བདག་རྣམས་ཀྱིས་ཚེ་དབང་བྱིན་ཆེན་ཕོབས། །
ཡེ་ཤེས་ལུས་ཅན་པདྨ་སམྦྷ་ཝ། །པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ། །
ཁ་བ་རི་པའི་ལྷ་གཅིག་ཁྲི་སྲོང་རྗེ། །རྣམ་གསུམ་དབྱེར་མེད་འཇིགས་མེད་གླིང་པར་འདུད། །
གང་ཐུགས་གཉིས་མེད་ཡེ་ཤེས་སྒྱུ་མའི་གར། །ཚར་གཅོད་རྗེས་འཛིན་བསད་གསོ་ནུས་པའི་དཔལ། །
བརྟུལ་ཞུགས་གྲུབ་པའི་དབང་པོ་མཁྱེན་བརྩེའི་གཏེར། །ཡེ་ཤེས་རྡོ་རྗེ་སྙིང་དབུས་པདྨོར་རོལ། །
གང་གི་སྐྱེས་རབས་མཆོག་གི་སྤྲུལ་པའི་གཟུགས། །དྲི་མེད་གཟན་དཀར་མནབས་པའི་རིགས་སྔགས་འཆང་།།
པདྨ་དངོས་གྲུབ་རོལ་པའི་རྡོ་རྗེའི་ཞབས། །སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད།།
དེ་ཡི་སྐྱེ་བ་མངོན་པར་སྐྱེས་པ་ནི། །བདག་ཉིད་ཡིན་ཅེས་སྔོན་གནས་རྗེས་དྲན་གཏམ། །
དད་ལྡན་དགའ་བ་བསྐྱེད་པའི་སྐྱེས་བྱིན་པ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ།།
རྨད་བྱུང་དམ་པའི་ཚུལ་དགུའི་ཡོན་ཏན་ཀུན། །བུམ་ནང་མར་མེ་བཞིན་དུ་ཉེར་སྦས་ཏེ། །
རྒྱལ་བ་དགྱེས་པའི་ཀུན་སྤྱོད་ལྷུར་ལེན་པ། །ཐུབ་བསྟན་ཉི་མའི་ཞབས་ལ་གསོལ་བ་འདེབས། །
རྒྱལ་བའི་བཀའ་དང་དེ་ཡི་དགོངས་འགྲེལ་དང་། །གནས་གསུམ་དབྱིངས་ཀྱི་མཁའ་འགྲོའི་གསང་བའི་ཆོས། །
བསྟན་པའི་བཙས་སུ་བླ་ནས་བླར་འཕེལ་བའི། །ཆོས་སྐུའི་རིང་བསྲེལ་སྙིང་པོར་བསྒྲུན་བྱེད་པའི། །
བྱ་བ་ལས་ཀྱི་འཁོར་ལོའི་ཁུར་ཆེན་པོ། །གཞན་གྱི་དྲིང་དུ་འཇོག་ལ་མི་གཞོལ་བར། །
བདག་གིར་བཞེས་ཏེ་རིས་མེད་བསྟན་འགྲོའི་དོན། །བསམ་མི་ཁྱབ་པར་མཛད་ལ་གསོལ་བ་འདེབས། །
གང་གི་གསང་གསུམ་མི་ཤིགས་རྡོ་རྗེའི་ཁམས། །གཡོབའི་ཆོས་ལས་ཡེ་ནས་རབ་འདས་མོད། །
དེང་འདིར་གདུལ་བྱའི་སྣང་ངོར་སྣང་བའི་སྐུའི། །སྤྲོས་པ་བསྡུ་བའི་མངོན་རྟོགས་མི་ངོམས་ཤིང་། །
པདྨའི་གཉེན་ལ་ཉི་མའི་དཀྱིལ་འཁོར་ལྟར། །མཚན་དཔེའི་དཀྱིལ་འཁོར་རྟག་ཏུ་རབ་གསལ་ཏེ། །
རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །འགྲོ་ཀུན་ཕན་བདེའི་སྣང་བས་འཚོ་བར་ཤོག །
ཅེས་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་ལ་ཐུན་མོང་མ་ཡིན་པའི་རྒྱུ་མཚན་ཤེས་པའི་དད་པ་འཐོབ་པ་ཆོས་བཙུན་མ་ཀུན་ཏུ་བཟང་མོ་ནས་ནན་ཏན་ཆེན་པོས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་འཕགས་ནོར་བདུན་གྱི་དང་པོའི་རྗེས་སུ་རྐང་པ་འཇོག་པ་ལ་སྤྲོ་བ་བརྟས་པ་འདུ་གསུམ་པ་ཕྲིན་ལས་ནོར་བུ་ནས་སྙིང་ནས་གསོལ་བ་བཏབ་པའོ།།
དྲི་མེད་ལྷག་བསམ་མཆོག་གིས༼ཁོང་ཞི་དུལ་ཁེངས་སྐྱུང་ཁོ་ནས་གནས་པས་འཕྲད་པ་ཙམ་གྱིས་མཁས་དབང་ཆེན་པོ་ཞིག་ཡིན་པ་ཤེས་དཀའ་ཡང་། ཅུང་ཟད་འདྲེས་ཚེ་གཞན་གྱི་སྤོབས་པ་ཟིལ་གྱིས་གནོན་པ་ཞིག་ཡིན་ཟེར་བ་ཐོས། །༽ཞེས་གསུངས་པ་ཤིན་ཏུ་བདེན། མཁས་དབང་ཁོང་ལ། མདོ་སྔགས་རིག་གནས་གང་ཐད་ནས་དྲིས་རུང་ངས་མི་ཤེས་ཞེས་ཁེངས་སྐྱུང་གིས་གསུང་ཞོར་དྲིས་ལན་གང་གནང་བརྗོད་བྱའི་གནད་ཐོག་ཏུ་འགྲིལ་ཞིང་། རྗོད་བྱེད་ཀྱི་ཚིག་བསྐྱར་ཟློས་དང་། ལད་ཟློས་ལྟ་བུ་མ་ཡིན་པར་ལན་རྒྱས་བསྡུས་འཚམས་པོ་འཕྲལ་དུ་པར་འདེབས་བྱས་ཀྱང་ཆོག་པ་ཞིག་ཡོད། དེ་བཞིན་ལོ་རྒྱུས་ལྟ་བུ་ཡིན་ན། ཡུལ་གང་དུ། དུས་ནམ་ཞིག སུས་གང་ལ། གནས་ཚུལ་ཅི་ཞིག་བྱུང་མིན། ད་དུང་མི་སྣ་དང་ས་ཁུལ་དག་གི་མིང་གསལ་བོ་གསུང་རྒྱུ་ཡོད་པ་ཞིག་ཡིན། ངས་གོ་ཐོས་ཤིག་ལ་ཁོང་མདོ་མཁྱེན་གྱི་ཡང་སྲིད་དུ་ངོས་འཛིན་གནང་མཁན་དེ་ད་ལྟའི་རྡོ་གྲུབ་སྐུ་ཐོག་འདི་བ་ཡིན་ཞེས་གསུང་མཁན་འདུག རྡོ་གྲུབ་སྐུ་འཁོར་ཧྲག་བསྡུས་ཤིག་ས་གནས་དེ་གར་ཆིབས་སྒྱུར་སྐྱོང་སྐབས། གཟར་དཀར་སང་ཁོང་གི་མ་ཡུམ་གྱིས་ཁྲིད་ནས་མཇལ་ཁར་ཕེབས་སོང་ཟེར། དེ་དུས་རྡོ་གྲུབ་སང་གིས་ཕྲེང་བ་ཞིག་དང་། གོས་ཆེན་སེར་པོ་ཡུག་གཅིག་གམ། ནབ་བཟའ་ཞིག་ཕུལ་ནས་ཕྲུ་གུ་འདི་སྐྱེས་བུ་དམ་ཞིག་གི་ནམ་སྤྲུལ་ཡིན་པས་གཙང་སྤྲ་དང་བདག་པོ་ཡག་པོ་རྒྱག་དགོས་ཞེས་བཀའ་ཕེབས་སོང་ཞེས་ཁོང་གི་སྐུ་འཁོར་ཞིག་གིས་གསུངས་པ་ཞིག་དྲན་གྱིན་འདུག གང་ལྟར་བླ་མ་བསམ་གྱིས་མི་ཁྱབ་པ་དད་གུས་བྱེད་ཆོག་ཆོག་ཅིག་ཡོད།
ཡ་ད་ཁྱོད་ཚོས་ཐུབ་བསྟན་ཉི་མའི་སྐོར་དེ་འདྲ་ཞིག་བཤད་ཤེས་ན་ད་རིག་ཆུང་གི་སྐོར་ཞིག་ཤོད་དང་། ད་དྲ་གྲོགས་ཚང་མ་དད་པས་བཟི་འགྲོ་ངེས་རེད། ངོ་མ་ཁྱོད་ཚོས་རིག་ཆུང་ངོ་ཤེས་རྒྱུ་རེད། མུར་ཧ་ལྕིམ་ལུང་གི་སྤྲུལ་སྐུ་དེ། ཁོང་ཡང་གཟན་དཀར་སྐུ་གོང་མའི་སྤྲུལ་སྐུ་རེད། ང་ནི་ཁོང་ལ་དགའ།
ཉིན་ཞིག་ལ་རོང་བ་ཁ་ཤས་ཤིག་གིས་མུར་ཧ་བའི་གཡག་རེ་ཁ་ཤས་ཤིག་བརྐུས། དེ་ནས་རྐུ་བུད། རིག་ཆུང་གིས་དམག་དཔོན་བྱས་ནས་རོང་བའི་ཐོག་ལ་དམག་དྲངས། རོང་རྒན་ཚོས་སྐྱག་པ་ཤོར་ཤོར་བྱས། རྗེས་མ་དམག་ཅི་ལྟར་བརྒྱབ་ཚུལ་ཞིག་འཁྲབ་སྟོན་བྱས་ནས་སྡེ་བའི་མང་ཚོགས་ཚང་མ་ལ་གཟིགས་མོར་ཕུལ། དེ་ཚོ་དྲན་ན་ང་དགོད་ཡོང་གིན་འདུག རིག་ཆུང་དང་ཐུབ་བསྟན་ཉི་མ་གཉིས་ཀྱི་མི་གཞི་ལ་འདི་འདྲའི་ཁྱད་པར་ཞིག་ཡོད་པར་བལྟས་ན་ངོ་མ་བླ་མ་གཅིག་གི་སྐྱེ་བ་རེད་ཟེར་བ་དེ་བདེན་པར་མི་འཛིན་པ་ཞིག་ཡོད། ཁྱོད་ཚོས་ཐུབ་བསྟན་ཉི་མ་གླེང་གི་འདུག་དུས་ངས་རིག་ཆུང་དྲན་ནས་སྡོད་མི་ཚུགས་ཀྱང་འདི་ན་རིག་ཆུང་གླེང་འདོད་ཡོད་མཁན་མེད་པ་འདྲ་བས་བྱ་ཐབས་ཟད། མུར་ཧ་ལྕིམ་ལུང་དགོན་པ་འདི་ངོ་མ་ཁྱད་མཚར་ཡིན་ཡ། སྔགས་པ་ཟེར་ན་སྐྲ་མེད་མཁན། རབ་བྱུང་ཟེར་ན་སྐྱེས་དམན་ཡོད་མཁན་ཤ་སྟག་གི་གྲྭ་ཚང་འཚོགས་ཡོང་དུས་རེད་ཟེར་ཡང་མི་འདོད་པ། མ་རེད་ཟེར་རྒྱུ་ཡང་མེད་པ་ཞིག་ཡིན།
དཔལ་སེང་ལགས།
ཐུགས་ཆེད་གནང་།
གནས་གཟན་དཀར་སྤྲུལ་སྐུའི་རྣམ་ཐར་རྒྱས་པ་ཞིག་བཀོད་གནང་བ་དེ་ནད་ཐོག་གི་སྨན་རང་བྱུང་སོང་།
ཨ་ལགས་གཟན་དཀར་ཚང་། འདི་ཉིད་དགུང་ལོ་གསུམ་གྱི་ཐོག་ཉིན་ཞིག་ཁོང་ཉིད་འཁྲུངས་ཡུལ་དཔལ་ལྷ་སྒང་དགོན་པའི་ཉེ་འདབས་མ་ཎིའི་རྡོ་འབུམ་ཞིག་ཡོད་པ་དེའི་ཐོག་འཛེག་ནས་རྡོ་འབུམ་གྱི་དཀྱིལ་ནས་རྡོའི་སྦྲམ་བུ་ཆུང་ཆུང་ཞིག་བཏོན་ཏེ་དེ་ཁོང་རང་གིས་བཅག་ནས་ཁྱུང་གི་གཟུགས་བརྙན་བླངས་ནས་འདི་ནི་ངའི་ཡིན་གསུངས་པ་གྲགས། གཏམ་དེ་ཡོངས་ལ་ཁྱབ་རྗེས་ལྷ་སྒང་དགོན་པའི་བླ་མ་སྐུ་བགྲེས་ཞིག་བཞུགས་པ་དེས།
“སྔོན་མདོ་མཁྱེན་རྩེ་སྐུ་ངོ་མས་ལྷ་སྒང་དགོན་པ་ལ་དད་རྟེན་དུ་རྡོའི་སྦྲམ་བུ་ཞིག་གནང་བ་ལ། དགོན་པས་སྦྲམ་བུ་དེ་རྡོ་ཞིག་རེད་སྙམ་སྟེ་རྩ་ཆེན་མ་མཛད་ནས་དགོན་པའི་ཉེ་འཁོར་གྱི་མ་ཎིའི་རྡོ་མཁར་དེར་བཅུག་པ་རེད། ད་ལན་འདིའི་རྡོའི་སྦྲམ་བུ་ནི་སྔོན་མདོ་མཁྱེན་བརྩེས་གནང་བ་དེ་ཡིན་ཕྱིར་ཕྲུ་གུ་འདི་ནི་མདོ་མཁྱེན་བརྩེའི་སྐུ་སྐྱེ་འཁྲུལ་མེད་ཡིན་ངེས་ཐག་གིས་ཆོད་ན་འདི་ནི་ལྷ་སྒང་དགོན་པ་ལ་དབང་བ་ཡིན་”ཞེས་སྐུ་བདག་བརྒྱབ། གཏམ་དེ་ཁོང་གི་སྐུ་གོང་མའི་གདན་ས་མ་ཧཱ་སྐྱིད་ལུང་དགོན་པ་ལ་ཁྱབ་རྗེས་གོང་མའི་གདན་ས་ནས་ཀྱང་ཡང་སྲིད་གདན་འདྲེན་དུ་སླེབས་པ་དང་ལྷ་སྒང་དགོན་པས་ཐོག་མར་མ་བསྐུར། མཐར་གྲོས་མོལ་གྱིས་དགོན་པ་གཉིས་ཀའི་བསྟན་བདག་ཏུ་བཀུར། ཁོང་འཁྲུངས་ཡུལ་དཔལ་ལྷ་སྒང་དགོན་པ་ས་སྐྱ་ཡིན་པ་དང་། སྐུ་གོང་མའི་གདན་ས་མ་ཧཱ་སྐྱིད་ལུང་དགོན་པ་རྙིང་མ་ཡིན་པ་བརྟེན་སྐུ་ན་ཆུང་དུས་རྙིང་མའི་ཆོས་སྐོར་སྔ་འགྱུར་རྫོགས་ཆེན་དགོན་པ་དང་རྡོ་གྲུབ་ཆེན་དགོན་ལ་ཕེབས་ནས་སློབ་གཉེར་མཛད་པ་དང་། ས་སྐྱའི་ཆོས་སྐོར་ཁམས་རྫོང་སར་དགོན་ལ་ཕེབས་ནས་སློབ་གཉེར་མཛད་དེ་ས་རྙིང་རིས་མེད་ཀྱི་ཆོས་ལ་མཁས་པར་གྱུར། རྡོ་གྲུབ་རིན་པོ་ཆེ་འདི་པ་ནི་ཁོང་གི་རྩ་བའི་བླ་མ་ཡིན་ཡང་ངོས་འཛིན་གནང་མཁན་དེ་མིན་ནོ།།
དེས་ན་གོང་དུ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེས་ཀྱང་
“དེ་ཡི་སྐྱེ་བ་མངོན་པར་སྐྱེས་པ་ནི། །བདག་ཉིད་ཡིན་ཅེས་སྔོན་གནས་རྗེས་དྲན་གཏམ། །
དད་ལྡན་དགའ་བ་བསྐྱེད་པའི་སྐྱེས་བྱིན་པ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ།།”ཞེས་གསུངས།
གཞན་དུ་ཁོང་གི་གདན་སའི་མིང་ལ་ཡོངས་གྲགས་སུ་མ་ཧཱ་སྐྱིད་ལུང་ཞེས་འབྲི་བཞིན་འདུག
རིག་ཆུང་ཡང་གཟན་དཀར་སྐུ་གོང་མའི་སྐུ་སྐྱེ་ཞིག་ཡིན་པ་དང་སྤྲུལ་སྐུ་འདི་གཉིས་ཀ་དགོན་པ་གཅིག་ལ་འགལ་མེད་དུ་གནས། དེ་ནི་བླ་མ་གཅིག་ལ་སྐུ་གསུང་ཐུགས་སོགས་ཀྱི་སྐུ་སྐྱེ་འཁྲུངས་ཚུལ་ཡོད་པ་ལྟར་རེད་འདུག
༢༠༠༨ལོའི་ལོ་ཙཱ་བའི་ཚོགས་འདུ་ཞིག་གི་ཐོག་ཁོང་གིས་ཕྱི་གླིང་བ་ཁག་ཅིག་ལ་བཀའ་ལན་གནང་བཞིན་པའི་གསུང་དུམ་ཞིག་གཤམ་གྱི་དྲྭ་གནས་ཐོག་ཏུ་འདུག འདི་ནི་ཁྱེད་དྲི་མེད་ལྷག་བསམ་དང་ཨ་རིག་སོགས་དད་ལྡན་རྣམས་ཀྱི་ཆེད་དུ་བཀོད་པ་ལགས་པས་དེ་བཞིན་ཐུགས་དགྱེས་སྤྲོ་ཡོང་བའི་རེ་སྨོན་བཅས།
http://www.onlinedharmaclassics.org/index.php?option=com_hwdvideoshare&task=viewvideo&Itemid=1&video_id=180
དེང་སང་ཟླ་གསལ་ལགས་ཞལ་བཞུགས་ཡོད་པ་རེད་དམ།
༡༽ སྤོབས་མཐའ་ལགས།
རྗེ་བཙུན་མ་ཟླ་གསལ་དབང་མོ་སྐུ་དཀྱིལ་གསལ་དྭངས་ངང་བཞུགས་ཤིང་། ཁོང་ད་ལོ་དགུང་ལོ་བརྒྱད་ཅུ་གྱ་བཞི་རེད།
༢༽ རྔ་པ་རྒྱལ་ཁམས་པ་ལགས་ཀྱིས་གསན་པའི་རྡོ་གྲུབ་རིན་པ་ཆེས་ཨ་ལགས་གཟན་དཀར་ཚང་ངོས་འཛིན་གནང་ཚུལ་དེ། སྔོན་རྡོ་གྲུབ་རྒན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་རིག་འཛིན་འཇིགས་མེད་གླིང་པའི་ཡོངས་སྲིད་དུ་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ངོས་འཛིན་མཛད་པའི་གནས་ཚུལ་དང་ནོར་བ་རེད་འདུག
རྔ་རྒྱལ་ལགས་ཀྱིས་གསན་པ་དང་ཕྱོགས་འདྲ་བ་ཞིག་རྡོ་གྲུབ་རྒན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་རིག་འཛིན་འཇིགས་མེད་གླིང་པའི་ཡོངས་སྲིད་དུ་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ངོས་འཛིན་མཛད་པའི་གནས་ཚུལ་མདོ་མཁྱེན་བརྩེའི་རང་རྣམ་དང་གཞན་དུ་མདོ་ཟླ་གསལ་དབང་མོས་མཛད་པའི་མདོ་ཚང་གི་བརྒྱུད་པའི་རྣམ་ཐར་བསྡུས་པ་ལའང་འཁོད།
༣༽བཀྲས་ལགས།
༡ ཨ་ལགས་གཟན་དཀར་ཚང་གིས་《བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་》ཅེས་པའི་དཔེ་ཚོགས་ཞིག་དཔེ་སྐྲུན་འགྲེམ་སྤེལ་མཛད་བཞིན་འདུག དཔེ་ཚོགས་འདིར་བསྡུས་པའི་གསུང་རྣམས་དེ་སྔོན་པར་དུ་འཁོད་མ་མྱོང་པ་དང་། པར་དུ་འཁོད་མྱོང་པའང་ད་ཆར་དཔེ་དེ་ཁོ་ན་ཙམ་མ་གཏོགས་འཇིག་རྟེན་འདིར་མཇལ་རྒྱུ་མེད་པའི་དཔེ་དཀོན་ཉག་ཅིག་ལགས། དཔེ་ཚོགས་འདི་ད་བར་པོད་བརྒྱ་དང་ཉི་ཤུ་ཐོན་འདུག
ཡང་《བཀའ་གདམས་གཅེས་བཏུས་》ཞེས་པ་ཇོ་བོ་རྗེ་སོགས་ཀྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་གལ་ཆེན་ཁག་ཀློག་གླད་དུ་བཅུག་སྟེ་དེབ་གཟུགས་སུ་དཔེ་སྐྲུན་མཛད་ཀྱིན་འདུག འདི་ལ་ད་བར་དེབ་ལྔ་ཐོན་འདུག
འདི་དག་ཕལ་ཆེར་བ་རི་བོ་དགེ་ལྡན་པ་དང་འབྲེལ་བའི་ཆོས་སྐོར་རེད་འདུག་ཞུ།
༢ ཡང་ཉེ་ཆར་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》ཞེས་པ་པོད་སུམ་ཅུ་ཐོན་འདུག འདིའི་ནང་ལ་རི་བོ་དགེ་ལྡན་པའི་དགེ་བའི་བཤེས་གཉེན་མི་ཉུང་བ་ཞིག་གི་རྣམ་ཐར་བཞུགས།
༢ ཡང་《ཤེས་བྱའི་གཏེར་བུམ་》ཞེས་པའི་དཔེ་ཚོགས་གྲས་བཀྲ་ཤིས་ལྷུན་པོ་ཁྲི་རབས་༠༩པ་བློ་གྲོས་ལེགས་བཟང་གི་གསུང་དཔེ་དཀོན་《དབུ་མ་ལ་འཇུག་པའི་སྤྱི་དོན་དགོངས་པ་རབ་གསལ་གྱི་རྒྱན་》དང་།
བཀྲ་ཤིས་ལྷུན་པོ་ཁྲི་རབས་༠༧པ་ དཀྱིལ་ཁང་ཤནྟི་པ་བློ་གྲོས་རྒྱལ་མཚན་གི་གསུང་དཔེ་དཀོན་《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་པཎ་ཆེན་ཤནྟི་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་》ཞེས་པ་དང་།
བཀྲས་ལྷུན་ཤར་རྩེ་མཁན་རབས་༠༤པ་ལེགས་པ་དོན་གྲུབ་ཀྱི་གསུང་དཔེ་དཀོན་《འདུལ་བའི་སྤྱི་དོན་རིན་པོ་ཆེ་ནོར་བུའི་འཕྲེང་བ་》ཞེས་པ་སོགས་དཔེ་སྐྲུན་མཛད་དང་མཛད་བཞིན་འདུག་ཞུ།
༣ གཞན་ཡང་ཁོང་གིས་ཁོང་གིས་ལོ་མང་རིང་རི་བོ་དགེ་ལྡན་པའི་དགོན་སྡེ་ཆེ་ཤོས་འབྲས་སྤུངས་དགོན་པ་དང་། སེ་ར་དགོན་པ་སོགས་སུ་བཞུགས་པའི་དཔེ་རྙིང་པོད་ཁྲིར་ལོངས་པ་རང་བྱུང་དང་མིའི་གནོད་འཚེས་འཇིག་ལ་ཉེ་བའི་ཉེན་ཁ་ལས་བསྐྱབས་ཏེ་ལེགས་པར་བསྒྲིགས་ཤིང་དཀར་ཆག་ཏུ་བཏབ། དགོན་སྡེ་དེ་དག་ལ་དཔེ་རྙིང་འཇོག་ས་དཔེ་སྒྲོམ་དང་པོད་རེ་རེ་བཞིན་དཔེ་རས་དང་དཔེ་ཐག་གསར་བཞེངས་མཛད་ནས་བཞུགས་སུ་གསོལ་ཡོད། སྤྱི་ལོ་༢༠༠༤ལོར་འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་དཀར་ཆག་དེབ་གཉིས་དཔེ་སྐྲུན་འགྲེལ་སྤེལ་གནང་བ་དང་འབྲེལ། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་དང་ཞིབ་འཇུག་པ་རྣམས་ཀྱིས་ཐེངས་དང་པོ་འབྲས་སྤུངས་དགོན་དུ་དེ་འདྲའི་རྩ་ཆེའི་དཔེ་རྙིང་འབོར་ཆེན་ཡོད་པ་ཤེས་རྟོགས་བྱུང་བ་དང་། སྔོན་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་པའི་བོད་ཡིག་དཔེ་རྙིང་མང་ཆེ་བའང་འདི་ནས་བྱུང་བར་ཤེས་ཡོད།
སེ་ར་དགོན་པའི་དཀར་ཆག་ཀྱང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་བརྒྱུད་དཔེ་སྐྲུན་མཛད་བཞིན་པའི་སྒང་རེད་ཞུ།
དེས་ན་ཨ་ལགས་གཟན་དཀར་ཚང་གིས་རི་བོ་དགེ་ལྡན་པའི་གསུང་དཔེ་སྐྲུན་མཛད་རྒྱུ་ཉུང་ཉུང་རེད་མི་འདུག མང་པོ་རེད་འདུག་ཞུ།
དཔལ་སེང་ལགས། བཀའ་དྲིན་ཆེ། ངས་གློག་བརྙན་དེའི་མགོ་ནས་མཇུག་བར་དུ་བལྟས་པ་ཡིན། ཚིག་མཛོད་ཀྱི་སྐོར་དེ་གསུངས་ཡོང་དུས་དགེ་འདུན་ཆོས་འཕེལ་གྱི་ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས་ཞེས་པའི་ཚིག་ཕྲེང་དེ་ཡིད་ལ་འཁོར་བཅུག་སོང་། ངས་ཟླ་གསལ་དབང་མོ་ལགས་ཀྱི་སྐོར་ཞིག་འདྲི་དོན་ནི་ལོ་ཤས་གོང་ལ་ནག་ལུང་མ་ཐུབ་བསྟན་ཆོས་དར་གྱིས་ཟླ་གསལ་དབང་མོའི་རྣམ་ཐར་ཞིག་བྲིས་ཡོད་ཚུལ་དྲན་སོང་བས་ཡིན། གཟན་དཀར་རིན་པོ་ཆེས་མི་ཉག་ལྷ་སྒང་གི་རོང་སྐད་དང་། འབྲོག་སྐད། དབུས་སྐད་བཅས་འདྲེས་མའི་གསུང་བཤད་གནང་དུས་བོད་ཀྱི་སྤྱི་སྐད་ཟེར་བ་དེ་འདི་ཡིན་ནམ་ཡང་སྙམ་བྱུང་། རྒྱབ་ལོགས་ན་རྒྱལ་རོང་སྙན་གྲགས་ཀྱིས་གོས་ཆེན་སེར་པོའི་སྟོད་གོས་རྫིག་པོ་ཞིག་གྱོན་ནས་འགྱིངས་འདུག ཟུར་ཞིག་ནས་བླ་མ་སྣ་ཆེན་པོ་ཅན་ཞིག་ཁུག་འབུད་ཁུག་འབུད་བྱེད་ཀྱི་འདུག དེ་མཐོང་མྱོང་མྱོང་ཞིག་འདུག ཟུར་ན་སྐྱ་ཆས་ཅན་ཞིག་ཡོད་པ་དེ་རྫོགས་ཆེན་དཔོན་སློབ་འདྲ་བོ་ཞིགའདུག མི་རྫིགས་པོ་རྐྱང་རྐྱང་གི་དབུས་ན་རིན་པོ་ཆེ་སྐུ་བགྲེས་པ་དང་གཅིག སྐུ་གཟུགས་ཆུང་བ་དང་གཉིས། ཁེངས་སྐྱུངས་མང་བ་དང་གསུམ་གྱིས་ཁྱད་མཚར་བའི་ཚོར་བ་ཞིག་སྟེར་ཡོང་གིན་འདུག
དཔལ་སེང་ལགས། ངས་ཁྱེད་ལ་བཀའ་འདྲི་ཞིག་ཞུ་འདོད་བྱུང་། སྙིང་ཐིག་ཚང་གི་ཆོས་འབྱུང་ལོ་རྒྱུས་འདྲ་བོ་ག་རེ་ཡོད་པ་རེད།
དལ་སེང་། མ་ཧཱ་སྐྱིད་ལུང་དགོན་པ་ཟེར་བ་དེ་ཡིག་སྐད་རེད། ཁ་སྐད་ལ་མུར་ཧ་ལྕུམ་ལུང་དགོན་པ་ཟེར་བ་རེད། མདོ་མུར་གཉིས་ཀ་ཚོ་ངའི་ལག་མཐིལ་གྱི་རི་མོ་ཡིན་ནི་རེད།
དཔལ་སེང་ལགས་ལ་ཐུགས་རྗེ་ཆེ་ཞུ། རང་ཉིད་ཆོས་རྒྱུན་རྙིང་མ་ཞིག་མིན་མོད། རྙིང་གཞུང་ལ་དཔེ་བལྟས་ཕྲན་བུ་རེ་བྱེད་མྱོང་དང ། འཇིགས་གླིང་སྐུ་ཕྲེང་རིམ་པར་བྱོན་པ་ཕལ་མོ་ཆེའི་རྣམ་ཐར་ལ་ཅུང་ཟད་རྒྱུས་ཡོད་མཁན་ཞིག་ལགས། ཨ་ལག་གཟན་དཀར་རིན་པོ་ཆེའི་ལོ་རྒྱུས་ནི་རྫོགས་ཆེན་ཆོས་འབྱུང་དུ་ཡོད་པ་དང་། ངག་རྒྱུན་ལོ་རྒྱུས་ལས་གཞན་རྩད་གཅོད་བྱེད་རྒྱུ་མ་བྱུང་། ད་རེས་མཇལ་བས་ཡག་པོ་བྱུང་། ཨ་མདོ་བྱ་ཁྱུང་གི་མཁས་དབང་དམ་པ་ཤར་གདོང་ཚང་གིས་གསུང་ན། ཨ་ལག་་ཚེ་ཏན་ཞབས་དྲུང་དང་གཟན་དཀར་བ་གཉིས་བཙོན་རོགས་ཡིན་པ་དང་། གཟན་དཀར་བ་མཆོག་ནི་སྦས་པའི་རྣམ་འབྱོར་བ་དོན་གྱི་མཁས་པ་ཡིན་ཚུལ་དང་། ཤར་གདོང་ཚང་གིས་གཟན་དཀར་རིན་པོ་ཆེ་ལས་ཆོས་འབྲེལ་ཡིན་ནམ་་སློབ་ཁྲིད་གང་རུང་ཞིག་གསན་ཚུལ་ཡང་གསུང་བ་དྲན་པས། དུས་ཚོད་བྱུང་ན་དེའི་སྐོར་ཡང་བཀའ་ལན་ཞིག་ཐུགས་ལ་འཛིན་པར་ཞུ། འཛམ་གླིང་གི་ཕལ་མོ་ཆེས་བླ་མ་དང་དཔའ་བོ། མཁས་པ་རྣམས་ཞལ་བཞུགས་སྐབས་ལོ་རྒྱུས་ལ་དོ་སྣང་མི་བྱེད་ཅིང་། གཤེགས་ཚར་བ་དང་དཀའ་ལས་བརྒྱབ་ནས་ལོ་རྒྱུས་འདྲི་བ་དང་བསྟོད་བསྔགས་བྱེད་སྲོལ་ལྟར་མ་ཡིན་པར་ད་ལྟ་ཉིད་ནས་དོ་སྣང་བྱེད་དགོས་པར་སྣང་།
བཀྲ་ཤིས་ལགས་ཀྱིས། གཟན་དཀར་པའི་པར་བསྐྲུན་བྱས་པའི་ཁྲོད་དུ་རི་བོ་དགེ་ལྡན་པའི་དེབ་ཉུང་ཚུལ་གསུང་ན་དགོངས་འཆར་འདི་ཞུ་སྙིང་འདོད། ༡རྒྱུ་མཚན་དང་པོ། རི་བོ་དགེ་ལྡན་པའི་དགོན་སྡེ་མང་ཞིང་། ཤིང་པར་ཏུ་བསྐྲུན་པ་ཡང་གྲུབ་མཐའ་གཞན་ལ་ལྟོས་པས་མང་། དེ་མང་པས་དཔེ་དཀོན་རིགས་ཀྱང་ཉུང་། དཔེ་དཀོན་རེ་གཉིས་རེ་ཡོད་པ་མ་དཔེ་གཡར་གནང་མི་བྱེད་པའི་དཀའ་ངལ་འདུག་པས་སོ། ། ངའི་གྲོགས་པོ་ཞིག་བཀྲ་ཤིས་འཁྱིལ་ཀྱི་དཔེ་མཛོད་ཀྱི་འགན་འཛིན་ཡིན། ཁོ་ལ་དཔེ་ཆའི་མ་ཕྱི་གཡར་བར་བསྐུལནའང་ཁོ་་ལ་དབང་ཆ་མེད་ཚུལ་གསལ་བཤད་ཀྱིས་གཡར་རྒྱུ་ཐོབ་མ་བྱུང་། ཨ་ལག་གཟན་དཀར་ཚང་ལགིས་ཡང་མི་མང་པོ་བཏང་ནས་ཡང་དཔེ་ཆ་མ་གཡར་ཚུལ་ཁོང་ལ་བཤད་རྒྱུ་འདུག ༢རྒྱུ་མཚན་གཉིས་པ། དགེ་ལྡན་པ་ཇོ་བོ་བཀའ་གདམས་པའི་ཁོངས་སུ་གཏོགས་པས་དེའི་ཕྱག་དཔེ་དཀོན་པོ་བརྒྱ་ཕྲག་ཙམ་པར་ཏུ་བསྐྲུན་གྲུབ་པས་དེ་ལས་བཀའ་དྲིན་ཆེ་བ་ཞིག་མེད། ཉེ་་ཆར་ཡང་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་བཅུ་གྲངས་པར་ཏུ་བསྐྲུན་འདུག ༣རྒྱུ་མཚན་གསུམ་པ། སྦྱིན་བདག་ཐོབ་དཀའ་བ། བཀའ་རྙིང་གི་གསུང་འབུམ་པར་ཚེ་དེའི་ཆོས་རྒྱུན་འཛིན་པ་རྣམས་ཀྱིས་རོགས་རམ་བྱས་ཚུལ་འགྲོ་སོང་ཅི་ཡོད་དེབ་རྣམས་ཀྱི་་རྒྱབ་ཏུ་གསལ་བོར་འདུག དགེ་ལུགས་ལ་བླ་ཆེན་ཞིག་གིས་བཀའ་བབ་པ་མིན་ན་ཅུང་དཀའ། ངས་བྲག་རི་དམ་ཚིག་རྡོ་རྗེ་དང་། ཆོས་རྗེ་དཔལ་ལྡན་པའི་་གསུངས་འབུམ་པར་འདོད་ཀྱིས་དགེ་ལྡན་བླ་མ་མང་པོར་ཞུ་བ་ཕུལ་ཡང་འགྲོ་སོང་གཏོང་མཁན་མ་ཐོབ་པར་ད་ལྟ་ཡང་ལུས་ནས་ཡོད། །རོགས་རམ་གནང་མཁན་ཡོད་ན་འཕྲལ་ཏུ་པར་ཆོག གཟན་དཀར་བ་བྱ་བྲལ་ཞིག་རེད། ཁོ་རང་གི་གནམ་གྲུའི་འཛིན་ལ་ཡང སློབ་གྲྭ་རེའི་གདན་ཞུས་བྱུང་ན་མ་གཏོགས་དཀའ་ངལ་ཡོད་ཚུལ་གོ་བས་ཁག་ཡོད་རྒྱུ་མ་རེད། ཕྱི་རྒྱལ་ནས་བཞེས་ལག་ཡང་ལམ་ཁ་རེ་ནས་གོང་ཁེ་ཤོས་དང་ལྟོ་བ་་འགྲངས་ཙམ་གསོལ་ནས་འགྲོ་བའི་གནས་ཚུལ་ཐོས། ཡོད་ཙད་མི་ཚེ་གང་བོར་བོད་ཀྱི་ཅོས་དང་རིག་གཞུང་གི་དོན་དུ་གཏོང་གི་ཡོད་པ་འདི་ཁོ་ནས་ཀྱང་ང་ཁོང་ལ་དགའ་གི་ཡོད། ལོ་གཉིས་གསུམ་རེ་གསར་ཤོག་དུས་དེབ་ཀྱི་མགོ་འཛིན་བྱས་ན་དཀའ་ངལ་ཅི་ཙམ་ཡོད། སྡུག་ཡུས་ཅི་ཙམ་བསྔོ་ང་རང་ཚོར་རྒྱུས་ཡོད་པ་རེད། མ་བསྐུལ་དྭངས་བླང་གིས་འདི་ལྟར་བརྩོན་པ་དངོས་གནས་དཀའ་མོ་རེད། ཕྱི་རྒྱལ་ཏུ་ཁང་ཆེན་རེ་བརྒྱབ། རླང་འཁོར་སྐད་གྲགས་ཆེན་པོ་ཅན་རེ་བཏང་། ཁེ་བཟང ཐོབ་ན་ནང་པ་དང་ཡེ་ཤི་ཁྱད་མེད། ཁ་ཆེ་ཡང་གཅིག་རེད་ཟེར་བ་དང་། བནྡྷེར་ཕྲན་ན་ནང་པ། བོན་པོར་འཕྲན་ན་གཤེན་སྟོན་ཡིན་ཟེར་ཞིང ། །རྒྱབ་ཏུ་གོས་ཧྲུལ་རེ་གྱོན་ནས་ཚུལ་འཆོས་བྱེད་མཁན་ཚོ་དང་བསྡུར་རྒྱུ་མེད། ཨ་ལག་འདི་ལ་གུས་པ་ཇེ་ཆེརེད་ལགས།
སྐུ་ཞབས་ཨོ་མདོ་སྒྲོལ་མ་སྐྱབས་ལགས་ཀྱི་ཧེན་སྒོར་འབུམ་སུམ་རྒྱ་ཙམ་སྐོག་ཟས་བྱས་པའི་ལོ་རྒྱུས་ཤིག་ད་ལྟ་སྤྱི་ཚོགས་ཀྱི་ནང་དུ་ཁྱབ་བཞིན་པའི་གནས་ཚུལ་འདི་བདེན་པ་ཡིན་མིན་གྱི་སྐོར་འགྲེལ་བཤད་ཅིག་གནང་རོགས་ཞུ།
ཨ་མདོ་སྒྲོལ་མའི་ཞབས་འདྲེན་བདེན་མིན་རྡ་རམ་ས་ལའི་སྐུ་དྲེགས་རྣམས་ལ་འདྲི་དགོས། ཁ་བརྡའི་དྲ་བ་འདིར། ལེགས་པ་སྤེལ། ཉེས་པ་འགོག་གི་ཡོད་ཚོད་རེད། འདིར་སྐབས་དོན་གཟན་དཀར་རིན་པོ་ཆེའི་མཛད་ཕྲིན་ལས་ཕྲོས་མོལ་བྱེད་པར་ཐུགས་ཕན་ལེགས་སྐྱེས་རེ་འབུལ་བར་ཞུ། །སྔོན་ང་ལ་འབྲས་ལྗོངས་པ་ཞིག་གིས་རྡོ་གྲུབ་ཆེན་དང་། དཔལ་ཡུལ་ཡང་ཐང་སྤྲུལ་སྐུ་གཉིས་ཀྱིས་རྒྱུན་ཏུ་བསྔགས་བརྗོད་བྱེད་པའི་ཨ་ལགས་གཟན་དཀར་ཐུབ་བསྟན་ཉི་མ་ཞུ་བ་ཞིག་འདུག དེ་ལ་རྒྱུས་ཡོད་མེད་དྲིས་བྱུང་། ངས་ནི་དེ་སྐབས་ཁོང་གི་གསུང་རྩོམ་ཐོར་བུ་རེ་དང་། པར་ཏུ་བསྐྲུན་པའི་ཕྱག་དཔེ་རེ་གཉིས་མཇལ་བ་ལས་རྫོགས་ཆེན་ཆོས་འབྱུང་ཡང་མ་མཐོང་བས། ལགས་རེད་མཚན་སྙན་ཅན་ཞིག་རེད། འཇིགས་གླིང་གི་སྤྲུལ་སྐུ་བར་མ་ཆད་པ་དེ་རེད་འདུག་ཟེར་བ་ཙམ་ལས་ཞུ་རྒྱུ་གང་ཡང་རྙེད་མ་བྱུང་། ད་རེས་གནས་ཚུལ་ཅུང་ཟད་མཇལ་བའི་སྐལ་བ་བྱུང་བས་དགའ་བ་འཕེལ།
སྤོབས་པ་མཐའ་ཡས་ལགས།
སྤྲུལ་སྐུ་དོན་གྲུབ་མཆོག་གིས་སྙིང་ཐིག་བླ་མ་བརྒྱུད་པའི་ལོ་རྒྱུས་ཞིག་དབྱིན་ཡིག་ཐོག་བྲིས་པའི་དེབ་ཅིག་སྔོན་མཇལ་སོང་། དེབ་དེའི་མཚན་ག་རེ་ཡིན་བརྗེད་ཟིན་འདུག བོད་ཡིག་ཐོག་ལ་ག་རེ་ཡོད་མེད་བཙལ་འཚོལ་བྱས་ཏེ་ཞུ་འོང་།
བཀྲས་ལགས།
དྲི་མེད་ལྷག་བསམ་ལགས་ཀྱིས་གསུང་གིས་དྲན་སོས་པ་ལྟར། ཨ་ལགས་གཟན་དཀར་ཚང་གིས་དཔེ་སྐྲུན་འགྲེམ་སྤེལ་གནང་བཞིན་པའི་མེས་པོའི་ཤུལ་བཞག་ཅེས་པའི་དཔེ་ཚོགས་ཀྱི་དེབ་༣༦ནས་༣༨པའི་བར་པོད་༣། དགའ་ལྡན་ཁྲི་ཐོག་༡༨པ་གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ་དང་།
དེབ་༣༩། རྒྱལ་བ་དགེ་འདུན་གྲུབ་པའི་དངོས་སློབ་ཀུན་མཁྱེན་བློ་གྲོས་སེངྒེའི་གསུང་འབུམ།
དེབ་༨༨ནས་༡༠༥བར་པོད་༡༨ ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་སོགས་དཔེ་དཀོན་ཉག་ཅིག་དཔེ་སྐྲུན་འགྲེམ་སྤེལ་གནང་འདུག
དེ་བཞིན་དུ་དགུ་ཅུ་གོ་གྲངས་ནང་བྲག་དཀར་བློ་བཟང་དཔལ་ལྡན་གྱི་གསུང་འབུམ་པོད་བཅུ་དགུ་ཐམ་པ་དམངས་ཁྲོད་དཔེ་དཀོན་སྡུད་སྒྲིག་ཁང་ཞེས་པའི་མིང་ཐོག་ནས་ཚར་བརྒྱ་པར་འདེབས་གནང་ནས་དེ་ལས་ཚར་ལྔ་བཅུ་བོད་ནང་གི་དཔེ་མཛོད་ཁང་དང་། ཚར་ལྔ་བཅུ་ཕྱིའི་རྒྱལ་ཁབ་ཁག་གི་དཔེ་མཛོད་ཁང་ལ་རིན་མེད་དུ་འགྲེམ་སྤེལ་མཛད་འདུག་ཞུ།
ད་དང་འདི་དང་འདྲ་བའི་དཔེ་དཀོན་མང་པོ་ཞིག་ཁོང་གི་མཚན་ཡོད་པ་དང་མེད་པའི་ཐོག་ནས་དཔེ་སྐྲུན་འགྲེམ་སྤེལ་གནང་འདུག་པ་དེ་དག་མཁྱེན་འདོད་ན་སོང་ཉིན་ཞུ་ཆོག་ཞུ།
དཔལ་སེང་ལགས། ཉིད་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་ལགས། དེང་སང་ཨ་ལགས་གཟན་དཀར་ཚང་གང་ན་བཞུགས་ཡོད་དམ། ཁོང་གི་ཞབས་རྐང་གཡོན་མ་དེ་ཡིན་ནམ་སྙམ། སྙུན་གཞི་ཅུང་ཟད་ཅིག་ཡོད་པ་ད་ལྟ་ཅི་འདྲ་འདུག ཁོང་སྐུ་གཟུགས་གསལ་ཐང་ཨེ་རེད། ང་ནི་ཁོང་དང་འབྲེལ་བ་ཐུན་མིན་ཡོད་མཁན་ཞིག་ཡིན་ཀྱང་། མི་རྩ་མེད་ལེ་ལོ་དང་སྒྱུད་ལུག་གི་དབང་དུ་སོང་བས། འབྲེལ་ལམ་ཞུ་རྒྱུའི་གོ་སྐབས་མ་ལྡན། ཉིད་ཀྱིས་ཁོང་གི་གནས་ཚུལ་མང་བོ་ཞིག་དྲྭ་ངོས་ནས་ང་ཚོར་གསལ་བཤད་གནང་བར་སྙིང་ནས་བཀའ་དྲིན་ཐུགས་རྗེ་ཆེ་བྱུང་ཞེས་ཞུ་བ་ལགས།
རྔ་པ་རྒྱལ་ཁམས་པ་ལགས།
ཨ་ལགས་གཟན་དཀར་ཚང་སྐུ་དཀྱིལ་གསལ་དྭངས་ངང་ཉེར་ཆར་དྲྭ་ཐོག་ལ་འཁོད་པའི་གནས་ཚུལ་བཞིན་ཁོང་དར་མདོ་ལ་སྐོར་ཙམ་ཞིག་ཕེབས་འདུག ཁོང་གི་ཞབས་ཀྱང་ལོ་ཤས་སྔོན་བཤག་བཅོས་ཞིག་གནང་ནས་ད་ལྟ་གསལ་ཐང་རེད་ཞུ།
མི་རིང་བ་ཁོང་དབྱིན་ཇི་ལ་སྐོར་ཙམ་ཞིག་ཕེབས་རྒྱུ་ཡིན་གསུང་གིན་འདུག
དྲི་མེད་ལྷག་བསམ་ལགས།
ཁོང་དང་ཚེ་ཏན་ཞབས་དྲུང་ཚང་གཉིས་བཙོན་རོགས་མིན། སྔོན་བདུན་ཅུ་དོན་གྲངས་ནང་བོད་རྒྱ་ཚིག་མཛོད་ཆེན་མོ་བསྒྲིགས་སྐབས་ཚེ་ཏན་ཞབས་དྲུང་ཚང་ཡང་ཁྲེན་ཏུའུ་ལ་དབྱར་ལོ་གཅིག་ཙམ་ལ་གདན་འདྲེན་ལྟར་ཕེབས་པ་ལ། དེ་སྐབས་ཁོང་རྣམ་པ་གཉིས་ཧ་ཅང་ཐུགས་ཉེ་བའི་གྲོགས་པོར་གྱུར་འདུག
སྐབས་དེ་དུས་ཨ་ལགས་གཟན་དཀར་ཚང་དགུང་ལོ་སུམ་ཅུའི་ནང་ཡིན་པ་དང་ཁོང་གིས་མདོ་སྔགས་ཀྱི་རིག་གནས་སློབ་གཉེར་གནང་བའང་དགུང་ལོ་བཅུ་དྲུག་གི་གོང་དུ་མཛད་པ་ཤ་སྟག་ཡིན། དགུང་ལོ་བཅུ་དྲུག་ཐོག་དམངས་གཙོ་བཅོས་བསྒྱུར་དང་འཁེལ་ནས་དེ་རྗེས་ཁོང་ལ་སློབ་གཉེར་གྱི་གོ་སྐབས་བྱུང་མེད། ཡིན་ནང་ཁོང་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཤིན་ཏུ་ཡག་པོ་ཡོད་པར་བརྟེན་ཁོང་གི་མཁྱེན་རྒྱ་དང་ལྷག་བསམ་ལ་ཚེ་ཏན་ཞབས་དྲུང་ཚང་གིས་དཔེ་དགའ་པོ་མཛད་ཀྱིན་ཡོད་འདུག
ཡང་སྔོན་གཟན་དཀར་ཚང་གི་ཞལ་ནས་འདི་ལྟར་ཞིག་ཐོས། དེ་སྐབས་ཉིན་ཞིག་ཚེ་ཏན་ཞབས་དྲུང་ཚང་ཁོང་གི་རྩར་ཕེབས་བྱུང་། ཁོང་ལ་མི་ཕམ་གྱི་གེ་སར་གྱི་གསོལ་མཆོད་རྒྱས་པ་གསོལ་ལོ་ཆེན་མོ་ཞིག་ཡོད་པས་ཚེ་ཏན་ཞབས་དྲུང་ཚང་གིས་མཇལ་བ་དང་ཁོང་ལ་ཞིག་གཡོར་གསུངས། ཕྱི་ཉིན་ཁོང་ཚེ་ཏན་ཞབས་དྲུང་གི་བཞུགས་ཤག་ཏུ་བཅར་སྐབས། ཚེ་ཏན་ཞབས་དྲུང་ཚང་གིས་གེ་སར་གྱི་གསོལ་མཆོད་དེ་བཤུ་འབྲི་མཛད་ཀྱིན་འདུག ཁོང་གིས་ཚེ་ཏན་ཞབས་དྲུང་ཚང་ལ་ཁྱེད་ཀྱིས་དེ་འདྲ་འོ་བརྒྱལ་གནང་མི་དགོས། དཔེ་ཆ་འདི་ཁྱེད་ལ་ཕུལ་བ་ཡིན་ཞུས། ཚེ་ཏན་ཞབས་དྲུང་གིས། ཨ། དེ་འདྲ་མི་ཉེན་པ། དཔེ་ཆ་འདི་ཁྱོད་ལ་དགོས་རྒྱུ་རེད། ང་གེ་སར་ལ་དད་པ་ཡོད་པས་མིན། མི་ཕམ་གྱི་གསུང་འདི་ཤིན་ཏུ་སྙན་ནས་བཤུ་འབྲི་བྱེད་པ་ཡིན་གསུངས། ངས་དཔེ་ཆ་འདི་རྗེས་ཐོབ་རྒྱུ་རེད་ཞུས་ཏེ་ཕུལ་བ་ཡིན་གསུངས།
ངས་དཔེ་ཆ་འདི་རྗེས་ནས་ཐོབ་རྒྱུ་རེད་ཞུས་ཏེ་ཕུལ་བ་ཡིན། ཚེ་ཏན་ཞབས་དྲུང་ཚང་གིས་དཔེ་དགའ་པོ་གནང་སོང་གསུངས།
གཟན་དཀར་ཚང་གི་ཞབས་རྐང་སྙུང་གཞི་འདི་ཁོང་བྱིས་པ་ཡིན་དུས་མི་ཉག་ལྷ་སྒང་གི་རྒྱབ་རིའི་ངོས་སུ་སྐུ་མཚམས་ལ་བཞུགས་ཡོད་སྐབས་གཡང་ལ་འདྲིལ་ནས་ཞབས་རྐང་ལ་རྨས་སྐྱོན་ཐེབས་པ་རེད་ཟེར།
དཔལ་སེང་ལགས་ལ་ཐུགས་རྗེ་ཆེ་ཞུ། ཁྱོད་ལྟ་བུའི་རྒྱུས་ཡོད་མཁན་ཚོ་མཉམ་རིབ་ཀྱིས་༧སྐྱབས་རྗེ་གཟན་དཀར་པའི་རྣམ་ཐར་ཞིག་འབྲི་རྒྱུ་བྱུང་ན་ཡག་པོ་འདུག ང་ཚོས་ད་ལྟ་དཔེ་ལྟས་ཐུབ་ན་དཔེ་ཆའི་དབུལ་བ་མེད་པ་དང་། དཔེ་མཛོད་ཁང་གི་བདག་པོ་བཙན་པོ་ཚོར་ངོ་ཆེན་དང་འགྲོ་སོང་མི་དགོས་པར་དཔེ་བཤུས་དཔེ་ལྟས་བྱེད་ཆོག་ཆོག་ཡོད་པ་འདི་ཁོང་གི་བཀའ་དྲིན་རེད། ཐུགས་རྗེ་ཆེ།
ཁྱེད་ཨ་ལགས་གཟན་དཀར་ཚང་གི་གནས་ཚུལ་ཤེས་འདོད་ཅན་རྣམས་ལ་ངས་མཐོང་ཐོས་བྱུང་བའི་ཁོང་གི་རྒྱུན་གྱི་གནས་ཚུལ་ཕྲན་ཚེགས་ཁག་ཅིག་གཤམ་དུ་ཞུ་རྒྱུ་ཡིན།
༡༽ སྔོན་རིག་གསར་སྐབས་ལ། ལྷ་སྒང་ནས་བུད་མེད་ཅིག་གིས་འཐབ་རྩོད་ཞུས་ཏེ་ཁོང་གིས་མཁལ་མ་གཅིག་གཏོར་བ་རེད། ཁོང་གིས་དེ་ལ་ཁོང་ཁྲོ་དང་འཁོན་འཛིན་རྩ་བ་ནས་མི་གནང་བར་མ་ཟད་ཕྱིས་སུ་ལྷ་སྒང་ཕྱོགས་སུ་ཕེབས་སྐབས་རྒན་མོ་དེ་ལ་བདེ་སྡུག་འདྲི་རུ་གཏུག་སར་ཕེབས་བཞིན་ཡོད་པའི་གནས་ཚུལ་ལྷ་སྒང་ཕྱོགས་ལ་ཡོང་སུ་གྲགས།
༢༽ ལོ་རབས་དགུ་བཅུ་པའི་སྟོད་ཙམ་ལ་ཁོང་དབྱིན་ཇི་ལ་ཚིག་མཛོད་ཀྱི་ཕྱག་ལས་མ་གནང་སྔོན་དབྱིན་ཡིག་ལ་གསན་སྦྱོང་མཛད་དེ་ལོ་གཅིག་ཙམ་བཞུགས། དེ་སྐབས་ཁོང་ལ་འགྲོ་སོང་གཏོང་བྱེད་ཟླ་རེར་ཨར་སྒོར་ཉིས་བརྒྱ་རེ་སྤྲུལ་སྐུ་པདྨ་དབང་རྒྱལ་ཚང་གིས་གསོལ་རས་གནང་བ་དེ་ལས་གཞན་གྱི་ཡོང་སྒོ་མེད། དེ་དུས་ཁོང་ལ་དཀའ་ངལ་ཆེ་ཤོས་དེ་ངོ་ཤེས་ཚོས་ནང་ལ་གདན་འདྲེན་འོངས་པ་དེ་ཡིན། ཁོང་ལ་སྒོར་མོ་དེས་བཞེས་ལག་སོགས་འཆར་ཅན་གྱི་འགྲོ་སོང་འདང་ཙམ་ཡོད་ཀྱང་གཞན་གྱི་ནང་ལ་ཕེབས་དུས་ལག་རྟགས་ཉོ་བྱེད་ཀྱི་འདང་གི་མེད།
སྐབས་རེར་ཁོང་ཉིད་ཟ་ཁང་ནང་ལ་སྡེར་མ་བཀྲུ་ས་འགྲོ་བཞིན་ཡོད།
ཁོང་གིས་ངས་ད་ལྟ་བླ་མའི་མཚན་སྤྱད་དེ་སྒོར་མོ་གཉེར་ན་ལས་སླ་པོ་ཡོད་ཀྱང་རྗེས་མར་ཨ་ཁུ་ཆོས་རྒྱལ་ལ་རྩིས་འཕྲོད་ཁག་པོ་ཡོད་རེད། དེ་ལས་ང་རང་གིས་དཀའ་ལས་བརྒྱབ་ནས་ཟ་མ་ཟོས་ན་དགའ་བ་རེད། ད་ལྟ་ལས་ཀ་ཅི་བསྒྲུབས་ན་ལྟག་སྒོ་འདྲ་བརྒྱུད་ཆོག་ཀྱང་། ཨ་ཁུ་ཆོས་རྒྱལ་ལ་ལྟག་སྒོ་བརྒྱུད་ས་ཡོད་རྒྱུ་མ་རེད་དྲན་གྱི་འདུག་ཅེས་གསུངས།
འདི་དུས་ཙམ་ན། མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་དབྱིན་ཇི་ལ་ཕེབས་པས་གཟན་དཀར་ཚང་གི་རྒྱུན་གྱི་འཚོ་བའི་སྐོར་ཤེས་རྟོགས་བྱུང་ནས་ཁོང་གིས་ཕྱི་གླིང་པ་ལ་ཆོས་གསུངས། ཁོང་ཉིད་བླ་ཆེན་གྱི་མཚན་ཡོད་པ་དེ་བསྒྲགས་ན་དབྱིན་སྒོར་ཁ་བ་འབབ་འབབ་བྱེད་ས་རེད་དེ། ཁོང་གིས་དེ་འདྲ་གཏན་ནས་གནང་གི་མི་འདུག །བླ་མ་ཆོས་བཞིན་སྒྲུབ་མཁན་དེང་དུས་ཁོང་འདྲ་ཡོད་ས་མ་རེད་ཅེས་གསུངས་མྱོང་།
༣༽ཡང་དིལ་མགོ་མཁྱེན་བརྩེའི་སྐུ་ཚ་དབྱིན་ཇི་ལ་བཞུགས་པའི་ཨ་ཁྲོ་རིན་པོ་ཆེའི་ཞལ་ནས། ཁོང་གིས་གཟན་དཀར་ཚང་ལ་སྟོད་ཐུང་གསར་པ་ཞིག་ཉོས་ནས་ཕུལ་བ་ཡིན་པས་བཞེས་རོགས་གནང་གི་མི་འདུག །དེ་རྗེས་ཁོང་གིས་བློ་ཐབས་གནང་ནས་སྟོད་ཐུང་གསར་པ་ཞིག་ཉོས་ཏེ་འཕུར་འཕུར་བཏང་ནས་རྙིང་པ་འདྲ་པོ་ཞིག་བྱས་ཏེ་འདི་ངའི་སྟོད་ཐུང་རྙིང་པ་རེད། ཁྱེད་ཀྱིས་བཞེས་ཨེ་ལོ་གཟིགས་རོགས་ཅེས་ཕུལ་བ་ཡིན། དེ་ཁོང་གིས་བཞེས་སོང་གསུངས་པ་ཞིག་ཀྱང་ཐོས་མྱོང་།
༤༽ཨ་ལགས་གཟན་དཀར་ཚང་ནི་རིག་གནས་གསར་བརྗེ་མཇུག་སྒྲིལ་བ་དང་བོད་ཁུལ་དུ་སྲོལ་རྒྱུན་གྱི་བཅུ་ཕྲག་རིག་གནས་སློབ་གཉེར་གནང་སའི་སློབ་གྲྭ་ཐོག་མ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་འཛུགས་གནང་མཁན་གྱི་གཙོ་བོའི་མི་སྣའི་གྲས་་ཞིག་ཡིན་པ་དང་། སློབ་གྲྭ་དེའི་སློབ་སྤྱི་གཞོན་པའི་མཚན་ཡང་ད་ལྟ་ཡོད་པ་རེད། ཁོང་ལ་གཞུང་ནས་ཕུལ་བའི་སློབ་དཔོན་ནམ་དགེ་རྒན་ཆེན་མོའི་ཐོབ་ཐང་ཡོད་པ་ནས་དགེ་རྒན་ཆེན་མོའི་གླ་ཕོགས་འཕར་སྣོན་བྱུང་བ་དེ་སྐར་གཅིག་ཅི་ཡོད་བོད་ཡིག་སློབ་གྲྭའི་ནང་ལ་ཉིན་གཞོན་ཐེབས་རྩ་ཞེས་པའི་མིང་ཐོག་ཏུ་སློབ་གྲྭའི་དེའི་ནང་ལ་སློབ་སྦྱོང་ལ་གྲུབ་འབྲས་མངོན་གསལ་ཡོད་མཁན་དང་དཔལ་འབྱོར་གྱི་དཀའ་ངལ་ཅན་གྱི་སློབ་ཕྲུག་རྣམས་ལ་རོགས་སྐྱོར་ཆེད་དུ་གནང་ཡོད་པ་རེད།
༥༽ཡང་སྔོན་ལི་ཐང་ཕྱོགས་ཀྱི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་སོགས་ཕྱི་ལ་བཞུགས་མཁན་བླ་མ་འབྱོར་ལྡན་རྣམས་ཀྱིས་ཁོང་ལ་ཕྱག་དངུལ་ཕུལ་སྐབས་ཁོང་གིས་ང་སྒེར་ལ་སྒོར་མོ་མི་དགོས། ཁྱེད་ཀྱིས་ཕྱག་རོགས་གནང་ཐུབ་ན་བོད་ཡིག་སློབ་གྲྭ་ལ་རོགས་པ་གནང་རོགས་གསུངས་པས། མི་འགྱུར་རིན་པོ་ཆེས་ཀྱང་གཟན་དཀར་རིན་པོ་ཆེ་ལ་ཕུལ་རྒྱུའི་སྒོར་མོ་རྣམས་བོད་ཡིག་སློབ་གྲྭ་ལ་གནང་ཡོད།
ཡང་འདི་དང་འདྲ་བ་ཕྱི་རྒྱལ་བ་དང་རྒྱ་རིགས་གྲོགས་པོ་འགའ་ཤས་ཀྱང་བྱུང་ཡོད།
༦༽ཡང་ཁོང་གིས་༢༠༠༠ལོ་ནས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་བཙུགས་ཏེ་བོད་ཡིག་དཔེ་རྙིང་དཔེ་དཀོན་མང་པོ་འཚོལ་སྡུད་དང་དཔེ་སྐྲུན་འགྲེམ་སྤེལ་གནང་བ་ནས་བཟུང་། ཁོང་གི་ཕྱག་ལས་ཀྱི་ཆེད་དུ་ཕྱག་དངུལ་རོགས་པ་བྱུང་བ་རྣམས་བཞེས་ཀྱི་ཡོད། འོན་ཀྱང་ཁོང་གིས་ངས་ལས་ཀ་འདི་དང་འདི་སྒྲུབ་ཀྱི་ཡོད་གསུངས་ནས་དྲིལ་སྒྲག་མཛད་ཀྱི་མེད་ལ། སྒོར་མོའང་སློང་གི་མེད། ཁོང་གི་ལས་ཀའི་ཆེད་དུ་ཐོབ་པའི་དངུལ་སྐར་གཅིག་ཀྱང་ཁོང་རང་སྒེར་གྱི་ཐོག་ལ་སྤྱད་ཀྱི་མེད་ལ། ཁོང་རང་རྒྱལ་ཁབ་ཕྱི་ནང་ལ་འགྲུལ་བཞུད་སོགས་འགྲོ་སོང་ཐམས་ཅད་ཁོང་རང་སྒེར་གྱི་གླ་ཕོགས་ཁོ་ན་ལས་ལས་ཀའི་རོགས་རམ་གྱི་སྐར་མ་གཅིག་ཀྱང་བེད་སྤྱད་གཏོང་གི་མེད། ཁོང་ཉིད་སྒེར་ལ་སྒོར་མོ་འབེལ་པོ་མེད། གུས་པས་ཐེངས་གཅིག་ཁོང་ལ་ཁྱེད་ཉིད་ཕྱག་ལས་ཀྱི་ཆེད་དུ་འགྲུལ་བཞུད་གནང་སྐབས་དེའི་འགྲོ་སོང་རྣམས་ཕྱག་ལས་ཀྱི་འགྲོ་སོང་ནས་བཏང་ན་འགྲིག་གི་མ་རེད་པས་ཞུས་པ་ཡིན། ཁོང་གིས་ང་མི་རྐྱང་ཞིག་རེད། ང་ལ་སྒོར་མོ་མང་པོས་དགོས་པ་ཡོད་མ་རེད། ང་ལ་འགྲིག་འགྲོ་བ་རེད། ངའི་འགྲུལ་བཞུད་ཀྱི་འགྲོ་སོང་ནི་ང་རང་གིས་སྒེར་གྱི་གླ་ཕོགས་ནས་བཏང་ན་འགྲིག་ཆོག་ཆོག་ཡོད་རེད།
དེང་དུས་མང་པོ་ཞིག་གིས་སྤྱི་དོན་ལ་ཁ་གཡར་ནས་སྒེར་དོན་སྒྲུབ་ཀྱིན་ཡོད། ངས་སྒེར་དོན་ལ་ཁ་གཡར་ནས་སྤྱི་དོན་སྒྲུབ་ཀྱིན་ཡོད་ཅེས་ཞལ་རྩེད་གནང་བྱུང་།
༧༽ཡང་ཁོང་གིས་མི་ལ་དཀའ་ངལ་གཏུག་རྒྱུ་ལ་ཧ་ཅང་འཛེམ་གྱི་ཡོད། ཐ་ན་མི་ཚོས་ཁོང་བཞེས་ལག་ལ་གདན་འདྲེན་ཞུས་ན་བཞེས་ལག་ཚར་བ་དང་བཞེས་ལག་གདན་འདྲེན་ཞུ་མཁན་གྱི་བཞེས་ལག་གི་རིན་པ་དང་བཅས་ཁོང་རང་གིས་གཏོང་གིན་་ཡོད།
ཨ་ལགས་གཟན་དཀར་ཚང་གིས་འཚོལ་སྡུད་དང་ལེགས་སྒྲིག །དཔེ་སྐྲུན་འགྲེམ་སྤེལ་མཛད་པའི་《མེས་པོའི་ཤུལ་བཞག་》ཅེས་པའི་དཔེ་ཚོགས་ཀྱི་ནང་གསེས་དཔེ་ཆ་གང་དང་གང་བཞུགས་པ་ཤེས་འདོད་ན་འོག་ཏུ་གཟིགས་པ་ཞུ།
《མེས་པོའི་ཤུལ་བཞག་》དཔེ་ཚོགས་ཆེན་མོའི་《སྨན་བླའི་མདོ་དང་མདོ་ཆོག་ཕྱོགས་བསྒྲིགས་རིན་ཆེན་སྒྲོན་མེ་》དང་《གསོ་རིག་སྨན་གྱི་རོ་ནུས་ངོས་འཛིན་གསལ་སྟོན་ཕྱོགས་བསྒྲིགས་རིན་ཆེན་སྒྲོན་མེ》(པོད1ནས2པ།)ཡི་མ་ཕྱི་ནི་ལག་བྲིས་མ་ཤ་སྟག་ཡིན་ལ། དུས་ ཡུན་རིང་བོར་མི་རྣམས་ཀྱིས་དཔེ་མིང་རྣ་ཐོས་བྱུང་བ་ལས་དཔེ་ཆ་དངོས་སུ་མཇལ་ མྱོང་མེད། ད་རེས་གསོ་རིག་གི་དཔེ་རྒྱུན་དཀོན་པོ་འདི་གཉིས་དཔེ་སྐྲུན་བྱས་པས་དེང་རབས་ བོད་ཀྱི་གསོ་རིག་ཞིབ་འཇུག་བྱ་རྒྱུའི་ཐད་མེད་དུ་མི་རུང་བའི་དཔྱད་ཡིག་གལ་ཆེན་ འདོན་སྤྲོད་བྱས།
《ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་》(པོད3ནས27པ།)ནི་པར་གཞི་མི་འདྲ་བ་གསུམ་དཔེ་བསྡུར་ནས་ལེགས་བསྒྲིགས་མཛད་ཡོད།
《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུ་ཕྲེང་བ》(པོད28པ།)འདིའི་ནང་དོན་ནི་སྔོན་ཆད་འགྲེམས་བསྒྲགས་བྱས་མྱོང་མེད་པའི་བོད་ཀྱི་ལོ་རྒྱུས་དཔྱད་ཡིག་ཡིན།
《སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་》(པོད29ནས35པ་)དང་ །
《གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ》(པོད36ནས38པ།)
《 ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་གསུང་འབུམ་》(པོད39པ།)
《འུ་ཡུག་པ་རིག་པའི་སེང་གེའི་གསུང་འབུམ》(པོད40ནས42པ།)
《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་》(པོད43ནས87པ།)
《ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་》(པོད88ནས105པ།)
《ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་གསུང་འབུམ་》(པོད106ནས131པ་)སོགས་ནི་ཐེངས་དང་པོར་ཡོངས་བསྒྲགས་དཔེ་སྐྲུན་བྱས་པ་ཡིན་ལ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འཚོལ་སྡུད་བྱས་པ་བརྒྱུད་ནང་དོན་གསར་པ་མང་པོ་ཁ་སྣོན་བྱས་ཡོད། དེའི་ནང་《ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་གསུང་འབུམ་》གྱི་མ་ཕྱིའི་གསུང་འབུམ་ལ་པོད11ལས་མེད་མོད། འཚོལ་སྡུད་དང་ལེགས་བསྒྲིགས་བྱས་རྗེས་པོད26མཆིས།
མཆན་༤༡ པའི་ཁོང་གི་གསུང་བཤད་ལ་བལྟས་རྗེས།
ཕྱི་རྒྱལ་ནུབ་ཕྱོགས་པ་ཞིག་གིས་བལྟས་ན། ཨ་ལགས་གཟན་དཀར་འདི་བ་ཚང་གདོང་པའི་རྣམ་འགྱུར་སྟོན་སྟངས་སོགས་ལ་བལྟས་ནས་ཕོ་ལུས་མོ་ལུས་ཤིག་རེད་བསམ་ས་རེད།
སེམས་ཁམས་རིག་པ་བ་ཞིག་གིས་བལྟས་ན། མི་བཅོས་མ་ཞིག་རེད་བསམ་ས་རེད། གད་མོ་དགོད་སྟངས་དེ་ཚོ་རང་གཤིས་ལྷུག་པ་འདྲ་ཞིག་ཏུ་མཐོང་དཀའ། མི་གཤིས་དང་ཡ་རབས་ཀྱི་ཚད་འཛིན་སར་བརྩི་བའི་ཡུལ་མདོ་སྨད་ཀྱི་ས་སོག་པོའི་ཨ་ལགས་ཤིང་བཟའ་རིན་པོ་ཆེ་ཚང་ཡང་ཡ་ལགས་ཡིན་ལགས་མང་དྲགས་ནས་མི་བཅོས་མ་འདྲ་བོ་ཞིག་ཏུ་མང་པོས་མཐོང་འདུག
མྱི་རྒྱུས་ཡོད་ཚོས་ལོ་རྒྱུས་ངོ་སྤྲོད་བྱས་པ་ལ་བལྟས་ཡོང་ན། ས་སྟེང་གི་བྱང་ཆུབ་སེམས་དཔའ། མཁས་པའི་དབང་པོ་ཞིག་རེད་འདུག་པས་ངོ་མཚར་ཆེ།
སྟོང་བ། བདག་མེད། རྟེན་འབྲེལ་སོགས་ང་དགའ་སའི་ཐ་སྙད་དེ་ཚོར་འགྲེལ་བཤད་གནང་གི་འདུག་པས་ཡོངས་སུ་རྫོགས་པར་ཉནཔ་ཡིན་ཡང་འདོད་པ་ཞེ་དྲག་གང་མ་སོང་།
ཁྱེད་ཚོ་བསྟོད་ར་བྱེད་མཁན་ཚོས་བསྟོད་པ་བྱས་ནས་མི་ལྷ་རུ་མ་གཏོང་རོགས།
ཁྱེད་ཚོ་སྨད་ར་བྱེད་མཁན་ཚོས་སྨད་ར་བྱས་ནས་མི་འདྲེ་རུ་མ་གཏོང་རོགས།
དེ་ནི་སེམས་ཅན་མོས་པ་སྣ་ཚོགས་དང་ལས་འབྲེལ་ཡོད་མེད་ཞེས་པ་དེ་ཡིན་རྒྱུ་རེད།
དཔེར་ན་ཆུ་ཕོར་པ་གང་དེ་ལྷས་མཐོང་ན་བདུད་རྩི་དང་ཡི་དྭགས་ཀྱིས་མཐོང་ན་བརྣག་ཁྲག་ཅེས་པ་དེའང་འདི་འདྲ་ཞིག་ལས་ཅི།
གོང་གི་ལས་འབྲེལ་དེ་ལས་དག་མ་དག་ཅེས་བཅོས་རོགས་ཞུ།
ངས་ཨ་ལགས་གཟན་དཀར་རིན་པོ་མཇལ་མྱོང་།
ཁོང་ནི་དངོས་གནས་ངེས་པ་དོན་གྱི་བྱ་བྲལ་བ་ཆེན་པོ་ཞིག་རེད་འདུག རིན་པོ་ཆེ་ནི་མཁས་པ་དང་བླ་མའི་རྫིག་ཉམས་བསྟོན་མཁན་དེ་འདྲ་རེ་མི་འདུག། ཁོང་གིས་གང་ཤེས་པ་དེ་ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་གི་ཐོག་ནས་གཞན་ལ་བསྟོན་པའི་དགེ་བའི་བཤེས་གཉེན་བླ་ན་མེད་པ་ཞིག་རེད་འདུག ཁོང་གི་གཤིས་ཀ་ནི་ང་ཚོ་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་གཤིས་ཀ་ཡིན་ཟེར་ཆོག ཁོང་གི་ཐུགས་གཤིས་འཇམས་ལ་གཞན་ཕན་གྱི་སྙིང་རྗེ་དང་ལྡན་པ་ཅིག་རེད།
ངས་ཀྱང་ཨ་ལགས་གཟན་དཀར་རིན་པོ་ཆེ་ལན་མང་མཇལ་མྱོང་། དང་པོ་མཇལ་སྐབས་སུ། དུས་ཀྱི་དགོངས་དང་། ཐུགས་ཀྱི་དགོངས་གཉིས་ལ་ཡི་གེའི་དག་ཆ། དིང་སང་དུས་ཀྱི་དགོང་ལ་ས་ཡང་འཇུག་མེད་པ་དང་། ཐུགས་ཀྱི་དགོངས་ལ་ས་ཡང་འཇུག་ཡོད་པ་མི་འདྲ་བ་འདུག་ཞུས་པར་ངས་མི་ཕམ་རིན་པོ་ཆེས་གང་གསུངས་པ་དེ་ཁས་ལེན་གསུངས། འོ་ན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་ན་དུས་ཀྱི་དགོངས་ལ་སའི་ཡང་འཇུག་ཡོད་པ་ཞལ་བཞེས་མི་མཛད་དམ། ཞུས་པར་ཁས་ལེན་གསུངས་ཀྱང་། ཐག་ཆོད་པོ་ཞིག་རང་མ་བྱུང་།
གཟན་དཀར་རིན་པོ་ཆེ་ག་དུས་མཇལ་ཡང་ཉམས་ཆུང་དཀྱུས་མ་ཚུལ་དུ་བཞུགས་ཤིང་བོད་ཀྱི་རིག་གཞུང་ལ་འགྲན་ཟླ་མེད་པ་ཞིག་གི་ཚུལ་དུ་ཕྱག་ལས་རྒྱ་ཆེན་པོ་མཛད་མཁན་ཞིག་ཏུ་བཞུགས་སོ་ཞེས་ཐོས།
ད་ལྟ་ཁྱེད་རྣམས་ཀྱིས་བྲིས་པའི་ཡི་གེ་དག་ཀློག་པ་ན་བདག་གི་སེམས་ལ་འདི་འདྲ་ཤར། དེ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དེ་ལས་དཔེ་བླངས་ནས་བསྐྲུན་པའི་ཚིག་མཛོད་འགའ་ན་བོད་ཀྱི་རིག་གཞུང་ངམ་བོད་སྤྱི་སྐད་ཀྱི་དག་ཆ་དང་མི་མཐུན་པའི་ཚིག་མང་དུ་ཡོད་པ་མཐོང་སྟེ། བློ་གཞོན་པ་དག་ལྟ་སྨོས་ཀྱང་ཅི་དགོས། གདན་སའི་དགེ་བཤེས་གཞུང་མཚན་ཉིད་ལ་སྦྱངས་པ་དག་གིས་ཀྱང་ཚིག་མཛོད་ན་འདུག་ཅེས་གསུངས་ཏེ་མ་དག་པ་མང་དུ་འབྲི། དེ་ནི་བོད་སིལ་བུར་མ་སོང་གོང་གི་སྐད་དེ་ལ་སྣང་ཆུང་བྱས་པའི་འབྲས་བུར་མཐོང་།
འོ་ན་བོད་སིལ་བུར་མ་སོང་བའི་སྐད་དེ་ག་ན་འདུག་ཅེ་ན། སྔ་འགྱུར་གྱི་མཁས་པ་རྣམས་ཀྱིས་བཀོད་པའི་བཀའ་བསྟན་དཔེ་ཆ་རྣམས་ན་བོད་སིལ་བུར་མ་སོང་བའི་སྐད་དེ་མ་ཉམས་པར་འདུག བཀའ་བསྟན་གྱི་སྒྲུང་དཔེ་དག་སྐད་རིགས་གཞན་ནས་བསྒྱུར་པ་ཡིན་ན་ཡང་དིང་སང་གི་མཁས་པ་དག་གིས་བྲིས་པའི་ཚིག་ལས་སྔ་འགྱུར་གྱི་ཚིག་རྣམས་གོ་བདེ་བར་མངོན། སྔ་འགྱུར་གྱིས་ཚིག་བརྡ་མང་པོ་བོད་གྲོང་ཡུལ་དབེན་པ་དག་གི་སྐད་དང་མཐུན་པར་བཅོས་མ་མ་ཡིན་པ་ཞིག་ཏུ་སྣང་ངོ་།
རྒྱལ་བ་ཀློང་ཆེན་རབ་འབྱམས་པས་སྔ་འགྱུར་གྱི་སྒྱུར་བ་པོ་རྣམས་སྤྲུལ་པའི་སྐུ་ཡིན་པ་དང་། ཕྱིས་ཀྱི་སྒྱུར་བ་པོ་དག་སོ་སོའི་སྐྱེ་བོ་ཡིན་པས་བསྒྱུར་ལ་བཟང་ངན་བྱུང་བར་གསུངས་ཀྱང་། སྤྱིར་བཏང་བལྟ་ན། སྐད་དེ་རང་གི་དབང་གིས་དེ་ལྟ་བུའི་མི་འདྲ་བ་བྱུང་བར་མཐོང་སྟེ། ཕྱིས་ཀྱི་འབྲི་བ་པོ་དག་ན་ཡང་སྔ་འགྱུར་གྱི་དཔེ་ཆ་གཟིགས་མྱོང་བ་དག་གིས་བྲིས་པའི་ཚིག་བརྗོད་ཀུན་གོ་བདེ་བ་དང་། སོ་སོའི་ལུང་སྐད་དང་མ་འདྲེས་པར་མཐོང་། གལ་ཏེ་སོ་སོའི་ལུང་སྐད་དང་བོད་སྤྱི་སྐད་བསྲེས་ཏེ། བདག་ལྟ་བུ་ཞིག་གིས་བྲིས་པ་ཀུན་བདག་རང་གིས་ཀྱང་བཀླག་དཀའ་བར་འདུག་ན། གཞན་དག་ལ་དཀའ་བ་ཡོད་པ་ནི་ཐེ་ཚོམ་ཅི་ཡོད། དེས་ན་རང་རེས་བོད་སིལ་བུར་མ་སོང་བའི་སྐད་དེ་སྦྱང་དགོས་པར་ཟད་སྐད་དེ་ཉིད་ཀྱི་དག་ཆ་དང་འགལ་བའི་བརྡ་ཚིག་བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་ཡོད་པ་དེ་རྣམས་ཨ་ལགས་གཟན་དཀར་རིན་པོ་ཆེ་བརྒྱུད། དེ་དག་གི་རིགས་ལ་ཡང་སྐྱར་ཞུས་དག་མཛད་ཐུབ་ན་བོད་ཀྱི་སྐད་ལ་ཞབས་འདེགས་ཆེན་པོ་ཞིག་འབུལ་བ་ཞིག་ཏུ་འགྱུར་ངེས་ཞེས་བསམ་པ་ལགས་སོ།།
བསམ་འཆར་བཟང་ཡང་། ལག་ལེན་དུ་ཇི་ལྟར་བསྟར་དགོས་སམ། དེ་ཡང་དུས་རབས་༢༡པའི་དུས་སུ། ལགས།
བོད་ས་སི་བུར་མ་འཐོར་གོང་། །
ལེགས་ཞེས་ཡིན་ཡང་ལགས་བཀོལ་བཞིན། །
དུས་ཀྱི་དགོང་དྲོར་རྗེས་འཇུག་ཙམ། །
བསམ་པའི་དགོངས་ལ་ཡང་འཇུགས་སྦྱོར། །
སུས་གསུངས་གང་གསུངས་གཙོ་མི་ཆེ། །
དག་ཆའི་དགོས་དོན་བསྒྲུབས་པ་གཙོ། །
དེ་བས་བརྡ་དག་གཞིར་བཟུང་ནས། །
དུས་བསྟུན་གསར་གཏོད་མི་དགོས་སམ། །
དཔེར་ན། རྒྱལ་སྲས་དོན་གྲུབ་ལགས་ཀྱིས། བྱང་ཆུབ་ཤིང་དྲུང་དུ། དགོང་དྲོར་མཉམ་པར་བཞག་ནས། ཐོ་རང་
མངོན་པར་རྫོགས་པ་སངས་ཡོངས་སུ། རྒྱས་པར་མཛད་དགོས་དགོངས་པ་ལྟར། དུས་ཐོག་ཏུ་སངས་རྒྱས་པ་རེད། ལྟ་བུའོ། །
༦༤༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ གི་ཆུ་ཚོད་ ༢ སྐར་མ་ ༠༥
བོད་ས་སི་བུར་མ་འཐོར་གོང་། །
ལེགས་ཞེས་ཡིན་ཡང་ལགས་བཀོལ་བཞིན། །
དུས་ཀྱི་དགོང་དྲོར་རྗེས་འཇུག་ཙམ། །
བསམ་པའི་དགོངས་ལ་ཡང་འཇུགས་སྦྱོར། །
སུས་གསུངས་གང་གསུངས་གཙོ་མི་ཆེ། །
དག་ཆའི་དགོས་དོན་བསྒྲུབས་པ་གཙོ། །
དེ་བས་བརྡ་དག་གཞིར་བཟུང་ནས། །
དུས་བསྟུན་གསར་གཏོད་མི་དགོས་སམ། །
དཔེར་ན། རྒྱལ་སྲས་དོན་གྲུབ་ལགས་ཀྱིས། བྱང་ཆུབ་ཤིང་དྲུང་དུ། དགོང་དྲོར་མཉམ་པར་བཞག་ནས། ཐོ་རང་
མངོན་པར་རྫོགས་པ་སངས་ཡོངས་སུ། རྒྱས་པར་མཛད་དགོས་དགོངས་པ་ལྟར། དུས་ཐོག་ཏུ་སངས་རྒྱས་པ་རེད། ལྟ་བུའོ། །
གོང་གསལ་ཁྱེད་ཀྱིས་བདེན་པར་མཐོང་། ངེད་ཀྱི་ཁུར་ནི་བཀའ་བསྟན་དང་བོད་ཀྱི་སྐད་ལ་མཁས་པ་བུ་སྟོན་དང་། ཟ་མ་ཏོག་དང་། ངག་སྒྲོན་སོགས་ལ་ཆ་བརྩིས་ནས། བོད་སྐད་གཅིག་གྱུར་བྱུང་ན། བོད་ཀྱང་གཅིག་ཏུ་འགྱུར་བའི་རེ་སྨོན་ཡིན། བོད་གཅིག་འགྱུར་ལ་སྐད་གཅིག་འགྱུར་དགོས། གལ་ཏེ་ལུང་པ་སོ་སའི་ཁ་སྐད་ལྟར་བོད་སྐད་ལ་འགྱུར་བཅོས་གཏང་ན། རང་ཅག་གི་རིག་གནས་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་ཤོག་བུའི་ཕུང་པོ་ཙམ་དུ་འགྲོ་ངེས། ཞིབ་པར་མཁས་དབང་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྷ་ས་སྤར་མ་ཤོག་གྲངས་༣༡རྒྱབ་ཤོག་ནས་༣༢་བར་དུ་བལྟ་དགོས། འདི་བདག་ལྟ་བུ་རིག་གནས་ཀྱི་སྐད་ལ་བརྩི་བ་པོ་ལ་དགོས་ཀྱི། རིག་གནས་ཀྱི་འདོར་བ་པོ་ལ་འདི་དག་གིས་ཕན་ཅི་ཡང་མི་ཐོགས་པར་མ་ཟད་ཁོང་ཁྲོ་སློང་བའི་རྒྱུར་འགྱུར་བར་ངེས་སོ།།
ཀརྡོ་རབ་འབྱམས་པ་ལེགས། ཁྱེད་ཀྱིས་བསམ་པའིདགོངས་ལ་ཞེས་པའི་དགོངས་ཞེས་མིང་འདོགས་ཚུལ་གྱི་ལོ་རྒྱུས་མཁྱེན་ནམ། བདག་གིས་ཤེས་ཏེ། བརྡ་ཚིག་ཇི་ལྟར་བྱུང་བའི་ལོ་རྒྱུས་ཁས་མི་ལེན་ན། སྣང་བར་མི་འགྲོ་བས་བཏང་སྙོམས་སུ་བཞག་པ་ལེགས་ཞེས་བསམས་སོ།།
ཁྱོད་ཚོ་ཨ་ལག་གཟན་དཀར་པའི་ངོ་ཤེས་རྐྱང་པ་རེད་འདུག སྐལ་བ་རེ་བཟང་། གོང་ཏུ་ཁོང་གི་མཛད་པ་ངོ་སྤྲོད་གནང་བ་དང་སྔོན་ཆད་རང་གིས་མཐོང་ཆ་མཚུངས་བས་སྤྲོ་བ་འཕེལ། སླད་མའི་ཆར་དམ་པ་འདི་ཉིད་ཀྱི་ཐུགས་བསྐྱེད་ལེགས་འགྲུབ་ཡོང་བར་མཐུན་འགྱུར་མཛད་རྒྱུ་གལ་ཆེན་པོ་འདུག མ་ཟད་རྒྱུས་ཡོད་ཙོ་བསྡུར་ནས་བྱས་པའི་ལས་ལ་གྲགས་པའི་གཏམ་ཟེར་བ་ལྟར། ཁོང་གི་རྣམ་ཐར་རེ་འབྲི་རྒྱུ་མ་འཕྱུགས། ཤ་ཟན་དམར་པོ་སོགས་ཁེངས་བའི་བློ་ཅན་རྣམས་མགུ་བའི་དུས་མེད་དེ། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། །ཡོན་ཏན་མེད་པའི་སྐྱེ་བོ་རྣམས། །ཡོན་ཏན་ཅན་ལ་ལྷག་པར་སྡང་། །ཞེས་དང་། །སྐྱོན་རྣམས་འབད་པས་འཛིན་བྱེད་ཅིང་། །ཡོན་ཏན་རྩ་ནས་མི་ཆགས་པ། །སྐྱེས་བུ་ངན་པ་ཆུ་ཚགས་བཞིན། །ངན་པ་འཛིན་གྱི་བཟང་པོ་མིན། །ཞེས་པ་ལྟ་བུར་གོ་བརྡ་འཕྲོད་རྒྱུ་དཀའ་འོ། །།
༧སྐྱབས་མགོན་བླ་མ་དམ་པ་གཟན་དཀར་རིན་པོ་ཆེའི་ཞབས་བརྟན་རྡོ་རྗེའི་ཕ་ལམ་ཞེས་བྱ་བ། །
ན་མོ་གུ་རུ་པདྨ་ཀ་ར་ཡེ། །
ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །
ལྷུན་གྲུབ་འོད་གསལ་མཐའ་ཡས་ཀུན་བཟང་མོ། །
དབྱེར་མེད་རིག་འཛིན་བླ་མ་པདྨ་འབྱུང་། །
གསོལ་བ་འབེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
ཚེ་ལྷའི་རྩ་གསུམ་རྒྱལ་བ་སྲས་བཅས་དགོངས། །
སྙིགས་དུས་བཤད་སྒྲུབ་འཛིན་སྐྱོང་སྤེལ་བའི་མགོན། །
ཐུབ་བསྟན་ཉི་མའི་འོད་སྣང་བརྡལ་བའི་གཉེན། །
ཞབས་པད་ཆོས་བདུན་ངོ་བོར་བཞུགས་གསོལ་འདེབས། །
ཨོ་རྒྱན་རྗེ་དང་རྗེ་འབངས་གྲོགས་ཀྱི་དཔལ། །
ཀུན་མཁྱེན་བརྒྱུད་པའི་བསྟན་པ་རིན་པོ་ཆེ། །
ཡང་གསང་གདམས་པའི་མཛོད་འཛིན་འཇིགས་མེད་གླིང་། །
མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཞབས་བརྟན་ཤོག །
མཚན་དཔེའི་རྣམ་པར་སྤྲུལ་བ་གྲུབ་ཆེན་རྗེ། །
གསུང་དབྱངས་བཀའ་བསྟན་གཏེར་ལ་དབང་འབྱོར་བ། །
དགོངས་རྒྱུད་ཐུགས་ཀྱི་སྤོངས་རྟོགས་རྫོགས་པ་མཆོག །
སྐྱབས་མགོན་གཟན་དཀར་སྤྲུལ་སྐུ་ཞབས་བརྟན་ཤོག །
འཕགས་པའི་ཡུལ་དུ་པན་ཆེན་བི་མ་ལ། །
གངས་རི་ལྗོངས་སུ་ཁྲི་སྲོང་ལྡེ་བཙན་རྗེ། །
དབྱེར་མེད་བླ་མ་མཁྱེན་བརྩེ་འོད་ཟེར་གར། །
སྔ་འགྱུར་བསྟན་པའི་མངའ་བདག་ཞབས་བརྟན་ཤོག །
རྨད་བྱུང་ཐུགས་བསྐྱེད་ཟབ་མོའི་རྟེན་འབྲེལ་ལས། །
སྔོན་གནས་རྗེས་དྲན་བསམ་བཞིན་སྲིད་པར་བཟུང་། །
བསྟན་དང་འགྲོ་ལ་ཕན་བདེ་ཉག་གཅིག་མཛད། །
མཁས་གྲུབ་བླ་མ་དམ་པ་ཞབས་བརྟན་ཤོག །
མཁས་པ་བཅུ་ཕྲག་རིག་པར་བྱང་ཆུབ་དཔལ། །
བཙུན་པ་ལས་འབྲས་བསླུ་མེད་ཚུལ་བཞིན་བསྲུང་། །
གྲུབ་པ་རིག་འཛིན་རྒྱལ་པོ་མ་ཎི་ཀ །
རྣལ་འབྱོར་གཟན་དཀར་རིན་ཆེན་ཞབས་བརྟན་ཤོག །
དམ་པའི་ཚུལ་དགུའི་ཡོན་ཏན་དཔལ་གྱིས་ཕྱུག །
འཕགས་ལམ་བརྒྱད་ཀྱི་སྤངས་རྟོགས་རབ་རྫོགས་པས། །
འཕགས་ནོར་བདུན་གྱི་ཕུན་སུམ་ཚོགས་པའི་སྐུ། །
ཕྱིན་དྲུག་དེད་དཔོན་དམ་པ་ཞབས་བརྟན་ཤོག །
རྒྱལ་བའི་བཀའ་བསྟན་མན་ངག་བརྒྱུད་པའི་སྲོལ། །
མི་ཉམས་སླར་ཡང་འཛིན་སྐྱོང་སྤེལ་བ་ལ། །
འགྲན་པའི་ཟླ་བྲལ་ཐུབ་བསྟན་ཉི་མ་ཆེ། །
མི་ནུབ་བསྟན་པའི་སྒྲོན་མེ་ཞབས་བརྟན་ཤོག །
རིས་མེད་བསྟན་པའི་བདག་པོ་གཟན་དཀར་རྗེ། །
དྲི་མེད་རིག་པའི་དབང་ཕྱུག་མཁས་གྲུབ་རྗེ། །
མཚུངས་མེད་འགྲོ་བའི་མགོན་པོ་བླ་མ་རྗེ། །
གཡོ་མེད་གསང་གསུམ་བསྐལ་བརྒྱར་ཞབས་བརྟན་ཤོག །
བཤད་པ་བསྟན་པའི་ཆོས་ཀུན་ཚིག་མཛོད་བསྐྲུན། །
སྒྲུབ་པ་ཉིན་མཚན་བསྟན་འགྲོར་ཕན་བདེ་བརྩོན། །
ཕྲིན་ལས་ཆོས་སྐུའི་རིང་བསྲེལ་སྤེལ་བའི་མགོན། །
ཨ་ལགས་གཟན་དཀར་སྤྲུལ་སྐུ་ཞབས་བརྟན་ཤོག །
མཐོན་པོའི་གོ་ས་མི་འདོད་གོ་ཏམ་དངོས། །
དམའ་མོའི་ཉམས་ཐག་སྐྱབས་པའི་བླ་མ་མཆོག །
ཆོས་བརྒྱད་རིང་དུ་དོར་བའི་བྱ་བྲལ་བ། །
གངས་ལྗོངས་ཐུབ་བསྟན་ཉི་མ་ཞབས་བརྟན་ཤོག །
སྐུ་ཚེ་མི་འགྱུར་དུས་གསུམ་རྟག་ཏུ་རྟག །
གསུང་དབྱངས་མི་འགགས་དམ་ཆོས་རབ་ཏུ་བརྟན། །
ཐུགས་མཆོག་མི་གཡོ་གཡུང་དྲུང་རིན་པོ་ཆེ། །
རྟག་ཁྱབ་ལྷུན་གྲུབ་འགྲོ་བའི་དཔལ་དུ་ཤོག །
ཅེས་པའང་རབ་རྒྱན་ཤིང་བྱ་ལོའི་ཟླ་ཚེས་དགེ་བར་ལྷ་འཛོམས་སྒྲོལ་མ་སོགས་བོད་རིགས་སློབ་མ་འགས་བསྐུལ་བ་བཞིན་དུ་ཨ་ལགས་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་ལ་ཞབས་བརྟན་དུ་ཨ་མ་རི་ཀའི་ནྰ་རོ་པའི་སློབ་ཁང་ནས་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་འམ་ཤྲྰི་སྨྱོན་པས་ཁ་མིན་སྙིང་ནས་གསོལ་བ་བཏབ་པས་མགོན་པོ་གང་ཉིད་སྐུ་ཚེ་བརྟན་པ་དང་བཞེད་དོན་འགྲུབ་པའི་རྒྱུ་རུ་གྱུར་ཅིག ། ཤྲྰི་སརྦ་ལོ་ཀ་མངྒ་ལྃ་བི་ཛ་ཡནྟུ། །དགེའོ། དགེའོ། དགེའོ།
http://www.amahoweb.org/?p=29
༧སྐྱབས་རྗེ་གཟན་དཀར་པའི་ཞབས་བརྟན་མི་ཤིགས་རྡོ་རྗེའི་ཀ་བ་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། བརྟན་གཡོའི་སྲོག་གི་རཀྟ་དམར་པོའི་བཅུད། །དཔག་མེད་ཐུགས་རྗེའི་འོད་དང་འདྲེས་པའི་སྐུ། །སོག་རྟོག་ཡེ་ཤེས་རང་གཟུགས་ཚེ་མཐའ་ཡས། །ཐུགས་བསྐྱེད་བདེན་པའི་སྲོག་གི་ཀ་བ་ཚུགས། །སྡེ་གསུམ་ཤིང་རྟ་ཀློང་ཆེན་དྲི་མེད་འོད། །བཀའ་གཏེརབསྟན་སྲོག་འཇིགས་མེད་མཁྱེན་བརྩེའི་ལྷ། །བརྟུལ་ཞུགས་སྤྱོད་པ་ཡེ་ཤེས་རྡོ་རྗེ་སོགས། །འཁྲུངས་རབས་རིམ་བྱོན་ཐུགས་བསྐྱེད་དེང་བསྐུལ་ལོ། །བཤེས་གཉེན་བརྟེན་པ་ལམ་གྱི་རྩ་བ་དང་། །མདོ་སྔགས་ཟུང་འཇུག་རྒྱལ་བསྟན་ཡོངས་རྫོགས་སྲོལ། །ཟབ་རྒྱས་ཆོས་ཀྱི་གཏེར་མཛོད་མ་འཁྲུལ་བར། །ཐུགས་སྟོབས་དཔུང་བས་འདེགས་ཁྱོད་ཞབས་བརྟན་གསོལ། །དུས་སྙིགས་རླུང་དམར་འཚུབས་པའི་སྐྱ་བར་ཏུ། །གསུང་རབ་གསེར་བྱེ་ཐོར་བུར་བརྡལ་བའི་ཚོགས། །སྔོན་སྨོན་དམ་བཅས་སྒྲོམ་བུར་སྡུད་མཁས་ཤིང་། །སྐལ་བཟང་དགྱེས་སྟོན་འགྱེད་མཛད་ཞབས་བརྟན་གསོལ། །རིས་མེད་གདམས་པའི་ཆུ་ཀླུང་གཅིག་ཏུ་འདུས། །ཆོག་ཤེས་བྱང་ཆུབ་སེམས་ཀྱི་ནོར་བུས་གཏམ། །བརྩོན་པ་དལ་མེད་ཕྲིན་ལས་རླབས་ཕྲེང་ཅན། །ཡོན་ཏན་རྒྱ་མཚོའི་བདག་ཉིད་ཞབས་བརྟན་གསོལ། །ལྷ་ཆོས་བདུན་ལྡན་རིན་ཆེན་སྐོང་བུ་རུ། །གསུང་ངག་རྩི་བཅུད་རྒྱ་མཚོ་གཡས་སུ་འཁྱིལ། །ཕུང་ཁམས་ཟག་བཅས་འབར་བའི་སྟོང་གཟུགས་ལས། །འགྱུར་མེད་ཕྱག་རྒྱའི་དབང་ཕྱུག་ཞབས་བརྟན་གསོལ། །རང་བྱུང་ཡེ་ཤེས་ཟུང་འཇུག་ནམ་མཁའི་ཁམས། །བདེ་ཆེན་ཆད་མེད་ཕྱག་རྒྱ་ཆེན་པོའི་དབྱིངས། །ངོ་བོ་ཀ་དག་རང་བཞིན་ལྷུན་གྲུབ་པའི། །ཁྱབ་བརྡལ་རྫོགས་ཆེན་རྣལ་འབྱོར་ཞབས་བརྟན་གསོལ། །བདག་སོགས་དད་གདུང་གློག་གི་འོད་རླབས་ཀྱིས། །སྲས་བཅས་རྒྱལ་བའི་ཐུགས་དམ་དེང་བསྐུལ་ན། །བསླུ་མེད་རྟེན་འབྱུང་སྣང་བའི་སྒོ་ཕྱེས་ཏེ། །ཐུབ་བསྟན་ཉི་་མ་རྟག་བརྟན་དཔལ་འབར་ཤོག །འོ་མའི་རྒྱ་མཚོའི་མདངས་འཕྲོག་དཀར་བའི་ཞལ། །ཚེ་དཔལ་ཡེ་ཤེས་རང་གདངས་ཨ་ཡི་གསུང་། །གཞོམ་མེད་ཟུང་འཇུག་རྣམ་རྒྱལ་སྒྲོལ་མ་ཡུམ། །འཆི་མེད་རྟག་བརྟན་བཀྲ་ཤིས་དཔལ་འབར་མཛོད། །ཅེས་པའང་དཔལ་སེང་ལགས་ཀྱིས་བཀོད་པའི་དམ་པ་མཆོག་གི་རྣམ་པར་ཐར་བས་ཡིད་དྲངས་ཤིང་དགྱེས་པ་རྡོ་རྗེའི་ཞབས་བརྟན་གནང་པ་མཐོང་འཕྲལ་བཀྲ་ཤིས་བདེ་ལེགས་དང་སྐུ་ཚེ་ཞབས་པད་བརྟན་པར་སྙིང་ནས་སྨོན་པས་མི་ནག་སྐྱེ་བོའི་ཁ་གཡང་འདི་བཞིན་དྲི་མེད་མིང་གིས་ཤར་མར་བྲིས་བྱས་པའོ། །
བསམ་ཚུལ་ཡག་སྡུག་ཚང་མ་དགོས།
དཔལ་སེང་ལགས། གོ་ཐོས་ལྟར་ན། ལོ་ཤས་སྔོན་ཨ་ནེ་ཟླ་གསར་སྐུ་བསྙུན་བཞེས་ནས་ཞལ་གྲགས་རྒྱུ་མེད་པ་བརྒྱལ་བ་དང་། སྨན་པ་དང་མོ་མ་ཡོད་ཚད་ཀྱིས་ཤི་རྒྱུ་རང་དུ་ཐག་བཅད། རྫོགས་ཆེན་ཀྱི་བླ་སྤྲུལ་མང་པོས་ཕོ་བ་འདོན་སྐབས། གཟན་དཀར་བ་གློ་བུར་ཏུ་ཕེབས་ནས། ཨ་ནེ་ཁྱོད་ད་དུང་སྐུ་གཤེགས་རན་མེད། གདུལ་བྱ་རྫོགས་མི་འདུག ད་ལྟ་འཕོ་བའི་སྐབས་ཀྱི་འོད་དཔག་མེད་དེ་ཚེ་དཔག་མེད་པར་ཞལ་བསྒྱུར་བ་ཡིན་གསུངས་ཤིང་། ཚེ་འགུགས་ཤིག་གནང་པས་དབུགས་ཚུར་ཕེབས། བརྒྱལ་བ་ལས་སངས་སྟེ་སྐུ་ཁམས་ཡར་དྭངས་ཏུ་ཕྱིན་པ་རེད་ཟེར། བོད་རིགས་ནང་དུ་གྲགས་པ་འབར་བྱུང་བ་དེ་བདེན་པ་ཨེ་རེད།
ཟླ་གསལ་ཀྱིས་སྲས་སྲོས་རེ་བསྐྱེད་མ་ཐུབ་པ་ངོ་མ་ཕངས་སོང་། ད་མདོ་མཁྱེན་བརྩེ་ཚང་གི་གདུང་རྒྱུད་ནམ་ལངས་ལ་ཉེ་བའི་སྐར་མ་བཞིན་གྱུར་ཚར་འདུག
མདོ་མཁྱེན་བརྩེ་མགོ་ལོག་ཆོས་སྐོར་ཀྱི་བརྒྱུད་པ་ཡིན་པས་དེ་ན་གདུང་རྒྱུད་རེ་ཨེ་ཡོད་ཤེས་མཁན་འདུག་གམ།
དཔེར་ན། རྒྱལ་སྲས་དོན་གྲུབ་”ལགས་”ཀྱིས། བྱང་ཆུབ་ཤིང་དྲུང་དུ། “དགོང་”དྲོར་མཉམ་པར་བཞག་ནས། ཐོ་རང་མངོན་པར་རྫོགས་པ་སངས་ཡོངས་སུ། རྒྱས་པར་མཛད་དགོས་”དགོངས་”པ་ལྟར། དུས་ཐོག་ཏུ་སངས་རྒྱས་པ་རེད། ལྟ་བུའོ། །
ཞེས་བྲིས་འདི་ལ། ལ་དྭགས་བའི་མཁས་དབང་བློ་འཇམ་ལགས་ཀྱིས་དགག་བཞག་སྤོང་གསུམ་དགོས་པ་ལས། ལོ་རྒྱུས་ཀྱི་རྙིང་ཞེན་དང་། དེང་དུས་དུས་རབས་དང་མི་འཚམ་པའི་རྗེས་ལུས་ལ་ནི་ང་ཡིད་མུག་ནས་བསྡད་ཡོད་ཙང་སེམས་ཀྱིས་མ་བཟོད་ནས་བྱས་པ་ལ་བྱུང་ན་རྒྱབ་སྐྱོར་དང་། མ་བྱུང་ན་དགག་པ་མཐར་ཕྱིན་ཅིག་སྒུག་ནས་བསྡད་ཡོད་ལགས། དགེའོ། །
ཨ་ལགས་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་ནི།
ཨ་༝ཧ་ཨེ་མ་མཁས་དབང་འཁྲུངས་འདུག་ལགས༝། །
རྨོངས་གཉིད་ལ་གཟན་༝བློ་དཀར་༝མཁས་པ་ཞིག །
རིན་༝བྲལ་མཁན་པོ་༝ཆེན་པོ་ཆེ་༝བའི་ནང་། །
མགྲན་བྲལ་”ཐུབ་བསྟན་ཉི་མ་”རྟག་བརྟན་ཤོག །
ལོ་གསར་བའི་ནང་འདིར་ཨ་ལགས་གཟན་དཀར་རིན་པོ་ཆེར་གསུང་འབུམ་ག་རེ་པར་རྩིས་ཡོད། རྒྱུས་ཡོད་མཁན་བཞུགས་ཚེ་ངོ་སྤྲོད་གནང་བར་ཞུ།
ཐུབ༵་པའི་བསྟན༵་པ་སྤྱི་དང་ཁྱད་པར་དུ། །
མདོ་སྒྱུ་སེམས་གསུམ་རང་ལུགས་དྲི་མ་མེད། །
འཛིན་ལ་ཟླ་བྲལ་གཟན་དཀར་སྤྲུལ་པའི་སྐུ། །
སྨྲ་བའི་ཉི༵་མ༵འི་སྐུ་ཚེ་རྟག་བརྟན་ཤོག །
དྲི་མེད་ལྷག་བསམ་ལགས།
༡༽
ཁྱེད་ཀྱིས་གསན་པ་ལྟར། ལོ་ཤས་སྔོན་ཨ་ནེ་ཟླ་གསལ་མཆོག་ལ་སྐུ་སྙུན་ཤིན་ཏུ་ལྕི་མོ་ཞིག་ཕོབ་སྟེ་ཁྲེན་ཏུའུའི་སྨན་ཁང་ཆེན་མོ་ཞིག་ཏུ་བཞུགས་སྐབས་སྨན་པ་དང་མོ་མ་ཡོད་ཚད་ཀྱིས་སྐུ་གཤེགས་རྒྱུ་ལས་གསོན་རེ་མེད་པར་ཐག་བཅད་པ་རེད། ཨ་ལགས་གཟན་དཀར་ཚང་དེར་ཕེབས་པ་ལ། ཐམས་ཅད་ཀྱིས་ཁོང་ལ་འཕོ་བ་གསུང་རོགས་ཞུས་འདུག ཁོང་གིས་ངས་འཕོ་བ་འདོན་རྒྱུ་མིན། ཞལ་བཞུགས་འབུལ་རྒྱུ་ཡིན་ཞེས་སྐུ་མྱ་ངན་ལས་མི་འདའ་བའི་གསོལ་འདེབས་དང་འབྲེལ། ཚེ་འགུགས་སོགས་གསུངས་ནས་མི་རིང་བར་ཨ་ནེ་སྐུ་སྙུན་སེང་དྲག་སོང་སྟེ་ད་ལྟའང་སྐུ་དཀྱིལ་གསལ་དྭངས་ངང་བཞུགས་འདུག འདི་ནི་གནས་ཚུལ་ངོ་མ་བྱུང་བ་ཞིག་ལས་སྒྲོ་བཏགས་བྱས་པ་ཞིག་མིན།
༢༽
ཁོང་གིས་དཔེ་ཆ་གསར་དུ་སྐྲུན་རྒྱུའི་འཆར་གཞིའི་ནང་འདི་ལོའང་དེབ་བརྒྱ་ལ་ཉེ་བ་ཞིག་ཐོན་རྒྱུ་ཡོད་འདུག དེ་དག་གི་མཚན་ཞིབ་ཆ་ཤེས་མ་སོང་། འོན་ཀྱང་གཏམ་སྙན་ཞིག་ལ་དེའི་ནང་དུ་བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་པ་དེ་ཡོད་འདུག
བྱེ་བྲག་བཤད་མཛོད་ཆེན་མོ་ནི་འཕགས་པ་ཉེར་སྦས་(སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་སྐབས་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ་ཡོད་པའི་དགྲ་བཅོམ་པ་ཞིག) དང་ཁོང་གི་སློབ་མ་ཟླ་བ་ནོར་བུ་སོགས་དགྲ་བཅོམ་པ་ལྔ་བརྒྱས་རྒྱ་གར་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་བརྩམས་ཤིང་། གཞུང་དེ་ལ་བསྡོམས་པའི་ཤོ་ལོ་ཀ་འབུམ་ཕྲག་གཅིག་ཡོད། འདི་ནི་བྱེ་བྲག་སྨྲ་བའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་ཆ་ཚང་ཞིབ་རྒྱས་སུ་སྟོན་པའི་གཞུང་ལུགས་གལ་ཆེན་ཞིག་ཡིན་སྟབས། སྔར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་པཎྜི་ཏ་ཛི་ན་མི་ཏྲ་དང་ཤཱི་ལེནྡྲ་བྷོ་དྷི། དཱ་ན་ཤཱི་ལ། བོད་ཀྱི་ལོ་ཆེན་བཻ་རོ་ཙ་ན་རྣམས་ཀྱིས་གཞུང་འདི་བསྒྱུར་བའི་དབུ་བཙུགས་ཀྱང་དེ་རྗེས་ལོ་པཎ་དེ་སྐབས་བཞུགས་པ་རྣམས་དང་ཕྱི་རབས་འབྱོན་རྒྱུ་རྣམས་ཆོས་བསྒྱུར་བ་ལ་བཟང་ངན་བསྡུར་བའི་ཕྱིར་བསྒྱུར་འཕྲོ་ཅན་དུ་རྒྱ་དཔེ་དེ་ཉིད་བསམ་ཡས་དབུ་རྩེར་བཞག་ཚུལ་པདྨ་བཀའ་ཐང་ཤེལ་བྲག་མ་ལ་གསལ།
སྤྱི་ལོ་༡༩༤༥ནས་༡༩༤༩ལོའི་བར་རྒྱའི་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་སམ་སློབ་དཔོན་ཧྥ་ཙུན་(1902-1980)གྱིས་སྔོན་རྒྱའི་ལོ་ཙཱ་བ་ཆེན་པོ་ཐང་ཟན་ཙང་གིས་རྒྱ་གར་གྱི་སྐད་ལས་རྒྱ་ཡིག་ཏུ་བསྒྱུར་བ་ལ་གཞིར་མཛད་དེ་བོད་སྐད་དུ་ཡོངས་སུ་རྫོགས་པར་བསྒྱུར་ཞིང་། གོང་ས་བཅུ་བཞི་པ་ཆེན་པོ་རྒྱ་ནག་ཕེབས་སྐབས་ཁོང་ལ་ཤིང་པར་དུ་བརྐོ་རྒྱུ་ཕུལ་བ་ལ། སྐབས་དེ་དག་ཏུ་དུས་ཟིང་སོགས་ཀྱི་རྐྱེན་སྣ་ཚོགས་ཀྱི་དབང་གིས་པར་དུ་འཁོད་མེད། དུས་རབས་ཉེར་གཅིག་པའི་ལོ་རབས་དགུ་བཅུ་པའི་སྨད་ཙམ་ལ་བཀའ་བསྟན་དཔེ་སྡུར་ཁང་གིས་ལྷ་ས་དང་པེ་ཅིན། ནན་ཅིན་སོགས་ས་ཆ་མང་པོ་ཞིག་ལ་བསྟན་བཅོས་ཆེན་མོ་འདི་བཙད་འཚོལ་གྱི་ཆེད་དུ་མི་སྣ་ཆེད་གཏོང་མཛད་ཀྱང་བཙད་འཆོལ་གང་ཡང་ཐུབ་མེད། དེ་སྐབས་ཨ་ལག་གཟན་དཀར་ཚང་གིས་དབྱིན་ཇི་ནས་ཕྱི་གླིང་པ་ཞིག་གི་ལག་ནས་འདིའི་དབུའི་ཡེ་ཤེས་ལ་འཇུག་པའི་གླེང་གཞིའི་ལེའུ་དང་འགྱུར་བྱང་བཅས་ལྡེབ་བཅོ་ལྔ་བསྐྱར་པར་ཞུས་པ་ཞིག་ཐོབ་འདུག དེ་རྗེས་ཀྱང་ཁོང་གིས་མུ་མཐུད་ག་ས་ག་ལ་བཙད་འཚོལ་གནང་བས་ལོ་ངོ་གཉིས་ཙམ་གྱི་གོང་ལ་ཁོང་གིས་ཕྱི་ཕྱོགས་ནས་བམ་པ་ཉི་ཤུ་ཙམ་མིན་ཚད་ཐམས་ཅད་ཐོབ་འདུག འདིའི་བམ་པོ་ཉི་ཤུ་ཙམ་ཚང་མེད་པ་དེ་ནི་ཕལ་ཆེར་འཇིག་རྟེན་འདི་ནས་ཡལ་ཟིན་པ་འདྲ། ཐེ་ཝན་ནས་ཚོགས་པའམ་སྒེར་ཞིག་གིས་འདིའི་མ་ཚང་བ་རྣམས་བོད་ཡིག་ཏུ་བསྒྱུར་སའི་ཡོད་པའི་གཏམ་ཞིག་ལོ་མང་སྔོན་ནས་ཐོས་ཀྱང་དེའི་གནས་ཚུལ་གསལ་པོ་ཞུ་མ་ཤེས།
༣༽
ཨེ་ཝཾ་བཀའ་འབུམ། དེབ་ཉི་ཤུ་ཐམ་པ།
ཉེ་ཆར་ཨ་ལགས་གཟན་དཀར་ཚང་གིས་ཨེ་ཝཾ་བཀའ་འབུམ་ཞེས་པ་དེབ་ཉི་ཤུ་ཐམ་པ། མེས་པོའི་ཤུལ་བཞག་ཅེས་པའི་དཔེ་ཚོགས་ལས་དེབ་ཕྲེང་༡༣༢པ་ནས་༡༥༡པའི་བར་ངོར་ཆེན་ཀུན་དགའ་བཟང་པོ་དང་། ངོར་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། སངས་རྒྱས་ཕུན་ཚོགས་བ༷ཅས་ཀྱི་གསུང་རྙེད་ཚད་བསྡུས་ཏེ་དཔེ་སྐྲུན་ཟིན་ནས་འགྲེམ་སྤེལ་མཛད་ཀྱིན་འདུག འདི་ནི་ད་བར་ངོར་གྱི་བླ་མ་རྣམས་ཀྱི་གསུང་ཕྱོགས་གཅིག་ཏུ་སྡུད་སྒྲིག་མཛད་པ་ཆ་ཚང་ཤོས་ཞིག་དེ་རེད་འདུག
༤༽
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད། པོད་དྲུག་ཅུ།
གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་ལོ་མང་རིང་སྐུ་ངལ་ཚད་མེད་བརྒྱུད། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་གང་རྙེད་འཚོལ་སྡུད་གནང་ནས་གློག་ཀླད་དུ་བཅུག་སྟེ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད་ཅེས་པ་པོད་དྲུག་ཅུ་ཅན་ཞིག་བསྒྲིགས་ཟིན་ཡང་། འགྲོ་སོང་གི་དཀའ་ངལ་གྱིས་པར་འདེབས་ཐུབ་མེད་པ་ལ། ཨ་ལག་གཟན་དཀར་ཚང་གིས་སྔོན་བླུ་ཚར་སུམ་བརྒྱ་ལྔ་ཅུ་གནང་བ་ལ་བརྟེན། ད་ལྟ་དངོས་སུ་པར་བསྐྲུན་ཐུབ་ཡོད་པ་དང་། ཨ་ལགས་གཟན་དཀར་ཚང་གིས་འཛམ་གླིང་ཤར་ནུབ་ཐམས་ཅད་ལ་དཔེ་ཆ་འདི་འགྲེམ་སྤེལ་གནང་བཞིན་འདུག
ཁོང་གི་ཞལ་ནས་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་རྩ་ཆེའི་དཔེ་ཆ་འདི་བཞིན་འཚོལ་སྡུད་དང་ཕྱོགས་སྒྲིག་མཛད་ཟིན་ནའང་ཁོང་རྣམ་པ་ལ་པར་འདེབས་ཀྱི་སྐུ་ངལ་ཡོད་དུས། ངས་བློ་ཐབས་ཡག་པོ་ཞིག་དྲན་སོང་། དེ་ནི་ངས་ཁོང་རྣམ་པའི་མདུན་ནས་དཔེ་ཆ་འདི་ཚར་སུམ་བརྒྱ་ལྔ་བཅུ་སྔོན་བླུ་ཞུས་ན་ཁོང་རྣམ་པ་ལ་པར་འདེབས་ཀྱི་དཀའ་ངལ་སེལ་བ་དང་ཉམས་གསོའི་བྱ་བ་བཟང་པོ་མཛད་པའི་མཚན་བཟང་དེའང་ཁོང་རྣམ་པ་ལ་ཐོབ་པ་རེད། གལ་ཏེ་ངས་དཔེ་སྐྲུན་ཞུས་ན་ཁོང་ཚོས་དེ་སྔོན་བར་དཀའ་ལས་གནང་བ་ལ་མཚན་ཆ་ཚང་མེད་པ་ལྟ་བུ་ཞིག་ཆགས་འགྲོ་བ་རེད། ངའི་དམིགས་ཡུལ་ནི་བོད་ཀྱི་དཔེ་རྙིང་རྣམས་ཉམས་གསོ་གང་ཐུབ་བྱེད་རྒྱུ་དེ་རེད། ངས་མིང་གི་ཆེད་དུ་དཔེ་ཆ་ཉམས་གསོ་བྱེད་པ་མ་རེད། ངའི་དམིགས་ཡུལ་དཔེ་ཆ་ཉམས་གསོ་དེ་ནི་ལྷན་དུ་འགྲུབ་ཡོད་པ་རེད་ཅེས་གསུངས། འདིའང་ཁོང་གི་དཔེ་ཆ་ཉམས་གསོ་མཛད་པའི་ཐུགས་བསམ་བཞེས་སྟངས་ཀྱི་ཟུར་ཞིག་རྟོགས་ཐུབ།
དཔལ་སེང་ལགས། ཐུགས་རྗེ་ཆེ། ངོ་མཚར་ཆེ། བྱེ་བྲག་བཤད་མཛོད་ཆེན་མོ་༧གོང་ས་བཅུ་བཞི་པས་འགྲོ་སོང་ཕོན་ཆེན་བཏང་སྟེ།། དགེ་བཤེས་ཤིག་གིས་དབུ་འཛིན་མཛད། ཨ་ནེ་ཞིག་དང་། ཨ་མདོའི་དགེ་རྒན་ཉི་ཧོང་དུ་བཞུགས་པ་བསོད་ནམས་སོགས་ཀྱིས་བསྒྱུར་ཟིན་པར་གོ་ནའང་། དགེ་བཤེས་ཀྱི་མ་དཔེ་སྤྱི་ཡི་ཚིག་རིས་སོགས་སྐད་སྒྱུར་བར་གཟིགས་མི་འཇུག་པས། ད་དུང་ཞུ་དག་མ་འགྲུབ་པའི་ཁར་། དཔེ་བསྡུར་བྱེད་མཁན་ཙམ་ཡང་མ་རྙེད་པར་ལྷག་ཡོད་ཚོད་རེད། ཉིད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པར་སླར་ཡང་ཐུགས་རྗེ་ཆེ། བོད་ཕྱི་ནང་གི་བླ་མ་མཁས་གྲུབ་ཐམས་ཅད་ཀྱིས་ཞལ་འཛུམ་མུལ་ལེ་༧སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་མཛད་ཕྲིན་མཐར་ཕྱིན་པར་ཐུགས་སྨོན་གནང་གི་ཡོད་པར་ངེས།
དཔལ་སེང་ལགས། ཐུགས་རྗེ་ཆེ། ༧སྐྱབས་རྗེ་གཟན་དཀར་པས་པར་བསྐྲུན་མཛད་པའི་དེབ་ཚོགས་བླུ་བར་འདོད་ན། ས་གསན་གང་དང་། མི་སུ་ཞིག་ལ་འབྲེལ་བ་བྱེད་དགོས་ཁ་བྱང་གསར་པོ་ཞིག་ཡོད་ཚེ་རྒྱ་ཆེའི་མི་མང་ལ་ཕན་ཐོགས་ཆེ་བས་ཐུགས་ལ་འཛིན་པར་ཞུ།
ཡང་གནས་ཚུལ་ཕྲན་བུ་ཞིག་བཤད་ན། དཔལ་ཡུལ་ཡང་ཐང་སྤྲུལ་སྐུའི་གསུང་པའི་སྒྲ་ཐག་ཞིག་ཏུ། མཁས་པ་ཟེར་ན་གཟན་དཀར་སྤྲུལ་སྐུ། གྲུབ་ཐོབ་ཟེར་ན་སེ་ར་ཡང་སྤྲུལ་རེད་ཅེས་བོད་ཀྱི་བླ་མ་ངོ་མི་ཤེས་པ་མང་པོ་ཞིག་གི་མཚན་གསུང་གི་འདུག ཁོང ཕལ་ཆེར་གཟན་དཀར་རིན་པོ་ཆེར་རྒྱུས་ཆེན་པོ་ཡོད་པ་འདྲ་ཡང་ངོ་ཐུག་ནས་ཞུ་རྒྱུ་བྱུང་མ་སོང་། རྣམ་ཐར་ཞིག་སྒྲིག་མཁན་ཡོད་ན་ཁོངལ་ཡངབཀའ་འདྲི་ཞིག་ཞུ་རྒྱུ་ཡོད་པ་འདྲ།
ཀརྡོ་རབ་འབྱམས་པ་ལེགས།
ལྐོག་ཏུ་གྱུར་པའམ་རྟོགས་དཀའ་བའི་དངོས་པོ་ཞིག་སྒྲུབ་པ་ལ་དགག་གཞག་སྤང་གསུམ་གྱི་རྣམ་གཞག་དགོས་ཀྱང་། མངོན་སུམ་གྱིས་གྲུབ་པ་ཞིག་ལ་དགག་གཞག་སྤང་གསུམ་གྱི་རྣམ་གཞག་ཅིག་དགོས་པར་མ་མཐོང་། ཁ་ནས་མ་འཐོན་པའི་ཡི་གེ་ཕལ་ཆེ་བ་རང་རེས་སྤང་གང་ཐུབ་བྱས་ཏེ། ལས་སླ་བ་འཚོལ་བར་སྣང་། ཡི་གེ་དག་ཆ་དག་འཆལ་འཆོལ་བྱས་ཏེ། འགྲོ་བ་པོ་དེ་ཡིས་དོན་དག་གྲུབ་མི་ཐུབ་པ་མངོན་སུམ་གྱིས་མཐོང་། མང་དུ་བཤད་མི་དགོས། ཨཻན་ཡུལ་པ་དག་གིས་རང་གི་སྐད་ཡིག་གི་དག་ཆ་་ལ་དོ་སྣང་ཇི་ལྟར་བྱེད་པ་དེ། རང་རེས་མིག་གིས་བལྟ་འོས་པ་ཞིག་གོ། མིས་ཅི་ཟེར་ལ་མ་ཉན། མིས་ཅི་བྱས་ལ་ལྟོས། ཞེས་ལ་དྭགས་པའི་མིའོ་དག་གི་བཤད་པ་ཆུང་དུས་ཐོས་པ་ཡིན་ནོ། ཁྱེད་ཀྱིས་ཡི་གེའི་དག་ཆ་ལ་བརྩོན་འགྲུས་སྐྱེད་དང་། དོན་དག་ཅི་ཡོད་གྲུབ་ཅིང་ཡིད་མུག་པ་དེ་སངས་པར་འགྱུར་རོ།།
ལ་དྭངས་བློ་བཟང་ལགས། ཁྱོད་ཀྱིས་ཤིན་ཏུ་དག་པའི་ཚིག་མཛོད་ཅིག་རྩོམ་སྒྲིགས་མཛད་ཐུབ་ན་དགའ་བསུ་ཡོད། འོན་ཀྱང་དུས་ཀྱི་དགོང་དང་ཐུགས་ཀྱིས་དགོངས་གཉིས་སོ་སོ་བྱས་ན་ཉིད་ཀྱིས་གསུང་པ་ལྟར་འགྲོ་བའི་དོན་འགྲུབ་སྟེ། གཉིས་ཀ་མི་ནོར་པའི་ཁྱད་ཆོས་ཚང་པའི་ཕྱིར། རྣམ་འགྲེལ་ལས། ཐ་དད་པར་ནི་ཤེས་འགྱུར་བས། །ཐ་དད་པ་ལ་སྐད་སྦྱོར་ཏེ། །ཞེས་པ་བཞིན་ནོ། །སྒྲ་དང་གཏན་ཚིག་གི་དགོས་པ་གཅིག་ནི་ན་ཉན་པ་པོ་རྨོངས་པ་ལས་བཟློག་ནས། ཤེས་པར་འདོད་པའི་དོན་ལ་འཇུག་པ་སྟེ། རྣམ་འགྲེལ་ལས། བློ་དོན་འགའ་ལས་བཟློག་ནས་ནི། །དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར། །སྒྲ་ནི་རབ་ཏུ་སྦྱོར་བྱེད་དེ། །དེ་དོན་ངེས་པར་བཟུང་ཕྱིར་རོ། །ཞེས་པ་ལྟར་རོ། །དེ་བཞིན་མངོན་སུམ་གྱི་གྲུབ་པའང། དགོང་དང་དགོངས་གཉིས། བོད་མདོ་དབུས་ཡོངས་ཀྱི་དཔེ་རྙིང་དང་ཤིངཔར་ཕལ་མོ་ཆེའི་སྲོལ་ཏུ་གྲགས་ཤིང་གྲུབ་པས། ཉིད་ཀྱི་བཞེད་པ་དང་མཐུན་པས་སོ། ། བོད་རྒྱ་ཚིག་མཛོད་ཆེན་མོ་ལྟ་བུ་ཡིན་ན། གཙོ་སྒྲིགས་པའི་་མགོ་བརྩམས་ཏེ་ལོ་མང་ཕྱིན་ནའང་་ཚིགས་མངཔོ་སྡུད་ཐུབ་མེད་པས། སྐབས་དེར་རྒྱ་ནག་གི་བཀག་རྒྱ་ཤིན་ཏུ་ཆེ་བའི་སྐབས་ཡིན་པས། ཏིན་ཤོ་ཕེན་གྱིས་ཆོག་མཆན་བསྩལ་བ་དང་བོད་རིགས་མཁས་དབང་ཚོས་མགྱོགས་མྱུར་འགྲུབ་ཐབས་བྱས་པས། ནོར་འཁྲུལ་མི་ཉུང་པ་ཡོད་པ་ནི་སྐབས་དེར་སྒྲིགས་མཁན་ཡོངས་ལ་གྲགས་སོ། །
ལ་དྭགས་བ་བློ་འཇམ་ལགས།
བློ་འཇམ་ཤར་རེར་མ་བཞུགས་པར་གཞན་ལུགས་དགག རང་ལུགས་བཞག དེ་ལ་རྩོད་པ་སྤང་བ་ཟེར་བ་དེ། ལྐོག་འགྱུར་གཅིག་པོ་ལ་སྦྱར་དགོས་པ་དེ། ལ་དྭགས་པའི་ལུགས་ལ་ནི་ཡིན་མདོག་མེད། འདི་རིང་”དགོང་”དྲོའི་ཁྱེད་ཀྱི་”དགོངས་”པ་དེ་གང་ལ་གཏད་ནས་གསུངས་པ་ཡིན་ནམ་ངས་ཅང་ཆ་མ་འཚལ་”ལགས”།
ང་ལ་ནི། དགོང་། དགོངས་དང་ལགས་ཞེས་ཚིག་འབྲུ་གསུམ་ལ་དམིགས་པའི་ཡི་མུག་པའི་རྨུག་པ་ནི་སྔ་མ་ནས་སངས་ཟིནད་ཏོ། །འོནད་ཀྱང་བོད་ཀྱི་སྐད་ཡིག་ལ་བཅུད་ལེན་སྙིགས་དོར་མེད་པ་ལ་ང་རང་ཡི་མུག་ནས་བསྡད་ཡོད་ལགས། དེ་ལ་ཐབས་གཅིག་ཡོད་ན་སྟོན་རོགས་གནོངས། དེ་མིན་ང་གཉིས་བར་ལ་རྩོད་པ་ཅང་ལྷག་མེད་པ་འདྲ། ལན་འདིས་དགེ་བར་འགྱུར་ཅིག །
ང་རང་གཞན་སྐྱོན་ལས་རང་སྐྱོན་མི་ཤེས་མཁན་མི་ངན་སྐྱག་པ་འདྲ་བ་ཞིག་ཡིན་ཡང་ཨ་ལགས་གཟན་དཀར་སང་ལ་སྐྱོན་སྣ་ཅིག་ཞུ་རྒྱུ་རྙེད་མ་སོང་། དངོས་གནས་བླ་མ་དང་སངས་རྒྱས་ཟེར་བ་དེ་འདི་འདྲ་ཞིག་ལོས་ཡིན་བསམ་ཡོད། དེ་མིན་པ་དག་་་་
ལེགས་སོ། ཀརྡོ་རབ་འབྱམས་པ་ལེགས།
དུས་ཀྱི་དགོངས་དེ་ལ་སའི་ཡང་འཇུག་ལ་དགོས་ཀྱི་མེད་ན། བཀའ་འགྱུར་ན། དགོངས་པ་ངེས་པར་འགྲེལ་པ། ཞེས་མདོ་སྡེ་དེའི་དགོངས་ལ་ཡང་ཁྱེད་ཅག་ཀྱི་ལུགས་ལྟར་ན་དགོང་ཞེས་ས་ཡིག་རྒྱང་རིང་དུ་འདོར་དགོས་ཏེ། དེ་ལ་དགོངས་མོའི་དོན་ཡོད་པས་སོ། དེ་ཡང་ཉིན་མོ་དང་མཚན་མོ་མཚམས་སྦྱོར་བའི་དུས་དེ་ལ་དགོངས་མོ་ཞེས་བྱ། དུས་དེར་དངོས་པོ་ཞིག་མཐོང་ཡང་གསལ་བར་མ་མཐོང་བ་བཞིན་དུ། གྲུབ་མཐའ་འོག་མའི་གདུལ་བྱ་ལ་གཟུགས་སོགས་སྐྱེ་མཆེད་གསུངས་པ་དང་། གྲུབ་མཐའི་གོང་མའི་གདུལ་བྱ་ལ་གཟུགས་སོགས་སྐྱེ་མཆེད་མེད་པར་གསུངས་པའི་བཞེད་པ་དེ་ལ་དགོངས་པ་ཞེས་དགོངས་མོ་དཔེའི་མིང་དེ་ཉིད་དཔེ་ཅན་བཞེད་པ་ལ་མིང་བཏགས་ཏེ་དགོངས་པ་ཞེས་པའི་ཚིག་དེ་བྱུང་བར་འདོད་དོ།།
ལེགས་སོ། ཀརྡོ་རབ་འབྱམས་པ་ལེགས།
དུས་ཀྱི་དགོངས་དེ་ལ་སའི་ཡང་འཇུག་་དགོས་ཀྱི་མེད་ན། བཀའ་འགྱུར་ན། དགོངས་པ་ངེས་པར་འགྲེལ་པ། ཞེས་མདོ་སྡེ་དེའི་དགོངས་ལ་ཡང་ཁྱེད་ཅག་ཀྱི་ལུགས་ལྟར་ན་དགོང་ཞེས་ས་ཡིག་རྒྱང་རིང་དུ་འདོར་དགོས་ཏེ། དེ་ལ་དགོངས་མོའི་དོན་ཡོད་པས་སོ། དེ་ཡང་ཉིན་མོ་དང་མཚན་མོ་མཚམས་སྦྱོར་བའི་དུས་དེ་ལ་དགོངས་མོ་ཞེས་བྱ། དུས་དེར་དངོས་པོ་ཞིག་མཐོང་ཡང་གསལ་བར་མ་མཐོང་བ་བཞིན་དུ། གྲུབ་མཐའ་འོག་མའི་གདུལ་བྱ་ལ་གཟུགས་སོགས་སྐྱེ་མཆེད་གསུངས་པ་དང་། གྲུབ་མཐའི་གོང་མའི་གདུལ་བྱ་ལ་གཟུགས་སོགས་སྐྱེ་མཆེད་མེད་པར་གསུངས་པའི་བཞེད་པ་དེ་ལ་དགོངས་པ་ཞེས་དགོངས་མོ་དཔེའི་མིང་དེ་ཉིད་དཔེ་ཅན་བཞེད་པ་ལ་མིང་བཏགས་ཏེ་དགོངས་པ་ཞེས་པའི་ཚིག་དེ་བྱུང་བར་འདོད་དོ།།
དྲི་མེད་ལྷག་བསམ་ལགས།
ཨ་ལགས་གཟན་དཀར་ཚང་གིས་དཔེ་སྐྲུན་ཟིན་པའི་དཔེ་ཆག་རྣམས་གཤམ་གསལ་གྱི་གློག་ཡིག་ཁ་བྱང་ཐོག་ལ་འབྲེལ་བ་གནང་ཆོག་རེད་ཞུ།
nfan@flowtraffic.com.cn, paltseg@gmail.com
འོན་ཀྱང་ཁོང་གིས་དཔེ་སྐྲུན་གནང་བ་རྣམས་སྒེར་གྱིས་དངུལ་བཏང་ནས་བླུ་མཁན་བོད་ཀྱི་བླ་མའམ་གྲྭ་པ་ནི་ཉིན་མོའི་སྐར་མའི་རྗེས་སུ་འཇོག །འོན་ཀྱང་ཁོང་གིས་དཔེ་ཆ་དེ་དག་ཉམས་གསོ་དང་དར་སྤེལ་དང་ཡུན་གནས་ཡོང་བའི་ཆེད་དུ་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་དགོན་པ་ཆེ་ཁག་དང་དཔེ་མཛོད་ཁང་རྣམས་ལ་ཚར་རེ་གཏན་འཇོག་གནང་གིན་ཡོད་པར་མ་ཟད། ཕྱིའི་རྒྱལ་ཁབ་ཀྱི་དཔེ་མཛོད་ཁང་རྣམས་ལ་འགྲེམ་སྤེལ་གནང་གི་ཡོད།
དྲི་མེད་ལྷག་བསམ་ལགས།
ཨ་ལགས་གཟན་དཀར་ཚང་གིས་དཔེ་སྐྲུན་ཟིན་པའི་དཔེ་ཆག་རྣམས་གཤམ་གསལ་གྱི་གློག་ཡིག་ཁ་བྱང་ཐོག་ལ་འབྲེལ་བ་གནང་ཆོག་རེད་ཞུ།
nfan@flowtraffic.com.cn paltseg@gmail.com
འོན་ཀྱང་ཁོང་གིས་དཔེ་སྐྲུན་གནང་བ་རྣམས་སྒེར་གྱིས་དངུལ་བཏང་ནས་བླུ་མཁན་བླ་མའམ་གྲྭ་པ་ནི་ཉིན་མོའི་སྐར་མའི་རྗེས་སུ་འཇོག །འོན་ཀྱང་ཁོང་གིས་དཔེ་ཆ་དེ་དག་ཉམས་གསོ་དང་དར་སྤེལ་དང་ཡུན་གནས་ཡོང་བའི་ཆེད་དུ་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་དགོན་པ་ཆེ་ཁག་དང་དཔེ་མཛོད་ཁང་རྣམས་ལ་ཚར་རེ་གཏན་འཇོག་གནང་གིན་ཡོད་པར་མ་ཟད། ཕྱིའི་རྒྱལ་ཁབ་ཀྱི་དཔེ་མཛོད་ཁང་རྣམས་ལ་འགྲེམ་སྤེལ་གནང་གིན་འདུག་ཞུ།
མཁས་དབང་མཆོག་བདག་གི་མ་ཡུམ་སློབ་གྲྭ་རུ་ཕེབས་པར་སྙིང་ནས་དགའ་སྤྲོ་རྒྱས་ཤིང་ཡང་ནས་ཡང་དུ་ཕེབས་པའི་སྨོན་འདུག་ཞུ།
དཔལ་སེང་ལགས་ལ་ཐུགས་རྗེ་ཆེ་ཞུ། དཔེ་ཆ་མི་འགྲིམ་པར་ཁག་མེད། དཔེ་ཁང་ཞིག་གི་ནང་དུ་བཞུགས་སུ་གསོལ་བ་ལས་བདེབར་གཤེགས་པའི་ཐུགས་རྟེན། གསུང་ཚབ། འདོད་དགུ་མ་ལུས་འབྱུང་བའི་རིན་པོ་ཆེའི་རིན་ཐང་ཤེས་མཁན་དཀོན། ཤེས་ཅན་ལ་ནོར་མེད། དབང་མེད། ཀ་སྟབས་ཞན། བླུན་པོ་ལ་ཤེས་བྱ་མེད། སློབ་གཉེར་མེད། དཔེ་ཆ་ཡང་མི་དགོས། གཉིས་ཀ་གྲ་འགྲིགས་པའི་དུས་ཞིག་དཀའ་མོར་གདའ། དེང་དུས་བླ་མ་ཕལ་མོ་ཆེར་ཕྱི་གླིང་རྒན་མོ་མཛེས་མ་རེད་ཐོབ། འཚོ་བ་དཔལ་འབྱོར་ཡག་པོ་རེ་ཆགས་ན། རྒྱལ་པོ་རོལ་བའི་འདུག་སྟངས་བྱས་ཏེ་རང་གི་བླ་མ་ཡིན་ཡང་ཕྱག་མི་འཚལ། ཕ་མ་ཡིན་ཀྱང་ཁྱད་གསོད་བྱེད། མི་རིགས་ཀྱི་ལ་རྒྱ་རྡོག་པས་རྫིས་ནས་འཇོག་རྒྱུ་རང་རེད། འདི་བྱས་དང་འདིས་བྱས་ཀྱི་ངོ་སོ་འདོན་པའི་ཆེད་དུ་ལྷ་ཁང་དང་སྐུ་འདྲའི་མཛད་སྒོ་དང་། ཚེ་ཐར། རྟེན་བཞེངས་། བླ་མ་ག་གེ་མོའི་རྗེས་དྲན་དང་འཁྲུངས་སྐར་ལ་བསྙད་དེ་ལོག་འཚོ་ཐུགས་དམ་བྱས། ངོ་ཚ་རྒྱབ་ཏུ་བོར། གོས་ཆེན་གྱི་བེར་ཞིག་གྱོན།། གསེར་གྱི་ཁྲི་་ལ་འགྱིངས་པ་དང་། འབུལ་བ་རྣམས་དངུལ་ཏུ་སྒྲིལ་བའི་མགོ་བརྩམས། སེམས་ཅན་རྣམས་བཤའ་ཁང་ཏུ་དེད། སྒོར་མོ་རྣམས་སྐུ་འགྱེད་ཀྱི་གཏོང་སྒོ་བྱེད་རྒྱུ་རང་རེད། འཁོར་བའི་གནས་གྱི་མི་དགེ་བཤད་ན་ཚར་རྒྱུ་མེད། དེ་བས་གསུང་འབུམ་རེ་གཉིས་བླུ་ཨེ་ཐུབ་བལྟས་ན་ཡག་ཤོས་རེད། བོད་ཀྱི་ཤེས་རིག་ལ་ཐུགས་སྣང་ཡོད་མཁན་ཀུན་ཀྱིས་གཟིགས་པར་འཚལ།
ཉེ་་ཆར་ཕྱི་གླིང་གྲོགས་པོ་ཞིག་གིས་གསུང་པ་ལྟར་ན། ཨ་ལག་གཟན་དཀར་ཡུ་རོབ་ཏུ་ཕེབས། མཁྱེན་བརྩེ་གཉིས་པའི་མཁའ་་འགྲོ་སྨན་ཁང་ཏུ་ཕེབས་པར་གཟིགས། ཁོང་དགུང་པོ་༨༤་སོན་ཅིང་ལོ་མང་པོར་ཞལ་གྲགས་པ་དང་སྨན་གསོལ་བར་མི་དགྱེས་པས་སྨན་པའི་རྟགས་དཔྱད་བྱས་ཚེ་སྐུ་གཟུགས་ལ་ཚབ་ཆེན་གྱི་སྙུན་གཞི་གཞི་ཞིག་ཡོད་ཅེས་སྨན་ཁང་ནང་དུ་གདན་དྲངས། གཟན་དཀར་རིན་པོ་ཆེར་བཀའ་འདྲི་ཞུས་པས་གཤག་བཅོས་ཞིག་ཡོང་རྒྱུ་ཡིན་པ་འདྲ་སྟེ་སྐུ་སྲོག་ལ་སྐྱོན་མེད་ཐག་ཆོད་ཡིན་ཅེས་བཀའ་བསྩལ། བསོད་རྒྱལ་རིན་པོ་ཆེ་སོགས་ཀྱིས་དེ་ལྟར་ཐག་བཅད་དེ་སྨན་བཅོས་བྱེད་སྐབས་གཟན་དཀར་རིན་པོ་ཆེ་ཕེབས། བཀའ་བསྒོ་ཞིག་གནང་བ་དང་གློ་བུར་ཏུ་མཁའ་འགྲོའི་སྐུ་ཁམས་དྭངས། བཞེས་ལྷག་གསོལ། གསུང་ཡང་འབྱོན་པས་སྨན་པ་རྣམས་ཀྱིས་ནང་ཆོས་དང་སེམས་ཀྱི་ནུས་པ་ཟེར་བ་དེ་ཧ་ལས་པ་ཞིག་རེད་ཅེས་བསྔགས་བརྗོད་བྱས་པ་ཐོས།
ལ་དྭགས་བློ་བཟང་ལགས། མདོ་སྡེ་དགོངས་པ་ངེས་འགྲེལ་ཞུ་བ་དེ་དུས་ཚོད་ཀྱི་སྒོ་ནས་བཏགས་པ་ཞིག་མ་རེད། ཞུ་བ་པོ་བྱངཆུབ་སེམས་དཔའི་མཚན་གྱིས་བཏགས་པ་ཞིག་རེད། ཞུ་མཁན་བྱང་ཆུབ་སེམས་དཔའ་དགོས་པ་ངེས་འགྲེལ་བྱམས་འཇམ་དབྱངས་སོགས་། ཤེས་རབ་ཆེ་བ་དང། སྤོབས་པ་ཆེ་བ། མདོ་སྡེ་ཟབ་མོའི་དགོངས་པ་འགྲེལ་བ་ལ་མཁས་པའི་་ཁྱད་ཆོས་ཡོད་པ་སོགས་ཆེད་ཏུ་བརྗོད་པས་ཏེ། མདོ་རང་ལས། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། རིག་པ་གསུམ་དག་ལྡན་པ་སོགས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཟབ་དགོངས་པ་ངེས་པར་འགྲེལ་བ་སོགས་ཀྱིས་གསལ་བར་གསུངས་སོ། ། དགོངས་པ་ཟེར་བ་བདེ་བར་གཤེགས་པའི་ཐུགས་སམ་དགོངས་པ་ཟབ་མོ་ལ་བཞེད་ཅིང། དེ་སྟོན་པའི་ཚུལ་བསྡུ་ན་ཀུན་རྫོབ་དང་དོན་དམ་གཉིས་སུ་ཕྱེས། ཞིབ་པར་ངེས་དོན་གྱི་མདོ་སྡེའི་དགོངས་པ་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱི་སྒོ་ནས་རྒྱས་པར་བཤད་འདུག དགོངས་པ་ངེས་འགྲེལ་འདི། ཇོ་ནང་ཚངགི་ངེས་དོན་དང་སྙིང་པོའི་མདོ་བཅུའི་ཡ་གྱལ་དང་། རྒྱ་ནག་ལུགས་ལ་སེམས་ཙམ་པའི་མདོ་དྲུག་ཞེས་ཤིན་ཏུ་རྩ་ཆེན་བྱེད་པ་ཞིག་རེད། རྒྱ་ནག་འགྱུར་ཏུ། 解深密經 གསང་བའི་དགོངས་པ་ཟབ་མོ་འགྲེལ་བ་དང་། ལེགས་སྦྱར་སྐད་ཏུ། ཨཱརྱ་སནྡྷི་ནིར་མོ་ཙ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། :Sandhinirmocana Sūtra ཞུ་བ་འདི་རེད། རྒྱ་འགྱུར་ལ་རིགས་མི་འདྲ་བ་བཞི་ཡོད་པ་ལས། ཐང་ཤན་ཙང་གི་འགྱུར་ཏེ་ཡག་ཤོས་སུ་བརྩི་བར་བཤད། ,是唯識宗的六部經典中最重要的一部佛教經典。許多唯識學重要理論都淵源於此,是學習唯識宗的必讀經典。漢譯有四個版本,其中最為完善的本子是唐朝玄奘大師的譯本。གདུལ་བྱ་འཁྲིད་ཚུལ་ལ་གོ་རིམ་ཞིག་ཡོད་དགོས་ཀྱང་དེ་དགོང་མོ་ཁོ་ན་དཔེ་ཅན་བྱེད་མི་དགོས་ཏེ། ཉིན་མཚན་དང་། དུས་ཚོད་ཀྱི་རྣམ་བཞག་དུ་མ་ཡོད་པས་སོ། །
མདོ་སྡེ་དགོངས་པ་ངེས་འགྲེལ་དང་། 解深密意經 དེའི་དགོངས་པ་སྟོན་པ། སློབ་དཔོན་དབྱིག་གཉེན་གྱི།心意識相品སེམས་ཙམ་སྟོན་པའི་གཞུང་འདི་གཉིས་བསྡུར་ཏེ་གཟིགས་དང་། དུས་སྟོན་པ་ཡིན་ནམ། ཐུགས་ཀྱི་བཞེད་དགོངས་སྟོན་པ་ཡིན་གསལ་བོར་ཞེས་ཐུབ།
སྐྱེས་མཆོག་དམ་པ་གཟན་དཀར་པའི། །མཛད་པ་ཐམས་ཅད་ངོ་མཚར་ཆེ། །སྐུ་ཚེ་བརྟན་པར་གསོལ་བ་འདེབས། །ཐུགས་བཞེད་མཐའ་དག་འགྲུབ་གྱུར་ཅིག །
ཨ་ལག་གཟན་གར་རིན་པོ་ཆེ་མཁྱེན་
ལ་དྭགས་བློ་བཟང་ནི་སྤྱིར་རིགས་པའི་རྗེས་སུ་འབྲངས་བ། རིག་གཞུང་ཁོ་ན་ལས་རྙེད་བཀུར་སོགས་ཀྱི་རྗེས་སུ་མི་འབྲངས་མཁན་ཞིག་ཡོད་པར་གྲགས་པ་བསྔགས་པའི་ཡུལ་ཡིན་པར་མ་ཟད། རྒན་མགོན་པོ་དང་བགྲོ་གླེང་བྱས་པའི་སྐོར་ལ་བལྟས་ན་བརྡ་དག་ལ་ཡང་སྤྱང་བ་མི་དམན་ཙམ་ཡོད་པར་མཐོང་ཡང་། ༧སྐྱབས་རྗེ་གཟན་དཀར་པར་ཟུར་ཟ་དང་འབྲེལ།དགོངས་པ་ངེས་འགྲེལ་ཏེ་ལོག་པར་བཀྲལ་འདུག
དེ་རིང་བོད་ཡིག་གི་མདོ་དགོངས་རྩ་བ་དང ། རྒྱ་ཡིག་གི་དགོངས་པ་ངེས་འགྲེལ་གྱི་བཤད་པ་ཤན་ཙང་སོགས་རྒྱ་ནག་གི་མཁས་པ་མང་པོས་བཀྲལ་བ་ལ་བལྟས་པ་ཡིན་ཏེ། མདོ་ཡི་མཚན་དོན་བྱང་ཆུབ་སེམས་དཔའི་མཚན་དང་། ཐུགས་ཀྱི་བཞེད་དགོངས་སུ་འགྲེལ་བ་ལས་དུས་ཚོད་སྟོན་པའི་སྐོར་ཡེ་མཐོང་མ་སོང་། དྲ་གྲོགས་རྣམས་ལ་ཞུ་རྒྱུ། བོད་ཡིག་ལ་མདོ་འདི་ཉིད་ཀྱི་འགྲེལ་བ་ཡོད་མེད་རྒྱུས་ཡོད་མཁན་བཞུགས་ཚེ་གསུངས་པར་ཞུ། །
ཡ་ཡ། ལ་དྭགས་འཇམ་དཔལ་གྱིས་དག་ཡིག་མི་ཤེས་པ་གསལ་བོ་རེད། ད་དུང་བོད་རྒྱ་ཚིག་མཛོད་ཆེན་མོ་ལ་ཡང་དགག་བཞག་བྱེད་ཁུལ་བྱེད་པའི་ཡ་མཚན་པའི་རྩོམ་ཉོག་འདི་ཚོ་ང་ཚོའི་མིག་ལམ་དུ་མ་སྟོན་རོགས། འདི་རྩོམ་པ་པོ་ངོ་མ་ཚ་རུང་ང་ཚོ་ཀློག་པ་པོ་ངོ་ཚ་ཡི་འདུག མྱི་འདིས་མདོ་དགོངས་པ་ངེས་འགྲེལ་གྱི་དགོངས་པ་ཡང་དུས་ཀྱི་དགོང་ག་རེད། ཅེས་བྲིས་འདུག་པ་འདི་ལ་ལྟོས་དང་། དུས་ཀྱི་དགོང་ལ་ཡང་འཇུག་ས་ཡོད་པ་འདི་འདྲའི་རིགས་ང་ཚོ་ཤེས་ལྡན་ཚོའི་མིག་ལམ་དུ་ནམ་ཡང་མ་སྟོན་དང་། ལ་དྭགས་འཇམ་དཔལ་ཟེར་བའི་མིང་ཤས་མི་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ས་རེད།
འདིར་ང་གཉིས་ཀྱི་ལྟ་ཚུལ་མ་མཐུན་པ་ཡིན་ན་ཡང་། ལ་དྭགས་བ་བློ་བཟང་འཇམ་དཔལ་ལགས་ནི། བོད་ཀྱི་དག་ཡིག་སོགས་ལ་མཁས་པ་རྩོད་མེད་རེད་སྙམ་ལགས།
དྲི་མེད་ལྷག་བསམ་ལེགས།
དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པཪ་བཤད་པ། ༤༣༥༨ མཛད་པ་པོ། བྱང་ཆུབ་རྫུ་འཕྲུལ། སྡེ་དགེ་བསྟན་འགྱུར། སྣ་ཚོགས། ཆོ་པ།
དགོངས་པ་ངེས་པར་འགྲེལ་པའི་རྣམ་པར་བཤད་པ། ༣༩༨༡ མཛད་པ་པོ། ཐོགས་མེད། སྡེ་དགེ་བསྟན་འགྱུར། མདོ་འགྲེལ། ངེ་པ།
དགོངས་པ་ངེས་པར་འགྲེལ་པ། ཞེས་པ་ལེགས་སྦྱར་རམ་རྒྱ་གར་སྐད་དུ། སནདྷི་ནིརྨོ་ཙ་ན། sandhinirmocana དེའི་ནང་གི་ སནདྷི་ ཞེས་པ་མཚན་མོ་དང་ཉིན་མོའི་མཚམས་ཏེ། དགོངས་མོ་ལ་འཇུག་པ་ཡིན་འདུག ཁྱེད་ཀྱིས་མདོ་སྡེ་དགོངས་འགྲེལ་ལ་ཐུགས་སྣང་མཛད་པར་ལེགས་གསོལ་ཞུ། གོང་གསལ་དཔེ་ཐོ་རྣམས་རི་པིན་གྱི་མཁས་པ་སོགས་ཀྱིས་བསྒྲིགས་པའི་སྡེ་དགེ་བསྟན་འགྱུར་དཀར་ཆག་ན་བླངས་པ་ལགས། ལོ་ངོ་ཞེ་ལྔ་ཙམ་སྔོན་དུ་ལེགས་སྦྱར་སློབ་སྦྱོང་འབྲེལ་དཔེ་མཛོད་དུ་སྡེ་དགེ་དང་། པེ་ཅིང་བསྟན་འགྱུར་དཔེ་ཆ་རྣམས་ཐོ་རྒྱབ་དུས་མཇལ་ཡོད་ངེས། ད་དོན་དག་ནི་ཚིག་གཅིག་མི་དྲན། བོད་ཀྱི་མཁས་པས་མཛད་པའི་བཀའ་འདིའི་འགྲེལ་པ་དམིགས་བསལ་ཡོད་མེད་མི་ཤེས་ཀྱང་། རྗེ་ཙོང་ཁ་པས་དྲང་ངེས་ལེགས་བཤད་སྙིང་པོར་གཞུང་འདི་ལ་ལུང་འདྲེན་མཛད་པ་དྲན།
སྐྱབས་བཅོལ་བ་ལེགས།
ཁྱེད་ཀྱིས་གསུངས་པ་བདེན། བོད་ཚིག་ཁུངས་དག་ཅིག་མི་ཤེས། ལོ་རྒས་པ་ན་ཤེས་པ་དེ་རྣམས་ཀྱང་བརྗེད། འོན་ཀྱང་ལོ་རྒས་ན་ཡང་བོད་ཡིག་ལེགས་སྦྱར་གཞུང་ཚིག་དག་ཞབས་ཏོག་ཞུ་ཐུབ་པ་ནི་བདག་རང་སྐལ་བ་བཟང་པོ་ཅན་ཞིག་ཡིན་སྙམ། ཁྱེད་ང་ལས་ལོ་ངོ་བཅུ་ཕྲག་གཞོན་པ་ཡིན་ངེས། བདག་གི་ལོ་ཚོད་ལ་སླེབས་དུ་བདག་བཞིན་བོད་ཚིག་དག་པོར་བྱེད་པའི་ཞབས་འདེགས་ཞུ་ཐུབ་པར་ཡིད་སྨོན་བྱེད། བདག་གི་ཁུར་ནི་བོད་གཞུང་རིག་གནས་ཀྱི་དག་ཆ་རྣམས་སྲུང་དགོས་པ་ཡིན། ཁྱེད་ཀྱིས་བདག་གིས་བྲིས་པའི་ཡི་གེ་ལ་ང་ཚ་བ་འདུག་ཟེར་བ་ནི། ངོ་གནས་ཁྱེད་ལ་ངོ་ཚ་ཡོད་ན་། བཀའ་འགྱུར་དང་། བསྟན་འགྱུར། བོད་ཀྱིམཁས་གྲུབ་རྣམས་ཀྱི་གསུང་འབུམ་དང་། བདག་ཅག་རྣམས་ལ་ལྟ་བདེ་བར་བསྐྲུན་པ་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་སོགས་ན་ཐུགས་ཀྱི་དགོངས་དང་། དུས་ཀྱི་དགོངས་གཉིས་ཀ་ལ་ས་ཡང་འཇུག་ཡོད་པ་དེ་དག་མཐོང་མེད་པ་དང་། ཡང་ན་དེ་དག་ལ་ལྟོས་མེད་བྱེད་པ་ལ་གངས་ཅན་པའི་ཡི་གེ་བྱེད་པ་པོ་སུ་ཞིག་ཡིན་ན་ཡང་ངོ་ཚ་དང་། ཁྲེལ་དགོས་སོ།།
དྲི་མེད་ལྷག་བསམ་ལེགས།
ཁྱེད་ཀྱི་ཆན་བཏབ་པ་ན།
དེ་བཞིན་མངོན་སུམ་གྱི་གྲུབ་པའང། དགོང་དང་དགོངས་གཉིས། བོད་མདོ་དབུས་ཡོངས་ཀྱི་དཔེ་རྙིང་དང་ ་་་ཤིངཔར་ཕལ་མོ་ཆེའི་སྲོལ་ཏུ་གྲགས་ཤིང་གྲུབ་པས། ཉིད་ཀྱི་བཞེད་པ་དང་མཐུན་པས་སོ། །ཞེས་པའི་ཉིད་དེ་སུ་ལ་དམིགས་ཏེ། གསུངས་སམ། བྱང་སེམས་སྤྱོད་ཡུལ་བསྟན་པ་བདེན་པ་པོའི་ལེའུ་ན་ལྡེམ་པོ་ངག་དགོངས་ཏེ་བསྟན་པ། སྤྱིར་བཏང་ལྡེམ་དགོངས་བཞི་ཞེས་པའི་ལྡེམ་པོའི་དོད་ཅི་ནམ། ངག་སྔགས་ཀྱི་གཞུང་དཔེ་འགའ་ན་ཡང་། ཕྱེད་གསལ་ལ་ཕྱེད་མི་གསལ་བ་བྱས་ཏེ་གསུངས་པའི་ཚིག་བརྗོད་དེ་དག་ལ། དགོངས་པའི་སྐད། sandhibhāṣā twilight language ཞེས་ཕྱི་དྲོའི་སྐད་ཅེས་སོ།།
ལ་དགས་བློ་འཇམ་ལགས།
ཁྱེད་ནི་བོད་ཀྱི་བརྡ་དག་གི་སྐོར་ལ་ཞུས་དག་བྱེད་མཁན་ཞིག་ཡིན་པར་གསུངས་ཡོད།
དེ་རིང་ཁྱེད་ཀྱིས་རྒྱུན་སྤྱོད་རླུང་ལྟར་གྲགས་པའི་་་་མཆན་་་་་ཞེས་པར་་་་་ཆན་ཅེས་བྲིས་འདུག་པར་དགོངས་པ་དགོངས་གཞི་ཇི་ལྟར་ཡོད་དམ།
ཐུགས་ཀྱི་དགོངས་པ་དང་་་དུས་ཀྱི་དགོང་དྲོ་གཉིས་དག་ཆ་གཅིག་ཏུ་རྡོ་ཆག་བཙན་གྱིས་བསྒྲིགས་ཚུལ་ཞིག་གསུངས་ཡོང་གི་འདུག
དེ་ལ་མོས་མཐུན་རྩ་བ་ནས་མེད།
ལྡེམ་པོའམ་ལྡེམ་དགོངས་ཞེས་པ་ནི་ཚིག་གམ་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་པའམ་མི་སེམས་པར་དོན་གཞན་དྲང་དོན་གྱི་ཚུལ་དུ་གསུང་པ་དག་ལ་བརྗོད་སྲོལ་ཡོད།
དཔེར་ན་དྲང་དོན་གྱི་བཀའ་རྣམས་ལྟ་བུའོ།
ཕ་དང་མ་ནི་གསད་བྱ་ཡིན།
གཡེམ་ཚུལ་མ་སྲིང་བུ་མོ་སྦྱོར།
ཤང་གཅི་ཟས་སུ་བཟའ་བ་རྣམས།
སྤྱོད་པའི་རྒྱན་དུ་བཤད་ཅེས་པའི་གཞུང་ལྟ་བུའོ།
ཞེས་པ་སོགས་ལྟ་བུའོ།་
ལ་སྟོད་བུ་ལེགས།
མཆན་ཞེས་པར་ཆན་ཞེས་བྲིས་པའི་དགོས་པ་ནི། དགོངས་མོ་ལ་དགོང་ཞེས་འབྲི་བ་ཡོད་ན། མཆན་ལ་ཆན་ཞེས་བྲིས་པ་ལ་སྐྱོན་ཅི་འདུག་གམ། དོན་དངོས་ནི། ཁ་ནས་མ་འཐོན་པའི་དབང་གིས་བྲིས་ནོར་བྱུང་བ་བདག་རང་གི་སྐྱོན་དུ་ངོས་འཛིན་ནོ། །
ཡང་འཇུག་ཁ་ནས་མ་འཐོན་པའི་དབང་གིས་དགོངས་ལ་དགོང་ཞེ་འབྲི་བ་ཡོད་ན། གོང་གསལ་མཆན་དེ་སླར་ཡང་ཁྱེད་ཀྱི་རྟོག་དཔྱོད་ཕྱིར་དུ་དགོད་པར་བྱ་་སྟེ། བཀའ་འགྱུར་དང་། བསྟན་འགྱུར། བོད་ཀྱིམཁས་གྲུབ་རྣམས་ཀྱི་གསུང་འབུམ་དང་། བདག་ཅག་རྣམས་ལ་ལྟ་བདེ་བར་བསྐྲུན་པ་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་སོགས་ན་ཐུགས་ཀྱི་དགོངས་དང་། དུས་ཀྱི་དགོངས་གཉིས་ཀ་ལ་ས་ཡང་འཇུག་ཡོད་པ་དེ་དག་མཐོང་མེད་པ་དང་། ཡང་ན་དེ་དག་ལ་ལྟོས་མེད་བྱེད་པ་ལ་གངས་ཅན་པའི་ཡི་གེ་བྱེད་པ་པོ་སུ་ཞིག་ཡིན་ན་ཡང་ངོ་ཚ་དང་། ཁྲེལ་དགོས་སོ།། གོང་གསལ་གཞུང་དཔེ་རྣམས་བཀླགས་ཏེ། དུས་ཀྱི་དགོངས་ལ་ས་འདུག་གམ་མི་འདུག་ཅེས་ཁྱེད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་ན།
ཐུགས་ཀྱི་དགོངས་པ་དང་་་དུས་ཀྱི་དགོང་དྲོ་གཉིས་དག་ཆ་གཅིག་ཏུ་རྡོ་ཆག་བཙན་གྱིས་བསྒྲིགས་ཚུལ་ཞིག་གསུངས་ཡོང་གི་འདུག
ཅེས་གསུངས་པའི་བདེན་མཐའ་གསལ་བར་འགྱུར་སྙམ། གོང་གསལ་གཞུང་ན་གསལ་བ་བཞིན་བདག་གིས་སྨྲས། དེ་དག་ན་གསལ་བ་དེ་མ་འགྲིགས་ན། དེ་དག་ལས་ལོགས་སུ་ང་ལ་སྨྲ་བ་ཅང་མ་མཆིས་སོ།།
སྤྱིར་བཏང་ལྡེམ་དགོངས་བཞི་ཞེས་པའི་ལྡེམ་པོའི་དོན་་ཅི་ནམ། ཞེས་ལྡེམ་པོའི་དོན་དག་འདྲི་བ་ཡོད་ཀྱི། ལྡེམ་པོའི་ངག་ལ་འདྲི་བ་མེད། དེས་ན་སླར་ཡང་ཁྱེད་ལ་ལྡེམ་པ་དང་། ལྡེམ་པོ་དང། ལྡེའུ་ཞེས་པ་རྣམས་ལ་གོ་བ་གཅིག་པ་ཡོད་དམ་མེད་ཅེས་དྲི་བ་ལགས་སོ།།
ལ་སྟོད་བུ་ལེགས།
མཆན་ཞེས་པར་ཆན་ཞེས་བྲིས་པའི་དགོས་པ་ནི། དགོངས་མོ་ལ་དགོང་ཞེས་འབྲི་བ་ཡོད་ན། མཆན་ལ་ཆན་ཞེས་བྲིས་པ་ལ་སྐྱོན་ཅི་འདུག་གམ། དོན་དངོས་ནི། ཁ་ནས་མ་འཐོན་པའི་དབང་གིས་བྲིས་ནོར་བྱུང་བ་བདག་རང་གི་སྐྱོན་དུ་ངོས་འཛིན་ནོ། །
ཡང་འཇུག་ཁ་ནས་མ་འཐོན་པའི་དབང་གིས་དགོངས་ལ་དགོང་ཞེ་འབྲི་བ་ཡོད་ན། གོང་གསལ་མཆན་དེ་སླར་ཡང་ཁྱེད་ཀྱི་རྟོག་དཔྱོད་ཕྱིར་དུ་དགོད་པར་བྱ་་སྟེ། བཀའ་འགྱུར་དང་། བསྟན་འགྱུར། བོད་ཀྱིམཁས་གྲུབ་རྣམས་ཀྱི་གསུང་འབུམ་དང་། བདག་ཅག་རྣམས་ལ་ལྟ་བདེ་བར་བསྐྲུན་པ་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་སོགས་ན་ཐུགས་ཀྱི་དགོངས་དང་། དུས་ཀྱི་དགོངས་གཉིས་ཀ་ལ་ས་ཡང་འཇུག་ཡོད་པ་དེ་དག་མཐོང་མེད་པ་དང་། ཡང་ན་དེ་དག་ལ་ལྟོས་མེད་བྱེད་པ་ལ་གངས་ཅན་པའི་ཡི་གེ་བྱེད་པ་པོ་སུ་ཞིག་ཡིན་ན་ཡང་ངོ་ཚ་དང་། ཁྲེལ་དགོས་སོ།། གོང་གསལ་གཞུང་དཔེ་རྣམས་བཀླགས་ཏེ། དུས་ཀྱི་དགོངས་ལ་ས་འདུག་གམ་མི་འདུག་ཅེས་ཁྱེད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་ན།
ཐུགས་ཀྱི་དགོངས་པ་དང་་་དུས་ཀྱི་དགོང་དྲོ་གཉིས་དག་ཆ་གཅིག་ཏུ་རྡོ་ཆག་བཙན་གྱིས་བསྒྲིགས་ཚུལ་ཞིག་གསུངས་ཡོང་གི་འདུག
ཅེས་གསུངས་པའི་བདེན་མཐའ་གསལ་བར་འགྱུར་སྙམ། གོང་གསལ་གཞུང་ན་གསལ་བ་བཞིན་བདག་གིས་སྨྲས། དེ་དག་ན་གསལ་བ་དེ་མ་འགྲིགས་ན། དེ་དག་ལས་ལོགས་སུ་ང་ལ་སྨྲ་བ་ཅང་མ་མཆིས་སོ།།
སྤྱིར་བཏང་ལྡེམ་དགོངས་བཞི་ཞེས་པའི་ལྡེམ་པོའི་དོན་་ཅི་ནམ། ཞེས་ལྡེམ་པོའི་དོན་དག་འདྲི་བ་ཡོད་ཀྱི། ལྡེམ་པོའི་ངག་ལ་འདྲི་བ་མེད། དེས་ན་སླར་ཡང་ཁྱེད་ལ་ལྡེམ་པ་དང་། ལྡེམ་པོ་དང། ལྡེའུ་ཞེས་པ་རྣམས་ལ་གོ་བ་གཅིག་པ་ཡོད་དམ་མེད་ཅེས་དྲི་བ་ལགས་སོ།།
ཤང་གཅི། བཤང་གཅི། གཤང་གཅི།
བློ་འཇམ་ལགས།
ཁྱེད་ཀྱི་(ལགས་)ལ་”ལེགས་”དང་། ཟ་མ་ཏོག་དང་ངག་སྒྲོན་གྱི་”དགོངས་”མོའི་(དགོང་)ཇ་འདི་ཅུང་ཟད་རྙིང་དྲགས་པའི་སྐྱོན་མི་འདུག་གམ། ཧ་ཧ། ང་རང་གསར་གཏོད་ལ་དགའ་དྲགས་པའི་སྐྱོན་སྲིད་ཀྱང་་་ དགོས་པ་མེད་པ་མིན་ལགས།
ཀརྡོ་རབ་འབྱམས་ལེགས།
བོད་ནུབ་ཕྱོགས་པས་བོད་སྤྱིའི་སྐད་ཀྱི་་ཨེ་ཡིག་ཨ་རུ་སྒྱུར་བ་དང་། ཨ་ཡིག་ཨེ་རུ་མ་བསྒྱུར་བར་ལེགས་ལ་ལགས་ཞེས་མ་བསྒྱུར་པར་བོད་སྤྱི་སྐད་དང་མཐུན་པར་ལེགས་ཞེས་པའི་སྒྲ་དེ་ཉིད་བཀའ་བསྟན་སོགས་སུ་ཡོད་པ་བཞིན་ལགས། གལ་ཏེ་གསར་གཏོད་ཀྱི་སྐད་དུ། བོད་སྤྱི་སྐད་དུ་ཡོད་པ་བཞིན་དུ་ཤེས་བྱ་རྒྱ་ཆེན་པོ་ཞིག་ཡོད་ན། ཁྱེད་ཀྱི་ཞེ་འདོད་འགྲུབ་སྲིད། དེ་མིན་བོད་སྤྱི་སྐད་དང་མཐུན་པར་རང་རེ་འགྲོ་དགོས་པར་མཐོང་ངོ་།།
གྲོགས་ཟླ་མེད་ནས་ངོས་ཀྱི་ཡིག་ནོར་ཤོར་བར་དགོངས་སེལ་ཞུ།
བཤང་གཅི་འབྲི་རྒྱུར་གཤང་གཅི་ཞེས་བྲིས་འདུག
དེ་བཅོས་པར་ཐུགས་རྗེ་ཆེ།
ལ་དགས་བློ་འཇམ་ལགས།
(བཀའ་འགྱུར་དང་། བསྟན་འགྱུར། བོད་ཀྱིམཁས་གྲུབ་རྣམས་ཀྱི་གསུང་འབུམ་དང་། བདག་ཅག་རྣམས་ལ་ལྟ་བདེ་བར་བསྐྲུན་པ་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་སོགས་ན་ཐུགས་ཀྱི་དགོངས་དང་། དུས་ཀྱི་དགོངས་གཉིས་ཀ་ལ་ས་ཡང་འཇུག་ཡོད་པ་དེ་དག་མཐོང་མེད་པ་དང་། )
ལུང་གང་མང་མང་བྱེད་དེ་འདྲེན་པའི་ཀླན་ཀ་བྱེད་ཚེ་དུས་ཀྱི་དགོང་ལ་ཡང་འཇུག་ས་ཡོད་མེད་ཞིབ་འཇུག་བྱེད་ཆོག
ཡོངས་སུ་རླུང་ལྟར་གྲགས་པ་ཆེ་བའི་རྒྱ་བོད་ཚིག་མཛོད་དང་མཁས་དབང་དུང་དཀར་གྱི་ཚིག་མཛོད་ལས་སོགས་དེ་བཞིན་བཀའ་དང་བཀའ་བསྟན་སོགས་ཇི་སྙེད་ཅིག་འདྲེན་རྒྱུ་འདུག་པས།
དེ་ལྟར་བྱེད་ཚེ་བཀའ་འགྱུར་ལ་སླར་ཡང་ཞུས་དག་ཅིག་བྱེད་དགོས་འབྱུང་སྲིད།
དེ་ལྟར་བྱེད་ན་སྔར་གྱིས་མཁས་པ་ག་གེ་མོས་ཞུས་དག་བྱས་པ་དང་གཅིག་མཚུངས་འབྱུང་སྲིད།
དེ་བཞིན་འདུལ་གཞུང་སོགས་སུའང་གཟིགས་རོགས།
དགོང་ཟས་གསོལ་མི་ཆོག་པའི་སྐོར་ཤོད་དུས་ཡང་འཇུག་ས་ཡོད་མེད་གཟིགས་རོགས།
ཁྱེད་ཀྱིས་ང་ལ་བཤད་པ་ལྟར་གལ་ཏེ་དེ་དག་ལ་ལྟོས་མེད་བྱེད་ཚེ་་་་ཁྲེལ་གཞུང་ངོ་ཚ་མེད་པ་ཞིག་ཏུ་མི་འགྱུར་རམ།
དེ་ངས་ཁྱེད་ལ་ཁྱབ་འགྲིག་གིས་ལན་བཏབ་པ་ཡིན།
ལྡེམ་དགོངས་བཞི་ཡི་སྐོར་ངས་རྒྱས་བཤད་བྱེད་མི་དགོས་པར་དུང་དཀར་གྱི་ཚིག་མཛོད་སོགས་སུ་གཟིགས་ན་ལས་སླ་བར་མཐོང་ངོ།
གསར་བཏོད་དགོས་པར་མ་མཐོང་ངོ།
ལ་སྟོད་བུ་ལེགས།
ཁྱེད་ཀྱི་དགོངས་འཆར་ལེགས། བདག་ལ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། འདུལ་བའི་བསླབ་བྱའི་དེབ་ཅིག་འདུག་པ་དེ་ན་ད་བར་དུ་དགོངས་ཞེས་པའི་ཚིག་ད་བར་དུ་མ་རྙེད། བུ་སྟོན་ཆོས་འབྱུང་དེབ་ཤོག་གྲངས་༡༩༣་ན་དགོངས་ཀ་ཞེས་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་ལམ་རིམ་བསྟན་བཅོས་ན་དགོངས་མོ་ཞེས་གསལ། ཁོང་གི་སློབ་མ་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལ་སྐད་ཡིག་འབུལ་མཁན་གཞན་པ་ཞིག་གི་ཤན་ཞུགས་ཏེ། དགོངས་ལ་དགོང་ཞེས་བྲིས་སོ།
ཁོ་བོས་༡༩༩༣་བོད་རྗེ་མི་མངས་ལ་སྤྲིངས་ཡིག དཧ་ས་ལྗང་གཞོན་ཤོག་གྲངས་༢༦
བོད་རྒྱ་ཚིག་མཛོད་ཆེན་མོའི་མཛད་པོ། རྒྱ་མི་མེས་པོ་དམ་པ་ཀྲང་དབྱི་སུན་གྱིས་མི་ལོ་ལྔ་བཅུའི་རིང་ལ་དཀའ་ངལ་ཁྱད་དུ་་བསད་དེ། བོད་རྒྱ་ཚིག་མཛོད་ཆེན་མོ་གྲུབ་པ་ལ་རྗེས་སུ་ཡི་རང་དང་། བཀའ་དྲིན་ཆེ་ཞེས་ཞུ་འོས་ཀྱང་། མཐའ་གཅིག་ཏུ་ཡིད་བརྟན་བཅོལ་མི་དགོས་པ་ཡང་མཁྱེན་པར་འཚལ་ལོ། །ཞེས་བྲིས་སོ། དེ་བཞིན་དུ་དུང་དཀར་རིན་པོ་ཆེའི་ཚིག་མཛོད་ཆེན་མོ་དེ་འགྲན་ཟླ་མ་མཆིས་པ་ཡིན་ཀྱང་། ཚིག་གི་དག་ཆ་ཐམས་ཅད་ཚད་མར་གཟུང་ག་ལ་ཐུབ། དེ་ཉིད་ན་དགོང་ཀའི་གྲིབ་སོ་ཞེས་དང་། དགོངས་འགྲེལ་ཞེས་གསལ། དང་པོ་དེ་ལ་ས་ཡང་འཇུག་མེད་པ་ཡིན་ན། ཀ་མིང་མཐའ་ལ་བྱུང་བ་བརྡ་སྤྲོད་ཀྱི་གཞུང་དང་འགལ། དགོངས་པ་ཞེས་པ་ལེགས་སྦྱར་ཚིག། སནདཧི་sandhiཞེས་པ་སྒྲ་གཞུང་དུ། མཚམས་སྦྱོར་དང་། སྐྱེ་བ་སྔ་ཕྱི་མཚམས་སྦྱོར་བ་ལ་ཉིང་མཚམས་སྦྱོར་བ་ཞེས་དང་། མདོ་སྡེའི་དགོངས་འགྲེལ་ལ་ལེགས་སྦྱར་སྐད་དུ་སནདཧི་ནིརྨོ་ཙ་ན་Sandhinirmocanaཉིན་མཚན་མཚམས་སྦྱོར་བའི་དུས་དེ་ལ་དགོངས་མོ་སྔོན་དུ་བྲིས་པ་བཞིན་ཡིན་ཀྱང་དོན་མ་རྟོགས་པའི་དབང་གིས། ཁ་ཅིག་གིས་དགོངས་པ་ངེས་འགྲེལ་ཏེ་ལོག་པར་བཀྲལ་འདུག ཅེས་བྲིས་པར་མཐོང་། གང་ལྟར། སནདཧི་ཞེས་པ་དགོངས་པ་ཞེས་བསྒྱུར་མེད་པའི་སྔོན་དུ། དགོངས་པ་ཞེས་པ་བཞེད་པ་བཀོལ་འདུག་གམ་མི་འདུག་ཅེས་བརྟག་དཔྱད་དགོས་པ་ལགས། དཔེར་ན། བོད་ཀྱི་ལོ་རྒྱུས་སྨྲ་བ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་རྒྱལ་པོ་སྲོང་བཙན་གྱི་སྐབས་སུ་བླ་མ་ཞེས་པའི་ཚིག་མེད་པར་འདོད་དོ། །བདག་གིས་་ལྡེམ་གྱི་དོན་དག་འདྲི་ཡི། ལྡེམ་པོར་དགོངས་པ་བཞི་སྔ་མོ་ཞིག་ནས་ཚར་མང་དུ་བལྟས་ཀྱང་། བཤད་དགོས་ན། ཡང་སྐྱར་དཔེ་ཆ་ལ་དགོས་སོ།།
གོང་དུ་མཁས་དབང་རྣམས་ཀྱིས་དགོངས་ལྡེམ་དགོངས་ཀྱི་སྐོར་ཞིག་གསུངས་པ་མཐོང་ཞིང་། ཁྱད་པར་དུ་དུས་ཀྱི་ཡང་མཐའ་འདིར་བོད་གངས་ཅན་གྱི་རིག་གནས་སྤྱི་ལ་ཤ་ཞེན་ཆེ་ཞིང་། ལེགས་སྦྱར་དང་བོད་ཀྱི་བརྡ་གསར་རྙིང་སྐོར་ལ་ཤིན་ཏུ་མཁས་པ་རྒན་འཇམ་དཔལ་ལགས་ནས་དེའི་སྐོར་དགོངས་ལྡེམ་དགོངས་ཀྱི་སྐོར་གསུངས་བཞིན་པར། ངས་འདི་ནས་རྨོངས་འཆར་ཞིག་ཞུ་འདོད་བྱུང་། འོན་ཀྱང་དག་ཆའི་སྐོར་ལ་མིན།
༡ འདིའི་སྐབས་ཀྱི་ལྡེམ་པོའི་དོན་ནི། ཀུན་བཏུས་ལས། ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་གང་ཞེ་ན། མིང་གི་ཚོགས་དང་ཡི་གེ་ཚོགས་རྣམས་ཀྱིས་དོན་གཞན་དུ་བརྗོད་ལ་དོན་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། ཇི་སྐད་དུ། ཕ་དང་མ་ནི་བསད་བྱ་ཞིང་། ཞེས་པ་ལྟ་བུའོ་ཞེས་གསུངས། དེའི་དོན་གོ་བདེ་བར་བཀོད་པ་རྗེ་བླ་མ་ཙོང་ཁ་བ་ཆེན་པོའི་ལེགས་བཤད་གསེར་འཕྲེང་ལས། ལྡེམ་པོའམ་ལྡེའུའི་ངག་ནི་འཁྱོགས་པོ་ཡིན་པས་སོ། ཞེས་གསུངས་འདུག་པས། དེ་བས་ན་སྒྲ་ཇི་བཞིན་དུའམ། དགོས་པ་གང་ཞིག་གི་ཆེད་དུ་ཐད་ཀར་ཁས་ལེན་རྒྱུ་མ་ཡིན་པར་ལྡེམ་པོའམ་འཁྱོག་པོར་བརྗོད་པ་ཞིག་ལ་བཤད་དགོས་སོ། དེ་ཡང་ལེགས་བཤད་གསེར་ཕྲེང་ལས། ཐད་ཀར་མི་སྟོན་པར་འཁྱོགས་པོའི་ངག་གིས་བསྟན་པའི་དགོས་པ་འདིའོ། ཞེས་དགོས་པ་སྟོན་པའི་ཆ་ནས་ལྡེམ་པོར་དགོངས་པ་ཞེས་གསུངས་པའི་ཕྱིར་རོ།
༢ དགོངས་པ་ཅན་གྱི་མདོའི་དོན་ནི། དགོངས་གཞི་གཙོ་བོར་ཡོད་ཀྱང་ཚིག་ཟིན་ལ་སྒྲས་ཟིན་པ་མ་ཡིན་པ་སྟོན་པའི་མདོ་ཞིག་ལ་ཟེར་དགོས། གསེར་ཕྲེང་ལས། ཤྰནྟི་བས་བསྟན་པའི་དོན་བརྗོད་པ་ནི་དགོངས་པ་ཅན་ཡིན་ལ་ཞེས་གསུངས་སོ། དེ་ལ་བཞི་ཡོད་པ་ནི་རྗེ་བཙུན་བྱམས་པ་མགོན་པོས། མཉམ་པ་ཉིད་དང་དོན་གཞན་དང་།། དེ་བཞིན་དུ་ནི་དུས་གཞན་དང་།། གང་ཟག་གི་ནི་བསམ་པ་ལ།། དགོངས་པ་རྣམ་པ་བཞིར་ཤེས་བྱ།། ཞེས་གསུངས་པ་ལྟར། མཉམ་པ་ཉིད་ལ་དགོངས་པ། དོན་གཞན་ལ་དགོངས་པ། དུས་གཞན་ལ་དགོངས་པ། གང་ཟག་གི་བསམ་པ་ལ་དགོངས་པ། བཅས་སོ།།
༣ ལྡེམ་དགོངས་ཀྱི་མདོའི་དོན་ནི། དགོངས་གཞི་གཙོ་བོར་ཡོད་ཀྱང་དགོས་དབང་གིས་སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པར་དགོས་པ་སྟོན་པའི་མདོ། གསེར་ཕྲེང་ལས། ཤྰནྟི་པས་བསྟན་པའི་སྒྲའི་དགོས་པ་བཤད་པ་ནི་ལྡེམ་པོར་དགོངས་པ་དང་ཡང་མཐུན་ནོ། ཞེས་གསུངས་སོ། ལྡེམ་དགོངས་ལ་བཞི་ཡོད་པ་ནི་རྗེ་བཙུན་བྱམས་པ་མགོན་པོས། གཞུག་པ་ལྡེམ་པོར་དགོངས་པ་དང་།། མཚན་ཉིད་ལྡེམ་པོར་དགོངས་པ་གཞན།། གཉེན་པོ་ལྡེམ་པོར་དགོངས་པ་དང་།། བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ།། ཞེས་གསུངས་པ་ལྟར། གཞུག་པ་ལྡེམ་དགོངས། མཚན་ཉིད་ལྡེམ་དགོངས། གཉེན་པོ་ལྡེམ་དགོངས། བསྒྱུར་བ་ལྡེམ་དགོངས་བཅས་སོ།།
༤ དགོངས་ལྡེམ་དགོངས་བརྒྱད་པོ་མདོ་ཚིག་དང་སྦྱར་ནས་རེ་རེ་བཞིན་སུམ་རྟགས་ཀྱི་དཔེར་བརྗོད་ལྟར་འཇོག་དགོས་ནའང་དཀའ་ངལ་ཅུང་ཟད་ཙམ་ཡང་མེད་མོད། འོན་ཀྱང་མཆན་མང་པར་འགྱུར་བས་འདི་ཙམ་བྲིས་སོ།།
༥ དགོངས་ལྡེམ་དགོངས་བརྒྱད་གསུངས་པའི་དགོས་དོན་ནི་རྗེ་བཙུན་བྱམས་པ་མགོན་པོས། སངས་རྒྱས་ཆོས་ལ་བརྙས་པ་དང་།། ལེ་ལོ་ཅུང་ཟད་ཆོག་འཛིན་དང་།། ང་རྒྱལ་འདོད་ཆགས་སྤྱོད་པ་དང་།། འགྱོད་དང་མ་ངེས་ལྡོག་པ་ནི།། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ།། དེ་ཡི་གཉེན་པོར་ཐེག་མཆོག་གསུངས། ཞེས་གསུངས་པ་ལྟར། སངས་རྒྱས་ལ་བརྙས་པ། ཆོས་ལ་བརྙས་པ། ལེ་ལོ། དགེ་བ་སྣ་རེའི་ཆོག་འཛིན། ང་རྒྱལ། འདོད་ཆགས་ལ་སྤྱོད་པ། འགྱོད་པ། མ་ངེས་པ་བཅས་བརྒྱད་ཀྱི་གཉེན་པོར་དགོངས་ལྡེམ་དགོངས་ཅན་བརྒྱད་ཀྱི་མདོ་གསུངས་སོ།།
ཨ་ཁུ་གཞོན་ནུ་ཟླ་མེད་འདི་ངར་བ་ཟིག་རེད་འདུག ཆོས་ཕྱོགས་ནས་ཡིན་ན་རེད་་་་སྲིད་ཕྱོགས་ནས་ཡིན་ན་་་་འཇིག་རྟེན་བུ་མོའི་ཕྱོགས་ནས་ཡིན་་་་ཚང་མ་ཆུ་རྒྱུགས་རྒྱུགས་རེད་འདུག་་་་་གུས་བཀུར་ཡོད་ད།
དམ་ཆོས་འདུལ་བ་བཤད་དུས་འདུ་འཛིན་པ། །
འཇིག་རྟེན་སྲིད་ལུགས་བཤད་དུས་ཆབ་སྲིད་པ། །
སྟུ་ཡི་སྐོར་ཞིག་བཤད་དུས་ཁྱིམ་པ་བ། །
གཞོན་ནི་ཟླ་མེད་ཞབས་ལ་སྐྱབས་སུ་འཆི། །
མཁྱེན་ཡངས་དྲི་མེད་ལྷག་བསམ་ལ་དོག་འདྲི་ཞུ་རྒྱུ། སྐུ་ཉིད་ཀྱིས་༼ལ་དྭགས་བློ་བཟང་ལགས། མདོ་སྡེ་དགོངས་པ་ངེས་འགྲེལ་ཞུ་བ་དེ་དུས་ཚོད་ཀྱི་སྒོ་ནས་བཏགས་པ་ཞིག་མ་རེད། ཞུ་བ་པོ་བྱངཆུབ་སེམས་དཔའི་མཚན་གྱིས་བཏགས་པ་ཞིག་རེད།༽ འདི་ལྟར་གསུངས་འདུག འོན་ཀྱང་མདོ་སྡེ་དགོངས་འགྲེལ་ནི་དོན་དམ་ཡང་དག་འཕགས་སོགས་བྱང་ཆུབ་སེམས་དཔའ་བཅུས་སོ་སོར་སངས་རྒྱས་བཅོམ་ལྡན་འདས་ལ་དོགས་འདྲི་བྱས་པ་ལས། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་རང་གི་སྔར་འཁོར་ལོ་གཉིས་གསུངས་པའི་དགོངས་པ་ངེས་པར་འགྲེལ་བ་ཞིག་ཡིན་པ་མདོ་རང་གི་ལེའུ་བཅུ་རེ་རེ་བཞིན་དུ་ཀློག་ན་གསལ་བ་དེ་ག་རེད་མོད། འོན་ཀྱང་སྐུ་ཉིད་ལ་ཡང་གཏད་སོ་ཡོད་སྲིད་པས། མདོ་སྡེ་དགོངས་འགྲེལ་གྱི་ལེའུ་བཅུའི་ནང་གི་ལེའུ་གང་ཞིང་བྱང་ཆུབ་སེམས་དཔའ་དགོངས་པ་ངེས་པར་འགྲེལ་བ་ཟེར་བ་ཞིག་གི་ཞུས་པ་རེད་ལགས། ཁྱད་པར་དུ་སྐུ་ཉིད་ཀྱིས་གསུངས་པ་ལྟར་མཚན་ཉིད་གསུམ་གྱི་སྒོ་ནས་དྲང་ངེས་གསུངས་པའི་ལེའུ་ནི་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱི་ཞུ་བ་ཡིན་པ་ལས་བྱང་ཆུབ་སེམས་དཔའ་དགོངས་པ་ངེས་འགྲེལ་ཟེར་བ་ཞིག་གིས་ཞུ་བ་མ་རེད། དགོངས་འགྲེལ་རང་ལས། དོན་དམ་ཡང་དག་འཕགས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་པ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། ཞེས་མདོར་བསྟན་ནས། དེ་བཞིན་དུ་རྒྱས་བཤད་དང་། དེ་དག་དཔེ་དང་སྦྱར་ནས་དོན་དམ་ཡང་དག་འཕགས་ཀྱི་མཚན་ནས་འབོད་ཀྱི་འབོད་ཀྱི་གསུངས་འདུག་པ་ལས། བྱང་ཆུབ་སེམས་པ་དགོངས་པ་ངེས་འགྲེལ་ཟེར་བ་ཞིག་གི་མིང་ནས་རྩ་ནས་བོས་མི་འདུག
ཡང་སྐུ་ཉིད་ཀྱིས། ༼དགོངས་པ་ངེས་འགྲེལ་འདི། ཇོ་ནང་ཚངགི་ངེས་དོན་དང་སྙིང་པོའི་མདོ་བཅུའི་ཡ་གྱལ་དང་། རྒྱ་ནག་ལུགས་ལ་སེམས་ཙམ་པའི་མདོ་དྲུག་ཞེས་ཤིན་ཏུ་རྩ་ཆེན་བྱེད་པ་ཞིག་རེད། ༽གསུངས་འདུག་ན། སྙིང་བོའི་མདོ་བཅུ་ཟེར་བ་འདི་མདོ་མི་འདྲ་བ་བཅུ་གྲངས་ཀ་ཡོད་དམ། ཡོད་ན་གང་དག་རེད། ཡང་ན་སྙིང་བོའི་མདོ་བཅུ་ཟེར་ན་རྒྱུད་བླ་མ་ལས། དེ་ལྟར་རྒྱལ་བའི་སྙིང་བོ་ཡི།། རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད།། གསུངས་པ་ལྟར་རྣམ་བཞག་རྣམ་པ་བཅུ་བསྟན་པའི་མདོ་ཡོངས་གྲགས་སུ་སྙིང་བོ་བསྟན་པའི་མདོ་ཟེར་བ་དེ་ལ་སྙིང་བོའི་མདོ་བཅུ་ཟེར་བ་རེད། ཕྱི་མ་འདི་ལ་སྒྲུབ་བྱེད་གསལ་བོ་ཡོད་པ་སྟེ། རྒྱུད་བླ་མ་ནས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་།། གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན།། རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི།། གསུངས་པ་ལྟར་སྙིང་བོ་བཅུ་ཀ་རེ་རེ་ལ་སྙིང་པོའི་མདོ་ན་ཚིག་རྐང་ཡོད་པས་སོ།
རྒྱུད་བླ་མའི་རྣམ་བཞག་རྣམ་པ་བཅུ་བསྟན་པའི་བཤད་བྱ་རྩ་བའི་མདོ་ལ་མདོ་མི་འདྲ་བ་བཅུ་ཡོད་པ་གྲངས་འདྲེན་བྱེད་ན་ངོ་ནས་བློ་བསྐྱེད་ཡིན། གང་ཡིན་ཟེར་ན། གུས་པའི་རྨོངས་འཆར་ལ་སྙིང་པོའི་མདོ་ནས་རྣམ་བཞག་རྣམ་པ་བཅུ་བསྟན་པར་སྙིང་བོའི་མདོ་ཁོ་རང་ན་རེ་རེ་ལ་མདོ་ཚིག་རེ་རེ་ཡོད་ནས་སྙིང་པོའི་མདོ་བཅུ་ཟེར་ནས་ཇོ་ནང་པས་གསུངས་པ་ལོས་ཡིན་སྙམ་ཡོད་མོད། འོན་ཀྱང་བློ་བསྐྱེད་ཡོད་ན་དགའ་བསུ་ཞུ།།
བཀུར་འོས་མ་འདྲིས་པའི་་གྲོགས་པོ་གཞོན་ནུ་ཟླ་མེད་ལགས་ལ་ཞུ་བ། ངེས་དོན་མདོ་བཅུ་དང་། སྙིང་པོའི་མདོ་བཅུ་ཟེར་བ་རྙིང་མ་དང་ཇོ་ནང་གི་བཞེད་སྟངས་ཞིག་ཡིན་པ་འདྲ། པདྨ་བཀའ་་ཐང་ལེའུ༨༤་སྒྲ་བསྒྱུར་གླིང་ཏུ་སྒྲ་བསྒྱུར་པར་མདོ་དེ་དག་གི་མཚན་བྱང་བཞུགས། ཀུན་མཁྱེན་དོལ་པོ་པའི་གསུང་རབ་རྣམས་སུ་ཡང་ཡང་འབྱུང་། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བས་སྡེ་དགེར་ངེས་དོན་མདོ་སྡེ་ཉི་ཤུ་བ་པར་ཏུ་བཀོད་པའི་དཀར་ཆག་ཏུ་ཤིན་ཏུ་གསལ་བོར་བཀོད་ཡོད། མདོ་དེ་དག་གི་མཚན་ཞུ་ན། ༡ ༽ སྙིང་པོའི་མདོ་བཅུ་ནི། ༡་དེ་བཞིན་གཤེགས་པའི་སྙིང་པོའི་མདོ། ༢་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། ༣་ལྷ་མོ་དཔལ་ཕྲེང་སེངྒེའི་སྒྲའི་མདོ། ༤་རྔ་བོ་ཆེ་ཆེན་པོའི་མདོ། ༥་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ། ༦སྟོང་ཉིད་ཆེན་པོའི་མདོ། ༧་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ། ༨་ཡོན་ཏན་དང་ཡེ་ཤེས་བསམ་མི་ཁྱབ་པ་བསྟན་པའི་མདོ། ༩་སྤྲིན་ཆེན་པོ་རྒྱས་པའི་མདོ། ༡༠་མྱང་འདུས་རྒྱས་རྒྱས་འབྲིང་བསྡུས་གསུམ་རྣམས་སོ། ། ངེས་དོན་མདོ་བཅུ་ནི། ༡་ཤེར་ཕྱིན་ལྔ་བརྒྱ་པ། ༢་བྱམས་པས་ཞུས་པ། ༣་རྒྱན་སྟུག་པོ་བཀོད་པའི་མདོ། ༤རབ་ཏུ་ཞི་བ་རྣམ་པར་ངེས་པའི་་ཆོ་འཕྲུལ་གྱི་ཏིང་གེ་འཛིན་གྱི་མདོ། ༥་དཀོན་མཆོག་སྤྲིན་གྱི་མདོ། ༦་གསེར་འོད་ས་བཅུ་པ། ༧་དགོངས་པ་གེས་པར་འགྲེལ་བ། ༨་ལངྐར་གཤེགས་པ། ༩་ཡེ་ཤེས་སྣང་བ་རྒྱན་གྱི་མདོ། ༡༠་སངས་རྒྱས་ཕལ་བོ་ཆེའི་མདོ་རྣམས་སོ། ། ས་སྐྱ་རོང་སྟོན་ཤེས་བྱ་ཀུན་རིག་སོགས་ཀྱིས་མདོ་སྡེ་པད་དཀར་སོགས་ངེས་དོན་མདོ་སྡེ་བཅོ་ལྔ་ཙམ་བགྲངས་ཡོད་སྣ་ང་ཤར་ཏེ་ཡུལ་མཐའ་འཁོབ་འདིར་ཡི་གེ་མི་འབྱོར་བས་ཞུ་ཐབས་དབེན། ༢ ༽ རྒྱུད་བླའི་རྣམ་བཞག་བཅུ་སོགས་མདོ་དེ་དག་ལས་བསྡུས་ཏེ་གསུངས་པ་ཡིན་ཚུལ་གཞུང་གི་དངོས་བསྟན་རེད། རྒྱས་པར་ཤེས་འདོད་ན་ཀུན་མཁྱེན་དོལ་པོ་པ་དང་། ས་བཟང་པཎ་ཆེན། མི་ཕམ་གོང་སྤྲུལ་སོགས་གྱི་རྒྱུད་བླའི་འགྲེལ་ན་ཁ་གསལ་བཞུགས། རྒྱུད་བླ་དར་ཊཱིག་ཏུའང་རྣམ་བཞག་བཅུ་མདོ་དང་སྦྱར་ནས་གསུང་ཡོད་དེ་ཆ་ཚང་དྲངས་ཡོད་མེད་བརྗེད་ཤག ཉིད་ཀྱིས་རྣམ་བཞག་རྣམ་པ་བཅུ་བསྟན་པའི་མདོ་ཡོངས་གྲགས་སུ་སྙིང་བོ་བསྟན་པའི་མདོ་ཟེར་བ་རེད་གསུངས་པ་ཇོ་ནང་ཚང་གི་བཤད་སྲོལ་མ་རེད། མདོ་རེ་ནས་རྣམ་བཞག་རེའམ། རེ་གཉིས་ལས་མ་གསུངས་པའང་ཡོད། རྣམ་བཞག་ལས་རེ་གཉིས་རྒྱས་པ་གཞན་ཚིག་ཙམ་བསྟན་པའང་ཡོད་པས་སོ། ། ༣༽དགོངས་པ་ངེས་འགྲེལ་འདི་ལ་ལེའུ་་དགུ་ཡོད། ལེའུ་རེ་རེ་བྱང་ཆུབ་སེམས་དཔའ་རེས་ཞུས་པའི་དང་པོ་བྱང་ཆུབ་སེམས་དའ་དོན་ཟབ་དགོངས་པ་ངེས་འགྲེལ་ལ་དྲི་བ་དང་དྲིས་ལན་གྱི་ཚུལ་ཏུ་གདམས་པས་ཐོག་མ་གསལ་བར་བྱེད་པསའ་མདོའི་མིང་བྱུང་བ་རེད་འདུག འོན་ཀྱང་གཞན་ཏུ་འགྲེལ་ཚུལ་ཡང་ཡོད་ངེས། མཚན་ཙམ་ཞུ་ན། ༡་དོན་ཟབ་དགོངས་པ་ངེས་འགྲེལ། ༢་ཆོས་འཕགས། ༣་བློ་གྲོས་ཤིན་ཏུ་དག་པ། ༤་རབ་འབྱོར། ༥་བློ་གྲོས་ཡངས་པ། ༦་ཡོན་ཏན་འབྱུང་གནས། ༧་དོན་དམ་ཡང་དག་འཕགས། ༨་བྱམས་པ། ༩་སྤྱན་རས་གཟིགས་དབང་་ཕྱུག་རྣམས་སོ། ། ཟེར་ལྡེར་བསྟན་འགྱུར་ནང་གི་འགྲེལ་བ་ལ་བལྟ་བཞིན་པ་ཡིན་ཏེ་གསལ་བོ་ཞིག་ཞུ་ཐུབ་མ་སོང་། དུས་ཚོད་བྱུང་ན་བགྲོ་གླེང་ཞུ་ཆོག །
སྙིང་པོའི་མདོ་བཅུ་ཟེར་བ་དེ་ངས་གོ་མྱོང་མི་འདུག གཤེགས་སྙིང་བསྟན་པའི་མདོ་བཅུ་ཟེར་བ་ཞིག་འདུག དེ་དག་ནི་དེ་བཞིན་གཤེགས་པའི་བཀའ་ཐ་མའི་བརྗོད་བྱ་གཙོ་བོ་བདེ་བར་གཤེགས་པའི་སྙིང་པོ་སྟོན་པའི་མདོ་བཅུ་ལ་ཟེར་བ་རེད།
གཞོན་ནུ་ཟླ་མེད་ལགས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་་མཚན་རྒྱ་ནག་སྐད་དུ་འདི་ལྟར་ཞུ། དང་པོ་ལ། གསང་བ་ཟབ་མོའི་དོན་རྣམ་པར་འགྲེལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྲིས་འདུག ཤན་ཙང་གི་འགྱུར་རེད། 解甚深義密意菩薩摩訶薩。如理請問菩薩摩訶薩。
法涌菩薩摩訶薩。善清淨慧菩薩摩訶薩。
廣慧菩薩摩訶薩。德本菩薩摩訶薩。勝義生菩薩摩訶薩。
觀自在菩薩摩訶薩。慈氏菩薩摩訶薩。
曼殊室利菩薩摩訶薩等
ཨེ་ཡིག་ཨ་རུ་སྒྱུར་བ་དང་། ཨ་ཡིག་ཨེ་རུ་བསྒྱུར་མ་བསྒྱུར་ལེགས་པ་མ་ཡིན་ལ་ལོག་པ་ཡང་ཡིན་ལ། ལེགས་པ་དེ་ཚོར་ལེགས་པར་ཉར་དགོས་ཀྱི། ལེགས་པ་མ་ཡིན་པ་དེ་མི་ལེགས་པས། མི་ལེགས་པ་དེ་ཉམས་པ་དང་སྙིགས་དོར་བྱུང་ན་མི་ལེགས་སམ། དྲ་གྲོགས་ལ་དྭགས་བ་བློ་བཟང་འཇམ་དཔལ་ལགས། དགོངས་དག་ངའི་ཁ་རུ་ལེགས་འདི་ཐོན་དཀའ་ཙམ་འདུག་པས་དེ་ཙམ་མོ། །
མཁྱེན་ཡངས་དྲི་མེད་ལྷག་བསམ་ལ། ལན་ཁ་གསལ་གཏིང་གསལ་གནང་པ་ཐུགས་རྗེ་ཆེ་ཞུ། བཞེད་ཚུལ་མང་པོ་ཞིག་གོ་བྱུང་།
ལང་ཀར་གཤེགས་པའི་ལེའུ་གསུམ་པ།
ཡང་དག་མ་ཡིན་ཡོངས་རྟོག་ནི།
མཚམས་སྦྱོར་མཚན་ཉིད་ཅེས་བྱ་སྟེ།
དེ་ནི་ཡང་དག་ཡོངས་ཤེས་ན།
མཚམས་སྦྱོར་བ་ཡི་དྲ་བ་འཆད།། ༤༦ །།
དངོས་པོར་ཤེས་པའི་སྒྲ་འཛིན་འཛིན་པས།
ཇི་ལྟར་དར་གྱི་སྲིན་བུ་བཞིན།
བྱིས་པ་མཚམས་སྦྱོར་མི་མཁས་པས།
རང་གི་རྣམ་པར་རྟོག་པས་འཆིང་།། ༤༧ །།
ལེགས་སྦྱར་སྒྲ། སནདཧི་ཞེས་པ་འདིར་མཚམས་སྦྱོར་ཞེས་དང་། མདོ་སྡེ་དགོངས་འགྲེལ་དུ་དགོངས་པ་ཞེས་བསྒྱུར་པ་དོན་ལ་འདྲ་བ་ཡིན་ནམ། མ་ཡིན།
དགོངས་དག མི་མཁས་པ། ཞེས་པར་མི་མཁས་པས། ས་ཡིག་ཐོས་པ་བྱུང་བ་སླར་བཅོས་པ་ལགས།
ལང་ཀར་གཤེགས་པའི་ལེའུ་གསུམ་པ།
ཡང་དག་མ་ཡིན་ཡོངས་རྟོག་ནི།
མཚམས་སྦྱོར་མཚན་ཉིད་ཅེས་བྱ་སྟེ།
དེ་ནི་ཡང་དག་ཡོངས་ཤེས་ན།
མཚམས་སྦྱོར་བ་ཡི་དྲ་བ་འཆད།། ༤༦ །།
དངོས་པོར་ཤེས་པའི་སྒྲ་འཛིན་འཛིན་པས།
ཇི་ལྟར་དར་གྱི་སྲིན་བུ་བཞིན།
བྱིས་པ་མཚམས་སྦྱོར་མི་མཁས་པ།
རང་གི་རྣམ་པར་རྟོག་པས་འཆིང་།། ༤༧ །།
ལེགས་སྦྱར་སྒྲ། སནདཧི་ཞེས་པ་འདིར་མཚམས་སྦྱོར་ཞེས་དང་། མདོ་སྡེ་དགོངས་འགྲེལ་དུ་དགོངས་པ་ཞེས་བསྒྱུར་པ་དོན་ལ་འདྲ་བ་ཡིན་ནམ། མ་ཡིན།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཉིད་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། དགོངས་པ་ངེས་འགྲེལ་གྱི་ཟེར་ལྡེར་ལ་མིག་ཚ་ཚའི་བར་ཏུ་བལྟས་པ་ཡིན། ལེགས་སྦྱར་སྒྲ། སནདཧི་མཚམས་སྤྱོར་བའི་དོན་ལ་འཇུག་པ་ལགས་མོད། སྒྲ་གཅིག་དོན་གཞན་ཏུ་འཇུག་པ་ཡང་ཡོད་པས་རེ་ཞིག་དཔྱད་པར་བྱ། རྒྱུ་མཚན་གཙོ་བོ་རྒྱ་ནག་གི་འགྱུར་ཏུ། 解འགྲེལ་བ།甚深ཤིན་ཏུ་ཟབ་པ། 義དོན། 密意 གསང་བའི་ཐུགས་སོགས་སུ་བསྒྱུར་བ་བོད་ཡིག་གི་ཐུགས་ཀྱི་དགོངས་པ་དང་ཤིན་ཏུ་འབྱོར་བས་སོ། ། ཉིད་ཀྱི་དགོངས་པ་ལྟར་སྐད་ཡིག་ལ་དེའི་སྒྲ་དོན་གཙོ་བོར་གཉེར་རྒྱུ་བྱས་ན་མི་ལེགས་པ་མེད། མ་ཟད་དུས་ཀྱི་དགོང་དང་། ཐུགས་ཀྱིས་དགོངས་མི་ནོར་བའི་ཁྱད་པར་བྱས་ན་དེ་ལས་ལེགས། ཏུན་ཧོང་ཡིག་ཆ་སོགས་སུ་ད་ལྟའི་བརྡ་དག་དང་མི་མཐུན་པ་དུ་མ་ཡོད་པ་དང་། སྐད་གསར་བཅད་ཀྱི་གཏན་འབེབས་བྱེད་དགོས་དོན་ནོར་འཁྲུལ་སེལ་བ་དང་། གཅིག་འགྱུར་ཡོངས་པ་སོགས་ཀྱི་དོན་ཡིན་ན་དགག་བྱ་ལས་ཀྱང་དགོས་པ་གཙོ་བོར་འདོན་དགོས་པ་འདྲ། ཉིད་ཀྱི་ངོ་སྤྲོད་གནང་པའི་མདོ་སྡེ་དགོངས་པ་ངེས་འགྲེལ། བསྟན་འགྱུར་སྣ་ཚོགས་་་ཆོ་པ། དགོངས་པ་ངེས་འགྲེལ་གྱི་རྣམ་པར་བཤད་པ་ལས། དགོངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དགོངས་པ་དང་ལྡེམ་པོར་དགོངས་པ་ཟམ་མོ་དག་གོ། །ཡང་ཚིག་གི་དོན་རྣམས་གཅིག་ཏུ་ན་མ་ལུས་པ་གཅོད་པའི་དོན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་གཅོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཚིག་གི་དོན་སྤྱིར་བསྡུ་ན། དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོ་ངེས་པར་བཀྲོལ་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་གཅོད་པས་ན། དེའི་དགོངས་པ་ཟབ་མོ་ངེས་པར་འགྲེལ་བ་ཡང ཡིན་ལ། མདུད་པ་མ་ལུས་གཅོད་པ་ཡང་ཡིན་ནོ། །ཞེས་སོགས་གསལ་བོ་གསུངས་འདུག དྲང་ངེས་ལྡེམ་དགོངས་གང་ཡིན་ཡང ། ཐུགས་ཀྱི་དགོངས་ཡིན་དགོས་མོད། སྐད་རིགས་རིག་པ་ཡིན་ན་ཚིག་གི་རྩ་ལ་ལེགས་སྦྱར་ལ་གཏུག་ལོས་དགོས། རྒན་ལ་དྭགས་ལགས། ཕྲན་ཉིད་ཀྱི་ལོ་ཚོད་ཏུ་སླེབས་ཚེ་བོད་ཀྱི་རིག་གནས་དང་མི་འབྲལ་བར་སྨོན། ད་ལྟ་ལོ་སུམ་ཅུ་རྩ་གྲངས་ཡིན། སྐད་ཡིག་དང་གོམས་གཤིས་ཀྱི་ཆ་ནས་བོད་པ་གཙང་མ་ཡིན་ཤེས་སྨྲ་བའི་སྙིང་ཁམས་ཡོད་མོད། ཕ་མ་སོགས་རིགས་ཀྱིས་དབང་བྱས་ན་ཕྲན་བོད་རིགས་ཞིག་མིན། ཉིད་ཀྱིས་བོད་ཀྱི་རིག་གཞུང་དར་སྤེལ་འཛིན་སྐྱོང་་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། །
མཆན་༡༢༣་པར་ཡིག་ནོར་མི་ཉུང་བ་ཤོར་འདུག་པས་དགོངས་འགལ་མེད་པར་ཞུ། དྲ་གྲོགས་སྤྱི་དང་གཙུག་ལག་སྨྲ་བ་རྒན་ལ་དྭགས་པས་ཐུགས་ཁྲེལ་མི་གནང་བར་འཚལ།
ནོར་བཅོས། སྐད་རིགས་རིག་པ་ཡིན་ན་འགྱུར་གང་ལས་བྱུང་བའི་རྩ་བའི་ཚིག་ལ་ཁུངས་གཏུག་དགོས་པས། མདོ་དགོངས་པ་ངེས་འགྲེལ་རྩ་བ་ལེགས་སྦྱར་ལ་གཏུག་ནས་བཤད་ལོས་དགོས།
དྲི་མེད་ལྷག་བསམ་ལེགས།
ཁྱེད་ཀྱི་བོད་སྐད་ཀྱི་་མཁྱེན་པ་དང་། ལྷག་པར་རིག་གཞུང་ལ་མཁྱེན་ཆུབ་གྲྭ་སའམ་གདན་ས་ཆེན་པོ་དག་ཏུ་སྦྱངས་པ་ལྟ་བུའི་རླབས་ཆེན་གྱི་བོད་ཀྱི་རིག་གཞུང་ལ་གསན་བསམ་རྒྱ་ཆེར་མཛད་པ་དེ་བོད་རིགས་དག་གིས་རང་གི་སྐད་ཡིག་གི་གཞུང་སྦྱང་བ་ལ་ཁྱེད་མིག་དཔེར་གཟུང་འོས་པ་དང་། བདག་སོགས་བོད་རིགས་ཡོངས་ཀྱིས་ཁྱེད་ཀྱི་མཛད་བཟང་ལ་བཀའ་དྲིན་ཆེ། ཞེས་ཞུ་བ་དང་། ཁྱེད་སྐུ་ཁམས་བཟང་ཞིང་རིག་གཞུང་སོགས་ལ་ཐོས་བསམ་སྒོམ་གསུམ་གོང་འཕེལ་རྒྱ་ཆེར་འབྱུང་བཪ་སྨོན་འདུན་ཞུ་བ་ལགས།
བདག་རང་ལ་ཡང་ཡི་གེ་ཆད་ལྷག་ད་ལྟ་ནི་ལྟ་ཅི་སྨོས། གཞོན་པའི་དུས་སུ་ཡང་ཐ་ན་གཏོང་ཡིག་སོགས་སུ་ཆད་ལྷག་ཤོར་བ་ལན་ཅིག་བདག་གི་ནུ་བོས་ཁྱེད་ཀྱི་་ཡི་གེ་ན་ཆད་ལྷག་མང་པོ་འདུག་ནན་ཏན་བྱ་དགོས་ཞེས་ཟེར་བ་ད་ལྟ་ཡང་དྲན། བདག་ལ་སྤུན་མཆེད་རྒན་གཞོན་ལྔ་ཡོད་ཀྱང་། ད་ལྟ་གཅིག་ཀྱང་གསོན་པོར་མེད། སྲིང་མོ་གཅིག་ད་ལྟ་ལོ་གྱ་བཞི་འམ་གྱ་ལྔ་ཙམ་ལོན་པ། ཞིང་ལས་སོགས་ཆང་ཆུང་བྱེད་བཞིན་དུ་ལ་དྭགས་གྲོང་ཡུལ་ན་ཡོད། བདག་རང་བོད་ལུགས་ལྟར་ན་ལོ་བརྒྱད་ཅུ་ལོན་པར་ཐག་ཉེ་བ་ཡོད། ཁུག་ཁྱོག་ཅིག་ཏུ་བསྡད་དེ་ཁ་ཏོན་བྱེད་པ་ལས་ཁྱེད་ལོ་གཞོན་དག་དང་འགྲན་ཏེ། ཡི་གེ་འབྲི་བ་སོགས་མི་འོས་ཀྱང་། འབྲི་ཀློག་ལ་གོམས་པས་འདྲི་འདྲ་བྱེད་པར་ཤོར། ཕྱི་རྒྱལ་པ་མཁས་པ་ལོ་དགུ་བཅུ་གོ་གྲངས་ཡིན་པ་ཞིག་གིས་རིག་གཞུང་གི་ལས་ལ་བརྩོན་མཁན་རིགས་ཚེ་རིང་པོ་འོང་། ཞེས་སྨྲས། ཁོང་རང་གིས་ཝིཏཏ་གེན་སྟན་(Wittgenstien) སྐོར་ལ་དེབ་མང་ཙམ་བྲིས་པ་ཐོས། རང་རེའི་བོད་དུ་ཡང་ལོ་ཆེན་རིན་ཆེན་བཟང་པ་དང་། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་སོགས་སྐུ་ཚེ་རིང་པར་བཞུགས་པ་ཡང་དེ་འདྲ་གོང་གསལ་མཁས་པ་དེས་བཤད་པ་བཞིན་ཡིན་ཤས་ཆེ་སྙམ་པ་ཡང་འབྱུང་ངོ་།།
དཀྱུས་ཀྱ་དོན་ལ་ཅུང་ཟད་ཞུ་དགོས་པ་ནི། སནདཧི་ཞེས་པ་རྒྱ་གར་གྲོང་ཡུལ་པ་འགའ་རེས་དགོངས་མོ་དུས་ཀྱི་དོན་ལ་ད་ལྟ་ཡང་བཀོལ་བ་བདག་རང་གིས་ཐོས། དེས་ན་སྔར་གྱི་སྒྲ་སྒྱུར་པས་མདོ་སྡེ་དགོངས་འགྲེལ་སྒྱུར་བའི་སྐབས་སུ་མཚམས་སྦྱོར་ཞེས་མ་བསྒྱུར་བར་དགོངས་པ་ཞེས་བསྒྱུར་པ་དགོངས་མའི་དོན་ཐུགས་ལ་བཞག་སྟེ་བསྒྱུར་པར་མངོན། ད་ལྟ་ཡང་ལ་དྭགས་ལྟ་བུ་གནས་དབེན་པ་དག་ཏུ་སྔར་གྱི་སྒྲ་གདངས་མ་མཉམ་པར་དགོངས་མོ་ཞེས་འདོན་པ་གསལ་པོར་མཆིས། དེ་བཞིན་སྒྲོག་དང་། སྒྲོགས་ལ་གོ་བ་མི་འདྲ་བ་ཡོད་ཀྱང་། སྒྲོགས་ཞེས་པར་སྒྲོག་ཅེས་པ་མང་དུ་མཐོང་། དེ་བཞིན་དུ། བསྟན་འགྱུར་དཔེ་བསྡུར་མ་ན་སྤྱོད་འཇུག་འགྲེལ་ཆེན་ལ་༢༠༠༩ལོར་བདག་གིས་དཔེ་ཆ་གཞན་དང་གོ་བསྡུར་བྱས་པ་ན་ལན་ལ་དང་ལེན་བྲིས་པ་མང་དུ་མཐོང་། བདག་ལ་རྒྱལ་བ་ལྔ་པའི་ལམ་རིམ་འཇམ་དཔལ་ཞལ་ལུང་གི་དཔེ་ཆ་བྲིས་མ་ཡིག་གཟུགས་ལེགས་སྤར་བཤུས་རྒྱབ་པ་ཞིག་ཡོད་པ་དེ་ན་དྲི་ངད་ལ་དྲི་ངེད་ཅེས་ལན་ཁ་ཤས་བྲིས་འདུག དེས་ན་རང་ཅག་གིས་འབྱུང་ན། གནའ་བའི་ཡི་གེ་ཀློག་ཚུལ་དེ་སྦྱང་དགོས་པ་གལ་ཆེ་བར་སྣང་། མིང་གི་མཇུག་ཏུ་བོད་ཤར་ཕྱོགས་པ་ལགས་དང་༐ ནུབ་ཕྱོགས་པས་ལེགས་ཞེས་པ་ཁ་ན་འདོན་དུ་ལ་དང་ལེ་ཟེར།
ཡིག་ནོར་ཆད་ལྷག་ལ་སྐྱོན་སྟོན་པ་ལ་རང་རེས་དམའ་འབེབས་སུ་མ་འཛིན་པར་ཡོན་ཏན་དུ་འཛིན་དགོས། བདག་གིས་ནོར་པ་འདི་དང་འདི་གསུང་བ་དག་ལ་དགའ་བསུ་ཞུའོ།།
དངོས་པོར་ཤེས་པའི་སྒྲ་འཛིན་པས།
ཇི་ལྟར་དར་གྱི་སྲིན་བུ་བཞིན།
བྱིས་པ་མཚམས་སྦྱོར་མི་མཁས་པ།
རང་གི་རྣམ་པར་རྟོག་པས་འཆིང་།། ༤༧ །།
ཚིགས་བཅད་འདིར་འཛིན་ཞེས་པ་ཚར་གཉིས་བྱུང་བ་ཁ་སང་མ་མཐོང་། དེ་རིང་མཐོང་། དེ་བཞིན་དཔེ་ཆར་ཞུས་དག་བྱེད་དུས་མ་མཐོང་བར་རྗེས་སུ་མཐོང་བ་མང་ངོ་།།
རྒན་ལགས་ཀྱི་རྣམ་ཐར་ཐོས་པས་དད་གུས་འཕེལ། སྐུ་ཚེ་རིག་པ་ལ་སྤྱང་བའི་རྟགས་སུ་ལོ་ཆུང་རྣམས་ཀྱང་ཁྱད་དུ་མི་གསོད་པར་བགྲོ་གླེང་བྱེད་པའི་་དྲ་བར་ཞུགས་ལ་སྤྲོ་བ་ནི་ངོ་མཚར་བའི་གནས་སོ། །ཕྲན་གྱིས་མཚན་མོའི་དུས་ཚོད་བེད་སྤྱོད་བྱས་ཏེ་མདོ་དགོངས་པ་ངེས་འགྲེལ་གྱི་ཟེར་ལྡེར་ལ་ཚར་གཅིག་མཇལ་བ་ཡིན། གཞུང་དོན་ནི་ཐུགས་ཀྱི་དགོངས་དང་འབྲེལ་ཆགས་ནའང་། མཚན་དང་མཇུག་དོན་གྱི་ཚིག་ནི་མཚམས་སྦྱོར་བ་ལ་ཡང་འགྲེལ་མི་ཆོག་པ་མེད་པར་མཐོང་། ཉིད་ཀྱིས་སནདཧི་ཞེས་པ་མཚམས་སྦྱོར་བའི་དོན་དུ་ད་ལྟ་ཡང་རྒྱ་གར་ཡུལ་སྐད་དུ་གྲགས་གསུངས་ལ་ལེགས་སོ་ཞུ་རྒྱུ་ལས་མེད། མདོ་རང་ལས། དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུངས་ཤིག ཅེས་དང་། དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་ན། ཞེས་པ་སོགས་ཀྱི་་་སྒྲུབ་པ་་་ནི་མཚམས་སྦྱོར་བ་ལས་གཞན་དུ་མེད་པས་སོ། །དེ་རིང་བྲེལ་བ་ཆེ་བས་དེ་ཙམ་ལགས། བཀའ་སློབ་བསྩལ་བ་ལ་ཐུགས་རྗེ་ཆེ་ཞུ། །
༄༅། ། རྨི་ལམ་དབང་ཕྱུག་དཔལ་དགྱེས་པ་རྡོ་རྗེ་ལ་ཕུལ་བ་བརྡ་གླུ་སྒྱུ་མའི་རོལ་མོ་ཞེས་བྱ་བ། ན་མོ་གུ་རུ། །དྲན་པ་རྣམ་བཀོད་ཀྱི་སྲོག་མཁར་དབུས་སུ། །མཁྱེན་རབ་ཡེ་ཤེས་ཀྱི་སྒྲོན་མེ་སྦར་བའི། །བླ་མ་ཟླ་བཞིན་མའི་ཐུགས་རྗེའི་ཕྱག་རྒྱ། །དཔྱིད་ཐིག་དབྱེར་མེད་ཏུ་འཇུག་པར་ཞུའོ། །གཞན་དྲིང་མི་འཇོག་པའི་མཁྱེན་རྒྱ་ཡངས་ཤིང༌། །རྨི་ལམ་འོད་གསལ་ལ་མངའ་དབང་བསྒྱུར་བའི། །དགྱེས་པ་རྡོ་རྗེ་ཡི་གསང་བའི་བརྡ་སྐད། །གྲོགས་མེད་ལྷག་བསམ་གྱིས་དཀྲོལ་བར་དཀའ་འོ། །མཛེས་པའི་བོངས་ཚོད་ལ་ཕྲ་སྤོམ་བྱེད་པའི། །དབྱིངས་ཕྱུག་མཁའ་འགྲོ་དེ་དབྱིངས་སུ་གཟིམ་ཡང༌། །ཤར་ ཕྱོགས་རྟ་བདུན་གྱི་འོད་སྣང་སྤྲོས་ན། །བདེ་ཆེན་ནོར་བུ་ཡི་གཟི་བྱིན་འབར་ཡོང༌། །ཀུན་རྟོག་རྒྱ་མཚོ་དེ་གཡོ་བའི་སྐབས་སུ། །གྱ་གྱུའི་རྦ་རླབས་རེ་འབྱུང་བ་ཆོས་ཉིད། །དམ་པར་ཟུར་ཟ་ཡི་མདའ་འཕེན་མིན་ཀྱང༌། །དམན་པའི་བག་ཆགས་དེ་འཐུག་པ་ལགས་སོ། །འཁོར་བའི་ཕྱི་ཚིས་ཀྱི་བྲེལ་བ་ཚ་བོ། །ལས་ངན་ཁོ་བོ་ལ་དགོས་སྡུག་མིན་ཀྱང༌། །ཆུ་བོ་གྱེན་ལྡོག་ལ་ངལ་བ་ཆེ་བས། །ད་དུང་རང་ས་ནས་ལན་བརྒྱར་འཁོར་རྒྱུ། །དགྱེས་རྡོར་ཞལ་ལུང་དེ་དབྱིག་འཁྲུངས་ལགས་ན། །སྐྲ་སེར་རྒན་མོ་ཚོར་བསོད་ནམས་ཆེ་ཡང༌། །ལྷག་བསམ་སོལ་བ་ཡི་རང་མདོག་དྲི་མེད། །ནག་པོ་ཁོ་ན་ལས་འགྱུར་རྒྱུ་མི་འདུག །གནས་བརྟན་འདུལ་འཛིན་གྱིས་ཁ་གཙོག་གནང་ན། །བསྟན་པའི་མིག་ལྟོས་ལ་གནོད་པ་ཆེ་བས། །གཡེར་ཁའི་དྲིལ་ཆུང་གིས་མཛེས་པའི་རུས་རྒྱན། །རྨི་ལམ་དབང་ཕྱུག་ལ་མཛའ་བ་མིན་ནམ། །དགག་བྱ་གཞི་དག་གི་སྤྲོས་བྲལ་རྣལ་འབྱོར། །ཞི་ཁྲོ་གང་སྤྲུལ་ལ་རང་བྱན་ཚུད་པས། །བཟང་ངན་ཕྱམ་མེ་བའི་གཞན་དོན་སྤྱོད་པ། །སྔ་ཐག་གཅོད་པ་དེ་བདག་ལ་མི་འོས། །དུག་ལྔའི་ལྗན་ལྗིན་གྱིས་གང་བའི་འཁོར་བ། །སྔ་ཕྱི་གང་ཞིག་ལ་བལྟས་ཀྱང་མི་གཙང༌། །དག་མཉམ་དབྱེར་མེད་ཀྱི་ལྟ་དགོངས་ཟབ་མོ། །སྔ་འགྱུར་སྔགས་པ་ཚོའི་ནོམ་སྐལ་ཁོ་ན། །ལྷ་ཆོས་བདུན་ལྡན་གྱི་མན་ངག་ཟབ་མོ། །བདེ་ཆེན་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །མཁས་བླུན་བར་མ་ཀུན་འཇུག་པ་བདེ་བས། །བླུན་ཀྱང་ཁེ་ཉེན་ལས་འདས་འདི་ལེགས་སོ། །ལྟ་སྒོམ་མཐོན་པོ་དེ་བདག་གི་ཡུལ་མིན། །བསྟན་སེལ་སྡེ་འཁྲུག་རེ་ཞི་འཇམ་བསམ་ཡང༌། །དམན་པ་ཁྱོད་འདྲ་ཞེས་ཞེ་གཅོད་ཚིག་ངན། །རྣ་བའི་འཛེར་མ་རུ་ལྷག་པས་ཐབས་ཟད། །ཆེན་པོའི་བཀའ་ལུང་ནི་མ་བརྟགས་བྱ་བ། །ཅངས་ཀྱིས་བབ་པ་ལ་གྱེན་ལྡོག་མི་འདུག །བསམ་དཀར་ཚིག་འཇམ་དེ་སྡེ་གཟར་ཟེར་ན། །ལྷག་བསམ་དར་དཀར་དེ་འབུལ་ཡུལ་སུ་རེད། །ཞྭ་ཐོབ་རྩོད་སྙོག་གི་འདམ་རྫབ་འཐུག་པོ། །ཀཾ་ཚང་ཀ་ཐོག་གི་སྒེར་ནོར་གནང་གི། །དམ་ཉམས་ཁྲིམས་རལ་གྱི་ས་སྟེང་གང་ཚེ། །ང་ཚོ་དག་པ་ཞེས་སྡོད་ས་ཨེ་ཡོད། །སྦལ་བ་རྨ་ཅན་དེ་གནས་གཅིག་མི་སྡོད། །བོད་བརྒྱུད་ནང་བསྟན་གྱི་ཁྲོན་པ་ཆུངགི། །དམ་གྲིབ་མི་གཙང་པས་ཆོས་མིག་སྒྲིབ་ན། །དམུས་ལོང་ཐང་སྟོང་གི་སྤྱོད་ཚུལ་མངོན་ཡོང༌། །ཐག་སྣེ་འབྲེང་མཐུད་ཀྱི་ཐབས་ལ་འབད་ནས། །ཀརྨ་ཡང་སྤྲུལ་གཉིས་ཐུགས་སྣང་མཐུན་ཞིང༌། །ཀཿཐོག་ནང་འཁྲུགས་དེ་གཙང་མ་བྱུང་ན། །བསྟན་པའི་སྤྱི་དོན་ཞིག་འགྲུབ་པ་རེད་སྙམ། །ལས་རླུང་རྐྱེན་ངན་གྱིས་རླུང་ནག་ཁྲོད་དུ། །སླུ་རུ་མི་ཚུགས་པའི་དམ་བཅའ་མི་འདུག །གངས་ལྗོང་མཁས་གྲུབ་ཀུན་དབྱིངས་ནས་བསྐུལ་ལོ། །བསྟན་འཛིན་ཐུགས་མཐུན་གྱི་ཕྲིན་ལས་སྒྲུབས་ཤིག །དགྱེས་པ་རྡོ་རྗེ་ཡི་རྒྱང་གཟིགས་མ་གནང༌། །རྨི་ལམ་དབང་ཕྱུག་གི་རྫུ་འཕྲུལ་ངོམ་ལ། །རྟེན་འབྲེལ་གཏོ་བཅོས་ཀྱི་རིམ་གྲོ་གསུང་དང༌། །རྨ་བཅོས་ཁྱི་སྐྱག་ཀྱང་ཨེ་འཛོམས་བལྟ་ཆོག །ལོག་ལམ་བརྡེག་འཆོས་ཀྱི་དེང་དུས་འགྲོ་བ། །ལེགས་ཉེས་གོ་ལྡོག་ལ་ཕན་པ་མེད་ཀྱང༌། །སྲས་བཅས་རྒྱལ་བ་ཡི་དགྱེས་པའི་མཆོད་སྤྲིན། །སྨོན་འཇུག་གཉིས་ལྡན་ཞིག་འགྲུབ་པར་ཤོག་ཅིག །ཅེས་དགྱེས་པ་རྡོ་རྗེའི་བཀའ་ལན་མཐོང་འཕྲལ་དྲི་མེད་ལྷག་བསམ་གྱིས་གང་དྲན་ཤར་མར་བྲིས།
མཆན་འདོགས་ས་ནོར་སོང་། གོང་གི་གནས་ཚུལ་སོགས་དང་འབྲེལ་བ་མེད་པས་ཐུགས་ཡེངས་གནང་མི་དགོས། །
དྲི་མེ་ལྷག་བསམ་ལེགས།
བདག་གི་བྲིས་དེ་ཁྱེད་ཀྱིས་ལེགས་པར་གཟིགས་མེད་བསམ། བདག་གིས་སནདཧི་ཞེས་པ་དགོངས་མོའི་དོན་ལ་འཇུག་པར་བཤད།
སནདཧི་ཞེས་པ་རྒྱ་གར་གྲོང་ཡུལ་པ་འགའ་རེས་དགོངས་མོ་དུས་ཀྱི་དོན་ལ་ད་ལྟ་ཡང་བཀོལ་བ་བདག་རང་གིས་ཐོས།
འདི་ལ་ཁྱེད་ཀྱིས་འདི་ལྟར་བྲིས་ཏེ།
ཉིད་ཀྱིས་སནདཧི་ཞེས་པ་མཚམས་སྦྱོར་བའི་དོན་དུ་ད་ལྟ་ཡང་རྒྱ་གར་ཡུལ་སྐད་དུ་གྲགས་གསུངས་ལ་ལེགས་སོ་ཞུ་རྒྱུ་ལས་མེད།
གོང་གསན་བདག་གི་བརྗོད་པ་དེ་ལ་ཡང་སྐྱར་གཟིགས་གྲོགས། ལང་གཤེགས་ན། མཚམས་སྦྱོར་ཞེས་པ་ཡང་། དུས་ཀྱི་དགོངས་སྟེ། ཉིན་མོ་དང་མཚན་མོ་གཉིས་མཚམས་སྦྱོར་བའིད་དུས་སྔ་མོ་ཐོ་རངས་དང་། ཕྱི་དྲོ་དགོངས་མོ་གཉིས་ལས་གཉིས་ལས་མདོ་སྡེ་དགོངས་འགྲེལ་དུ་དགོངས་མོའི་དུས་བཟུང་སྟེ། དགོངས་པ་ཞེས་བསྒྱུར། ང་ཡང་ལས་ཡོད་པ་ཞིག་ཡིན། ཁྱེད་ཀྱིས་སྩལ་ལ་བསྩལ་ཞེས་པ་དིང་སང་བཀའ་བསྟན་ཟ་མ་ཏོག་སོགས་དང་མི་མཐུན་པ་འདུག་ལགས་སོ།
པོ་པོས་ཐུབ་ས་དེ་རྨོ་རྨོའི་དཔེ་ལྟར། བན་དེས་ཐུབ་ས་དེ་བོན་པོ་རེད་འདུག། ཨབ་རའི་དཔོན་པོ་དེ་རྗ་བྲ་ཡིན་ཀྱང། དགྲ་བསེན་མོང་བྱུང་དུས་དེར་མཉམ་བྲོས་བྱས་ཐལ།
ཡང་། ལ་དྭགས་པས། གཟིགས་རོགས་ལ་གཟིགས་གྲོགས། དང་། BONPOས། སྤོ་ཕོས་ཐུབ་སར་རྨོ་མོས་ཐུབ། ཅེས་ཟེར། ལ་དྭགས་པའི་ཚིག་དེ་རྙིང་དྲགས། བོན་པོའི་གཏམ་དཔེ་འདི་ནི། གཉིས་ཀ་མཉམ་པ་ཡིན་པའི་ཁུངས་སུ་དྲངས་ཀྱང་། ཤེས་བྱ་ལ་མི་སྲིད་པའི་དཔེ་རུ་ཆགས་པ་མིན་ནམ། འདིས་ཀྱང་དགེ་བར་གྱུར་ཅིག །
ཨ་རོགས་ཀརྡོ་རབ་འབྱམས་པ་ལགས། དགེ་གྱུར་སྡིག་གྱུར་ཆི་མི་ཤེས། དོན་དག་་་རྡོག་རྡོག་་་འདྲ་བྱས་ན་དེ་འདྲ་མ་རེད་དམ།
ཀརྡོ་རབ་འབྱམས་པ་ལེགས།
རུས་སྦལ་དང་རི་བོང་གི་དཔེ་འགྲོས་ལྟར་བོད་ནུབ་ཕྱོགས་པས་ཚིག་ཟུར་མ་ཆག་པར་བྱས་ཏེ་དལ་བུར་འགྲོ་་བ་དང་། བོད་ཤར་ཕྱོགས་པས་ཟུར་ཆག་པར་བྱས་ཏེ་མྱུར་བར་འགྲོ་བ་ན། བོད་ཡར་རྒྱས་ཀྱི་རིའི་རྩེར་སུ་སྔོན་ལ་སླེབས་རང་རེས་བལྟ་བར་བྱའོ།།
བཀུར་འོས་མ་འདྲིས་པའི་བཤེས་གཉེན། རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཉིད་ལྟ་བའི་གཙུག་ལག་སྨྲ་བའི་དབང་ཕྱུག་དྲ་བ་འདིར་མཇལ་བ་བསོད་ནམས་ཆེ། །ནོར་བ་གང་ཡོད་གསུང་དང་བདག་སོགས་དྲ་གྲོགས་ཡོངས་ལ་བློ་སྐྱེད་འབྱུང་ངེས་རེད། ད་ལྟ་བྲེལ་སྒང་ཞིག་ཡིན། དུས་ཚོད་ཅིག་བྱུང་ཚེ་གསལ་བཤད་དང་ཞུ་དགོས་ཅི་རིགས་པ་འདུག གནས་སྐབས་དེ་ཙམ་ཞུ། །སྐུ་ཚེ་ཞབས་པད་བསྟན་པའི་སྨོན་ལམ་འདེབས།
༡༣༥༽ དྲི་མེད་ལྷག་བསམ་ལགས།
་་་་། བཀུར་འོས་མ་འདྲིས་པའི་བཤེས་གཉེན། རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལེགས། ཞེས་བྲིས་མི་དགོས་སམ། ཡང་ན་བཤེས་གཉེན་གྱི་རྗེས་སུ་མི་འབྲངས་པ་དེ་ཅིས་ལན་ནམ། མ་རེད་པེ། ལ་དྭགས་འཇལ་དཔལ་རུས་སྦལ་གཟུགས་སྤྲུལ་ལགས། སྐུ་རྩེད་དམ་ཀུ་རེ་ཞོར་དུ། རི་བོང་གི་མགྱོགས་འགྲོས་ལྟར་བོད་སྐད་དར་རྒྱས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ནི། ངས་ཆོས་བྱེད་སྟངས་ཅིག་རེད་ལགས། བོན་མིང་ལགས། དགེའོ། །
རྒན་ལ་དྭགས་པ་ལགས། སྔོན་ཆད་ཉིད་ཀྱིས་བགྲོ་གླེང་བྱེད་ཡུལ་རྒན་མགོན་པོ་ཕྱག་གཉིས་བྱ་བ་དེ་ཡང་རིགས་སོག་པོ་རེད། མཚོ་སྔོན་དགེ་འོས་སློབ་གྲྭ་ནས་བོད་ཡིག་ཡག་པོ་ཤེས་སོང་བ་རེད། ཁོང་ལ་བོད་པའི་རིག་གནས་ཀྱི་ཞེན་པ་བོད་རིགས་དཀྱུས་མ་ཞིག་ལས་ཆེ་བ་ཡོད། དེའི་རྐྱེན་ཀྱིས་ཁོས་རྒྱུན་ཏུ་ངའི་རྣམ་ཤེས་དང་རིག་གཞུང་བོད་ཡིན་གསུང་གི་རེད། ང་ཡང་ཁོའི་བཤད་སྲོལ་ལ་མོས་པ་ཆེ། རྣམ་གཉིས་ཀྱི་བགྲོ་གླེང་བྱེད་པར་མང་པོ་བལྟས་པས་ཉིད་དང་སྐད་ཆ་གླེང་འདོད་བྱུང་། ཕྱོགས་གཉིས་ལ་བསམ་བློ་མི་མཐུན་ས་ཡོང་བ་ཆོས་ཉིད་རེད། འོན་ཀྱང་ཉིད་ཀྱི་གསུང་བ་ལས་བློ་སྐྱེད་འབྱུང་གི་འདུག ཁྱོད་ཀྱི་བྲིས་པ་ཚོར་ཞིབ་མཇལ་བྱེད་གི་ཡོད། གོང་ཏུ་ཡི་གེ་འབྲི་སྐབས་ཚིག་ཟུར་ཉམས་པ་དེ་ཡང་གསལ་འདོན་བྱས་པས་གཟིགས་པ་པོར་ཕན་པ་འབྱུང་ངེས། ཐུགས་རྗེ་ཆེ་ཞུ། འདིར་དོགས་གཅོད་ཁ་ཤས་ཞུ་བ་ལ་དུས་ཚོད་བྱུང་ཚེ་བཀའ་ལན་གནང་བར་ཞུ། ༡་སྐད་་ཅིག་ཀྲོང་བསྐྱེད།་་་ ཀྲོང་་གི་དོན། ༢་འཚེད་པ་དང་འཚོད་པའི་ཁྱད་པར། ༣་ཁྲུ་བ་འདྲ་བ། ལྗོན་ཤིང་འདྲ་བ།་་་ ཁྲུ་བའི་དོན། ༤་སྣལ་མ་ནི་ལྕགས་ཏུ་བྱས། ལྷོ་བསླ་ན་བྱང་བཀུག་ཀྱང་འདོད། ༥་རྒྱུ་གྲུང་པོ་ཡིན། གཉེན་གྲུང་གྲུང་ཡིན།་་་གྲུང་། ༦་སྐྱེ་སླ་དང་བླའི་ཁྱད་པར། ༧ཁྲམ་དང་གྱ་སྐོར་བྱེད།་་་་ གྱ་སྐོར། ༨་བློ་འཁོབས་ཆུང་།་་་འཁོབས། ༩འགྲོ་ན་ཁྱེ་ཡིས་གྱོང་མི་སུབས། ཁྱེ། ༡༠་ཐོས་མ་ཐག་ནས་བཅག་ཏེ་བཟློག བཅག ༡༡་གཞིག་འགྲེལ་བཅུག དེ་དག་གི་ཚིག་གི་དོན་ཇི་ལྟར་འགྲེལ། ཚབ་ཚིག་གང་བདེ་བཅས་ཐུགས་ལ་ངེས་པ་གནང་རྒྱུ་དང་། ༡༢་ཆང་བུ། ཆངས་བུ། ༡༣། ཁང་ཐོག ཁང་ཏོག ༡༤་རྐྱུན། རྒྱུན། ༡༥་རྐྱ་ལམ། རྒྱ་ལམ། སོགས་གང་ཞིག་བརྡ་དག་དང་མཐུན། ༡༦་རླུང་སང་སང་ཕུད། ཅེས་པ་ཚོར་བ་ཞིག་ཡིན་ནམ་སྒྲ་ཞིག་ཡིན། ༡༧་རིག་རིག་ཏུར་ཏུར། ཞེས་པ་འཛིན་སྟངས་ཞིག་ཡིན་ནམ་ཚོར་བ་ཞིག་ཡིན། ༡༨་ནབ་བཟའ། མནབ་ཟ་གང་ཞིག་ལེགས། ༡༩་འཕྲིན་ལས། ཕྲིན་ལས། ༢༠་སྣ་ནམ་བཟའ། ཤེར་དཀར་གཟའ་མཚོ། རྒྱ་ཟ། བལ་ཟསོགས་ཀྱི། གཟའ། བཟའ། ཟ། དོན་དང་ཚིག་གང་ལེགས། ༢༡་ བསམ་གཏན། རྒྱ་ཚིག་ཡིན་ནམ་བོད་ཚིག་ཡིན། ༢༢་ ཨ་ལགས། སོག་སྐད་ཡིན་ནམ་བོད་སྐད་ཡིན། ༢༣་དགོས། སྒོས། གཉིས་དོན་གཅིག་གམ་མི་འདྲ། ༢༤་འཐུག་པོ། སྟུག་པོ། གཉིས་ཀྱི་ཁྱད་པར་སོགས་བཀའ་གདམས་པའི་གསུང་སྒྲོས་རྣམས་ལས་ཡི་གེ་འབྲི་སྟངས་དང་། དོན་སྦྱོར་ཚུལ་ཅི་རིགས་པ་འདུག་པར་གསུང་ལན་གནད་ཏུ་ཁེལ་བ་ཞིག་བཀའ་དྲིན་ཆེ། །
དྲི་མེད་ལགས། ཁྱོད་ཀྱིས་བོད་རིགས་ཟེར་ན་ཡུལ་ཡར་ཀླུང་ཁོག་གི་མི་དེ་ཚོ་ཙམ་པོ་ལ་ངོས་འཛིན་གི་ཨེ་ཡོད། མེད་ན་ཅིག་ཅིག་སོག་པོ་དང་མུག་མུག་ཧོར། ཡ་གི་ལ་དྭགས་དང་མ་གི་མོན་ཟེར་ནས་བོད་རིགས་འདི་རྒྱ་དམར་བཞིན་གཞོག་གཏུབ་གཅོད་གསུམ་ལ་མ་རེམས་ཤིག ངས་ཁྱོད་ལ་འདྲི། མི་རིགས་སམ་ཡང་ན་བོད་མི་རིགས་ཟེར་དུས་ཁྱོད་ཀྱིས་ག་འདྲ་ཞིག་ལ་ངོས་འཛིན་གི་ཡོད་དམ། ཁྲག་རྒྱུན་དང་ཡོང་ཁུངས་ཙམ་པོས་རང་རེའི་མི་རིགས་འདི་ངོས་འཛིན་དགོས་ན་ད་གདོད་ད་བོད་ཡུལ་ཕལ་མོ་ཆེ་དང་ལྷག་ཏུ་ཨ་མདོ་ལུང་བར་བོད་པ་མེད་ཚོད་ཡིན།
དྲི་མེད་ལྷག་བསམ་ལེགས།
ཁྱེད་ཀྱིས་བཀོད་པའི་ཚིག་དེ་རྣམས་ལ་ཐག་བཅད་དེ་འབྲི་བ་ལ་ཚིག་མཛོད་དང་། དཔེ་ཆ་ཁུངས་དག་བསྟུན་དགོས་པས། དལ་དུས་བརྟག་དཔྱད་བྱས་ཏེ། ལན་འབུལ་ཆོག འདི་ཡིས་བདག་རང་ལ་ཡང་བློ་བསྐྱེད་འབྱུང་བ་ལགས། དེ་དག་ལས།
རྣལ་མ སྣལ་མ། སླ། བླ། ནོར་བ་སྲིད། ཕྱི་མ་གཉིས་ལས་བླ་མཆོག་གི་དོན་ཡིན་ཀྱང་། ངག་ཏུ་གཅིག་པར་འདོན་པས་མང་པོས་ལས་སླ་བའི་དོན་དུ་གོ་ནས། གཞུང་དཔེ་དག་ཏུ་ཡང་ནོར་བ་བྱས་པ་མཐོང་ངོ་།
དཀོན་མཆོག་སྐམ་པོ་ལགས། ༧གོང་ས་ཐམས་ཅད་མཁྱེན་པས། བོད་རིགས་རྣམས་གནས་གང་དུ་བསྡད་ཀྱང་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་འདོར་མི་རུང་ཞེས་དང་། ༧ཀུན་གཟིགས་པཎ་ཆེན་བཅུ་བས། ཁྱོད་ཚོས་གྱོན་ཆས་སྒྱུར་ཐུབ་ནའང་གཟུགས་པོའི་ནང་གི་བོད་རིགས་ཀྱི་ཁྲག་རྒྱུན་བརྗེ་ཐབས་མེད། ཅེས་པའི་གསུངས་འདིས་མི་རིགས་ཀྱི་ཁྲག་རྒྱུན་གཙོ་བོར་བཤད་པ་རེད། དེའི་སློབ་གསོ་དེ་ང་ཚོའི་མི་རིགས་ཀྱི་འདོད་པའང་ཡིན། བོད་རིགས་ཡིན་ན་བོད་པ་ཡིན་པས་ཁྱབ། བོད་པ་ཡིན་ན་བོད་རིགས་ཡིན་པས་མ་ཁྱབ་པར་འདོད་དེ། བོད་ཀྱི་མངའ་རིས་སུ་ཡོད་པའི་རྒྱ་དང་སོག་པོ་སོགས་བོད་པ་ཡིན་ཀྱང་བོད་རིགས་མིན་ནོ། །རྒྱའི་མཆོད་རྟེན་དཀར་པོ་ནས་མངའ་རི་ལ་དྭགས་བར་བོད་ཀྱི་མངའ་འབངས་ཡིན་པ་ནི་ངས་ཀྱང་འདོད། གཅིག་འགྱུར་ཡོངས་ན་དེ་ལས་དགའ། རིགས་ཀྱི་དབྱེ་བ་དང་དེ་གཉིས་སོ་སོ་རེད། རིགས་ཀྱི་དབྱེ་བ་ཤེས་པར་འདོད་ན་དྲ་བ་འདི་ལ་གཟིགས།www. ahneninfo.com
རྒྱ་ནག་གི་རུས་མཛོད་ལ་འདི་族譜 འམ་ཡང་ན།佢世系圖 ཟེར། ནུབ་ཕྱོགས་རྒྱལ་ཁབ་མང་ཆེ་བས་ཁྱིམ་སྡོང། རུས་ཀྱི་ལྗོན་པ་ཟེར། 家族樹。 འདི་དག་ལ་ཞིབ་འཇུག་བྱོས་དང་རིགས་རུས་ཀྱི་དབྱེ་བ་ཤེས་ཡོང་། རིགས་ལ་གནའ་བོའི་དབྱེ་སྟངས་དང་། ད་ལྟའི་འདོད་པ་གཉིས་ཡོད། ༡༽ རྒྱ་གར་ཏུ། རྒྱལ་རིགས། རྗེ་རིགས། དམངས་རིགས། བྲམ་ཟེའི་རིགས་སྟེ་བཞི། བོད་ཀྱི་འདོད་པ་ནི། ཁ་སྐད་གནས་ཡུལ་གོམས་སྲོལ་བཞི་མཐུན་པ་ལ་རིགས་གཅིག་པར་འདོད་པ་བོན་གྱི་གཏོ་ཕུག་ན་བཞུགས། ནང་པའི་མདོ་་ཞིག་ནས་མཐོང་སྣང་ཤར་ཏེ་བརྗེད་སོང་། ཁྲག་རྒྱུན་གྱི་མི་རིགས་ཀྱི་དབྱེ་བ་འབྱེད་པ་ནི་འཛམ་གླིང་ཤར་ནུབ་ཀུན་ལ་གནའ་ནས་ད་བར་གྲགས་ཆེ། ༢༽ ད་ལྟའི་གནས་གནས་སྟངས་ལ་མཚོན་ན། ཨ་རི་བ་ཡིན་ན་དེའི་མི་སེར་གྱི་ལག་ཁྱེར་ཡོད་དགོས། ཨ་རི་བ་ཡིན་ན་དེའི་མི་རིགས་ཡིན་པས་མ་ཁྱབ། བོད་པ་དང་ཨ་རབ་ཀྱི་མི་རིགས་ཀྱང་ཡོད་པས་སོ། །ཕྲན་རང་ལ་མཚོན་ན་མ་ཕྱོགས་སུ་ཁྲག་རྒྱུན་ཏུ་བོད་རིགས་འདྲེས་ཙམ་ཡིན། སྐད་ཡིག་རྒྱ་ནག་སྐད་ཡིག་གཙོ་བོ་ཡིན་ཀྱང་ནང་ཆོས་ལ་སྦྱང་བ་ནས་བཟུང་བོད་ཡིག་ལ་འབྲི་ཀློགས་ཁོ་ན་བྱེད་ཀྱིན་ཡོད། གོམས་སྲོལ་བོད་པ་ཞིག་དང་གཅིག་མཚུངས་ཡིན། སྐྱེ་ས་བོད་མ་ཡིན། ལག་ཁྱེར་རྒྱ་ནག་དང་བོད་ཀྱི་སྐྱབས་བཅོལ་ཡི་གེ་གང་ཡང་མེད། སྔོན་རྒྱ་གར་ཏུ་འགྲོ་སྐབས་སྐྱབས་བཅོལ་ལག་ཁྱེར་ཞུས་པ་ཡིན་ཏེ་ཁྱོད་བོད་མ་རེད་ཟེར་སྤྲད་མ་སོང་། བཀའ་བློན་སྐལ་བཟང་ཡེ་ཤེས་ཁྲི་བ་ཡིན་སྐབས་ཁོ་ལ་ཆེད་གཅར་གྱིས་རང་ཉིད་བོད་པ་ཡིན་མདོག་ཞིག་བྱས་པ་ཡིན་ཏེ། ཁོས་ཁྱོད་བོད་རེད་མི་འདུག ཡིན་ནའང་རོགས་པ་བྱེད་ཆོག་ཅེས་ཁ་གཡང་ཞིག་གནང་བྱུང་སྟེ་ཞལ་རྫུན་དངོས་ཆགས་སོང་། རང་ཉིད་སྨན་རྩིས་ལ་སྦྱང་བ་ཕྲན་བུ་ཡོད་པས་ཆེད་ལས་དང་མཐུན་པའི་སྨན་རྩིས་ཁང་ནས་ལས་ཀ་ཞིག་བཙལ་བ་ཡིན་ཏེ་རིགས་རུས་ལ་དོགས་པ་ཡོད་ཚུལ་གྱིས་སྤྲད་མ་སོང་། སླར་རང་ཡུལ་ལ་ལོག དེ་ནས་གཞན་ཏུ་འཁྱམ་དགོས་བྱུང་བ་ཡིན། ང་བོད་ལ་དགའ། བོད་ཀྱི་རིགས་གཞུང་ལ་དེ་ལས་དགའ། སྐྱིད་སྡུག་མཉམ་མྱོང་ཞིག་བྱེད་པའི་རེ་བ་ཡོད། ངའི་དགེ་རྣམས་བོད་པ་ཡིན། གུས་པ་དད་པ་ཡོད། བོད་ཀྱི་མི་རིགས་དང་ཆོས་ལུགས་ལ་ཕྱོགས་རིས་དང་གཏོར་བཤིག་གཏོང་བ་རྨི་ལམ་དུའང་མི་འབྱུང་། བོད་པའི་མི་རིགས་ཀྱི་གྲལ་ཏུ་མ་སླེབས་པ་དང་། སྐྱེ་ཡུལ་ཁྲག་རྒྱུན་དང་སྐད་ཡིག་མི་སེར་ལག་ཁྱེར་རྣམས་གཞན་ཏུ་གྱུར་བར་ང་ལ་ཡང་བྱ་ཐབས་མི་འདུག ཐུགས་རྗེ་ཆེ།
རྒན་ལ་དག་པ་སྐུ་ཁམས་བདེ་མོ། རེ་ཞིག་དྲ་བ་འདིར་ཡོང་ཐུབ་ས་མ་རེད། སླར་མཇལ་བར་སྨོན།
ཨ་ལགས་གཟན་དཀར་ཚང་སྐུ་ཚེ་ཞབས་པད་བརྟན་པར་གསོལ་བ་འདེབས།།
སྐྱབས་བཅོལ་བས། བོད་ནང་གི་མཁས་པ། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་། དུང་དཀར་བློ་བཟང་འཕྲིན་ལས་ཚང་། དམུ་དགེ་བསམ་གཏན་ཚང་། རྡོ་རྗེ་རྒྱལ་པོ། གྲུབ་རིག་ཁྱུ་མཆོག་ཚང་། ཡི་དམ་ཚེ་རིང་། རབ་རྒྱས་པ་སངས་སོགས་ཀྱི་པར་བཀོད་པ་རེད། ཨ་ལགས་གཟན་དཀར་ཟེར་བ་ཞིག་གི་པར་བཀོད་པ་མཐོང་མ་སོང་ཟེར།་དྲང་པོ་བཤད་ན་གཟན་དཀར་ཡིན་ནམ་གཟན་ནག་ཡིན་དེ་གོང་གསལ་མཁས་པ་དེ་ཚོ་དང་བསྡུར་ན་བྱིས་པ་ལོ་བརྒྱད་རང་རེད། ཁོས་ཕྱོགས་བསྒྲིགས་འདྲ་བཟོས་ན་མ་གཏོགས་རང་རྐྱ་འཕེར་བའི་རྩོམ་ཡིག་ཅིག་འབྲི་ཤེས་ཀྱོ་མེད། ཕྱོགས་རིས་མེད་ཡོད་བཤད་ན། དེ་སྔོན་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཞིག་སི་ཁྲོན་གྱིས་པར་བསྐྲུན་བྱས་པའི་མགོ་བརྗོད་དེ།་ཆེད་མངགས་ཀྱིས་ཨ་ཕོ་བླ་ཆུང་གིས་བྲིས་པ་དེ་བཞག་ཡོད་པ་རེད། ངས་ཁོ་མི་ཚད་ལྣ་ཞིག་རྩི་གི་མེད།་ཡིན་ནའང་དེང་སང་ཡར་རྒྱས་འགྲོ་འདུག སྐྱབས་བ་ལ་ར་སྤྲོད་དགོས་ན་ངས་གསལ་པོ་ཞུ་ཆོག།