——-ཐེ་བོ་སངས་རྒྱས།
ཕྱི་ལོ་༢༠༡༥ ལོའི་ཟླ་༩ ཚེས་༢ ཉིན་སེ་རི་ཡ་ཁུར་ཌི་ཞིའི་Syrian Kurdish, གྲངས་ཉུང་མི་རིགས་སྐྱབས་བཅོལ་བ། མིང་ལ་ཨ་ལན་ཁུར་ཌི་Alan Kurdi, ཞེས་འབོད་པ་བུ་ལོ་གསུམ་ཅན་ཞིག་ས་གཞིས་སྐོར་བའི་མཚོ་Mediterranean, རུ་ནུབ་པའི་གསར་འགྱུར་དེ། འཛམ་གླིང་གང་སར་ཚགས་པར་མདུན་ངོས་སུ་ཁོད་ཅིང་རྒྱལ་སྤྱིའི་ཁྲོད་སེམས་འཚབ་བྱེད་ཡུལ་དུ་གྱུར།
ཐྲུར་ཁེའི་Turkey, འདྲ་པར་ལེན་མཁན་བུ་མོ་ནཱི་ལུ་ཧྥེར་ཌེ་མིར་Nilufer Demir,ལགས་ཀྱིས་གོག་ནུར་ཚུལ་ག་ཅན་གྱི་ཕྲུ་གུའི་ཕུང་པོ་དེ་པར་བླངས་ནས་ཉིན་དེབ་ཏུ་བཀོད་མ་ཐག་འཛམ་གླིང་ཧྲིལ་པོར་ཁྱབ་བརྡལ་དུ་ཕྱིན། འདྲ་པར་དེས་རྒྱལ་སྤྱིའི་ཐོག་ཡ་ལན་དྲན་སྐུལ་གྱི་ནུས་པ་དཔེ་མེད་ཐོན་ཡོད།
གང་ཡིན་ཞེ་ན། ཁུར་ཌིའི་ནང་མི་རྣམས་ཁེ་ནཱ་ཌར་Canada, སླེབས་ཐབས་སུ་ཚོད་ལྟ་བྱས་པ་རེད། ཁོའི་འཆི་སྐྱོན་དེས་སྐྱབས་བཅོལ་པའི་ཆེས་དཀའ་ཉེན་དུས་སུ་འགྱོགས་མྱུར་ངང་། ཕྱི་ལོ་༢༠༡༥ ལོའི་ཁེ་ནཱ་ཌའི་སྤྱི་མཐུན་སྲིད་གཞུང་གི་འོས་འདེམས་ཁྲོད་གླེང་གཞི་ཞིག་ཏུ་གྱུར།
ཕྲུ་གུ་དེའི་འཆི་རྐྱེན་ཐད་སེ་རི་ཡའི་མི་བཞིས་ཤེས་བཞིན་དུ་སྣང་མེད་བཏང་བའི་ནག་ཉེས་ཁྲིམས་གཏུགས་བྱས་པས། ཁོང་ཚོ་ཕྱི་ཟླ་༩ ཚེས་༤ ཉིན་ཐྲུ་ཁེའི་ཁྲིམས་ཁང་གིས་འཛིན་བཟུང་བཀག་ཉར་བྱས། འདྲ་པར་དེ་མཐོང་རྗེས་ཧྥ་རན་སིའིི་སྲིད་འཛིན་གྱིས་ཐྲུར་ཁེའི་སྲིད་འཛིན་ལ་ཁ་པར་བཏང་ཞིང་།
ཁོས་གསར་འགོད་གསལ་བསྒྲགས་གནང་དོན། འདྲ་པར་འདི་ངེས་པར་དུ་འཛམ་གླིང་གི་འགན་འཁྲི་སྟེ་སྐྱབས་བཅོལ་པར་བརྩི་མཐོང་བྱེད་པའི་དྲན་སྐུལ་དུ་ཆགས་ཡོད་ཅེས་དང་།
དབྱིན་ཇིའི་སྲིད་བློན་གྱིས། ཁུར་ཌི་ཡི་བརྙན་པར་དེས་ཁོ་བོ་སེམས་འགུལ་ཟབ་མོ་ཐེབས་སུ་བཅུག དེ་བཞིན་ཨི་རི་ཤཱི་Irish,སྲིད་བློན་གྱིས་འདྲ་པར་དེའི་གཤམ་ལ་མཆན་བཏབ་དོན། སྐྱབས་བཅོལ་པའི་དཀའ་ཉེན་ནི་འགྲོ་བ་མིའི་བྱུས་ཉེས་ཡིན་པ་སོགས་གསལ། གཞན་ཡང་ཆོས་ལུགས་འདྲ་མིན་གྱི་ཆོས་ཚོགས་ཁག་དང་། སྤྱི་ཚོགས་བདེ་དོན་ཚོགས་པ། སྒྱུ་རྩལ་བ་སོགས་ཀྱིས་རྗེས་དྲན་བྱ་འགུལ་སྣ་ཚོགས་སྤེལ་བ་སྟེ། བརྙན་པར་དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཁྲོད་གལ་ཆེའི་དོན་སྙིང་ལྡན་ཞིང་སྦིར་གྲགས་ཆེན་པོ་འགྲོ་བཞིན་པའི་སྒང་རེད།
ནུབ་ཕྱོགས་པ་འདི་ཚོས་དབུས་ཤར་ཡུལ་གྲུར་འབར་རྫས་གཏོར་རྒྱུ་ཡང་མཚམས་བཞག སྐྱབས་བཅོལ་ལེན་རྒྱུ་ཡང་མཚམས་བཞག་ན་འདི་འདྲའི་དའ་ངལ་མང་པོ་ཞིག་སེལ་འགྲོ་གི་རེད། ལྟས་ངན་ཨ་མེ་རི་ཁ་གཙོས་པའི་ནུབ་ཕྱོགས་པ་ཚོས་ནོར་འཁྲུལ་ཅན་གྱི་བྱ་ངན་སྤྱོད་ངན་བྱས་བསྡད་པའི་མཇུག་འབྲས་འདི་འདྲ་རེད། ད་ཡང་འཇར་མི་ནིའི་མགོ་བྱས་ནས་སྐྱབས་བཅོལ་བ་ལེན་རྒྱུའི་མགོ་བཙུགས་སོང་ང་། ད་ཡང་འདི་འདྲའི་དཀའ་ངལ་རྒྱུན་མ་ཆད་པ་བྱས་ནས་ཡོང་གི་རེད།