ཞིང་པའི་བུ
དེང་སང་ང་ཚོས་ཚ་ཚ་འུར་འུར་གླེང་བཞིན་པ་གཅིག་ནི་བཀའ་བསྒྱུར་རྒྱུའམ་བཙོང་རྒྱུ་ཡིན་ལ། དེའི་ཐོག་བསམ་བློབ་ཞིག་གཏོང་ན་བོད་ཀྱི་ཡབ་མེས་ཆོས་རྒྱལ་དམ་པ་རྣམས་དང་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་གཙོས་པའི་ཕ་མེས་ཡང་མེས་རྣམས་ཀྱིས་མི་འགྲོས་ཀྱི་ཡུ་བ་དང་། རྒྱུ་འགྲོས་ཀྱི་ནོར་རྫས་ཡོད་རྒུ་བཏང་ནས་ཆེས་རིན་ཐང་ཆེའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་རྗེས་འཇུག་མཁས་པ་རྣམས་ཀྱིས་དགོངས་འགྲེལ་དུ་བརྩམས་གནང་པའི་བསྟན་འགྱུར་གཉིས་པོ་ཕུན་སུམ་ཚོགས་པ་ཞིག་ང་ཚོའི་གཅེས་ནོར་དུ་བཞག་ཡོད། དེ་འདྲའི་རིན་ཐང་ཅན་དེ་ཉིད་ང་ཚོས་འཛམ་གླིང་འདིའི་ནང་དུ་ བོད་གངས་ཅན་པའི་གཙོས་པའི་འགྲོ་བ་མི་མ་ཚད་དབུ་ཡོད་དོ་ལྕོགས་ཀྱི་ཕན་བདེ་བསྒྲུབ་པའི་ཆེད་དུ་ཡུན་རིང་དུ་ཇི་བཞིན་གནས་ཤིང་བཞུགས་དགོས་ན། བོད་ཀྱི་སྐད་ཡིག་འདི་ཉིད་མི་ཉམས་རྒྱུན་སྐྱོང་དང་ཉམས་པ་སླར་གསོ་དགོས་གལ་ཆེ།
འོན་ཀྱང་དེང་གི་ཆར་ང་ཚོའི་བླ་སྤྲུལ། ཤེས་པ་དང་། འཇོན་ཐང་། སྟོབས་དང་། འབྱོར་པ་སོགས་ཡོད་པ་འགས་འཛམ་གླིང་ཡོངས་ཁྱབ་ཏུ་སྤེལ་བའི་ཆེད་དུ་དབྱིན་ཡིག་སོགས་སྐད་ཡིག་གཞན་དུ་ལས་འཆར་བརྩམས་དང་རྩོམ་འཆར་ཡོད་པ་ལ་བླུན་རྨོངས་ངས་སེམས་ཚབ་འདི་ལྟར་བྱུང་།
དང་པོ་ནི། སྔར་ཆོས་རྒྱལ་རྣམས་དང་ལོ་པཎ་ཞལ་འཛོམས་པའི་སྐབས་ཐོག་མར་རྒྱ་གར་དུ་བཞུགས་པའི་བསྒྱུར་བྱའི་གཞུང་བཀའ་དང་བསྟན་འགྱུར་དེ་ཉིད་ལོ་པཎ་རྣམས་ཀྱི་བསྒྱུར་བའི་སྐབས། ཚིག་རེ་རེ་ནས་ཇི་ལྟར་བསྒྱུར་བའི་ཐ་སྙད་རྣམས་ལོ་པཎ་ལྷན་འཛོམས་ཐོག་གཏན་ལ་ཕབ་ཅིང་། དེ་ཉིད་ད་ནས་བཟུང་གཅིག་གྱུར་ཐོག་ལག་བསྟར་དགོས་པའི་ཆོས་རྒྱལ་གྱིས་བཀས་བཅད་པའི་ཐོག་ནས་འགྱུར་བ་ཞིག་ཡིན།
གཉིས་པ་ནི།
སྤྱིར་སྐད་ཡིག་གཅིག་ནས་གཅིག་ཏུ་བསྒྱུར་བའི་སྐབས་བསྒྱུར་བྱའི་གཞུང་ཚན་དེའི་གོ་དོན་ཇི་བཞིན་རྟོགས་པ་ཙམ་མ་ཚད་བསྒྱུར་སའི་སྐད་ཡིག་དེའི་ཆུ་ཚད་དཔྱིས་ཕྱིན་པ་ཞིག་པ་ལས་རང་གར་སྐབས་ཐོབ་ཀྱི་གོ་དོན་ཇི་བཞིན་སྟོན་ཐུབ་པ་མིན། དེས་ན་སྔར་བཀའ་བསྟན་གྱི་གཞུང་ཚན་ཇི་འདྲ་ཞིག་བསྒྱུར་ནའང་ལོ་པཎ་ཕྱོགས་གཉིས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ་ལས་རང་གར་འཆོལ་ཉོག་བྱས་པ་མེད། དེའང་ཕྱོགས་གཉིས་ཀའི་ལོ་ཙཱ་བ་དང་པཎ་ཆེན་རྣམས་པ་གཉིས་ཀས་ཕྱོགས་གཉིས་ཀའི་སྐད་ཡིག་ལ་བྱང་ཆུབ་པ་ཙམ་མ་ཚད་བསྒྱུར་བྱའི་གཞུང་དེའི་གོ་དོན་དཔྱིས་ཕྱིན་པར་ཤེས་མཁན་ཞིག་ཡིན།
གསུམ་པ་ནི།
དཔེར་ན་དཀོན་མཆོག་ལྟ་བུ་མཚོན་ན། ལེགས་སྦྱར་ཐོག་རཏྣ་ཞེས་པ་རིན་ཆེན་ཙམ་ལ་གོ་ཡང་། ང་ཚོར་སྐུ་དྲིན་ཅན་ལོ་པཎ་ཚོས་དགོངས་པ་རྒྱ་ཆེན་པོར་བཞེས་ནས་རིན་ཆེན་ཙམ་སྒྲ་ཐད་བསྒྱུར་བྱས་ན་ནུས་པ་དེ་ཙམ་མི་ལྡན་པར་དགོངས་ནས་དཀོན་མཆོག་ཅེས་བསྒྱུར་བ་ལྟ་བུ་དང་། དེ་བཞིན་དུ་དགེ་སློང་ལ་བྷིཥྐྱུ་ཞེས་པ་སློང་མོ་བ་ཞེས་པ་སྒྲ་ཐད་བསྒྱུར་མིན་པར་དགེ་སློང་ཞེས་པ་སོགས་དོན་བསྒྱུར་གྱི་ཐོག་ནས་གོ་དོན་གཏིང་ཟབ་ཡོད་པར་གཏན་འབེབས་བྱས་པ་དང་། དེ་བཞིན་དུ་བོད་ཀྱི་སྐད་ཡིག་ཐོག་མེད་པར་མི་ཚིག་གསར་བཟོ་དང་། ལེགས་སྦྱར་ཐོག་ཡོད་པའི་མིང་ཚིག་བོད་སྐད་ཐོག་འཚམ་པོ་མེད་པ་དེ་ཚོར་དོན་བསྒྱུར་བྱེད་པ་སོགས། མཐའ་ན་འགྱུར་ཕྱག་འཚལ་བའི་ཐད་ཚུན་ཆད་སྒྲིག་གཞི་དང་འགྲོ་ལུགས་ཡོད་པའི་ཐོག་ནས་བསྒྱུར་བ་ཞིག་རེད། ད་ལྟའི་སྐབས་ང་ཚོའི་བཙན་བྱོལ་ནང་དུ་གོང་གསལ་གྱི་དོན་ཚན་གསུམ་པོ་འདི་ཚང་ཐུབ་པ་འདུག་གམ།
ངས་ནི་མཐོང་ཐུབ་ཀྱི་མི་འདུག
ང་ཚོའི་བཙན་བྱོལ་ནང་དུ་དབྱིན་ཇི་དང་ལེགས་སྦྱར་བོད་སྐད་སོགས་སྐད་ཡིག་ཙམ་མ་ཚད་ནང་ཆོས་ཀྱི་གོ་རྟོགས་ལྡན་པའི་མཁས་དབང་མིང་དོན་ཚང་བ་གཅིག་ཡོད་པ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཁོང་རེད། འོན་ཀྱང་ཁོང་གིས་ཀྱང་དཔེར་ན་ཤེར་ཕྱིན་འགྲེལ་པ་སློབ་དཔོན་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་ལྟ་བུ་ཞིག་བསྒྱུར་དགོས་ན་ཚད་ལྡན་ཞིག་ཡོང་ཐུབ་ཀྱི་མ་རེད་ཅེས་ངས་ཐག་བཅད་ཐུབ། ངས་ཁོང་ལ་གུས་བརྩི་ཡོད་ལ། ཆེས་མཆོག་ཏུ་བཀུར་གྱི་ཡོད། དེ་འདྲ་ཡིན་དུས་ང་ཚོ་ལ་ཨ་སྒོར་ཇི་ཙམ་མཁོ་ནའང་ཐོག་མར་འདི་ཚོ་ཐོག་མནོ་བསམ་ལེགས་པར་གཏོང་དགོས་པ་མིན་ནམ། དེ་བཞིན་དུ་ཕྱོགས་གཞན་ཞིག་ནི་གལ་ཏེ་བསྒྱུར་དགོས་ནའང་སྔོན་གྱི་དུས་སུ་བཻ་རོ་ཙཱ་ན་སོགས་ཀྱིས་རྐང་མགྱོགས་བསྒྲུབས་ནས་ཤིང་རྟ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་རྣམས་ཁུར་ནས་རྒྱ་གར་གྱི་རྒྱལ་པོས་བཀའ་ཡིས་གནང་བ་མ་ཐོབ་པར་བརྟེན་བྲོས་ཡོངས་པའི་སྐབས་རྒྱལ་པོས་ཕོ་ཉ་གཏོང་ནས་གལ་ཏེ་ཟིན་ན་གསོད་ཅེས་པའི་བཀའ་ཕབ་པའི་ལོ་རྒྱུས་ཡོད་པ་བཞིན། ང་ཚོའི་ངོས་ནས་ཀྱང་དམའ་མཐའ་ས་ལ་ཆོས་ལུགས་བཞིའི་དབུ་འཛིན་རྣམས་ལྷན་འཛོམས་ཐོག་བཀའ་བགྲོས་ཞིབ་གནང་གིས་བཀའ་འཁྲོལ་ཐོབ་པ་དང་མོས་མཐུན་བྱུང་བ་ཞིག་དགོས་པ་ལས། གང་དྲན་ཅི་དྲན་བྱས་ན་འགྲིགས་སམ། གལ་ཏེ་བསྒྱུར་ཆོག་པའི་ཆོག་མཆན་ཐོབ་ནའང་ཐོག་མར་དེའི་སྟ་གོན་ནམ་སྔོན་འགྲོའི་ཆ་རྐྱེན་དུ་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ཆོས་ལུགས་བཞིའི་གདན་ས་ཁག་ནས་ཐོན་པའི་ནང་ཆོས་ཀྱི་གོ་རྟོགས་ལྡན་ཞིག་ཕྱི་སྐད་ཤེས་པའི་སློབ་ཐོན་པ་དག་གིས་རིགས་གཅིག་རྐང་འཛིན་བྱེད་ས་དང་། མིང་ཚིག་གཏན་འབེབས་བྱེད་སའི་བཤད་གྲྭའམ་ཆེས་མཐོའི་སློབ་གྲྭ་ཞིག་གསར་བཙུགས་གནང་ནས། ལོ་ཉི་ཤུའི་རྗེས་སུ་གཞི་ནས་བཀའ་བསྟན་ལ་ལག་པ་འཆང་ནས་ཚོད་བལྟ་ཞིག་བྱེད་ན་བསམ། རྣམ་པ་ཚོས་ཇི་ལྟར་དྲན་གྱི་འདུག
རིགས་ཀྱི་ཁྱོད་དེ་དེ་བཞིན་ནོ།།
ངས་ཀྱང་དེ་ལྟར་བསམ་ནས་ཡོད། ད་དུང་སྔོན་ནས་ད་བར་དུ་གྲོགས་པོ་ཚོར་ཡི་གེ་གཅིག་གི་དོན་ཡིན་ཀྱང་རང་གི་སྐད་ཡིག་ནང་དུ་ཚུར་སྒྱུར་ཨེ་ཐུབ་ལྟོས་དང་བོད་རང་གི་མི་རབས་རྗེས་མ་དང་། བོད་མི་རིགས་རང་གི་རིག་གཞུང་གི་ཆ་ཤོས་སུ་འགྱུར་འགྲོ་གི་རེད་ཅེས་མང་པོ་བཤད་མྱོང་།
གཞན་ཁྱོད་ཀྱིས་བཤད་པ་བཞིན་སྔ་མོའི་ལོ་ཙཱ་བ་རི་འདྲ་བ་དེ་ཚོས་བསྟན་བཅོས་ཆེ་མ་ཆུང་གསུམ་གང་ཡིན་ཀྱང་རང་གིས་བསྒྱུར་རྗེས་ལོ་པཎ་གང་མང་གི་སྤྱན་སྔར་བཀའ་བགྲོས་མང་དུ་མཛད་རྗེས་གཏན་ལ་ཕབས་སྐོར་ཁ་སྔོན་བློ་བཟང་ཤསྟྲིས་ཀྱང་བཅར་འདྲི་དང་ལེན་སྐབས་སུ་ལོས་བདེན་བསམ་སྤྱད་རེ་གསུངས་སོང་།
བཀའ་བསྟན་འདྲ་བའི་བསྟན་བཅོས་གཏིང་ཟབ་ཅིང་གྲངས་མང་བ་དེ་ཙམ་ཕྱིའི་སྐད་ཡིག་ཏུ་སྒྱུར་རྗེས། བཀའ་བསྟན་ལྟ་བུའི་བསྟན་བཅོས་གཏིང་ཟབ་ཅིང་གྲངས་ལོང་བ་ཞིག་བོད་ཡིག་ནང་དུའང་སྒྱུར་རྒྱུ་རེ་བ་སྙིང་ནས་ཞུ། བཀའ་བསྟན་ཕྱི་སྒྱུར་ཚོགས་ཆུང་ལགས།
བཀའ་བསྟན་ཕར་འགྱུར་ཡ་དེ་ང་ཚོས་ལས་འགན་མ་རེད། ནང་ཆོས་སྐད་ཡིག་གཞན་ཐོག་ཏུ་ཡོད་རྣམས་རང་སྐད་དུ་བསྒྱུར་རྒྱུ་དེ་སྐབས་སུ་བབ་པའི་མི་ཐོག་འདི་ཡི་ལས་འགན་རེད། བོད་པས་བོད་སྐད་སྦྱོང་ཡ་སློབ་དེབ་སྤྱི་མཐུན་གཅིག་ཀྱང་བཟོ་ཐུབ་མེད། བཀའ་འགྱུར་བསྟན་འགྱུར་ལ་ལག་པ་འཆང་རྒྱུ་དེ་ནི། གྲགས་སྟོང་གཅིག་དང་། དངུལ་ལོར་ལ་རྔམས་པ་ཅིག་ཡིན་པ་གསལ་པོ་མིན་ནམ་སྙམ།
གཙོ་བོ་འདི་དངུལ་བཟོ་སྟངས་ཞིག་རེད། རང་གིས་གསར་བ་ཞིག་འབྲི་མ་ནུས་ཙང་བཀའ་བསྟན་བསྒྱུར་རྒྱུ་དྲན་པ་རེད། ད་ང་ཚོས་རྩོད་དགོས་པ་བཀའ་བསྟན་གྱི་བདག་དབང་དེ་ཡིན་པ་རེད། བཀའ་བསྟན་བོད་སྐད་ཆོས་རྒྱལ་ཚོས་བོད་རྒྱལ་ཁབ་ཀྱི་གཞུང་གི་གསེར་དངུལ་གྱི་འགྲོ་སོང་བཏང་ནས་བསྐྲུན་པ་ཡིན་ཙང་པར་བསྐྲུན་དང་ཡིག་བསྒྱུར་གྱི་བདག་དབང་བོད་མི་མང་གི་གཞུང་གང་ན་ཡོད་ན་དེ་ལ་ཡོད་ཡོད་པ་བཤད་མ་དགོས་པ་རེད། དེའི་ཡོན་ཚང་མ་བོད་གཞུང་ལ་ཐོབ་དགོས་པ་དང་བོད་གཞུང་ལ་ཐོབ་པའི་དཔལ་འབྱོར་དེ་བོད་མི་རིགས་ཀྱི་སློབ་གསོ་དང་འཕྲོད་སོགས་ཀྱི་ཐོག་ཕན་པ་ཞིག་བྱེད་དགོས་པ་རེད། དང་པོ་བཀའ་བསྟན་དེ་བོད་ཡིག་ནང་བསྐྲུན་མཁན་དང་གསེར་དངུལ་གཏོང་མཁན་བོད་ཀྱི་རྒྱལ་བོ་རྣམས་ཡིན་པ་དང་། བོད་ཀྱི་རྒྱལ་བོ་རྣམས་ཀྱིས་བཏང་བའི་གསེར་དངུལ་དེ་དག་བོད་མི་རིགས་ཀྱི་ལག་ནས་ཞལ་འདེབས་དང་ཁྲལ་བསྡུས་ནས་བྱུང་བ་རེད། བྱས་བདག་དབང་བོད་མི་རིགས་ལ་ཡོད་པ་དང་། བོད་མི་རིགས་སྐུ་ཚབ་བོད་གཞུང་ཡིན་པ་རེད། བྱས་ཙང་དེའི་ཡོང་འབབ་ཚང་མ་བོད་གཞུང་ལ་ཐོབ་དགོས་པ་དང་། བོད་གཞུང་གིས་མཐར་ཐུག་གི་བདག་དབང་ཡོད་པའི་བོད་མི་རིགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ཐོག་སྨན་པ་ཞིག་བྱེད་དགོས་པ་རེད།
བོད་གཞུང་བྲོས་བྱོལ་འབྱོར་ནས་ལས་ཀ་སྣ་གཅིག་བྱས་ཡོད་པ་བོད་ཀྱི་རིག་གཞུང་གི་བང་མཛོད་ཕྱིའི་སྐད་ཡིག་གི་ནང་བསྒྱུར་སྒེར་ཚོའི་དཔལ་འབྱོར་ཆགས་པ་དེ་རེད། འདི་ལ་སྤྱི་རྒྱུ་སྒེར་ཟོས་རང་རེད། སྨན་རྩིས་ཁང་སོགས་ཀྱིས་སྤྱི་རྒྱུ་སྒེར་སྤྱོད་བྱེད་བཞིན་པ་བོད་མི་མང་གིས་ཤེས་དགོས་ཀྱི་འདུག རྒྱུད་བཞི་བསྐྲུན་དུས་འགྲོ་སོང་ག་ཚོད་བཏང་ཡོད་པ་རེད། རྒྱུད་བཞི་དབྱིན་སྐད་ནང་བསྒྱུར་ནས་བོད་མི་རིགས་ལ་ག་རེ་ཐོབ་ཡོད་པ་རེད།
དེ་དེ་བཞིན་ནོ། སྔོན་བྱོན་ལོ་པན་དག་གིས་རྗེས་སུ་རྙོབས་པའི་ལོ་ཙཱ་བ་ད་དུང་ང་ཚོའི་སྤྱི་ཚོགས་ནང་ན་ཅིག་ཅིག་དཀོན་པོ་ཡིན་པ་ དེ་ལས་སོ་སོའི་སྐད་ཡིག་་་་་་་
དེ་དེ་བཞིན་ནོ།། ང་ཚོ་བཙན་བྱོལ་བོད་མིའི་ཁྲོད་དུ་ནང་ཆོས་དང་དབྱིན་ཡིག་གཉིས་ཀྱིས་བཀའ་བསྟན་བསྒྱུར་ཐུབ་མཁན་དེ་འདྲ་འེ་ཡོད་དམ། ནང་ཆོས་དང་བོད་ཡིག་ལ་མཁས་པ་ཇེ་སྤི་རིའི་ཧབ་ཀིན་Jeffrey Hopkin.ལྟ་བུ་སོགས་ཕྱི་རྒྱལ་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བོད་ཀྱི་ཆོས་ཚིག་རེ་རེའི་སྟེང་གི་དགོངས་པ་མི་མཐུན་ཚུལ་ལ་བསམ་བློ་རེ་ཐོངས་དང་། ད་དུང་ངས་བལྟས་ན། བོད་ཀྱི་གཏམ་དཔེར། མགོ་མ་ཚོས་སྔོན་ནས་ལྕེ་རྙབ། ཟེར་བ་དེ་མིན་ནམ།
རེད།
བདེན་པ་རེད།
ཁྱེད་ཚོ་ཚང་མ་བདེན་པ་རེད།
ཞིང་པའི་བུ། གཅན་བཟོད་རྒྱམ། ཀ་རམ་པ་དང་སྟག་སྨྱོན་སོགས།
ཁྱེད་ཅག་གི་སེམས་ན་བོད་དང་། ཁྱེད་ཚོའི་སེམས་ན་བོད་མི་རིགས་འདུག་པ་མ་ཟད།
ཁྱེད་ཚོའི་ཤ་བོད་ཀྱི་ཤ་དང་། ཁྱེད་ཚོའི་ཁྲག་བོད་མིའི་ཁྲག་རེད། ཡིན་ཡང་།
སམ་བྷོ་ཊ་དང་འབེ་རོ་ཙ་ན་གཙོས། །
ཀ་ཅོག་ཞང་གསུམ་རིན་ཆེན་བཟང་བོ་སོགས། །
རྔུལ་ཁྲག་གི་ཐིག་པ་བསགས་ནས་བཀའ་བསྟན་གྱི་རྒྱ་མཚོ་བསྐྲུན་པ་དང་།
གསེར་དངུལ་གྱིས་བྲེ་ལ་འཇལ་ཏེ་བཀའ་བསྟན་གྱི་རི་བོ་བརྩིག་པ་རེད།
ད་དུང་། དེའི་ག་ལ་ཚད་་་་་འོན་ཀྱང་།
ལས་དང་སྙིགས་མའི་དུས་ཀྱི་ཡང་མཐའ་འདིར་་་་
་དམ་ཆོས་ཉི་མ་རི་བོའི་ཕག་དུ་ཡལ་་་
སྐྱེས་མཆོག་ལོ་པན་ཞིང་ཁམས་གཞན་དུ་གཤེགས་་
བོད་བསྒྱུར་སྲོལ་བཟང་ཉིན་མོའི་སྐར་མ་བཞིན། །
དེ་ཚོ་གཡུག་ཞོག
ཀླད་སྟོང་ལས་ངན་དུས་ལ་་
རྒྱལ་ཁབ་གཞན་གྱིས་ཟིན།
རྒྱལ་ས་རྒྱ་མིས་བཟུང་།
ལུང་པ་གཡུག་ནས་ཡོང་།
རིག་གཞུང་གཞན་ལ་བཙོང་།
རིན་ཆེན་ལག་ནས་ཤོར།
མཛུབ་མོ་ཁ་ལ་བཅུག
ལག་སྟོང་ཆན་ལ་བཙུར།
སྙིང་རྗེ་ཆེ་མདོག་གིས།
ཁ་ནས་འུར་སྟོང་སྒྲོག
མཐའ་མ་རྔ་མ་ལ།
ཅང་མེད་འདི་མེད་ཆགས། ཧཧཧཧཧ
བོད་མི་ཚོས་བྱེད་སྟངས་དང་ལས་དབང་འདྲ་སེ་མི་འདུག་གམ།
སྟག་སྨྱོན།
རྒྱལ་བའི་བཀའ་ལ་གྱེན་ལོག་བྱེད་མཁན།
རྒྱལ་གཅེས་མ་དངུལ་བསྡུ་མྱོང་མེད་མཁན།།
རྒྱལ་བའི་གསུང་རབ་ཤེས་མྱོང་མེད་མཁན།།
རྒྱལ་ཞེན་ལྷག་བསམ་མེད་པའི་སྟག་སྨྱོན།།
གནའ་བོའི་དུས་བཀའ་བསྟན་བོད་དུ་བསྒྱུར་བར་དཀའ་ངལ་མང་པོ་ཕྲད་ཡོད་པ་གསལ་པོ་རེད། འགྱུར་ཡག་པོ་བྱུང་མེད་པའང་གསལ་པོ་རེད། འགྱུར་ལ་གཅིག་གྱུར་བྱུང་མེད་པའང་གསལ་པོ་རེད། སྔ་མ་སྔ་མ་ཚོས་བསྒྱུར་བ་དེ་རྗེས་མ་རྗེས་མ་ཚོས་མགོ་མ་ཚོས་པར་འཐོམས་གཞིར་གྱུར་ཡོད་པའང་གསལ་པོ་རེད། དཀའ་ངལ་འདི་དག་གིས་རྐྱེན་པས་མིའི་བློ་དང་ཕག་གི་སྣ་ཟེར་བ་ལྟར།
ཡིག་བསྒྱུར་ལ་གཞི་འཛིན་སའི་རྩ་འཛིན་བྱེད་ས་ཞིག་བཟོས། དེ་ནས་འགྱུར་སྔ་མ་ཚོར་གསར་བཅད་དང་བསྒྱུར་བཅོས་རིམ་པ་བྱས་མཐར། མཐའ་མཇུག ད་ལྟ་ང་ཚོས་མིག་གི་མཐོང་ལམ་ན་ཡོད་པ་འདི་རེད། སྔོན་གྱི་འགྱུར་དང་ལོ་ཙྰ་བ་ཚང་མ་བླ་ན་མེད་པ་རྐྱང་ཡིན་པར་བཤད་པ་འདི་ལ་ཡིད་ཆེས་ཆ་ཚང་མེད།
བཀའ་བསྟན་དབྱིན་ཡིག་ལ་བསྒྱུར་རྒྱུ་ནི། བཀའ་བསྟན་བོད་ཡིག་ལ་བསྒྱུར་དུས་དང་མི་འདྲ་བར་ལས་སླ་པོ་ཡོད་པ་རེད། དབྱིན་ཡིག་ནི་འཛམ་གླིང་ཐོག་སྐད་ཡིག་ཐ་སྙད་ཕྱུག་ཤོས་དེ་ཡིན་པ་དང་། ཡིག་བསྒྱུར་ལའང་རྩ་བའི་འགྲོ་སྟངས་ཤིག་ཡོད་པ་རེད། ནང་ཆོས་ཀྱི་ཐ་སྙད་གཙོ་ཆེ་བ་ཁག་དབྱིན་ཡིག་ནང་དེ་སྔ་ནས་ཡོད་ཡོད་པ་རེད། ད་གཅིག་གྱུར་བྱེད་དགོས་པ་ཅུང་ཟད་རེ་ཡོད་པ་རེད་བསམས། འགའ་རེ་ལེགས་སྦྱར་གྱི་སྐད་སོར་བཞག་བྱས་ཡོད་པ་ལྟར་རེད། དེ་སྔ་བསྒྱུར་ཟིན་པ་རྣམས་ཀྱི་ཐོག་བགྲོ་གླེང་ཡག་པོ་གནང་ནས་ངེས་པར་བཅོས་དགོས་པ་ཚོ་བཅོས་ནས། ད་སྔ་བསྒྱུར་ཟིན་པ་རྣམས་གཞིར་བཞག་ནས་ཕྱིན་པ་ཡིན་ན་སྟངས་བདེ་བོ་ཡོད་པ་རེད།
བོད་ལ་སྔོན་མ་ཡི་གེ་ཁུངས་འཁྱོལ་ལ་མ་འཁྱོལ་བ་ཞིག་མ་གཏོགས་མེད་ཚོད་རེད། ཐ་སྙད་ཀྱི་ཕྱུག་ལོས་བཤད་ན་སྤྲང་པོའི་རྩམ་ཁུག་ནང་བཞིན་སྟོང་པ་རེད་དེ། ལོ་པཎ་དེ་ཚོས་དཀའ་ལས་དང་ཨུ་ཚུགས་རང་བརྒྱབས་ནས་ཡོང་པ་རེད།
ཕར་དབྱིན་ཡིག་ལ་བསྒྱུར་རྒྱུར་ཁྱེད་ཚོས་སེམས་ཁྲལ་མེད་ས་སེམས་ཁྲལ་བྱེད་དགོས་དོན་ཡོད་མ་རེད། དེ་བས་ཚུར་བོད་ཡིག་ལ་ཚིགས་བཅད་རྐང་པ་གཅིག་བསྒྱུར་ནའང་གཟབ་གཟབ་གནང་རོགས།
སྔོན་གྱི་ལོ་ཙ་བ་ཚོས་་་རང་གི་ཁྱིམ་གྱི་རྒྱུ་དང་ནོར་བཏང་། རང་གི་ལུས་ཀྱི་རྔུལ་དང་ཁྲག་བཏང་། རང་གི་སེམས་ཀྱི་དམིགས་པ་དང་འདུན་པ་ཡོད་ཚད་བཏང་། ཐ་ན་རང་གི་ཚེ་དང་སྲོག་ཡན་ཆད་བཏང་ནས་བཀའ་བསྟན་གཉིས་བོད་ཡིག་ཐོག་བསྒྱུར་པ་རེད།
ད་ལྟའི་བོད་མི་རིགས་ལ་མཚོན་ན་དེས་ལྷག་གི་བཀའ་དྲིན་ཞུ་ས་གཞན་ཅང་མེད། འདུག་གམ།
ག་རེ་ག་རེ་འདུག དེ་གཅིག་ཡིན།
མི་ཁག་ཅིག་གིས་སེམས་ཁྲལ་མེད་སར་སེམས་ཁྲལ་བྱས་ཙང་་་
ཡང་མེས་ནས་བསགས་པའི་རྒྱུ་ནོར།
འཛམ་གླིང་ན་དཀོན་པའི་ཤེས་བྱ།
རང་ལ་ཡོད་པ།
གཞན་ལ་མེད་པ།
བོད་ཡིག་གི་གཞི་རྟེན།
བོད་མིའི་སྲོག་རྩ། འདི་དག་གི་དོན་གྱི་གནད་ལ་མགོ་རྨོངས་སྟེ།
རང་གི་རིགས་ལ་ཕན་སེམས་རྟ་རྔ་ཙམ།
ཤེས་བྱ་ནང་འདྲེན་ཉིན་མོའི་སྐར་མ་ཙམ།
འབུལ་རྟེན་ཡོང་ཆུང་ངུ་་ཙམ་ཞིག་གིས།
འཁྲྲུལ་སྣང་བྱིས་བྱིས་བློའི་འདོད་རྔམ་ཡི་རེ་སྐྱོ། དེ་གཉིས་ཡིན།
་
སྔ་ཕྱི་མི་མཚུངས་པའི་གཏམ། ཚུར་ཚིགས་བཅད་རྐང་གཅིག་བསྒྱུར་བར་གཟབ་གཟབ་དགོས།
ཕར་བཀའ་བསྟན་གཉིས་བསྒྱུར་བ་ལས་སླ་བོ། ཧཧ། ཡེ་ཤི་ཆོས་ལུགས་སོགས་བོད་བསྒྱུར་རྣམས་ལ་གཟིགས་དང་། བོད་ཀྱི་ཐ་སྙད་ཀྱིས་མ་འདངས་བ་གང་དུ་མཆིས། དབྱིན་ཡིག་གྱི་ཐ་སྙད་ག་ཚོད་ཕྱུག་ན་བོད་ཀྱི་ཆོས་ཚིག་གི་ཐ་སྙད་དུ་མ་འདངས་བ་ག་ཚོད་འདུག
ཤ་ཟན་དམར་པོའི་འཁྱོགས་བཤད་དེ་བཀླགས་དུས། ངས་ནི་སློབ་དཔོན་སངས་རྒྱས་གཉིས་པ་དབྱིགས་གཉེན་མཆོག་བཞག་གནང་པའི་ཁ་ཆེམས་དེ་ལན་གཅིག་དྲན་བྱུང་།
སྟོན་པ་འཇིག་རྟེན་མིག་ནི་ཟུམས་གྱུར་ཅིང་།།
དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།།
དེ་ཉིད་མ་མཐོང་རང་གར་སྤྱོད་པ་ཡིས།།
ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།།
ཤ་ཟན་དམར་པོའི་འཁྱོགས་བཤད་དེ་བཀླགས་དུས། ངས་ནི་སློབ་དཔོན་སངས་རྒྱས་གཉིས་པ་དབྱིགས་གཉེན་མཆོག་གིས་བཞག་གནང་པའི་ཞལ་ཆེམས་དེ་ལན་གཅིག་དྲན་བྱུང་།
སྟོན་པ་འཇིག་རྟེན་མིག་ནི་ཟུམས་གྱུར་ཅིང་།།
དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།།
དེ་ཉིད་མ་མཐོང་རང་གར་སྤྱོད་པ་ཡིས།།
ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།།
བཀའ་བསྟན་སྒྱུར་བར་ཐུགས་བློ་ཚབ་འབྱུང་བར་བདེན་པ་ཡིན་ཤས་ཆེ། འོན་ཀྱང་བཀའ་འགྱུར་བསྒྱུར་རྒྱུའམ་བཙོང་རྒྱུ་ཞེས་པའི་རྗོད་བྱེད་ཚིག་རྩུབ་འདི་ནི། གཞན་ལ་གནོད་པའི་ཚིག་ཏུ་མཐོང་། བདག་ཅག་གིས་ཚིག་རྩུབ་སྨྲ་བ་སོགས་སྤངས་ཏེ། བོད་གངས་ཅན་པའི་སྐད་ཡིག་སོགས་རིག་གཞུང་སྲུང་སྐྱོབ་ལ་བརྩོན་དགོས། ད་ལྟ་བོད་ཀྱི་སྐད་ཡིག་ཆེས་ཆེར་མ་ཉམས་པའི་དུས་འདི་རང་ལ་སྐད་རིགས་གཞན་དུ་སྒྱུར་བ་དེ་ཡིས་བོད་སྐད་ཡིག་གཞུང་ལུགས་ལ་ཕན་པ་མ་གཏོགས་གནོད་པར་མ་མཐོང་། དཔེར་ན། སྔོན་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་རྒུད་དུ་འགྲོ་དུས་རྒྱ་གར་དང་བོད་ཀྱི་སྒྲ་སྒྱུར་བ་དག་གིས་གཞུང་མང་པོ་བོད་སྐད་དུ་བསྒྱུར། དེ་དག་ལ་འགྱུར་བཟང་བ་དང་མི་བཟང་བ་སྣ་ཚོགས་པ་ཡོད་པ་ཐོས། དཔེར་ན། འཆི་མེད་མཛོད་ལ་མཚོན་ན། སྔར་ཡར་ལུང་པ་གྲགས་པ་རྒྱལ་མཚན་དང་། དེའི་འགྲེལ་པ་ཞ་ལུ་ལོ་ཆེན་གྱིས་བསྒྱུར་པ་དག་ཕྱིས་སི་ཏུ་པཎ་ཆེན་གྱིས་གཟིགས་པ་ན། ཚིག་དུ་མ་ཞིག་ནོར་ནས་བསྒྱུར་པ་འདི་དང་འདི་ནོར་ཞེས་འབྲི་ན་གཞུང་དཔེ་ལས་མང་བ་ཆགས་པ་འདུག་གསུངས་ཏེ་གསར་དུ་གཞུང་ཡོངས་རྫོགས་རང་གིས་བསྒྱུར། འོན་ཀྱང་སྔར་གྱི་་སྒྲ་སྒྱུར་པ་དེ་དག་གིས་བསྒྱུར་མེད་ན། གཞུང་འདི་དག་ལ་ཐོས་བསམ་བྱེད་པའི་སྐབས་མི་སྲིད་གསུངས་ཤིང་ནོར་ནས་སྒྱུར་བ་པོ་དག་ལའང་གུས་བཀུར་ཆེན་པོ་མཛད། བོད་ཀྱི་སྐད་ཡིག་དང་གཞུང་ལུགས་སྦྱངས་པ་དག་གིས་ལེགས་པར་སྒྱུར་ཐུབ། བདག་དང་བདག་ལྟ་བུ་རང་གི་སྐད་ཡིག་སྦྱོང་བ་ལ་འབད་པ་མི་བྱེད་པ་དག་གིས་སྐད་རིགས་གཞན་དུ་བོད་གཞུང་སྒྱུར་བའམ་གཞན་སྒྱུར་བ་པོ་ལ་གྲོགས་བྱེད་མི་ཐུབ་པར་མ་ཟད་གཞན་བྱེད་པ་པོ་དག་ལ་ཡང་ཕྲག་དོག་བྱེད། སྔར་གྱི་རིག་གཞུང་སྐད་ལས་རང་གི་ཁ་ནས་གང་འཐོན་པའི་ཚིག་དེ་གཙོ་བོར་བཟུང་སྟེ། བཀའ་བསྟན་གྱི་དཔེ་ཆ་རྣམས་སུ་སྔར་གྱི་ཚིག་དག་ལ་ལྷད་བརྒྱབས་ཏེ། བཀའ་བསྟན་དཔེ་ཆ་དག་ན་ཚིག་མ་དག་པ་མང་པོ་ཡོད་འདུག རང་རེས་གཞན་ལ་སྐྱོན་བརྗོད་པ་ལས་རང་སྐད་ལེགས་པར་སྦྱངས་ཏེ། ཡིག་ནོར་དེ་དག་སེལ་བ་ལ་འབད་ན་མི་ལེགས་སམ། གཞན་ལྟ་ཅི། བདག་ཅག་ཆོས་ལུགས་པ་ཚང་མས་གཟིགས་པའི་དཔེ་ཆ་སྤྱོད་འཇུག་ལེའུ་བརྒྱད་པའི་ཚིགས་བཅད་བདུན་ཅུ་པ་ན།
རུས་གོང་འབའ་ཞིག་མཐོང་ནས་ནི།
དུར་ཁྲོད་དུ་ནི་ཡིད་འབྱུང་ན།
གཡོ་བའི་རུས་གོང་གིས་ཁྱབ་པའི།
གྲོང་གི་དུར་ཁྲོད་ལ་དགའ་འམ།། ༧ །།
ཞེས་པ་ཕལ་ཆེར་དཔེ་ཆ་ཚང་མ་ན་ཡོད་པ་འགྲིག་འདུག་གམ། གལ་ཏེ་འཐད་དམ་མི་འཐད་དབྱེ་བ་འབྱེད་མ་ཐུབ་ཚེ། ལེགས་སྦྱར་ཤེས་པ་དག་གིས་ལེགས་སྦྱར་རྩ་བ་དང་། འབྲས་བློ་གླིང་སྤར་མ་དེབ་འཕྲེང་བཅུ་གཉིས་པ་ན་ཡོད་པའི་དཀྱིལ་ཟུར་བློ་བཟང་སྦྱིན་པའི་སྤྱོད་འགྲེལ་པ་ཤོག་གྲངས་༢༦༠པར་བལྟ་དགོས་པ་དང་། རང་རེས་རང་སྐད་བོད་ཡིག་ལེགས་པར་སྦྱང་དགོས་སོ། །
ཧ་ཧ། ད་ཤ་ཟན་གྱིས་གད་མོ་སློང་གི་འདུག དཔྱིན་ཡིག་ཕྱུག་པས་བོད་ཡིག་ལྟར་དཀའ་ངལ་མི་འཕྲད་ཟེར། མི་འདིས་དབྱིན་ཡིག་མི་ཤེསཔ་ཙམ་དུ་མ་ཟད་ཆོས་ཚིག་ལ་ཆ་རྒྱུས་རྩ་བ་མེད་པའི་རྟགས་ངོ་མ་དེ་སྟོན་འདུག ནང་ཆོས་བསྒྱུར་སྐབས་དབྱིན་ཡིག་ནང་ཐ་སྙད་འོས་མཚམས་ཆེས་དཀོན་པོ་ཡིན་པ་ཟད། ལྷག་དོན་རྒྱུད་སྡེའི་སྐོར་དངད་སངས་རྒྱས་ཀྱི་སའི་ཡོན་ཏན། སངས་རྒྱས་སྟོང་རྩའི་མཚན་གྱི་རྣམ་གྲངས། རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་མཚན་སོགས་དབྱིན་ཡིག་ནས་ལྡེང་ངེས་བཞིན་པ་ཞིག་མེད་སྟབས་ལེགས་སྦྱར་གྱི་སྒྲ་རང་སོར་བཞག་སྟེ་སྒྲ་བསྒྱུར་ཙམ་ཞིག་ལས་དོན་བསྒྱུར་ད་བར་ཐུབ་མེད། འོན་ཀྱང་ཞིང་པའི་བུས་འདྲེ་ཡི་དབྱིན་ཡིག་ལ་བསམ་བློ་གཏོང་གི་ཡོད་ན་མ་གཏོགས་མིས་སྤྱོད་བཞིན་པའི་དབྱིན་ཡིག་འདིས་ལྡེང་གི་མེད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད།
ཤ་གཟན་དམར་པོ་ཡིན་ན་འདིའི་དབྱིན་ཡིག་གི་ཤེས་ཚད་ལས་ཀྱང་སྐྱོ་བ་ཡིན་ས་རེད། དེ་མིན་སྐད་ཆ་འདི་འདྲ་ཞིག་བཤད་མི་དཔེ། དབྱིན་ཡིག་གི་ཐ་སྙད་ཕྱུག་གླེང་མཁན་ཁྱོད་མ་གཏོགས་ད་བར་དུ་བྱུང་མ་མྱོང་། ལྷག་པར་ནང་དུ་ནང་བསྟན་ཀྱི་ཐ་སྙད་དག་དབྱིན་ཡིག་གི་སྒྱུར་སྐབས་ཚིག་ཇི་བཞིན་དུ་ཡོང་དཀའ་བ་དང་བོད་ཡིག་གི་ཚིག་དོན་ཇི་བཞིན་སྒྱུར་བར་དབྱིན་ཡིག་ལ་ཚིག་གིས་མི་འདང་བར་ཚིག་གསར་པ་མང་པོ་བཟོ་དགོས་རབས་སོགས་ལོ་ཙཱ་བྱེད་མཁན་ཚོས་ཁ་ན་རླུང་ལྟར་གྲགས་འདུག་པ་མ་ཡིན་ནམ། ཁྱོད་འདི་རང་གི་དབྱིན་ཡིག་སྐྱོ་ཁར་གཞན་གྱིས་ཅི་ཟེར་ལའང་རྒྱུས་མངའ་ཙམ་མེད་པ་འདྲ།
བཀའ་བསྟན་བཙོང་གི་ཡིན་མིན་གྱི་སྐོར་དེ་ཡང་སྐད་ཆའི་བཤད་ཕྱོགས་ཙམ་ལས་དོན་ལ་གཅིག་ལ་རེད། སྒོར་མོ་སུའང་དགོས་པ་རེད་ལ། བཀའ་བསྟན་དབྱིན་སྒྱུར་བྱེད་པོ་དག་ལའང་སྒོར་མོ་མི་དགོས་པར་རིན་མེད་དུ་སྒྱུར་མི་སྲིད། ངས་གོང་དུའང་རང་གི་བསམ་ཚུལ་ཞིག་ཞུས་ཟིན་པ་ཡིན། ད་དུང་ཡང་གོང་གི་རེ་བ་དེ་ལྟར་བསྐྱར་ཞུ་བྱས་པ་ཡིན། བཀའ་བསྟན་དབྱིན་སྒྱུར་གནང་གྲུབ་རྗེས་སུ། བཀའ་བསྟན་ལྟ་བུའི་གཞན་གྱི་བསྟན་བཅོས་ཀྱི་གྲངས་དང་དོན་ཡོད་པ་ཞིག་བོད་ཡིག་ནང་དུའང་སྒྱུར་རོགས་གནོངས། འདི་ཁྱོད་ཚོས་བཀའ་བསྟན་གཞན་བརྒྱུར་གྲུབ་རྗེས་ཀྱི་ལས་ཀ་དང་པོ་དེ་བྱོས། དེ་ལྟར་ན་གཅིག་ཚབ་གཅིག་གིས་ལོངས་ཀི་རེད། དེ་མིན་རང་གི་དངོས་པོ་རྩ་ཆེན་ལ་རིན་དོད་བླངས་ནས་ཕར་བཙོང་བ་ལས་ཚུར་ནི་ཅི་ཡང་ཉོ་ཐུབ་མེད་པ་ཡང་ས་རུས་ཐང་གསལ་རེད་ཅེས་ཞུ།
དོན་དངོས་མ་བཤད་ན་དེའི་སྐོར་ལས་ཀ་གཙོ་བྱེད་མཁན་ནི་ཝ་ན་བོད་ཀྱི་ཆེས་མཐོ་སློབ་གཉེར་ཁང་རད།
ཁོང་ཚོས་བོད་ཆོས་རྣམས་སང་སི་སྐད(sanskrit)་བསྒྱུར་ནས་རྒྱ་གར་རོགས་པ་བྱེད་ཀྱིན་ཡོད། ཁོང་ཚོ་རྒྱུས་ལོན་རེ་བྱོས་དང་དེ་ནས་ཧ་གོ་ནི་རེད།
ཨེ་བི་བི་སི་ལགས།
འོན་ཀྱང་ཞིང་པའི་བུས་འདྲེའི་དབྱིན་ཡིག་ལ་བསམ་བློ་གཏོང་གི་ཡོད་ན་མ་གཏོགས་ཅེས་ང་ལ་གང་བྱས་བཀའ་བཀྱོན་བཏང་པ་ཡིན་ནམ།
འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན། ཆུང་དུས་སྐད་ཆ་འདི་འདྲ་ཞིག་གོ་མྱོང་།
བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་ཁག་དང་། སློབ་གྲྭ་ཁག དཔེ་མཛོད་དང་དཔར་བསྐྲུན་ཁང་། ཤེས་ཡོན་གྱི་སྡེ་ཚན་ཁག་སོ་སོ་ན་ཝ་ནར་ནས་ཐོན་པའི་ཐོན་རྫས་སྤུས་ལེགས་རིགས་ད་སྔ་མཐོང་རྒྱུ་དཀོན་པོ་ཆགས་ཡོད་པ་དེ་ག་རེ་ཡིན་ནམ།
འོ་ན་ཁོ་ཚོས་གོ་བསྡུར་ཙམ་མི་བྱེད་པར་བོད་མི་རིགས་སྤྱིའི་རྒྱུ་ནོར་རྩ་ཆེ་ཤོས་དེ་ལ་གང་བྱུང་མང་བྱུང་གིས་ལག་པ་འཆང་རྩིས་དྲན་པ་དེ་གནད་གང་ལ་ཐུག་པ་རེད་དམ།
ལྟོ་འདོད་རེད་དམ། མཁས་འདོད་རེད། ཡང་ན་གྲགས་འདོད་རེད།
ནང་ནོར་ཕྱིར་འདོན་བྱེད་རྒྱུ་ལ་བྲེལ་བ་མ་རེད་དམ།
ངས་དྲང་པོར་བཤད་ན། བོད་ནང་དུ་ཚོང་པ་རྒྱག་པ་དེ་ཚོས་སྐུ་རྟེན་རྩ་ཆེན་དེ་ཚོ་ཕལ་ཆེར་བཙོང་ཟིན་ནས།
དེང་སང་དུར་ཁྲོད་དང་། མཆོད་རྟེན། བང་སོ་རྙིང་པ་དེ་ཚོ་གཏོར་ནས་ནང་ལོག་ཏུ་སྐུ་རྟེན་རྙིང་པ་རགས་པའི་རེ་བྱས་བཞིན་ཡོད་རེད།
བཙན་བྱོལ་དུ་དབང་བསྐུར། ཆོས་བཤད། འཆམས་འཁྲབས། གཅོད་གཏོང་། གཏོར་མ་བཙོང་། བུམ་པ་བཙོང་བ་ཐམས་ཅད་བྱས་ཟིན་ནས་ད་བཀའ་བསྟན་གཉིས་གཅིག་པུར་ཐུག་ཡོད་པ་རེད།
དེ་ཚར་ན་ལག་པས་ལག་པ་བཅངས་ནས་འདུག་རྒྱུ་རེད། བོད་པ་ཚང་།
ཞིང་པའི་སྐུ་ཚབ་ལགས། ཁྱེད་ལ་ཚོགས་གཏམ་ག་ནས་གཏོང་ཕོད། དགོངས་འགལ་ཁྱོན་ནས་མེད་པ་ཞིག་མཁྱེན། ངས་ཤ་ཟན་དམར་པོ་ཞེས་པ་དེར་བཤད་པ་ཡིན། ཤ་ཟན་དང་ཞིང་པའི་བུ་གཉིས་ནོར་འདུག ཤ་ཟན་ཞེས་པ་འདིས་དབྱིན་ཡིག་གི་ཐ་སྙད་ཕྱུག་པོ་ཡོད་སྐོར་བཤད་ཙང། ཁོ་ལ་དམིགས་ཏེ་བཤད་པ་ཡིན། ཞིང་པའི་བུས་ལས་ཀ་རླབས་ཆེན་མཛད་འདུག་པར་ཐུགས་རྗེ་ཆེ་ཞུའོ། །ལར་ནས་བོད་ཀྱི་བཀའ་བསྟན་རྣམས་ཀྱི་དཔར་སྐྲུན་བདག་དབང་དེ་སུ་ལ་ཡོད། བོད་གཞུང་ངམ་སྒེར་པ་སུ་ཞིག་ལ་ཡོད། བོད་གཞུང་ཆོས་རིག་ལྷན་ཁང་ཞེས་པ་འདི་གཉིད་ཁུག་པ་རེད་དམ། ཆོས་རིག་ལྷན་ཁང་ཞེས་པ་འདི་ཕན་མེད་རེད་འདུག ཆོས་རིག་ལྷན་ཁང་གི་མི་འདི་རྣམས་ལ་ལས་ཀ་འདི་ཡིན་ཞེས་པ་ཞིག་མེད་པ་འདྲ། ད་དུང་དགེ་སློང་མ་ཞེས་པའི་སྐོར་ལ་ཆོས་རིག་ཞེས་པ་འདི་ནས་ཐེ་བྱུས་བྱེད་ཀྱི་ཡོད་བཟོ་རེད། ཁོ་ཚོར་ལས་ཀ་མེད་ཙང་འདི་ལྟར་བྱེད་ཀྱི་ཡོད་བཟོ་རེད། མགོ་རུལ་བ་ཤངས་ཀྱིས་མ་ཚོར་བ་གང་ཡིན་ནམ། འོ་ན་ལག་པ་སུ་རིང་ཡིན་ནམ། དངོས་གནས་ང་ཚོ་ཚང་མ་ཀླད་མེད་རེད་འདུག ཆུང་ཙག་ལ་བདག་དབང་དང་བདག་དབང་ཞེས་རྩོད་པ་རྒྱག་པ་ལས་རྩ་ཆེའི་གཅེས་ནོར་གཅིག་པུ་གཞན་ལ་འཚོང་གི་ཡོད་པ་ད་དུང་ཡང་ཤེས་ཀྱི་མི་འདུག བཀའ་བསྟན་དཔར་སྐྲུན་བདག་དབང་བོད་གཞུང་ལ་མི་དགོས་ན་ང་ལ་སྤྲོད་རོགས་ཞུ་རྒྱུ་ཡིན། རྫོང་གསར་མཁྱེན་བརྩེ་ཞེས་པ་འདི་ལག་པ་རིང་ཤོས་ཞིག་རེད་འདུག བོད་ཀྱི་ལོ་རྒྱུས་ཐོག་གི་ནག་ཅན་པ་ཞིག་ཆགས་རྒྱུར་ཞེད་སྣང་སྐྱེ་གི་མེད་པ་འདྲ།
ངས་གོ་ཐོས་ལ་བོད་ནང་དུ་བྱེད་རྒྱུ་མང་ཞིང་རྒྱ་སྒོར་ལ་དགའ་བ་འགས་འཇོན་མདོག་བྱས་ནས་བོད་ཀྱི་སྨན་ཡིག་རྒྱུད་བཞི་རྒྱ་ཡིག་ནང་དུ་བསྒྱུར་བ་ལ་བརྟེན་ནས།
དེང་སང་རྒྱ་འདྲེ་དམར་པོ་ཚོས་དེ་ཉིད་བེད་སྤྱོད་བཏང་ནས་སྨན་འདྲ་མིན་བཟོ་ནས་ཕྱི་ལ་འཚོང་གི་ཡོད་རེད་ཟེར།
དེ་ནས་རྗེས་སུ་མང་ཚོགས་ནས་བོད་ཞེན་ཅན་མང་པོ་ཞིག་གིས་ཁོ་ཚོར་སྐྱོན་བརྗོད་བྱས་པ་རེད་འདུག་ཀྱང་འཕྱིས་ཚར་བ་རེད།
ད་ནི་བོད་སྨན་ཕལ་ཆེར་རྒྱ་འདྲེ་དམར་པོ་ཁོས་ཚོས་བཟོས་ནས་ཕྱི་འདྲེན་ནང་བཙོང་ཐམས་ཅད་བྱེད་པ་ལས་བོད་སྨན་ཁང་ཕལ་ཆེར་སྒོ་བརྒྱག་གྲབ་ཡོད་པ་འདྲ།
ཧ་ཧ་ཞེས་གད་མོ་དགོད་དགོས་ཀྱི་རེད་དམ།
ཧུང་ཧུང་ཟེར་ངུ་དགོས་པ་གཅིག་བཟོས་འདུག
ཞིབ་ཏུ་འདང་ཞིག་རྒྱོབས་དང་།
གཅན་བཟོད་རྒྱམ་གྱིས་བསམ་ཚུལ་འདི་ནི།
མ་འོ་ཀྲུ་ཞི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་པའི་རྒྱ་དམར་གྱི་འབོད་ཚིག་དང་གཅིག་གྱུར་རེད།
འགྲུབ་རྒྱུ་མེད་པའི་སྐད་ཆ།
ཁོ་ཚོས་བཀའ་བསྟན་བསྒྱུར་བའི་ལས་ཀའི་དུས་ཡུན་ལོ་བརྒྱ་བཤད་ཀྱི་ཡོད་རེད།
དེའི་རྗེས་སུ་གཞི་ནས་ཁོ་ཚོས་བོད་སྐད་དུ་ཅི་ཅི་གཉིས་གཉིས་བསྒྱུར་རོགས་ཟེར་ན་ཆོ་གང་འདུག་པས།
དངོས་གནས་ཁྱེད་རྣམས་ཀྱི་བཀའ་བསྟནགྱི་བདག་དབང་སུ་ལ་ཡོད་མེད་གླེངས་བར་ཡིད་རངས་ཆེན་པོ་ཞུ་གི་ཡོད་། ཕ་བཟང་པོའི་ནོར་སུས་ཁྱེར་ཆོག་ཆོག་དང་འཚོང་རྫས་བྱས་ཆོག་ཆོག་དེ་འདྲ་གང་ིན་ནམ་་་ །་ཡིད་སྐྱོ་བ་ལ་་་་་
བཀའ་བསྟན་དབྱིད་སྐད་ལས་སོགས་གཞན་སྐད་དུ་བསྒྱུར་རྒྱུའི་ལས་འཆར་འདི་དག་དངུལ་བསྡུ་རུབ་ཀྱི་ཆེད་དུ་རང་རེད།
ངས་སྔོན་མ་ནས་བཤད་ཟིན།
བོད་སྐད་བོད་ཡིག་གཅེས་གཉེར་གནང་དགོས་ན་རྒྱལ་བའི་གསུང་རབ་རྣམས་བོད་སྐད་རང་དུ་འཇོག་རོགས།
དངུལ་དགོས་པ་ཡོད་ན་འཇིག་རྟེན་ལུགས་མཐུན་གྱི་ཚོང་རྒྱོབ།
དབྱིན་སྐད་ལས་སོགས་གཞན་སྐད་དུ་བསྒྱུར་ན་ནང་ཆོས་ཀྱི་བླ་མ་སྐད་འགྱུར་ལས་སོགས་ལ་དངུལ་འབྱུང་རྩ་མེད་རེད།
དེ་ཡིས་ད་ལྟ་བླ་སྤྲུལ་དགེ་བཤེས་སོགས་ཀྱི་བོད་པའི་སྤྱི་ཚོགས་ནང་ལ་དངུལ་གྱི་ཐོག་ནས་ཕན་ཐོགས་གང་མཚམས་ཡོད་པ་དེ་དག་མེད་པ་ཆགས་རྒྱུ་རེད།
དེ་ནས་དྷ་རམ་ས་ལའི་ཡོང་སྒོ་བརླག་ཚར་པ་རེད།
དེ་ནས་བོད་སྐད་བོད་ཡིག་བརླག་ཚར་བ་རེད།
དེ་ནས་བོད་བརླག་ཚར་བ་རེད།
དེ་ནས་ནང་ཆོས་སྦྱོང་བར་ཕྱི་རྒྱལ་དུ་འགྲོ་དགོས་ངེས་རེད།
དཔེར་ན།
ཨུ་རུ་སུ་བ་ཞིག་ཝར་ན་ནས་བོད་ཀྱི་ཐང་གི་རི་མོ་སྦྱང་སྟེ་ཕྱིར་ལོག་མཚམས་ད་ལྟ་ཁོ་རང་གིས་བོད་པའི་ཐང་ཀ་བྲིས་ཏེ་ཨུ་རུ་སུར་ཐང་ཀའི་ཚོང་ཆེན་པོ་རྒྱབ་དང་བཞིན་པར་མ་ཟད།
ཕྱི་རྒྱལ་བ་མང་པོ་ཞིག་གིས་ཁོ་ཡི་དྲུང་ནས་བོད་ཀྱི་རི་མོ་སྦྱོང་བསྡད་པ་མང་པོ་ཡོད་འདུག
ངས་བསམ་ཚུལ་ཞིག་ཤོད་འདོད་བྱུང་། བཀའ་བསྟན་དབྱིན་ཡིག་ནང་ཕབ་སྒྱུར་བྱེད་པ་དེ་མི་མང་པོས་བོད་གཞུང་དང་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད་མདོག་མདོག་བྱེད་མཁན་དེ་འདྲ་འདུག
དེ་འདྲ་གཏན་ནས་མ་རེད། ༸རྒྱལ་བ་རིན་པོ་ཆེས་སྔ་ཕྱི་བར་གསུམ་དུ་བོད་སྐད་ཡིག་སྲུང་སྐྱོབས་དང་བོད་ཡིག་ནང་མེད་པའི་ཤེས་རིག་ཁག་སྐད་ཡིག་གཞན་ནས་ཕབ་སྒྱུར་བྱ་དགོས་པར་བསྐུལ་མ་གནང་གི་ཡོད། བཙན་བྱོལ་བོད་གཞུང་གིས་ཀྱང་ཤེས་ཡོན་སྲིད་ཇུས་གསར་དུ་བཟོས་ནས་བསླབ་གཞི་ཡོད་ཚད་བོད་སྐད་ཡིག་ཐོག་ཕབ་སྒྱུར་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་འདུག བཀའ་བསྟན་བོད་སྐད་ནང་བསྒྱུར་ཞེས་པ་དེ་འདྲ་གྲོས་ཚོགས་ནང་སླེབས་མ་སོང་ལ་བཀའ་ཤག་ལ་ལས་འཆར་དེ་འདྲའང་གཏན་ནས་མི་འདུག འོ་ན་༸རྒྱལ་བ་རིན་པོ་ཆེས་པཱ་ལི་སྐད་ཐོག་ཡོད་པའི་བཀའ་བསྟན་བོད་སྐད་ནང་སྒྱུར་གསུངས་པ་དེ་ལ་ད་ལྟའི་བཀའ་སྟན་འཚོང་མཁན་མི་འདི་ཚོས་བཀའ་བརྩི་མ་ལེན་པ་གང་ཡིན་ནམ། བཙན་བྱོལ་སློབ་གྲྭ་ཁག་གི་སློབ་དེབ་ཚང་མ་ཕབ་སྒྱུར་བྱ་རྒྱུར་ལྷག་ཡོད་པས། དེ་ལ་ཁྱོད་ཚོས་དྭངས་བླངས་དོན་ནས་ལག་པ་མ་འཆངས་བ་གང་ཡིན་ནམ།
ཡིག་སྒྱུར་འགན་འཛིན་ཡིན་ཟེར་མཁན་གྱི་མི་དེས་བཀའ་བསྟན་སྐད་ཡིག་གཞན་ཐོག་བསྒྱུར་ན་གཞན་ལ་ཕན་ཐོགས་ཀྱི་རེད་ཅེས་བཤད་སོང་། བྱས་ན་བོད་སྐད་ཡིག་ཐོག་ནས་བཀའ་བསྟན་གྱི་དགོངས་པ་འགྲེལ་ན་དེས་ཕན་མི་ཐོགས་པའི་སྒྲུབ་བྱེད་གང་དུ་ཡོད། ལར་ནས་བཀའ་བསྟན་སྒྱུར་བ་དེ་སུའི་ཆེད་དུ་རེད། མི་རྒྱུ་དུས་གསུམ་བེད་སྤྱོད་བཏང་ནས་མཐའ་མ་བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་ག་རེ་ཐོགས་ཀྱི་རེད། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་ཞེས་འཛམ་གླིང་ལ་ངོམས་རྒྱུ་ཡོད་པ་དེ་ཁྱོད་ཚོས་ཨ་སྒོར་འགའ་རེའི་དོན་དུ་བརྗེ་རྒྱུ་ཡིན་ནམ། བོད་ཀྱི་ལོ་པན་བཀའ་དྲིན་ཅན་རྣམས་དང་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་རྣམས་ལ་ངོ་མི་ཚའམ། རྒྱ་མིས་བོད་ཀྱི་ལྷ་སྐུ་རྐུ་འཚོང་བྱེད་ཀྱི་འདུག་ཅེས་ང་ཚོས་གཤེ་གཤེ་ག་ཚོད་གཏོང་གི་ཡོད། ད་ཁྱོད་ཚོས་རྒྱལ་བའི་གསུང་བཙོང་ན་ང་ཚོས་ཚིག་གང་གིས་སྡིག་དགོས་རེད། མ་གཞི་ནས་ལས་དོན་འདིར་ཆོས་རིག་ལས་ཁུངས་ནས་བཀའ་ཁྲོལ་དགོས་ངེས་རེད། ཁྱོད་ཚོའི་ཚོགས་ཆུང་ཟེར་བ་དེས་དེ་འདྲའི་འགྲོ་སྟངས་ཤིག་ཤེས་ཨེ་བྱུང་། བོད་སྐད་ཡིག་ནང་བྱིང་པའི་སྒྲུང་དེབ་ཙམ་སྒྱུར་མཁན་ཉུང་བའི་དུས་འདིར་བཀའ་བསྟན་སྐད་ཡིག་གཞན་ནང་ཕན་ཀྱི་ཡིན་ཞེས་པ་འདི་ནི་མི་རིགས་འདིར་མཐོང་ཆུངས་བྱེད་པའི་རྣམ་པ་ཞིག་ལས་གཞན་ཅི། མ་གཞི་ནས་ཁྲིམས་དང་བཟང་སྤྱོད་གང་གི་ཆ་ནས་ཁྱོད་ཚོས་ལས་ཀ་འདི་བརྩམས་པའི་འོས་བབ་མེད།
བཅོས་
བྱིང་་་་་བྱིས་
ཕན་་་་་ཕབ་
༡༽ བཀའ་འགྱུར་བསྟན་འགྱུར་གྱི་འགྱུར་དབང་དེ་སུ་ལ་ཡོད་རེད། འགྱུར་དབང་དེ་མི་སྒེར་དང་ཚོགས་པ་ཚང་མ་ལ་ཡོད་པ་ཡིན་ནམ།
༢༽ བཙན་བྱོལ་སྐྱིད་སྡུག་གི་ཆོས་དོན་ལས་ཁུངས་ཟེར་བའི་ཡིག་ཚང་གང་གི་ཆེད་དུ་བཙུགས་པ་ཡིན་ནམ།
༣༽ འབྲུག་རྒྱལ་ཁབ་ལ་འགྱུར་དབང་ཡོད་དམ་མེད།
༤༽ སོག་པོ་དང་ལ་དྭགས་སོགས་ལ་འགྱུར་དབང་གི་ཐོབ་ཐང་ཅིག་བསམས་མི་དགོས་སམ།
༥༽ བསྒྱུར་ཚར་ན་ནང་ཆོས་ཆེད་དུ་བོད་ཡིག་བོད་སྐད་མི་དགོས་པ་ངེས་པ་རེད། ད་བོད་སྐད་སྦྱོང་རྒྱུ་ཞོག་ཞེས་དོན་ལ་ཁས་བླངས་སོང་བ་རེད། ད་ནས་བོད་རིགས་ཀྱིས་ནང་ཆོས་འཛིན་མི་ཐུབ་པར་ངེས་ནས་འགྱུར་འདོད་པ་ཡིན་ནམ།
༧༽ཡང་ན། ཆོས་མེད་མཁས་པའི་སྙན་གྲགས་དང་། དངུལ་ལོར་རང་ལ་རྔམས་ནས་འགྱུར་བཞིན་ཡོད་དམ།
འོན་ཀྱང་སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་གཞན་ལག་ཤོར་དུས་འགྱོད་པ་གཏིང་ནས་སྐྱེས་བྱུང་།
བླ་མ་མཁྱེན། ངས་ཁྱེད་རྣམས་པས་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཡུལ་དུས་ལས་བརྒལ་བའི་ཕུལ་བྱུང་གི་ཐུགས་བསྐྱེད་དང་མཛད་པར་ཚད་ལས་བརྒལ་བའི་ཚིག་གི་དམའ་འབེབས་བྱེད་སྐབས་གནའ་ཀུན་གཟིགས་པན་ཆེན་རིན་པོ་ཆེས་བོད་ཀྱི་ཆོས་རིགས་ཀྱི་བདེ་རྩར་གངས་རྒྱན་མཐུན་གཉེར་ཁང་བཙུགས་སྐབས་ཚོང་བ་རྒྱག་པའི་ཆོ་ལོ་ཕུལ་བ་དེ་དྲན་གྱི་འདུག
ངོ་མ་ཉི་མ་ཁ་ཤས་དང་དུས་ཡུན་ཅུང་ཙམ་གྱི་རྗེས་སུ་སོ་སོའི་མཆན་དུ་བསྐྱར་དུ་བཀླགས་ན་ངེས་པར་རང་གནོང་གིས་མིག་ཆུ་གཏོང་དགོས་པ་ཞིག་ཡོང་ས་རེད།
ངས་འཆན་པ་ཁ་ཤས་ཀྱིས་ངར་ཤུགས་ཀྱིས་གཟི་ཞིང་འདང་རྒྱག་མེད་པའི་ཚིག་མཚོན་འདི་དག་མཐོང་སྐབས་འོད་ཟེར་ལགས་ཀྱི་གསར་བརྗེ་ཞེས་པའི་དེབ་ཀྱི་ནང་གི་མི་འོད་ཟེར་གྱིས་གཅར་འདྲི་ཞུ་ཡུལ་ཤུགས་རིང་ནར་ནར་འབྱིན་བཞིན་པ་དེ་ཚོ་ཡང་ཡང་དྲན་ཞིང་། གནམ་སྡེ་སྒོ་མོའི་ཐང་ཆེན་ན་མའོ་ཀྲུ་ཞིས་མཇལ་བར་སྒུག་སྡོད་པའི་བཀྲ་ཤིས་ཚེ་རིང་སོགས་ཀྱི་ལོ་གཞོན་རུ་ཁག་དེའི་འཆར་སྒོ་ཡང་དྲན་པ་སྙམ་བྱེད།
ད་དུང་ང་ཚོའི་མི་གཞི་དང་ང་ཚོའི་ཀུན་སྤྱོད། ང་ཚོའི་སོ་སོའི་ཁ་ནས་སྐད་ཆ་བཤད་ཡུལ་དེ་སུ་འདྲ་ཞིག་ཡིན་པ་སོགས་ལ་བསམ་གཞིག་མེད་པའི་དྲ་ཐོག་གི་མི་འདི་དག་གིས་ངོ་མ་ཡིད་ཕམ་དུ་འཇུག་གིན་འདུག
བླ་མ་མཁྱེན།
དཔེར་ན། ༼རྫོང་གསར་མཁེྱན་བརྩེ་ཟེར་བ་འདི་གཉིས་བྱེད་གཏེ་རེད་༽༼བོད་ཀྱི་ལོ་རྒྱུས་ཐོག་གི་ནག་ཅན་པ་ཞིག་ཆགས་རྒྱུར་ཞེད་སྣང་སྐྱེ་གི་མེད་པ་འདྲ།༽
བསྡུར་ཙམ་མི་བྱེད་པར་བོད་མི་རིགས་སྤྱིའི་རྒྱུ་ནོར་རྩ་ཆེ་ཤོས་དེ་ལ་གང་བྱུང་མང་བྱུང་གིས་ལག་པ་འཆང་རྩིས་དྲན་པ་དེ་གནད་གང་ལ་ཐུག་པ་རེད་དམ།༽༼
རང་གིས་གསར་བ་ཞིག་འབྲི་མ་ནུས་ཙང་བཀའ་བསྟན་བསྒྱུར་རྒྱུ་དྲན་པ་རེད།༽༼བཀའ་བསྟན་དང་ཨ་སྒོར་ྦརྗེ་བ༽སོགས་རེད།
ངས་ནི་མི་ལ་འདི་ཙམ་དུ་ཁ་ཟེར་ནུས་པ་དེ་གཞན་གང་ཡང་མིན་ཡང་ངོ་ཚ་བོར་བའི་སྨྲ་བ་ངེས་པར་དུ་རེད། ཡ་རབས་དང་དམ་པ་རྣམས་ཁྲེལ་བའི་གཞི་ཅིས་ཀྱང་རེད།
ཕྱོགས་གཞན་ཞིག་ནས་བཤད་ན་གུས་པའི་ངོས་ནས་ལས་གཞི་འདིའི་རྐང་འཛིན་པ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཡིན་པ་ཡང་ཤེས། ཁོང་གིས་འདིའི་དགོས་དམིགས་སོགས་ཀྱི་ཐད་གནང་བའི་བཀའ་སློབ་དང་དགོངས་གཞི་ཡང་ཅུང་ཟད་ཅིག་ཚོར།
ད་དུང་ཡིག་བསྒྱུར་གྱི་ཆེད་དུ་འཚོགས་པའི་རྒྱལ་སྤྱིའི་ལོ་ཙཱ་མཁས་པའི་ཚོགས་འདུ་བྷིར་དུ་འཚོགས་པའི་སྐོར་གྱི་སྙན་ཞུ་དང་སྐབས་དེར་༸གོང་ས་མཆོག་སྐུ་དངོས་ལ་སྙན་གསེང་ཞུས་པ་དང་ཐ་མའི་བཀའ་གནང་གི་སྐོར་སོགས་ཀྱང་རགས་ཙམ་ཤེས་མོད། ཁྱེད་ཅག་ལ་བཤད་སྙིང་བྲོད་པ་ཞིག་རྩ་བ་ནས་མ་བྱུང་བས་དགོངས་འགལ་མེད་པ་ཞུ།
དེ་དང་ཆ་འདྲ་བ་ཞིག་ནི་ཉེ་ཆར་ཟམ་གདོང་རིན་པོ་ཆེར་ཚད་བརྒལ་གྱིས་སྐྱོན་རྗོད་ཞུས་པའི་རྩོམ་ཡིག་ཐོན་པ་ལྟ་བུ་དེ་ངོ་མ་དྲིན་ཆེན་ལ་དྲིན་ལོག་ཟེར་བ་འདི་མན་ནམ་སྙམ་པ་ཡང་ཡང་ཡོང་གིན་འདུག་ལགས།
མ་མཐའ་ཡང་སྐྱོན་རྗོད་ཞུ་བསམ་མཁན་ཚོས་གནས་ཚུལ་དངོས་ལ་རྒྱུས་ལོན་ཡག་པོ་མ་བྱས་པར་ཚོར་སྣང་དང་འཆར་ཡན་ཙམ་གྱི་སྐྱོན་བརྗོད་བྱེད་པ་ནི་དེ་བས་ཀྱང་བློ་ཕམ་ཆེན་པོ་རེད། ལྷག་བསམ་དང་ཡི་མུག་ཟུང་འབྲེལ་ལྟ་བུས་གཞེན་སྐུལ་དུ་བྲིས་སོ། །ཞུས་དག་བྱས་མེད།
བོད་ནང་གི་ས་འོག་གི་གཏེར་རྫས་དང་ཤིང་ནགས་སོགས་ཡོད་ཚད་རྒྱ་དམར་གྱིས་བརྔོག་ནས་ཁྱེར་འགྲོ་གི་ཡོད་རེད། བོད་ཀྱི་གསེར་དངུལ་བཏང་ནས་བོད་ཀྱི་རྒྱལ་བོ་རྣམས་ཀྱིས་བསྐྲུན་པའི་རིག་གཞུང་གི་བང་མཛོད་ཆེན་པོ་རིན་མེད་ཐོག་བཙན་བྱོལ་བ་ཚོས་ཕྱི་སྐད་ཐོག་བསྒྱུར་ཁུལ་གྱིས་སྟོང་པ་བཟོ་བཞིན་པ་རེད། བཙན་བྱོལ་བ་ཚོས་ཤེས་ཡོན་ཐོག་བཞག་པའི་བྱས་རྗེས་གཅིག་པོའང་འདི་རང་རེད།
བཙན་བྱོལ་བ་ཚོས་བོད་མིའི་ཆེད་བོད་སྐད་ནང་ཚུར་བསྒྱུར་བ་ཡེ་ཤོས་ཀྱི་ཆོས་དཔེ་རྣམས་རེད། བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ཡོན་པ་ཚོས་བོད་ཀྱི་རིག་གཞུང་ནང་ཡེ་ཤོས་ཀྱི་ཆོས་དཔེ་ཆེ་ཆུང་གང་མང་བོད་བསྒྱུར་མ་དེ་ཚོ་གཅིག་པོ་རེད། མདོར་དེད་ན་སྒོར་མོ་ཁོ་ནའི་ཆེད་དུ་གཡོག་བསྒྱུར་བྱེད་བཞིན་པ་དེ་རེད།
བཀའ་བསྟན་བསྒྱུར་རྒྱུའི་ཐད་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་ཡོད་ཚོད། དེ་ཡང་ཕྱོགས་གཉིས་ནས་ཡོད་པ་འདྲ་འདུག ཕྱོགས་གཅིག་ན་གོང་དུ་བསམ་ཚུལ་མང་པོ་བཤད་འདུག་པ་དེ་ག་རེད། ཡང་ཕྱོགས་གཞན་ཞིག་ན། གལ་ཏེ་རྒྱལ་བའི་བཀའ་ཅུང་ཟད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ནི་བོད་ཡིག་ཁོ་ན་ཡིན་ན། གལ་ཏེ་ད་ལྟ་བོད་ཡིག་ཡོད་ཐོག་ལ་མ་བསྒྱུར་ན། ཕྱི་ནང་གི་འགལ་རྐྱེན་རུ་འཛིན་པས་བོད་ཡིག་རིམ་བཞིན་ཉམས་པ་ཡིན་ན། བཀའ་བསྟན་བསྒྱུར་དབང་མེད་པར། བཀའ་བསྟན་ཡང་འཇིག་རྟེན་འདིར་ནུབ་རྒྱུ་ཉག་གཅིག་ལ་སོང་། ད་ལྟ་ནས་བཀའ་བསྟན་བསྒྱུར་དགོས་པར་མ་ཟད་འཕྱི་དྲག་ཡོད་པ་དེ་རེད། ད་དུང་ཆོས་ལུགས་གཞན་དག་གིས་རང་གི་ཆོས་གཞུང་དེ་སྐད་རིགས་མང་པོ་ནང་བསྒྱུར་ནས་ཆོས་སྦྱིན་སྩོལ་གྱི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་རེད། ང་ཚོའི་བོད་ཡིག་ནང་དུ་ཡོད་པའི་ཆོས་གཞུང་རྣམས་ཀྱང་བསྒྱུར་དེ་ཆོས་སྦྱིན་གཏོང་མ་ཐུབ་ན་ཡང་། བསྒྱུར་བའི་ཕྱོགས་ལ་འགལ་རྐྱེན་བཟོ་མི་རིགས། ད་དུང་ཡོད། གནའ་རབས་རྒྱ་གར་ནས་ཆོས་འདི་ཚུར་གདན་འདྲེན་ཞུས་དུས་འགྲོ་སོང་ག་ཚོད་ཅིག་བཏང་ཡོད་པ་ལ་བསམ་བློ་བཏང་ན། ང་ཚོའི་ངོས་ནས་ཀྱང་རིན་འབབ་བླངས་ནས་བཙོངས་ཐུབ་ན་དེ་ནི་འོས་མཚམས་ཞིག་རེད་དྲན།
འདིར་ཁོ་བོ་ཞིང་བུའི་བསམ་ཚུལ་གྱི་རྗེས་སུ་འབྲང་རྒྱུ་ཡིན། སྔ་འདངས་ཕྱི་འདངས་ག་རེ་རྒྱབ་ཀྱང་ལས་གཞི་དེ་ཅུང་མི་འོས་པ་ལྟ་བུ་ཞིག་འདུག འདིས་སེམས་ཅན་ཐམས་ཅད་ལ་ཕན་དུ་ཆུག་ཀྱང་བོད་པ་ཚང་ལ་གནོད་ངེས་སུ་མཐོང་།
རྫ་བཀྲ་ཤིས་ཚེ་རིང་ལགས་སུ་ཆེད་ཞུ། ཁྱེད་ནས་བསེད་དཀྲོལ་གནང་བར་ཐུགས་རྗེ་ཆེ་ཞུའོ། ། ང་ཚོས་བྲིས་པ་དེར་སྐྱབས་ཡུལ་གོང་མ་རྣམས་ལ་གཞི་མེད་ཀྱིས་སྒྲོ་འདོགས་དང་བསྐུར་འདེབས་ཞུས་མེད་ཀྱང་། བྱིས་པ་མ་རིག་པའི་དབང་གིས་སྐུ་གསུང་ཐུགས་དང་འགལ་ཡོད་ན་མཐོལ་ཤིང་བཤགས་སོ།།མ་ཟད་ཁོང་རྣམ་པའི་ཕྱག་ལས་ལ་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་ཡོད་ན།་ངེད་རྨོངས་པའི་སྐྱེ་བོས་མ་ཤེས་སྟབས་བཤགས་པ་འབུལ་རྒྱུ་ཡིན། ང་ཚོས་ཞུས་པ་ཚང་མ་བོད་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཁོ་ན་ལ་བསམས་ཏེ་ཞུས་པ་ལས་སྒེར་དོན་དང་འབྲེལ་བ་རྩ་བ་ནས་མེད། ལྷག་དོན་མི་ཤེས་པ་ལྟུང་བའི་སྒོར་གསུངས་པས་ན། མ་ཤེས་པ་ལ་ཡུལ་གོང་མ་རྣམས་ཀྱིས་མཐོལ་བཤགས་བཞེས་པར་ཞུ། འོན་ཀྱང་ཁྱེད་ཀྱིས་ངེད་ཚོ་རིག་གསར་སྐབས་ཀྱི་ཧུར་བརྩོན་ཅན་པ་དང་གཅིག་ཏུ་བརྩིས་འདུག་པས་ཅུང་བློ་ཕམ་ཡོད། གང་ལྟར་བོད་སྤྱི་དང་སེམས་ཅན་གྱི་བདེ་སྐྱིད་ལ་ཕན་ན་ངེད་ཚོས་གང་ཡང་ཞུས་མི་ཡོང་ཞུ་རྒྱུ་ལ། གང་མཛད་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
ཟླ་མེད་ལ་བཤད་འདོད་པ། བསྒྱུར་བའི་རིན་དང་བསྒྱུར་བའི་བདག་དབང་གླེང་གི་ཡོད། བཀའ་བསྟན་བསྒྱུར་བའི་ཡོང་འབབ་དེ་བོད་མི་རིགས་ལ་འབབ་དགོས་པ་རེད། དེ་ཡང་བོད་མི་རིགས་ཀྱི་ངོ་ཚབ་བོད་གཞུང་ལ་འབབ་དགོས་པ་རེད། བོད་གཞུང་ལ་གང་བབས་པ་དེ་བོད་མི་ཉམ་ཆུང་ཚོས་འཕྲོད་བསྟེན་དང་ཤེས་ཡོན་ཐོག་ཕན་ཐོགས་པ་ཞིག་བྱེད་དགོས་པ་རེད་ཟེར་གྱི་ཡོད།
སྔོན་མ་རླུང་འཕྲིན་ཁང་ཞིག་ནང་སྨན་རྩིས་ཁང་གི་སྨན་པ་ཟླ་བས་བོད་ཀྱི་གསོ་རིག་གི་བདག་དབང་སུ་ལ་ཡོད་མེད་དོགས་པ་རེད་ལབ་སོང་། དེ་ནི་གཡོ་སྒྱུའི་བཤད་སྟངས་ཤིག་ལས་བོད་ཀྱི་གསོ་རིག་གི་བདག་དབང་བོད་མི་རིགས་ལ་ཡོད་པ་ལོས་ཤེས། བོད་མི་མང་གིས་བདག་པོ་བརྒྱག་སྟངས་དེའང་བོད་ཀྱི་ངོ་ཚབ་བམ་བོད་སྤྱི་བའི་སྒྲིག་འཛུགས་མཐོ་ཤོས་ཀྱི་མིང་ཡོད་པའི་བོད་གཞུང་གི་མིང་ཐོག་ནས་བདག་པོ་བརྒྱག་དགོས་པ་རེད། བོད་གཞུང་གི་མིང་ཐོག་ནས་ཐོབ་པའི་རིག་གཞུང་གི་རིན་བབ་ཚང་མ་བོད་མི་ཉམས་ཆུང་ཚོའི་འཕྲོད་བསྟེན་དང་ཤེས་ཡོན་ཐོག་སྨན་ཐུབ་པ་བྱེད་དགོས་པ་རེད། སྒེར་བ་དང་ཚོགས་པ་སུས་ཟ་ཟ་ག་བ་ཡོད་རེད།
སྔ་མོ་བོད་ཀྱི་རྒྱལ་བོའི་བང་མཛོད་ཀྱི་གསེར་དངུལ་མཛད་མེད་བཏང་ནས་ཕྱོགས་བཞི་མཚམས་བརྒྱད་ནས་བོད་སྐད་ནང་བླངས་པ་དང་། རྒྱལ་བོའི་བང་མཛོད་དེ་ཡང་བོད་མི་རིགས་ཀྱི་ཤ་ཁྲག་ཡིན་པ་ལས་རྒྱལ་བོ་དེ་དག་གིས་ལྷ་ཡུལ་ནས་ཁྱེར་ཡོང་བའི་གསེར་དངུལ་མ་རེད། དེ་ནས་བར་དུ་རིག་གནས་གསར་བརྗེ་སོགས་ཀྱི་སྐབས་སུའང་བོད་མི་ཉམས་ཆུང་ཁྲི་མང་པོས་འཚོ་བ་དང་ལུས་སྲོག་ཆུ་རྒྱུགས་རྒྱུགས་བཏང་ནས་བཀའ་བསྟན་གྱི་ཤོག་ལྷེ་རེ་རེ་བཞིན་སྲུང་སྐྱོབ་བྱས་པ་རེད། མདོར་ན་བོད་མི་རིགས་ཀྱི་ལུས་སྲོག་གཉིས་ཀ་བོད་བསྟན་སྲིད་ཆེད་དུ་བཏང་ཡོད་པ་རེད། བྱས་ཙང་འདི་ལྟར་དཀའ་ལས་བརྒྱབ་ནས་ཡོད་པར་བྱས་པའི་བཀའ་བསྟན་རྣམས་བེད་སྤྱོད་གཏོང་སྟངས་ཐོག་བོད་མི་རིགས་ལ་བདག་དབང་ཡོདདགོས་བྱུང་། སུས་ཟ་ཟ་དང་སུས་བསྒྱུར་བསྒྱུར་ཡོད་པ་མ་རེད། གཙོ་བོ་བདག་དབང་སྐོར་བཤད་ཀྱི་ཡོད། བསྒྱུར་མ་བསྒྱུར་གྱི་སྐོར་བཤད་ཀི་མེད། མ་བསྒྱུར་ལབ་ན་ཉན་གི་མ་རེད། བོད་མི་ཚོས་རང་གི་བདག་དབང་རྩོད་ཐུབ་པ་དགོས་པ་རེད།
ས་འོག་གཏེར་རྫས་དགྲ་ཡིས་བཙན་འཕྲོག་བྱས།།
ས་སྟེང་རིག་མཛོད་ཕྱི་ལ་རྐུན་བསྒྱུར་བྱས།།
ས་ཡང་མ་ཟིན་ཆོས་ཀྱང་མ་དབང་བའི།།
ས་སྟེང་མགོ་ནག་བོད་འདི་སྙིང་རེ་བརྗེ།།
བསྟན་སྲིད་འགོ་ནས་འཛུགས་དུས་སྦྱིན་བདག་བྱས།།
བསྟན་སྲིད་དགྲ་བོས་བཤིག་དུས་སྲུང་མ་བྱས།།
བཀའ་བསྟན་ཀུན་ཀྱི་བདག་དབང་བོད་པ་ལས།།
མི་མངོན་རྐུན་པོའི་ལག་པ་བསྐུམ་ན་འོས།།
ད་ང་ཚོས་བོད་རྒྱལ་ཁབ་རིག་གཞུང་དང་བཅས་པ། བཙན་གནོན་བྱས་པས་གཅིག་ཤོར། སྒོར་མོས་ཁྱེད་དུ་གཅིག་ཤོར། མི་ངོ་ཡིས་ཁྱེད་དུ་གཅིག་ཤོར། ཡག་པོ་འདུག བདག་གཉེར་མ་ཐུབ་ཚེ་བཙོང་ན་ཡག་པོ་རེད།
གོང་ཁུག་ན་མཆན་གི་བུ་བཙོང་། ཟེར་བ་རེད། རྗེས་མ་ནང་ཆོས་བསླབ་ཏུ་ཕྱི་རྒྱལ་ལ་སོང་ན་འགྲིག་རེད།
ཧཧ
མེས་པོས་བཞག་པའི་སྐུ་རྟེན་རྩ་ཆེན་ཚོང་བ་རྒྱག་པས་བོད་ནས་བཙོང་། །
བླ་མས་བཞག་པའི་གསུང་རྟེན་རྩ་ཆེན་འཕགས་པའི་ཡུལ་ནས་ཕྱི་ལ་བཙོང་། །
ཚོང་པའི་མིང་དང་ཆོས་གོས་མི་འདྲ་རྣམ་པ་ཐ་དད་འགལ་གྱུར་ཀྱང་། །
མཐའ་ཐུག་དམིགས་ཡུལ་སྒོར་མོ་དག་ལས་རྣམ་པ་འགལ་བ་མ་ངེས་ཐལ། །
རྒྱལ་སྤྱིའི་ལོ་ཙྭའི་མཚན་སྙན་ཆེ་ཡང་དོན་དམ་འཕགས་པའི་གཞུང་ལུགས་ལ། །
རང་རྐྱ་འཕེལ་བའི་མཁས་དབང་ཞིག་ཀྱང་རུས་སྦལ་སྤུའི་ཟླ་རུ་སྣང་། །
རང་གི་མགོ་ལ་མགོ་སྤུ་མེད་པ་ཁྱི་རྒན་མགོ་ལ་གཡུ་རལ་ཞེས། །
གནའ་མི་རྒན་པོའི་ངག་གཏམ་དེ་དག་སེམས་པའི་དཀྱིལ་དུ་ཡོངས་སུ་ཟུག །
བཀའ་བསྟན་འགྱུར་བསྒྱུར་དབང་སུ་ལ་ཡོད་མེད་རྩོད་པར།
དེ་ཡི་འབྱུང་ཁུང་ལ་བསམ་ན་བསྒྱུར་དབང་དེ་རྒྱ་གར་ལ་མེད་དམ་སྙམས།
གང་ཡིན་ཟེར་ན་ཐོག་མར་འབྱུང་གཞི་རྒྱ་གར་ཡིན་པས་སོ།
དཔེར་ན་དབྱིན་ཇི་བ་ཞིག་གིས་བྲིས་པའི་དེབ་གཅིག་རྒྱ་སྐད་དུ་བསྒྱུར་བར་ཐོག་མར་འབྲི་བ་པོའམ་དེ་ཡི་གཉེན་ཚན་པར་ཆོག་མཆན་ཞུ་དགོས།
དེ་བཞིན་རྒྱ་སྐད་ནས་བོད་སྐད་ཕ་སྐད་ལས་སོགས་གང་དུ་བསྒྱུར་ཀྱང་ཐོག་མའི་དཔེ་བདག་དེ་ལ་ཆོག་མཆན་ཞུ་དགོས་རེད་སྙམས།
རྒྱ་གར་ནས་བོད་དུ་ལེན་དུ་གསེར་དངུལ་ཚོད་མེད་བཏང་ཟིན་པ་རེད། རྒྱ་གར་ལ་བུད་ལོན་ཨ་ནི་གཅིག་ལྷག་ཡོད་མ་རེད་སྙམ། གོང་དུ་ཤོད་བཞིན་པ་དེ་ཡིན། གནའ་སྔ་མོ་བོད་མིས་གསེར་དངུལ་བཏང་ནས་ནང་འདྲེན་བྱས་པའི་བཀའ་བསྟན་རྣམས་རྐུ་བསྒྱུར་བྱེད་མི་ཆོག་ཟེར་གི་ཡོད་པ་གོ་གི་མི་འདུག་གམ།
རྒྱ་གར་གསེར་ལ་དགའ་ནས་ནང་ཆོས་བོད་ལ་བཙོངས་པ་རེད། ད་ལྟ་རྒྱ་གར་ལ་ཞུ་དགོས་གང་ཡང་མི་འདུག ད་བོད་པ་ཨ་སྒོར་ལ་དགའ་ནས་ནུབ་གླིང་ལ་བཙོང་རྩིས་རེད་དེ་ཚོང་ཡག་པོ་ཤེས་མིན་ཐེ་ཚོམ་རེད། ནུབ་གླིང་ཚོ་ཚོང་ལ་མཁས་པས་ཁོ་རང་ཚོས་ཁེ་བཟང་ཡག་ཐག་ཆོད་ཟ་གི་རེད།
xxxxxxxxxxxxxxxx
དྲ་གྲོགས་ཚོས། དོན་མེད་ནང་ཁུལ་དབྱེན་དཀྲུགས་དང་ཀླན་ཀ་འཚོལ་བའི་མཆན་རྣམས་འདི་ནས་འགོག་བཞིན་ཡོད། ཨ་རིག་མེ་འབར་ལགས་ནས་མཆན་གཅིག་དེ་རྩོམ་མང་པོའི་སྣེ་མོར་འཇོག་གིན་འདུག་པས།
མུ་མཐུད་དུ་དེ་ལྟར་བྱས་ཚེ། མཆན་རྒྱག་མཁན་དོ་བདག་འགོག་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
དེང་སྐབས་ཚོང་སོགས་ལས་ཀ་ག་རེ་ལས་ན་གཉིས་ཕན་ཟེར་བ་དེ་གཙོ་བོ་བྱེད་ཀྱི་ཡོད་རེད། བྱས་ཙང་བཀའ་བསྟན་ཕྱི་སྐད་ནང་བསྒྱུར་ན་པར་བསྐྲུན་ཁང་སོགས་ཕྱི་མི་ཚོང་པ་མང་དང་བསྒྱུར་མཁན་ཚོར་ཁེ་ཕན་ཡོད་པ་བདེན་ནའང་། བཀའ་བསྟན་གྱི་བདག་པོ་བོད་མི་ཉམས་ཆུང་ཚོའི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་ཐོག་ལ་ལས་ཀ་འདིས་ཕན་ཐོགས་དང་ཁེ་ཕན་ཅི་ཡང་མི་འདུག
བོད་གཞུང་སྨན་རྩིས་ཁང་གིས་ཀྱང་སྦྱིན་བདག་ཞིག་གི་འདོད་པ་ལྟར་རྒྱུད་བཞི་དབྱིན་སྐད་ནང་བསྒྱུར་ཁུལ་བྱས་པ་རེད། དེས་བོད་པ་མི་གཅིག་ལའང་་ཕན་ཐོགས་བྱུང་ཡོད་མ་རེད། འོ་ན་བོད་མིའི་ཚོགས་སྡེ་ཆེན་པོ་ཚང་མས་འདི་ལྟར་གཞན་ལ་དགའ་ཤ་སྟག་བྱས་ནས། བོད་མིའི་སྤྱི་ཚོགས་ལ་ཁེ་ཕན་མེད་པའི་ལས་ཀ་རྐྱང་བྱས་བསྡད་པ་ཡིན་ན། བོད་མིའི་སྤྱི་ཚོགས་ལ་ཁེ་ཕན་ཡོད་པའི་ལས་རྣམས་སུས་བསྒྲུབ་དགོས་པ་རེད་དམ། སྨན་རྩིས་ཁང་གིས་ད་བར་དུ་ནུབ་ཕྱོགས་ལུགས་ཀྱི་ལུས་ཁམས་རིག་པ་སོགས་བོད་ཡིག་ནང་ཚུར་བསྒྱུར་བ་དེབ་རྐང་གཅིག་མིག་སྟོན་རྒྱུ་མི་འདུག
༧རྒྱལ་བ་རིན་པོ་ཆེ་དང་བཀའ་སྤྱི་ཚང་མས་མཁྱེན་དགོས་པ་ཞིག་ལ། བོད་གཞུང་སྨན་རྩིས་ཁང་ཝ་ར་ན་སི་སོགས་བོད་མིའི་སྒྲིག་གཙོ་མང་ཆེ་བས་ཕྱི་མའི་ལག་ནས་དངུལ་ལེན་ཆེད། ཕྱི་མི་ཚོའི་གཡོག་ཁོ་ན་བྱས་ནས་བོད་ཀྱི་རིག་གཞུང་ཕར་བསྒྱུར་རྒྱུ་ཁོ་ན་ལས། ཚུར་བོད་ཡིག་དང་ཕན་ཐོགས་ཡོད་པ་གཅིག་ཀྱང་བསྒྱུར་མྱོང་ཡོད་མ་རེད། ཕན་བསྒྱུར་བ་དང་ཚུར་བསྒྱུར་བ་གཉིས་རྦད་དེ་དོ་མཉམ་ཆགས་ཡོད་མ་རེད། ཚུར་བོད་ཡིག་ནང་བསྒྱུར་བ་གོར་ཐིག་དང་། ཕར་དབྱིན་ཡིག་ནང་བསྒྱུར་བརྒྱ་ཆ་བརྒྱ་རེད། གནད་དོན་མ་མཐོང་བར་བཞག་ན་མཇུག་འབྲས་ག་རེ་ཡོང་གི་ཡོད་མེད་ཤེས་དགོས་ཀྱི་འདུག འདི་ཚོར་ལམ་སྟོན་དང་སྟངས་འཛིན་ཞིག་བྱེད་རན་མི་འདུག་གམ།
བཙན་བྱོལ་ནང་ཕྱི་ལོག་ནས་བོད་སྐད་ནང་བསྒྱུར་བ་ཞིག་མཐོང་རྒྱུ་ཡོད་པ་ཡེ་ཤོས་ཀྱི་ཆོས་དཔེ་དུམ་བུ་མང་པོ་ཡོད་པ་དེ་ཁོ་ན་རེད། བོད་ཀྱི་ལོ་ཙྰ་བ་ཚོས་དངུལ་གྱི་ཆེད་དུ་རང་གི་མི་རིགས་ཆོས་ལུགས་གཞན་ལ་བསྒྱུར་རྒྱུར་རོགས་པ་ཤུགས་ཆེན་པོ་བྱེད་ཀྱི་ཡོད་མི་མཐོང་ངམ། ལོ་ཙྰ་བའི་མིང་ཅན་འདི་ཚོ་སྤྲང་པོ་ཁ་ཕྱོགས་མེད་མཁན་རྐྱང་རེད་མི་འདུག་གམ། དངུལ་ཁོ་ན་ལ་ཁ་ཕྱོགས་ཤིག་འདུག་གམ།
ངས་འདིར་BBCསོགས་ལ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་འདིའི་ཐད་གནང་བའི་བཀའ་མོལ་དུབ་བུ་ཐུང་ཐུང་ཞིག་ཞུ། ཁོང་གིས་ན་ཉིན་བྷིར་ལ་ཐེངས་གཉིས་པའི་བཀའ་བསྟན་དབྱིན་བསྒྱུར་གྱི་ཚོགས་ཆེན་དུ་འདི་ལྟར་གསལ་སྟོན་གནང་བ་སྟེ། ལས་གཞི་འདི་དུས་ཀྱི་ཆ་ནས་ལོ་བརྒྱ་ཡི་དུས་ཡུན་ལ་འཇོག་དགོས་པ། དགོས་པ། དེང་སང་ཕྱི་རྒྱལ་བ་མང་པོས་རང་གི་དམིགས་ཡུལ་བྱེ་བྲག་པ་རེའི་ཆེད་དུ་བཀའ་དང་བསྟན་བཅོས་མང་པོ་དབྱིན་བསྒྱུར་བྱས་དང་བྱེད་བཞིན་པར་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་མེད་པ། ཐ་ན་གང་དྲན་དྲན་གྱིས་མགོ་བཅད་མཇུག་སྡུམ་བྱེད་བཞིན་ཡོད་པ་དང་མ་ཟད་ཚོང་རྫས་སུ་ཡང་བྱེད་བཞིན་ཡོད་པས་འདི་རིགས་ལ་སྟངས་འཛིན་དང་གཅིག་གྱུར་དང་ཚད་ལྡན་གྱི་ངོ་བོའི་ཐོག་ནས་འཛམ་བུ་གླིང་ལ་རྩིས་སྤྲོད་བྱ་རྒྱུ་དེ་བོད་པར་འོས་འགན་ཡོད་པར་གསུངས་ཡོད།ད་དུང་ལས་གཞི་འདིར་འགྲོ་སོང་ཅི་ཙམ་ཆེན་པོ་ཡིན་པ་དེ་སྨོས་མེད་ཀྱང་འགྲོ་སོང་མཁྱེན་བརྩེ་རིན་པོ་ཆེས་ཐབས་འཚོལ་བྱ་རྒྱུའི་ཐུགས་འཆར་ཡོད་ན་ཡང་། ལས་གཞི་འདིའི་རྩ་འཛུགས་སོགས་ལ་ལས་ཀ་བྱེད་ཐུབ་མཁན་སུ་ཡོད་ལ་ངེས་པར་དུ་གཏམ་འདོད་མེད་པའི་སྒོ་ནས་གོ་སྐབས་འབུལ་རྒྱུ་དང་། གང་དུ་བསྒྱུར་ཟིན་པའི་བཀའ་བསྟན་དེ་དག་ཚོང་རྫས་སུ་བྱེད་མི་ཆོག་པར་འཛམ་བུ་གླིང་ལ་རིན་མེད་དུ་བསྟན་པའི་རྩིས་སུ་འཇོག་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
བྷིར་གྱི་ཉིན་བཞིའི་ཚོགས་འདུའི་སྐབས། ཉིན་དང་པོར་ལོ་བརྒྱའི་འཆར་གཞིར་གྲོས་བསྡུར་དང་། ཉིན་གཉིས་པར་ལོ་ལྔ་བཅུའི་རིང་གི་ལས་འཆར་གྱི་སྤྱི་སྒྲོམ། ཉིན་གསུམ་པར་ལོ་ཉེར་ལྔའི་རིང་གི་ལས་གཞིའི་རགས་ཟིན།
ཉིན་བཞི་པར་ལོ་ལྔའི་ནང་ལ་ངེས་པར་སྒྲུབ་དགོས་པའི་སྔོན་འགྲོའི་ལས་རིམ་ལ་གོ་བསྡུར་བྱུང་ཡོད་འདུག
ངས་བསྐྱར་དུ་ཞུ་རྒྱུར། ལས་འཆར་ཆེན་པོ་འདི་ལྟ་བུ་ཞིག་ལ་སྐྱོན་རྗོད་བྱེད་པར་མ་མཐའ་ཡང་ཕྱོགས་ཡོངས་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། དེ་བས་ཀྱང་ཨ་སྒོར་གྱི་ཆེད་དུ་དང་ཚོང་རྫས་ཞེས་པའི་ཚིག་འདི་དག་བེད་སྤྱོད་སྐབས་འགན་ཁུར་གྱི་རྣམ་པ་དང་བཟང་སྤྱོད་ཀྱི་འཁྱེར་སོ་ཐ་ན་སོ་སོས་གང་བཤད་པ་དེ་སོ་སོས་ཚོར་ཐུབ་པ་ཞིག་དགོས་པར་སྣང་།
ང་ཚོའི་ཆོས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་ཐུགས་སྨོན་གནང་དང་གནང་བཞིན་པ་མ་ཡིན་ནམ། ད་ལྟ་དེའི་ཕྱོགས་ལ་ཕན་ངེས་ཀྱི་འཕྲིན་ལས་འདི་འདྲ་ཞིག་སྤེལ་ཡོང་དུས་དེ་ལ་བསྟོད་པ་ལས་སྨད་པ་མང་བ་འདི་སེམས་ངོར་མི་བདེ་བ་ཞིག་འདུག
རྫ་བཀྲིས་ལགས། བླ་མ་ཆེ་བ་ཞིག་གིས་གསུངས་པ་རྒྱུ་མཚན་བྱས་ན་ཨི་འགྲིགས། བོད་ཀྱི་བླ་ཆེན་མང་པོ་ཞིག་རྒྱ་སོག་གི་མགོ་སྐོར་འོག་ཚུད་ནས་བྱབ་བསྐྱལ་ཡོད་པ་ཡོངས་གྲགས་མ་རེད་དམ། དྲི་བ་ཞིག་ལ། བཀའ་བསྟན་མང་པོ་ཞིག་ཕྱི་རྒྱལ་བ་ཚོས་བསྒྱུར་ཡོད་རེད་ཟེར། བཀའ་བསྟན་བསྒྱུར་ཐུབ་མཁན་ཕྱི་རྒྱལ་བ་དེ་སུ་དང་སུ་ཡིན་ནམ། པོད་ག་ཚོད་བསྒྱུར་ཡོད་དམ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཡིས་སྐད་ཡིག་གཞན་ནང་ཡོད་པའི་ཚན་རིག་དང་ལག་རྩལ་སྨན་གཞུང་སོགས་མང་པོ་ཡོད་པ་བོད་སྐད་ནང་ཚུར་བསྒྱུར་གནང་བ་དེ་འདྲ་ག་ཚོད་ཡོད་དམ། བཀའ་བསྟན་ནང་མེད་པའི་སངས་རྒྱས་ཀྱི་གསུང་པཱ་ལི་དང་རྒྱ་ཡིག་སོགས་ནང་ཡོད་པ་དེ་ཚོ་ཚུར་བསྒྱུར་ནས་རིན་མེད་ཆོས་སྦྱིན་གནང་འཆར་ཨི་ཡོད་དམ། ཕྱི་རྒྱལ་འབྱོར་ལྡན་ལ་རིན་མེད་ཆོས་སྦྱིན་བྱེད་པ་ལས་སྐྱབས་བཅོལ་བ་བཙན་བྱོལ་བ་བོད་པ་རྗེས་ལུས་དབུལ་པོ་འདི་ཚོ་ལ་རིན་མེད་ཆོས་སྦྱིན་གཏོང་ན་མ་རེད་དམ། བཀའ་ལན་ཞིག་གནང་རོགས།
རྫ་ཚེ་རིང་བཀྲ་ཤིས་ལགས་ཐུགས་རྗེ་ཆེ། དྲང་པོར་བཤད་ན་ཁྱེད་ཉིད་མི་བུའི་རང་བཞིན་ཡོད་མཁན་ཞིག་རེད་འདུག ངས་ཁྱེད་ལ་དགའ་བསུ་ལས་ཞུ།
བསྒྱུར་ཕུན་སུམ་ཚོགས་པ་ཞིག་བྱུང་ན་རྗེས་སུ་ཡི་རངས་ལས་ཡོད།
འོན་ཏེ་གང་གི་དྲ་གྲོགས་རྣམ་པས་སེམས་འཚབ་བྱ་ས་གལ་ཆེ་ཤས་དེ་ཚད་ལྡན་ཞིག་འོང་ཐུབ་མིན་དེ་རེད།
དཔེར་ན། ངས་ཚོས་རྟོག་པ་ཞེས་པའི་སྒྲ་དོན་འདྲིས་རུང་དུ་འཛིན་པ་དེ་དབྱིན་སྐད་ནང་དེ་མཐུན་གྱི་ཐ་སྙད་ཅིག་མེད་ཚད། དེས་ན་དེ་ལ་དོན་མཐུན་གྱི་ཐ་སྙད་གསར་བ་ཞིག་བེད་སྤྱད་བྱས་ཡོད་དམ།
རྒྱལ་སྤྱིའི་ལོ་ཙྭ་བའི་ནང་མཁས་པ་སུ་དང་སུ་ཡོད་རེད།
རྫ་ཚེ་བཀྲ་ལགས་གསུངས་རོགས་ཞུ།
ལ་དྭགས་པའི་གཞོན་ནུ་རྣམས་ཀྱིས་གཙོས་གངས་ལྗོངས་ཀྱི་གཞོན་ནུ་དང་། གཞོན་ནུ་མ་རྣམས་ཀྱི་བྱེད་སྟངས་ལ་བལྟ་ན། ན་གཞོན་དེ་དག་ལ་བོད་ཀྱི་རིག་གཞུང་སྐད་བརླག་ཚར་འདུག ལ་དྭགས་སུ། སྔར་དེང་དུས་ཀྱི་སློབ་སྦྱོང་ཤུགས་ཆེར་མ་དར་གོང་དུ། གྲོང་ཡུལ་གྱི་བྱེད་སྒོ་ཅི་ཡོད། བོད་ཡིག་ཏུ་བྱེད་ཀྱང་། ད་ལྟའི་དུས་སུ་དེ་འདྲ་བྱེད་མཁན་རྒན་ཁོག་ལོ་དྲུག་བདུན་ཅུ་ལོན་པ་དེ་འདྲ་རེ་རེ་གཉིས་གཉིས་མ་ཤི་བར་ཡོད་ལས་ཆེ། བདག་གིས་ཚ་བོ་ཚ་མོ་དེ་དག་ལ་བོད་ཡིག་ཐོག་ཡིག་འཕྲིན་བསྐུར་གྲོགས་ཞེས་ཐབས་ཤེས་བྱས་ཀྱང་། དེ་དག་གི་རྩ་བའི་སློབ་སྦྱོང་གཞི་རྩར་ཨིན་ཡིག་ལ་ཤུགས་རྒྱབ་ཡོད་པས། བོད་ཡིག་ཏུ་གོ་བརྡ་འཕྲོད་ཐུབ་པ་ཞིག་འོང་བ་མི་འདུག དེ་བཞིན་བོད་ཕྱི་ནང་གི་གཞོན་ནུ་དེ་དག་ཀྱང་དེ་འདྲ་བ་ཡིན་པར་ཐེ་ཚོམ་མེད། ལས་ཀྱི་དབང་གིས་ཡིན་ནམ་གང་ཡིན་འདི་ཀ་སློབ་གྲྭ་ཆེན་མོར་བོད་རིགས་འགའ་རེ་བོད་ཡིག་རིག་གཞུང་སྦྱོང་བར་འོང་། ཁ་ནས་བོད་སྐད་རྒྱབ་ཀྱང་། བརྩོན་འགྲུས་མེད་པ་ཡིན་ནམ། ཅི་ཡིན་མི་ཤེས། དེ་དག་ལ་འབྲི་དགོས་པ་ན། དེ་དག་ཨ་རི་སློབ་གྲྭ་པ་དག་ལས་ཤིན་ཏུ་ནས་དམན་པ་འདུག དེ་བཞིན་གཞུང་དཔེ་དག་ཀློག་ཅིང་གོ་བ་དཀའ་བ་ཡིན་འདུག བོད་ཀྱི་སྐད་ཡིག་བརླག་སྟོར་དུ་འགྲོ་བ་ཡུན་རིང་ཐོགས་པ་མི་འདུག མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་བཞིན་བཀའ་བསྟན་གཞུང་དཔེ་རྒྱ་མཚོ་ལྟ་བུ་འདི་དག་སུ་གང་གིས་ཀྱང་གོ་མི་ཐུབ་པའི་ཤོག་བུའི་ཕུང་པོ་ཞིག་ཏུ་འགྱུར་བ་ནི་གོང་གསལ་གྱི་གནས་ལུགས་ལས་རྗེས་སུ་དཔག་ཐུབ།
གལ་ཏེ་འགལ་རྐྱེན་མེད་པར་སངས་རྒྱས་དང་མཁས་པའི་གསུང་དེ་དག་བོད་སྐད་ནས་ཨིན་སྐད་སོགས་སུ་བསྒྱུར་ཐུབ་ཅིང་ཛམ་གླིང་ཡུལ་གྲུ་ཆེན་པོ་དག་ཏུ་འཕེལ་རྒྱས་འབྱུང་ན་། བོད་ཡིག་ལ་བརྟེན་ནས་འདི་འདྲ་བྱུང་བ་ཡིན་ཞེས་རང་རེ་གངས་ཅན་པ་དག་གིས་རྒྱ་གར་འཕགས་ཡུལ་ལ་གུས་བཀུར་བྱེད་པ་ལྟར་མ་འོངས་པ་ན་ཡངས་པའི་རྒྱལ་ཁམས་ཀྱི་སྐྱེ་དགུ་ཀུན་གྱིས་གངས་ཅན་བོད་ལྗོངས་ཀྱི་སྐྱེ་དགུ་ཀུན་ལ་གུས་བཀུར་བྱེད་པར་འགྱུར་རོ། །
ཤིང་གི་འབྲས་བུ་ལེགས་བསྐྱངས་ན།
ལ་འདབ་ལ་སོགས་ཞར་ལ་འབྱུང་།
དམ་པའི་ཆོས་ལ་བརྩོན་བྱས་ན།
སྲིད་ཀྱི་དཔལ་ཡང་དེ་ཡིས་འགྲུབ།།
དེ་ལ་དྭགས་གཅིག་པུ་བ་ན་ཡིན། བཙན་བྱོལ་བོད་གཞུང་གི་ལྟེ་གནས་གངས་ཅན་སྐྱིང་གཤོངས་ཀྱི་ལས་ཁུངས་ཁག་ནས་མེག་ལོར་སྲང་གི་ཚོགས་པ་ཆེ་ཆུང་ཚང་མའི་ལས་ཤོག་གི་ཁྱད་ཆོས་གཙོ་བོ་དེ་རེད།
མི་ཞིག་ལ་རྒྱལ་གཉེར་ཡི་གེ་རེ་སྤྲོད་དགོས་ནའང་དབྱིན་ཡིག་ཏུ་བྲིས་ཏེ་དགོས་ཀྱི་རེད། རྒྱབ་གཉེར་ཞུ་མཁན་ལའང་དབྱིན་ཡིག་གིས་དགོས་པ་རེད། འདི་སྤྱི་ཚོགས་འདིའི་ནད་ཡམས་ཆེ་ཤོས་ཏེ་རེད་ཡ། དེ་ལྟར་བྱས་ན་ང་ལྟ་བུ་ཞིག་དཔོན་གནས་ལ་བསྡད་ཀྱང་རྒྱབ་གཉེར་ཡི་གེ་སྤྲོད་རྒྱུའང་དཀའ་མོ་རེད། བོད་ཡིག་བྲིས་ལ་དགོས་ཀྱི་མ་རེད། དབྱིན་ཡིག་ངས་འབྲི་མི་ཤེས། ཨོ་ཡ་ད་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད།
དཀོན་མཆོག་ལགས། ངས་བླ་མས་གསུངས་པ་རྒྱུ་མཚན་དུ་བྱས་མེད་ལ། བླ་མའི་གསུངས་ལ་དཔྱོད་རྒྱུ་ཡང་འགོག་གིན་མེད། ངས་གང་བཤད་བཞིན་པ་ནི། སྐབས་འདིའི་ལས་དཀའི་སྣེ་ཁྲིད་མཁན་མཁྱེན་བརྩེ་རིན་པོ་ཆེ་ཡིན་སྟབས་མ་མཐར་ཡང་སྐྱོན་བརྗོད་ཞུ་མཁན་རྣམས་ནས་ཀྱང་ཁོང་གི་ལས་དཀའ་འདི་གཉེར་བའི་གོ་རིམ་དང་དམིགས་དགོས་སོགས་རྟོགས་ནས་སྐད་ཆ་བཤད་ན་བསམ་སོང་། བརྗོད་བྱ་གཙོ་བོ་དེ་ཡིན་ལགས།
༼མིག་གིས་གསུངས་པ་ཡང་བདེན་པ་རེད། དེའི་ཐད་ཐ་སྙད་གསར་བཟོ་དང་གཅིག་གྱུར་སོགས་ཀྱི་ཆེད་ལས་གཞི་ཆེན་པོ་ཞིག་འཛུགས་རྒྱུ་དེ་མིག་སྔའི་ལས་ཀའི་ངོ་བོ་ཡིན་རྒྱུ་རེད། དེ་ཅིས་ཀྱང་ཡིན་འོས།ཉེ་ཆར་ཟམ་གདོང་རིན་པོ་ཆེའི་ཀྱང་དེའི་ཐད་ཚོགས་ཐོག་ཏུ་རིན་བྲལ་གྱི་ལམ་སྟོན་གནང་འདུག
དེའི་ཐད་ཞིང་བའི་བུའི་བསམ་ཚུལ་ལ་ཡང་རྒྱུ་མཚན་ཆེན་པོ་འདུག་ཀྱང་། ཁོང་གིས་རྒྱུ་མཚན་ལྡན་པའི་བསམ་ཚུལ་དག་ལས་རྩོམ་གྱི་ཁ་བྱང་མ་བདམས་པར་རྒྱུ་མཚན་དང་བརྟག་དཔྱད་མ་གནང་བའི་ཉེས་ཞྭ་སྟེ། བཀའ་བསྟན་དང་ཨ་སྒོར་བརྗེ་བ་ཞེས་པའི་བློ་ཕམ་འོས་པའི་ཁ་བྱང་དེ་བཏགས་པ་རེད།
ཞིང་པའི་བུ། bbc, གཅན་བཟོད་རྒྱམ། ངས་གོང་དུ་མཆན་༨པ་དེ། ཁུངས་དང་གཞི་རྩ་ཡོད་པའི་སྐད་ཆ་མདོར་བསྡུས་ཤིག་བཤད་པ་ཡིན། ཡིན་ནའང་། ཁྱེད་ཚོས་བདེན་པ་དང་དངོས་ཡོད་མི་ཤེས་པར་བླུན་གཏམ་བཤད་པར་ངས་ལན་བརྒྱབ་བསྡད་ན་ཆུ་ཚོད་འཕྲོ་བརླག་རེད། ཡིན་ནའང་། མ་ཐོས་མ་སྦྱངས་གང་ཡང་མི་ཤེས་པ་ཁྱེད་ཚོར་ལེགས་བཤད་ཉུང་ཟད་ཅིག་གི་སྦྱིན་པ་གཏོང་གི་ཡིན་ན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བའི་སྒོ་ནས་ཉོན་ལ་ཡིད་ལ་ཟུངས་ཤིག་གུ འདིར་དུས་ཚོད་ཉུང་ཙམ་ཞིག་ཁྱེད་ཚོར་འབུལ། རྩ་བའི་ནུབ་ཕྱོགས་ཀྱི་ཆོས་འབྱུང་དང་རྩོམ་དཔེ་ཧ་ལས་པའི་མང་པོ་འདུག་དེ་ཚོར་ལྟོས།
དང་པོར། ཁྱེད་ཚོ་རེ་ཟུང་ཞིག་གིས་སྐད་ཆ་བདེན་པ་གཅིག་བཤད་འདུག ང་དབྱིན་ཡིག་སྐྱོ་བོ་རེད་ཟེར། དེ་བདེན་པ་རེད། ངས་དབྱིན་ཡིག་གི་དཔེ་དེབ་ཀློག་ཐུབ་ཙམ་ཡིན།
གཉིས། དབྱིན་ཡིག་ནང་བཀའ་བསྟན་བསྒྱུར་རྒྱུ་དེ། སྔོན་མའི་སྐབས་བོད་ཡིག་ལ་བཀའ་བསྟན་བསྒྱུར་སྐབས་དང་བསྡུར་ན་ལས་སླ་པོ་རེད་ཟེར་བ་དེར་ངས་གཞི་རྩ་ཡོད་ནས་བཤད་ཀྱི་ཡོད་མ་གཏོགས་གང་བྱུང་མང་བྱུང་བཤད་ཀྱི་མེད། དེ་ལ་གསལ་བཤད་ཅིག་མ་བྱས་ན་མི་ཤེས་བཞིན་དུ་ལོག་བཤད་བྱེད་སྲིད་པ་དང་གཞན་པ་ཚོའང་ལོག་ལམ་དུ་འཁྲིད་པའི་ཉེན་ཁ་འདུག དེ་བས་འདིར་ཆེས་རྨང་གཞིར་གྱུར་པ་ཆུང་ཚགས་ནས་རོབ་ཙམ་གླེང་ན་འདོད།
༡ ཆོས་ལུགས་ཚང་མ་གཅིག་གིས་གཅིག་ལ་ཤན་ཞུགས་ནས་ཕན་ཚུན་འདྲེས་བསྡད་ཡོད་ས་མང་པོ་ཞིག་ཡོད་པ་ལྟར་ཆོས་ལུགས་བྱེ་བྲག་པ་རེའི་ཐ་སྙད་ཀྱང་དེ་བཞིན་རེད། དེས་ན་ཐ་སྙད་ཀྱི་གཞི་རྩ་མ་སྟོང་ཙམ་ཞིག་དེ་ན་ཡོད་པ་རེད།
༢ ནང་ཆོས་ཀྱིས་ནུབ་ཕྱོགས་ལ་ཤུགས་རྐྱེན་དང་པོ་དེ། ཨ་ལེག་ཟན་ཌར་གྱི་སྐབས། རྒྱ་གར་ནང་དབང་སྒྱུར་བྱས་པ་ནས་བྱུང་ཡོད་པ་རེད། ཨ་ལེག་ཟན་ཌར་ཕྱིར་ལོག་རྗེས། ཤར་ཕྱོགས་སུ་བཞག་པའི་རྒྱལ་པོ་དང་དམག་ལྷག་དེ་ཚོའི་ནང་། ནང་པ་ཆགས་པ་མང་པོ་བྱུང་ཡོད་པ་རེད། དཔེ་གཅིག་བཞག་ན།
Bactria ནང་གི་གི་རིག་གི་རྒྱལ་པོ་མེ་ནན་ཌེར་རམ་མི་ལན་ཌིར་ནི། པ་ལི་སྐད་ཀྱི་བཀའ་བསྟན་ཁག་ལ་བལྟས་ནས་གྲོལ་བ་ཐོབ་ཡོད་པ་དང་། དེ་ནི་ནུབ་ཕྱོགས་པའི་ནང་ས་ལམ་ཐོབ་པའི་སྐྱེས་བུ་དང་པོ་དེའང་ཡིན་སྐད། དེ་དང་དེ་ལྟ་བུ་བརྒྱུད་ནས་ཀྱང་ནུབ་ཕྱོགས་སུ་ནང་ཆོས་ས་བཅད་མ་སྟོང་ཙམ་རེ་གོ་ཐོས་བྱུང་བའི་མགོ་བཙུགས།
༣ ཆོས་རྒྱལ་ཨ་ཤོ་ཀས་དམག་སྟོབས་ལ་བརྟེན་ནས། རྒྱ་གར་དང་རྒྱ་གར་གྱི་མཐའ་ཁུལ་དུ་ནང་ཆོས་སྤེལ་བ་མ་ཟད་ཕར་གྷི་རིག་དང་ཨི་ཇིབ་ཕྱོགས་སུའང་ནང་ཆོས་དར་སྤེལ་ལ་བརྩོན་པ་རེད། དེ་ཕྱོགས་ནང་ཆོས་དར་ཁྱབ་གཏོང་མ་ཐུབ་ནའང་ནང་ཆོས་ཆོས་ཀྱི་ཤུགས་རྐྱེན་གང་ལ་གང་འཚམས་བཞག་ཡོད་པ་རེད།
༤ ད་ལྟའི་ནུབ་ཕྱོགས་སུ་དར་བའི་ནང་ཆོས་ཀྱི་ཤུགས་ངོ་མ་དེ། དུས་རབས་བཅོ་བརྒྱད་པའི་ནང་། ཤར་ཕྱོགས་རྒྱལ་ཁབ་ཁག་ནང་སླེབས་པའི་ཡེ་ཤེས་ཆོས་སྦེལ་བ་ཚོ་ནས་བྱུང་བ་རེད། དཔེ་བཞག་ན། ཇར་པན་ནང་། ཧྥི་རན་སེ་སི་ས་ཝེར། རྒྱ་ནག་ནང་། མ་ཐོ་རི་ཞི། བོད་ནང་། ཌེ་སེ་ཌེ་རི་དང་། ད་རུང་རྒྱ་སོག་ལ་མར་ཀོ་པོ་ལོ་ལྟ་བུ་བརྒྱུད་ནས་ནང་ཆོས་སྐོར་གོ་འགོ་བཙུགས་པ་རེད། ཌེ་སེ་ཌེ་རིས་བོད་ཀྱི་ནང་ཆོས་ངོ་སྤྲོད་ཅིག་བྲིས་ཡོད་པ་ཁྱེད་ཚོས་ཀྱང་ལོས་ཤེས། འདི་ནི་སྤྱིར་བཏང་གི་གནས་ཚུལ་རེད།
༥ དབྱིན་གཞུང་གིས་དང་པོ་ཚོང་ལ་བརྟེན་ནས་ཤར་ཕྱོགས་སུ་སྟོབས་ཤུགས་རྒྱ་སྐྱེད་དང་དབང་སྒྱུར་བྱས་པ་དང་བསྟུན། སྙན་ངག་པ་དང་། རྩོམ་པ་པོ། འཚོལ་ཞིབ་པ་དུ་མ་ཞིག་ཤར་ཕྱོགས་ཀྱི་རིག་གནས་དང་། ལེགས་སྦྱར་གྱི་སྐད་ཕྱུག་པོས་ཡིད་སེམས་ཁུག་སྟེ་དེ་ལ་སྦྱངས་བརྩོན་དང་ནུབ་ཕྱོགས་སུ་ཤུགས་རྐྱེན་དངོས་སུ་སླེབས་པའི་མགོ་བཙུགས།
༦ ད་ནང་ཆོས་དངོས་སུ་ནུབ་ཕྱོགས་སུ་དར་བ་དེ་ཕལ་ཆེར་འདི་ནས་མགོ་བཟུང་ན་འགྲིགས་ཡོད་མེད་མི་ཤེས། ༡༨༨༡ ལོར་རེ་སི་ཌ་ཝེ་ཌི་དང་ཁོང་གི་བཟའ་ཟླ་གཉིས། སིང་གྷ་ལའི་གླིང་ནས་སླར་དབྱིནཡུལ་དུ་ལོག་རྗེས། པ་ལི་བཀའ་བསྟན་ཚོགས་པ་གསར་འཛུགས་ཀྱིས། པ་ལི་སྐད་ནང་བཞུགས་པའི་སྡེ་སྣོད་ཡོངས་སུ་རྫོགས་པ་དབྱིན་ཡིག་ཏུ་བསྒྱུར་ཞིང་། ནང་ཆོས་དར་སྤེལ་རྒྱ་ཆེ་གནང་འདུག བར་འདིར་ནང་ཆོས་དང་ནང་ཆོས་དང་འབྲེལ་བའི་རྩོམ་དཔེ་སོགས་སྐད་རིགས་གཞན་དང་གཞན་དུ་མ་ཞིག་ནང་བསྒྱུར་འདུག སྐབས་འདིར་ནུབ་ཕྱོགས་སུ་དར་ཁྱབ་ཆྱུང་བའི་ནང་ཆོས་དེ། གཙོ་བོ་རྒྱ་གར། སིང་གྷ་ལའི་གླིང་། འབར་མ་སོགས་ཡིན་པ་འདྲ།
ད་འདི་ནས་མར་འབྲི་དགོས་པ་མི་འདུག རྒྱ་ནག་གི་ནང་ཆོས་ནུབ་ལ་དར་བ་། འཇར་པན་གྱི་ནང་ཆོས་ནུབ་ལ་དར་བ། དེ་ནས་བོད་ཀྱི་ནང་ཆོས་ནུབ་ལ་དར་བ་སོགས་སོ།
༧ བོད་ཀྱི་ནང་ཆོས་ནུབ་ལ་དར་བ་ས་བཅད་མ་སྟོང་ཙམ་ཞིག་བཤད་ན། དང་པོ་དེ། དུས་རབས་བཅོ་བརྒྱད་ནང་བོད་ལ་སླེབས་པའི་ཌེ་སི་ཌེ་རིས་ཀྱི་ནང་ཆོས་ངོ་སྤྲོད། དེ་ནས་༡༨༡༩ ནང་བོད་ལ་སླེབས་པའི་ཧང་གྷ་རི་བ་
Csoma de Koros དེ་ནས་ ༡༩༠༣ ལོར་དབྱིན་ཇི་བོད་ལ་བཙན་འཛུལ་སྐབས་ཀྱི་L.A.Waddell གྱིས་བོད་ཀྱི་ནང་ཆོས་བྲིས་ཤིང་པར་སྐྲུན་གནང་བ། ༡༩༢༧ ལོར་ W.Y. Evans-Wentz ཡིས་ཟླ་བ་བསམ་འགྲུབ་ཀྱིས་བསྒྱུར་བའི་བར་དོ་ཐོས་གྲོལ་པར་ཏུ་བཏབ་པ་རེད།
༨ མདོར་དེད་ན། འདས་པའི་ལོ་ངོ་སུམ་བརྒྱ་ཙམ་ནས་མགོ་བཙུགས་ཏེ། ད་ལྟ་ལ་ཐུག་གི་བར་ནང་པའི་ཆོས་དཔེ་མང་དག་ཅིག་དབྱིན་ཡིག་སོགས་ཀྱི་སྐད་ནང་བསྒྱུར་ཞིང་། འཆད་རྩོམ་གྱི་ལམ་ནས་ད་ལྟ་ནི་ས་ཁྱབ་རྡོ་ཁྱབ་བྱུང་ཡོད་པ་རེད། དཔེ་ཆའང་མང་པོ་ཡོད་པ་རེད། ནང་ཆོས་ཀྱི་ཚིག་མཛོད་དེ་འདྲའང་འདུག་ག
ངས་ནང་ཆོས་དབྱིན་ཡིག་ལ་བསྒྱུར་རྒྱུ་ལས་སླ་པོ་རེད་ཟེར་བའི་རྒྱུ་མཚན་གོང་གསལ་འདི་དག་ཡིན།
དེར་མ་ཟད་བོད་བརྒྱུད་ནང་ཆོས་དང་འབྲེལ་བའི་དཔེ་ཆའང་མང་པོ་རེད་འདུག་ག
ཨ་ལེ་དབྱིན་ཡིག་མཁས་དབང་རྣམ་པ་ཚོ། དང་པོར་ཐ་སྙད་རྙེད་ཀྱི་མི་འདུག་མ་ལབ་པར་ད་བར་བསྒྱུར་ཟིན་པ་དེ་ཚོར་ལེགས་པོར་གཟིགས། ལེགས་སྦྱར་དང་པ་ལི་སྐད། རྒྱ་སྐད། འཇར་སྐད། བོད་སྐད་སོགས་སྐད་རིགས་དུ་མ་གཞིར་བཞག་ནས་བསྒྱུར་ཡོང་བ་རེད། ང་རང་གིས་ཤེས་ལ་མ་ཤེས་པ་བྱུང་པ་ལྟར་ན། རྒྱན་དྲུག་མཆོག་གཉིས་སོགས་ཀྱི་མཁས་གྲུབ་དང་། མདོ་སྔགས་ཀྱི་ཆོས་ཀྱི་རྣམ་གྲངས། ཐེག་པ་གསུམ། ལྷ་ཡི་རྣམ་གྲངས། ས་མིང་ཆུ་མིང་། ཆོས་ཚན་གཙོ་བོ་ཁག་མང་པོ་ཞིག་ལེགས་སྦྱར་སྐད་སོར་བཞག་གནང་འདུག ད་རུང་དགའ་འོས་པ་ཞིག་ལ། ཐ་སྙད་མང་པོ་ཞིག་དབྱིན་ཡིག་གི་བསྒྱུར་དང་ལེགས་སྦྱར་གཉིས་ཆ་འདུག ཆོས་ཅུང་ཟད་ཤེས་མཁན་དེ་ཚོས་ཐ་སྙད་གཉིས་ཀ་ཤེས་ཀྱི་འདུག
ད་དེ་ཙམ་ཡིད་ལ་ཟུངས་ལ་དགའ་བར་གྱིས་ཤིག་ཨང་།
སྔོན་གྱི་ལོ་ཙྭ་པ་ཚོས་སྙན་གཞུ་ཞིག་གི་ཡན་ཞིག་མཁྱེད་རྒྱུ་ཡོད་རེད། དེ་ལ་དྲ་གྲོགས་མང་པོ་ཞིག་སེམས་ཚབ་བྱེད་བཞིན་པ་ཁག་མ་འདུག་ཟབ་དགོས་ས་རེད་དེ་ཚོང་གི་ཁྱེད་ཡིན་རྒྱུ་མ་རེད།
རྫོང་གསར་བླ་མ་མཁྱེན་རྩེ་ཟེར་བ་དེ་མགོ་བདེ་བོ་ག་དྲ་མི་འདུག་གམ། དཔལ་འབྱོར་ངས་ཐབས་ཤེས་བྱེད་ཆོག་ཟེར་ནས་ཁས་ལེན་གྱི་འདུག ཁོས་ཐབས་ཤེས་ག་འདྲ་བྱེད་མིན་ཚོད་དཔག་མི་ཐུབ་པ་མི་འདུག ཁོས་བཀའ་བསྟན་བསྒྱུར་གི་ཡོད། ལས་གཞི་ཆེན་པོ་ཡིན་ལུགས་བཤད་རྒྱུ་ཡིན་པ་མ་ཟད། རྗེས་མ་དཔེ་དེབ་དེ་དག་རིན་མེད་ཐོག་སྦྱིན་པ་གཏོང་གི་ཡིན་ཟེར་ནས་དངུལ་མང་པོ་སློང་བརྒྱག་གི་རེད། སློང་བརྒྱབ་པའི་དངུལ་འབོར་མང་དག་སྒེར་བདག་བྱེད་ངེས་རེད། བླ་མ་ཚོས་དཔལ་འབྱོར་བཟོ་སྟངས་དེ་གཅིག་པོ་རེད། བླ་མ་ཚོས་ལྐོག་ཟ་བྱེད་སྟངས་ཀྱང་ལམ་ཁ་འདི་ཁོ་ན་རེད། གཙོ་བོ་བཀའ་བསྟན་གྱི་ཆེད་དུ་བོད་མི་རིགས་ཀྱི་རྒྱུ་དངོས་དང་ལུས་སྲོག་ག་ཚོད་བཏང་ཡོད་མེད་ཤེས་དགོས་པ་དང་། དབྱིན་བསྒྱུར་བྱས་པས་བོད་མི་མང་ལ་ག་རེ་ཕན་གི་ཡོད་མེད་དེ་རེད། བླ་མ་དང་དགོན་པ་རེ་གཉིས་ལ་དངུལ་ཕྲན་བུ་རག་ཐབས་ཆེད་འདི་འདྲ་བྱས་ན་ཡག་པོ་མ་རེད།
འདིར་རྫ་ཚེ་རིང་གིས་གསལ་བཤད་ལ་དགའ་བསུ་ཡོད། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་དངོས་ནས་ཐུགས་བསམ་ལེགས་ས་ཞིག་ནས་བཞེས་ནས་ལས་གཞི་བཞག་གནང་ཡོད་པར་ཡིད་ཆེས་ཡོད། ཡིན་ནའང་དེ་འདྲའི་ལས་གཞི་ཆེན་པོ་འདི་བཞེས་དུས་མཁས་མང་ལ་གོ་བསྡུར་ཨ་ནས་ཡང་དུ་གནང་དགོས་པ་དང་། དེ་ཡང་རང་དགོན་དང་རང་གི་ཁྱབ་ཁོངས་སུ་གཏོགས་པ་གཅིག་པུར་གྲོས་བསྡུར་ག་ཚོད་གནང་ཀྱང་ཕལ་ཆེར་ཅི་མཛད་ལེགས་མཐོང་གིས་ལེགས་སོའི་མེ་ཏོག་ཤ་སྟག་གཏོར་བ་ལས་དགག་ཕྱོགས་ཀྱི་བསམ་ཚུལ་བྱུང་དཀོན་སྙམ། དེ་བས་ན་ཕྱོགས་དང་ཕྱོགས་ཀྱི་ནང་ཆོས་དོན་གཉེར་བ་དང་། ལྷག་པར་དོན་གྱི་བདག་པོ་བོད་མི་མང་དང་ཐད་ཀར་རམ། དེའི་ཚབ་མཚོན་དགོན་སྡེ་ཁག སློབ་གྲྭ་ཁག སྤྱིི་ཚོགས་ཁག རང་གཞུང་། དམིགས་བསལ་ཆོས་དོན་ལྷན་ཁང་སོགས་ལ་ལན་གཅིག་མིན་པར་གོ་བསྡུར་ཞིབ་ཚགས་ཀྱིས་ཕྱོགས་གཉིས་ཀྱིས་བསམ་ཚུལ་ལ་གོ་བསྡུར་ནན་ཏན་གནང་རྒྱུ་གལ་ཆེན་རེད་སྙམ། གཅིག་བྱས་ན་ངས་མ་གོ་མ་ཐོས་པ་ལས་དེ་ལྟར་གནང་ཡོད་སྲིད།
གང་ལྟར་ལེགས་ས་ནས་གོང་དུ་ཁྱེད་ཀྱིས་དྲངས་པའི་རིན་པོ་ཆེའི་དགོངས་ཚུལ་དག་རེད་ལ། ཉེས་ས་ནས་ཕངས་སེམས་ཆེས་ཆེར་སྐྱེ་འོས་པའི་གནས་སྟངས་ཞིང་བུ་དང་སྟག་སྨྱོན་སོགས་ཀྱིས་བྲིས་པ་ལྟར་རེད།
འདི་བར་གྱི་བསམ་ཚུལ་ཕྱོགས་གཉིས་ལ་གཞིག་དུས་ངའི་ངོས་ནས་ནི་བཀའ་བསྟན་ཕྱི་སྐད་དུ་མ་བསྒྱུར་རོགས་ཞེས་གསོལ་བ་འདེབས་རྒྱུ་ལས་གཞན་མིན་འདུག
རྫོང་གསར་མཁྱེན་རྩེ་སོགས་བླ་མ་འདི་ཚོས་ཕྱི་རྒྱལ་འབྱོར་ལྡན་ཚོའི་ཆེད་དུ་བཀའ་བསྟན་བསྒྱུར་རྒྱུའི་མཚོན་པའི་མི་ལོ་བརྒྱ་ཡི་འཆར་གཞི་ཡང་བཟོ་གི་ཡོད་འདུག་ན། བོད་མི་རིགས་ཀྱི་ཆེད་དུ་བླ་མ་འདི་ཚོར་ཉི་མ་བརྒྱ་ཡི་འཆར་གཞི་ཡང་ཡོད་མ་རེད། ལུག་པགས་གྱོན་པའི་སྤྱང་ཀི་བོད་འབྲེལ་གྱི་་བླ་མ་ཁྲམ་པ་འདི་ཚོ་དངུལ་ལ་ཐུག་ན་འཆར་གཞི་ག་འདྲ་རིང་པོ་མི་འདུག་གམ། ཁ་དཀར་གཏིང་དང་ཕྱི་བླ་མ་དང་ནང་ཁྲམ་པ་འདི་ཚོས་བོད་མི་ཉམས་ཆུང་ཚོའི་ཆེད་དུ་ལོ་བརྒྱ་ཕར་ཞོག ཉི་མ་བརྒྱ་ཡི་འཆར་གཞི་ཡང་མེད་ལ། ཐ་ན་ཆུ་ཚོད་བརྒྱ་ཡི་འཆར་གཞི་ཡང་ཡོད་མ་རེད། བོད་མི་དང་ཧི་མ་ལ་ཡི་མི་རྒྱུད་གླེན་པ་ཚོས་མུ་མཐུད་འདི་ཚོར་ཕྱག་འཚལ། སྐྱབས་བཅོལ་ནས་འདུག་གི་ཡིན་ནམ།
ལོ་བརྒྱ་ཡི་འཆར་གཞི་རིང་པོ་འདིས་བོད་མི་རིགས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན་སོགས་ལ་ཆུ་ཚོད་གཅིག་གི་དགེ་ཕན་ཡོད་པ་མ་རེད།
ལ་དྭགས་པ་དང་། རྡ་སའི་བོད་མིས་བོད་ཡིག་དང་བོད་སྐད་ཤེས་མི་ཤེས་དང་། དེ་ཙམ་མ་ཟད། བོད་པའི་གཞིས་ཆགས་ཁག་གི་བོད་མིས་བོད་སྐད་དང་བོད་ཡིག་མི་ཤེས་ཀྱང་། བཀའ་འགྱུར་བསྒྱུར་འོས་དང་མི་འོས་ཀྱི་དགོས་དོན་གཙོ་བོ་གཞིས་བཞུགས་བོད་མི་ས་ཡ་དྲུག་ལ་རྒྱ་ཐུག་ཡོད་རེད་སྙམ།
ས་ཡ་དྲུག་གི་ལ་རྒྱ་ལ།
བཀའ་འགྱུར་བསྟན་འགྱུར་དབྱིན་ཡིག་ཏུ་བསྒྱུར་འདོད་ཡོད་ན་དེའི་བདག་དབང་སུ་ལ་ཡིན་ནའང་ཡོད་པ་རེད། བཀའ་བསྟན་གཉིས་ནི། སྔོན་མ་ཞིག་ནས་འཛམ་གླིང་གི་སྤྱི་ནོར་ཆགས་ཚར་རེད། ཆོས་སྦྱིན་གཏོང་ན་རང་རང་སོ་སོའི་འདོད་པ་རེད་ལ་ཚོང་དོན་གཉེར་ནའང་རང་རང་སོ་སོར་ཐོབ་ཐང་དང་རང་དབང་ཡོད་པ་རེད། དེ་ལ་མི་འདོད་པའི་སྐད་ཆ་བཤད་ན་ལྐུགས་པ་རེད།
ཚོང་ཡོང་གི་བསམ་ན་ཁྱེད་ཚོས་ཀྱང་རང་ངོས་ནས་ཆོས་ཚན་གལ་ཆེན་རེ་བསྒྱུར་དང་། ཁྱོད་ལ་མ་བསྒྱུར། ཁྱོད་ལ་དེའི་བདག་དབང་ཡོད་པ་མ་རེད་ཟེར་མཁན་ཡོད་མ་རེད། བསྒྱུར་ལེགས་པོ་དང་དཔེ་དེབ་གལ་ཆེན་དེ་འདྲ་ཡིན་ན་ཉོ་མཁན་མང་པོ་ཡོང་གི་རེད། དེའི་བདག་དབང་ཡང་ཁྱེད་རང་ཁོ་ན་ལ་མ་གཏོགས་གཞན་སུ་ལའང་ཡོད་མ་རེད། བསྒྱུར་ལེགས་པོ་མེད་པ་དང་དཔེ་དེབ་མཁོ་མེད། ཡང་ན་སྔོན་མ་ནས་གཞན་པས་ལེགས་པོར་བསྒྱུར་ཟིན་པ་དེ་འདྲ་ཡིན་ན་འགྲོ་སོང་ཆེ་རོགས་རེད། པར་སྐྲུན་བྱེད་མཁན་ཡོད་མ་རེད། ཉོ་མཁན་ཡོད་པ་མ་རེད། དེ་ཡིན་ན་སྡིག་གྱོང་དེའང་རང་རང་སོ་སོའི་འཁུར་བ་ལས་འོས་མེད།
ད་མི་འདི་ཚོར་རང་དབང་ཐོབ་དྲགས་ན་གཤེ་གཤེ་མི་གཏོང་ས་ཞིག་མེད་ཚོད་རེད། རང་ངོས་ནས་འགན་འཁྱེར་ཏེ་ཕྱག་ལས་གནང་མཁན་ཚོར་ཡང་གཤེ།
དེ་ལས་ཁ་བརྡ་དྲ་ཁང་ནང་ཡོང་ནས་ཁ་བརྡ་བྱས་སྡོད་མཁན་ཁྱེད་རང་དང་ང་རང་འདྲ་བོ་ཚོར་གཤེ་གཤེ་ཐོངས་དང་རྒྱུ་མཚན་ཡོད་པ་རེད། དེ་མིན་ན་ཁྱི་ཁ་ཚུམས་ལ་ཁ་རོག་སྡོད།
ཚུར་བསྒྱུར་ན་ཡག་པོར་མཐོང་ན། ཉི་མ་དེ་རིང་ནས་མགོ་རང་གིས་ཚུགས་ལ་བདུན་ཕྲག་རེར་རྩོམ་ཤོ་ལོ་ཀ་གཅིག་རེ་ལས་བསྒྱུར་མ་ཐུབ་ཀྱང་དེ་སྒྱུར་དང་། ཁ་སྟོང་ནང་གི་ཚིག་སྟོང་མ་རེད། གོ་སོང་ངམ། སྟག་རྒན་སོ་མེད་ལ་སོགས་པ།
གང་དྲགས། མི་འདི་རིགས། ཁྱེད་ཚོའི་བསམ་བློ་གཏོང་སྟངས་དེ་རྗེས་ལུས། གུ་དོག ས་ཁུག་ལུང་ཁུག་གི་བསམ་བློ། རྒྱལ་སྤྱིའི་སློབ་སྦྱོང་མ་ཐོབ་པའི་རང་རྟགས་ཕྱི་ལ་བསྟན་པ་ཙམ་རེད། བོད་མི་རིགས་ཀྱི་རྐང་ཞབས་ལ་ཐག་པ་མ་འདོགས་ཨ།
མ་བརྟག་ཧོལ་རྒྱུགས་བྱེད་པའི་ཁྱི་གུ་སྣ་དཀར་མང་པོ་འདི་ན་འཁོར།།
མི་འདོད་སྒྲ་ངན་ཟིར་ཟིར་སྒྲོགས་པའི་སྐྱག་འབུའི་འདུ་ལོང་འདི་ན་གཡོ།།
ལྟ་བའི་མིག་དང་དཔྱོད་པའི་བློ་མེད་མགོ་འཁོར་གཟའ་རོ་ཚོགས་ཀྱིས་གང་།།
ཀྱེ་མ་ཀྱེ་ཧུད་བླུན་ནག་འདི་དག་ཐོད་པའི་རི་མོར་བརྐོས་པ་འདྲ།།
ཡང་ཤ་གཟན་གྱིས་འབྲེལ་མེད་དོན་གཞན་གོ་རྒྱུ་མེད་པའི་ཉ་གེ་ཉོ་གེ་རིང་པོ་ཞིག་བཤད་འདུག ལར་ནས་མི་ཁོ་རང་ཕྱོགས་གཅིག་མ་གཏོགས་མི་མཐོང་མཁན་ཞིག་རེད་འདུག ཨིན་ཇི་སྐད་ཡིག་ཕྱུག་པོ་ཡིན་པས་གང་བསྒྱུར་བ་ལ་དཀའ་ངལ་མེད་ཟེར། དཀའ་ངལ་དེ་སྐད་ཡིག་གཅིག་པུ་མ་རེད། མིའི་ཤེས་ཡོན་ལ་རག་ལས་པ་རེད། ཀ་ཅོག་ཞང་གསུམ་སོགས་ཀྱིས་ག་ཚོད་བསྒྱུར་འདུག དེ་སྐབས་བོད་སྐད་ཙ་ཚང་བ་ཞིག་ཡོད་མ་རེད་ཅེས་ཁྱོད་རང་བཤད་འདུག་ག་ ཡིན་ན་ཡང་ཡག་པོ་སྤུས་དག་ག་འདྲ་བསྒྱུར་འདུག དེང་སང་བོད་ཡིག་དང་ཐ་སྙད་ཡར་རྒྱས་ཕྱིན་ཡོད་ཀྱང་ཀ་ཅོག་ཞང་གསུམ་ནང་བཞིན་བསྒྱུར་མི་ཐུབ་པ་འདི་ག་རེ་རེད། མིའི་ཤེས་ཡོན་ཀྱིས་ལྡང་གིན་ཡོད་མ་རེད།
ཨིན་ཡིག་ནང་བཀའ་བསྟན་མང་པོ་བསྒྱུར་རབས་ཟེར། མདོ་རྒྱུད་ག་རེ་བསྒྱུར་འདུག མ་དཔེ་ག་རེ་རེད། ཞོལ་སྡེ་སྣར་ཐང་ག་རེ་རེད། ད་ལྟ་གང་ན་བཞུགས་འདུག ད་དུང་ནང་ཆོས་ཀྱི་ཚིག་མཛོད་དང་མང་པོ་ཞིག་འདུག་ཟེར། མགོ་སེར་ཚོས་བྲིས་པའི་དེ་འདྲའི་གྲ་རྒྱས་པོ་དཀའ་ངལ་ཚང་མ་སེལ་ཐུབ་མཁན་གྱི་ཚིག་མཛོད་ཅིག་ག་བར་འདུག ཁྱེད་ཀྱི་ལམ་སྟོན་གྱིས་དང༌། དེ་ཡང་གཞན་ཕན་རེད་པ། གཞན་ཕན་ལ་ཡིན་ཅིག་མིན་ཅིག་བཀའ་བསྟན་བསྒྱུར་དགོས་པ་མ་རེད་པ།
བོད་ཀྱི་ཆོས་ཚོགས་ཀྱི་སྐད་བསྒྱུར་ཚང་མ་ལ་དཀའ་ངལ་དེ་འཕྲད་ཡོད། རྒན་ཐུབ་བསྟན་སྦྱིན་པས་ཀྱང་དཀའ་ངལ་དེ་ཡང་ཡང་གསུང་གིན་འདུག བླ་མས་ཚིག་ཅིག་གསུང་ན་སྐད་བསྒྱུར་གྱིས་མང་པོ་ཞིག་བཤད་དགོས་ཐུག གང་ཡིན་ན་ཚིག་དེ་དང་དེའི་དོན་དེ་ཨིན་ཇི་ནང་མེད་པས་འགྲེལ་བཤད་མ་བརྒྱབ་ན་གོ་ཐུབ་ཀྱི་མ་རེད་ཟེར། སྐད་བསྒྱུར་མང་པོ་ཞིག་གིས་ཟེར་ན། སྔོན་དུ་ཆོས་རྒྱམ་དྲུང་པོ་རིན་པོ་ཆེ་ལྟ་བུ་ཞིག་ནུབ་ཕྱོགས་སུ་ཕེབས་མེད་པ་ཡིན་ན་དེང་སང་བླ་མ་ཚོས་ནུབ་ཕྱོགས་སུ་ཨིན་སྐད་ནང་ནང་ཆོས་བཤད་ཐུབ་པ་ཁག་པོ་ཞེ་དྲག་རེད་ཟེར། དྲུང་པ་རིན་པོ་ཆེ་ནི་ནང་ཆོས་ཀྱི་རྟོགས་པ་མཐོན་པོ་གཤེགས་པ་དང་ཨིན་སྐད་ལ་ཕྱི་རྒྱལ་བ་ཁོ་རང་ཚོ་ཡང་ཧང་སང་འགྲོ་གི་ཡོད་ལ། ཁོང་གི་རང་བཞིན་གྱི་རྣམ་དཔྱོད་ལ་སྔར་བཻ་རོ་ཙཱ་ན་ཟེར་བ་འདི་འདྲ་ཞིག་བྱུང་ཡོད་པ་རེད་སྙམ་པ་ཞིག་ཡོད་པས་ཁོང་གིས་གཅིག་བཟོས་གནང་གི་རེད་ཟེར། ཤ་ཟན་ཁྱོད་རང་གིས་ཕུགས་མེད་པའི་སྐད་ཅ་རང་བཤད་ནས་མ་སྡོད་ལོ།།
དཀོན་མཆོག་་ཟེར་བའི་ཚིག་འདི་ཡང་ཡག་པོ་ཞིག་རྩ་ནས་བསྒྱུར་ཡོད་པ་མ་རེད་དེ། དུས་རབས་ནས་དུས་རབས་བརྒྱུད་མིའི་ངག་ལ་གོམས་སོང་བ་རེད། ད་ལྟ་ངག་ལ་འབྱོར་མདོག་ཁ་པོ་མི་འདུག་གེ
བོད་ཀྱི་སྐད་གཞིར་བཟུང་ན། དཀོན་རྒྱན་ཚིག་ཅིག་རེད། མཆོག་ཀྱང་རྒྱན་ཚིག་ཅིག་རེད། རྒྱན་ཚིག་གཉིས་འཛོམས་ནས་མིང་ཞིག་གྲུབ་པ་རེད། ཧ་ཧ་ཧ།
འདི་ལ་དཔེ་གསར་ཞིག་བཀོད་ན། བཟང་ཡག་བཞི་ཟེར་བ་ལྟ་བུ་ཞིག་རེད། ལན་པོ་མི་འདུག་ག ཡིན་ནའང། ངག་ལ་གོམས་པར་གྱུར་ན་དེའང་བདེ་མདོག་ཁ་པོ་ཡོད་པ་རེད།
ཨོ་དཀོན་མཆོག སྔོན་ ༡༨༨༡ ལོར་བཀའ་སྡེ་སྣོད་གསུམ་དབྱིན་ཡིག་ཏུ་བསྒྱུར་བ་དེ་པ་ལིའི་སྐད་དང་ལེགས་སྦྱོར་སོགས་གཞིར་བཟུང་ནས་བསྒྱུར་འདུག
ད་ངས་མང་པོ་ཞིག་བཤད་པ་དེའི་བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བཤིག་འོ་མའི་མར་ལོ་འདྲ་པོ་དེ། ད་བར་དབྱིན་ཡིག་ནང་མང་པོ་ཞིག་བསྒྱུར་ཡོད་པ་རེད། བྲིས་ཡོད་པ་རེད། ད་ཡག་པོ་ཡོད་ན་མེད་ན་ནང་ཆོས་ཀྱི་ཐ་སྙད་ཕལ་ཆེ་བ་དབྱིན་སྐད་ནང་སླེབས་བསྡད་ཡོད་པ་རེད། དེ་འདྲ་ཡིན་ཙང་། ཐོག་མའི་དུས་བཀའ་བསྟན་བོད་བསྒྱུར་ལས་ལས་སླ་པོ་རེད། དཔེ་བཞག་ན། སྐ་ཅོག་ཞང་གསུམ་གྱི་སྐབས་བཞིན་སྟབས་བདེ་རུ་ཕྱིན་ཡོད་པ་རེད། སྐ་ཅོག་ཞང་གསུམ་སྐབས་བོད་ལ་ནང་ཆོས་དར་ནས་ཉུང་མཐའ་ཡང་ལོ་བརྒྱ་ལྷག་ཕྱིན་ཡོད་པས། འགྲོ་བདེ་བསྒྱུར་བདེ་ཆགས་ཡོད་པ་རེད། གཅིག་བྱས་ན་ལོ་བརྒྱ་ཕྲག་དུ་མ་ཕྱིན་ཡོད་པ་རེད། དེ་ལ་ཏན་ཏན་མེད།
བོད་རིགས་ས་ཡ་དྲུག་པོ་འདི་དག་གཅིག་ལས་ལྐུགས་པ་ཡིན་ནམ། བཀའ་འགྱུར་བསྟན་འགྱུར་གྱི་དཔར་དབང་ང་ལ་སྤྲོད་དང་། ངས་ལོ་རེར་བོད་གཞུང་ལ་འབུམ་བརྒྱ་རེར་ཞལ་འདེབས་འབུལ་ཐུབ་པ་འདུག་ཀྱང་་་་ཧཧཧ ད་ཕྱིས་ཚར་བ་འདྲ་་་་ཧུཧུཧུ་་་་་ ད་ཁྲག་མདོག་མ་བྱེད་་་་་ཟེར་ཡ་དུས་ལ་སླེབས་ཟིན་པ་འདྲ་་་་ རང་ནོར་རང་གི་མ་ཤེས་ན་་་་་་་ འགྱོད་པའི་དུས་ཅིག་ཤར་ཡོང་ངོ། །
བཀའ་བསྟན་སྒྱུར་བ་ལ་གནང་བ་ཞུ་དགོས་ན། བོད་མི་ས་ཡ་དྲུག་ནང་ན་སུ་ལ་ཞུ་འོས། ཁྲིམས་ལུགས་ལྟར་ན། ཁྲིམས་ལུགས་ལྟར་ན། དེབ་འདི་ལེགས་པར་དམ་དུ་བསྡམས་ཡོད། གནང་བ་མེད་པར་དེབ་འདི་སྐད་རིགས་གཞན་དུ་བསྒྱུར་བ་དང་། ཚོང་ལས་ཀྱི་ཆེད་དུ་སྤར་མི་ཆོག་བྲིས་པ་མཐོང་། སྔར་བོད་ལྗོངས་སུ་སྤར་བསྐྲུན་པའི་དཔེ་དེབ་རྣམས་སུ་ལྟ་ཅི། བཀའ་བསྟན་གྱི་དེབ་ཉེ་དུས་རྒྱ་ནག་ཏུ་སྤར་པ་དེ་དག་ཏུ་ཡང་། དེབ་འདི་དམ་དུ་བསྡམས་ཡོད། ཅེས་བྲིས་མི་འདུག རྒྱལ་བའི་གསུང་རབ་སྤར་བ་དང་སྒྱུར་བ་ལ་སུས་ཀྱང་དགག་ཆ་མེད་སྙམ་ནས། བདག་གིས་ཁྱད་པར་འཕགས་བསྟོད་དང་། དེའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་སྤར་ཏུ་བསྐྲུན་ནས་འགའ་རེར་བླུ་ཡོན་དང་། མང་ཆེ་བ་རིན་མེད་དུ་ཕུལ་ནས། དེ་དུས་དབུལ་པོ་ཡིན་པས་འབུ་ལོན་ཡང་ཆགས་པ་དྲན། འོན་ཀྱང་བདག་རང་གི་འབད་པས་བྱ་བ་རྣམས་གོང་ནས་གོང་བྱུང་དང་འབྱུང་བཞིན་པ་ལགས། དེར་མ་ཟད་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལ་ཐབས་ཀྱི་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པའི་མདོ་ཞེས་པ་ཡང་ཨིན་སྐད་དུ་བསྒྱུར་ཏེ། ལ་དྭགས་བོད་ཀྱི་ན་གཞོན་རྣམས་ལ་བོད་ཡིག་མི་བརླག་པའི་ཕྱིར་དུ་ཀློག་བདེ་བར་བསམ་ཤོག་ལྡེབས་གཡས་སུ་བོད་དཔེ་དང་གཡོན་དུ་ཨིན་དཔེ་སྤར་བའི་འཆར་གཞི་ཡིན་ཀྱང་། སྤར་སྐྲུན་པས་ཁས་ལེན་མ་བྱས་པར་བོད་དཔེ་དང་། ཨིན་དཔེ་གཉིས་སོ་སོར་སྤར་བ་ཡིན་འདུག འདི་དག་ཀྱང་གླེགས་བམ་དེ་དག་གི་མ་དཔེ་ན། དེབ་འདི་དམ་དུ་བསྡམས་ཡོད། ཅེས་པ་བྲིས་མེད་པར་བརྟེན་དེ་ལྟར་བྱེད་ཐུབ་པ་ལགས། གལ་ཏེ་དེ་ལྟར་སྒྱུར་བ་དང་སྤར་སོགས་བྱེད་མི་འོས་ན། སྔོན་དུ་བཀའ་བསྟན་གཞུང་རྣམས་ལ་སྤར་སྐྲུན་སོགས་བྱེད་མི་ཆོག་ཅེས། དམ་དུ་བསྡམས་ཡོད། ཅེས་འབྲི་དགོས་པ་ཛམ་གླིང་གི་རྩ་ཁྲིམས་ལྟ་བུར་མཐོང་ངོ་།།
ངས་གོ་ཐོས་ལ། ཇའ་པེན་རྒྱལ་ཁབ་ནང་ལ། འཛམ་གླིང་ནང་གི་དེབ་སྐད་གྲགས་ཅན་ཞིག་གསར་དུ་ཐོན་ན། ཟླ་བ་གཅིག་གི་ནང་ཚུད་ལ། རང་གི་ཡུལ་སྐད་འགྲེམས་ཐུབ་པར་གོ དེ་ནི་ཚོང་གི་བརྒྱུད་ལམ་ནས་བྱུང་བ་རེད་སྙམ། དཔེར་ན། མུ་སྟེགས་པའི་གཞུང་ལུགས་མ་ཧྰ་བྷ་རཏ་ལྟ་བུ་ཨིན་སྐད་སོགས་སུ་བསྒྱུར་བ་དེ་ཡིས་ཧིན་ཆོས་དར་ཁྱབ་ལ་ཕན་ཡོད་དམ། གནོད་ཡོད། ང་ལ་ནི་ཆ་མ་འཚལ་བའི་གནས་ཤིག་རེད།
ཆོས་ཞེས་པ་འདི། དད་པས་ཀུན་ནས་བླངས་ནས་བསྒྱུར་དགོས་པ་དང་། ཤོད་དགོས་པ། ཉན་དགོས་པ་ཡིན་པ་ཙམ་མ་ཟད། ཚོང་ཟོག་ཏུ་བཞག་ན་ཡང་དང་པོ་དད་པ་ཡོད་མཁན་ཅིག་ལ་བཙོང་དགོས་པས། ཆོས་ཁས་མི་བླངས་མཁན་བསྒྱུར་མཁས་པའི་སྙན་གྲགས་དང་། དངུལ་ལོར་དོན་དུ་ཆགས་ན། དད་ལྡན་ལ་གནོད་པ་མ་ཟད། དད་མེད་ཚོང་པ་ལ་ཡང་ཕན་ཐོགས་དཀའ་བ་མ་ཡིན་ནམ།
དེས་ན་ཆོས་ཞེས་པ་དེ་དད་པ་དེ་ཡིས་ནུས་ཤུགས་བརྟེན་ནས་བསྒྱུར་དགོས་པ་ལས། ཚོགས་པ་གཅིག་གིས་ང་ཚོས་བཀའ་བསྟན་ཡོངས་རྗོགས་བསྒྱུར་འགོ་བཙུགས་པ་ཡིན་གདའ་ཟེར་ན། འདིའི་ནང་ལ་ཆབ་སྲིད་ཀྱི་དྲི་ངན་ཅིག་སྣ་བར་མི་ཚོར་བ་འདི་ཅིས་ལན་པ་རེད་དམ།
རྗོགས་རྫོགས་ལ་བཅོས།
སྔོན་རྒྱ་གར་གྱི་པན་ཆེན་དེ་དག་ལས་སྨྲི་ཏི་ཛྙ་ན་ཙམ་མ་གཏོགས་ཕ་ཆེར་བཀའ་བསྟན་གང་ཡང་བོད་སྐད་ཐོག་ཏུ་བསྒྱུར་བའི་ལོ་རྒྱུས་དཀོན། བཀའ་བསྟན་བོད་སྐད་དུ་བསྒྱུར་མཁན་ཚང་མ་བོད་པ་རང་ཡིན། དེ་བཞིན་དེང་དུས་ནང་ཆོས་བོད་སྐད་ལས་དབྱིན་སྐད་ཐོག་ཏུ་བསྒྱུར་མཁན་མགོ་སེར་རྣམས་ལས། བོད་པ་དཀོན།
འོན་ཀྱང་སྔོན་དུས་བོད་ལ་ཆོས་སྲིད་ཀྱི་ཁྲིམས་ཀྱིས་གང་བྱུང་བསྒྱུར་མི་ཐུབ་ནའང་། དེང་དུས་ནི་རང་རང་སོ་སོས་ནུས་ན། བཀའ་བསྟན་གང་དབྱིན་སྐད་ཐོག་ཏུ་བསྒྱུར་ཐུབ་ནའང་ཁྱེད་ལ་རང་དབང་ཆ་ཚང་འདོགས།
བོད་ཀྱི་ནང་བསྟན་རིན་ཐང་དང་བྲལ་བ་དེ། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ལེགས་སྐྱེས་སུ་འབུལ་བའི་མཁས་དབང་དཔལ་འབྱོར་དང་ལྡན་པའི་གསར་སྐྱེས་བོད་རིགས་སུ་དང་གང་ཡིན་ནའང་། སྐུ་ལུས་ཀྱི་དམའ་ཤོས་ཀྱི་ཞབས་སུ། ཡན་ལག་མཆོག་གིས་འདུད་ཅིང་། དེ་ལྟ་བུའི་སྐྱེས་ཆེན་དག་གི། རྨད་དུ་བྱུང་བའི་མཛད་རྗེས་དང་། ཕུལ་དུ་བྱུང་བའི་སྙིང་སྟོབས། མགྲན་ཟླ་བྲལ་བའི་མཁྱེན་དཔྱོད་ལ། མི་བཟོད་པའི་ཕྲག་དོག་གིས་མྱོས་པ་འདི་དག་གི་རྒྱུད་ལ། ཡང་དག་པའི་བློ་མིག་སྐྱེས་ནས། སོ་སོའི་གྲོད་པ་གང་ཙམ་བྱུང་ན་འགྲིགས་པའི་དམིགས་ཡུལ་དེ། རིམ་བཞིན་སྙིང་སྟོབས་རྒྱར་བསྐྱེད་ནས། སྐྱེས་ཆེན་དམ་པ་རྣམས་བཞིན་གྱུར་བའི་སྨོན་འདེབས་ཞུ་རྒྱུ་་ཡིན།
དྲ་གྲོགས་ཚོར་རང་མྱོང་གི་ལོ་རྒྱུས་ཅིག་ཤོད་དོ། སྔར་རང་ཉིད་རྡ་སར་དཔེ་ཆ་ལྟ་དུས། ཡེ་ཤུའི་ཆོས་དཔོན་འགའ་ནང་པའི་མཉམ་དུ། བགྲོ་གྲེང་ཅིག་རྣམ་རྒྱལ་གྲྭ་ཚང་གི་འཛིན་ཁང་གཅིག་གི་ནང་ལ་འཚོགས་པ་རེད། དེ་དུས་ཡེ་ཤུ་གྲྭ་པ་གཞོན་པ་གཅིག་གིས། ང་ནི་མངོན་པ་མཛོད་ལ་མཁས་པ་ཅིག་ཡིན་ཟེར། མདོར་དོན་ངས་བཤད་འདོད་པ་ནི། ཁོས་མངོན་པ་མཛོད་ཀྱི་བརྗོད་བྱའི་བརྒྱུད་ནས། ནང་ཆོས་འགོག་དགོས་པ་འདོད་པ་མ་གཏོགས། བརྗོད་བྱ་གཞན་བག་ཡོད་སོགས་ཆོས་བདུད་རྩི་མྱངས་མི་ཐུབ་པ་བཞིན། དྲང་དོན་ངེས་དོན་འདྲེས་མའི་ཆོས་འདིས་གཞན་ལ་ཕན་ནམ་གནོད། ཆ་མི་འཚལ་ཏེ། གསང་སྔགས་ཀྱི་ཆོས་བཞིན་ནོ། ། ཐབས་མཁས་པར་རེམས་པར་མཛོད་ཅེས་ཞུ་འདོད་བྱུང་། ། ངའི་ཕྲག་པ་དྭོག་པ་མ་ཡིན་ཏེ། སངས་རྒྱས་བསྟན་པ་དུས་རྟག་ཏུ་ཕྱོགས་ཀུན་ཏུ་སྐད་རིགས་ཀུན་ནང་ཁྱབ་པར་སྨོན་མཁན་ཅིག་ཡིན་ལགས། དགེའོ། །
བཀའ་བསྟན་དབྱིན་སྐད་དུ་བསྒྱུར་བ་དེར་རྗེས་སུ་ཡི་རང་ཡོད། འོན་ཀྱང་བླ་མ་དང་སྤྲུལ་སྐུའི་མཚན་ཅན་དེ་ཚོས་རང་ཡུལ་ལུང་པའི་ཞན་ཆ་དང་། གྲྭ་པའི་སྤྱི་ཚོགས་ཀྱི་ཉེས་ཆ་གསལ་སྟོན་གནང་བའི་གློག་ཀླན་བཟོས་པའི་སྟེང་ནས་ཁེ་ཕན་འཚོལ་བཞིན་པ་དེར་བསམ་གཞིག་གཏོང་དགོས་ངེས་འདུག
ཝ་ཎའི་གསུང་ཆོས་ཨམ་སྐད་ལ་འགྱུར་མཁན་མེད་པར། བཀའ་བསྟན་ཨིན་སྐད་འགྱུར་འདོད་དངོས་པོའི་གནས་ཚོད་དང་མི་མཚུངས་པ་འདི་ཡིས་རང་མདོག་སྟན་པ་རེད།
བོད་ས་བོད་མི་མ་ཟད་ཅིང་། །
བོད་སྐད་བོད་ཡིག་མ་ཉམས་པར། །
བོད་མི་ལས་མེད་ལས་ལྡན་ཤོག །
བཀའ་བསྟན་བསྒྱུར་མཐར་ཕྱིན་པར་ཤོག །
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
བཀའ་བསྟན་ལགས་ཁྱེད་ནི་བོད་གངས་ཅན་པའི་སྙིང་ནོར་གཅིག་པུ་དེ་རེད་ཕུང་ལ་ཉེ་བའི་དུས་རབས་གསུམ་བྱུང་།
དང་པོ་རྒྱལ་པོ་གླང་དས་བསྣུབ་ལ་ཉེ།
གཉིས་པ་རིག་གནས་གསར་རྗེས་གཏོར་ལ་ཉེ།
གསུམ་པ་ཝར་ཎའི་ལོ་ཙྭས་བསྒྱུར་ལ་ཉེ།
ཕྱི་རྒྱའི་སྒོར་མོས་བསླུ་ལ་ཉེ།
མཐའ་འཁོབ་ཀླ་ཀློའི་ཡུལ་དུ་ཉེ།
ཕྱི་མི་མགོ་སེས་ཁྱེར་ལ་ཉེ།
ཆོས་མེད་ལུང་མེད་ལག་ཏུ་ཉེ།
ཉིན་རེའི་གསར་ཤོག་ལྷན་དུ་ཉེ།
སྲོང་འདོའི་གད་སྙིག་སྒོམ་ནང་ཉེ།
འབག་རྩོག་དྲི་མས་འགོས་ལ་ཉེ། ཆོས་ལ་སྐྱབས་སུ་མཆིའོ།།
རྔོག་ལོ་ཙ་པ་བློ་ལྡན་ཤེས་རབ་ཀྱིས།
བེ་རོ་ཙ་ན་ནམ་མཁའ་དག་དང་མཉམ།
སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ།
རིན་ཆེན་བཟང་པོ་མཐོ་རངས་སྐར་ཆེན་ཙམ།
ཁོ་བོ་དེའི་དྲུང་སྲིན་འབུ་མེ་འཁེར་བཞིན།།
འོན་ཀྱང་པཎ་ཆེན། རྒྱལ་བ། དགེ་འདུན་གྲུབས་ཀྱིས།
བདག་ཀྱང་ཐུབ་པའི་དབང་པོའི་བཀའ་དྲིན་ལས།
འགྲོ་བའི་དོན་དུ་རྒྱལ་བའི་དམ་ཆོས་ཀུན།
ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་པ་ལ།
ལོ་ཆེན་རྒྱལ་སྲས་ཀུན་དང་མཚུངས་པར་ཤོག །
དེ་རིང་ཁ་བརྡ་དྲ་དེབ་ཏུ་བཀོད་པའི་རྩོམ་ཡིག་འགའ་དང་དེ་དག་གི་གཤམ་དུ་གསལ་བའི་མཆན་བུ་རྣམས་རོབ་ཙམ་བྐླགས་པ་ཡིན། སྐུ་ཞབས་སྟག་སྨྱོན་གྱིས་གནས་ལུགས་དང་རྒྱུ་མཚན་ཡོད་པའི་མཆན་བུ་འགའ་བྲིས་འདུག དེ་ལ་ཐུགས་རྗེ་ཆེ་ཞུའོ།
དཀོན་མཆོག
Pali Text Society དྲ་ཐོག་ལ་རྒྱུགས། དེ་ནས་ Origins of Western Buddhism རྩོམ་ལ་ལྟོས། ནུབ་ལ་ནང་ཆོས་དར་བའི་ལོ་རྒྱུས་ཟེར་ནས་དབྱིན་ཡིག་ནང་ཕྲིས་དང་རྩོམ་དང་དཔེ་ཆ་ག་ཚོད་དགོས་དགོས་རག་གི་རེད། རྒྱབ་ཤ་སྤུས་ལེགས་ཡིན་པའི་དེབ་རྒན་༥༨ ཆ་ཚང་ཉོ་གི་ཡིན་ན། དབྱིན་སྒོར་ ཆིག་སྟོང་བདུན་བརྒྱ་ཁ་ཤས་ཤིག་ཡིན་བསམས་སོང་།
དེ་སྐབས་བསྒྱུར་བའི་དཔེ་ཆ། མདོ། འདུལ་བ། མངོན་པ་གསུམ་རེད། དེ་ཚོ་ཆ་ཚང་བ་ཞིག་ཡིན་མིན་མི་ཤེས། ད་རང་གིས་གོང་གསལ་གྱི་སྡེ་མིག་འདི་ཟུངས་ལ་འཚོལ་ཞིབ་བྱེད་དུ་ཕྱིན། ཕྱག་མ་འཚལ་ན་འགྲིགས། སྐད་ཆ་བཤད་སྐབས། རང་གིས་གང་ཞིག་བཤད་ཀྱི་ཡོད་པ་དེ་ཧ་གོ་བ་བྱས་ནས་ཤོད་དང་ལན་པོ་ཡོད་པ་རེད། དེ་གྱིས།
དྲང་པོར་བཤད་ན་ནུབ་ཕྱོགས་པ་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་པ་དེ་ཡག་པོ་རེད་དེ་མང་ཆེ་བ་སོ་སོའི་ལྟོ་གོས་དང་། མིང་སྙན་གྲགས་ཀྱི་མཆེད་དུ་རེད། བོང་ཀྱི་ཐོག་ལ་མཁས་པ་ཡིན་ཟེར་མཁན་དེ་ཚོ་མཐོ་སློབ་ཁག་ཏུ་ལས་ཀ་ཡག་པོ་རག་གི་ཡོད། ཕྱི་རྒྱལ་བ་ནང་པ་ཡིན་ཟེར་མཁན་གྲགས་ཅན་དེ་ཚོ་ཡང་སྤྱོད་པ་ནི་གང་ལས་སྡུག་པ་འདུག
བཀའ་བསྟན་སྒྱུར་བའི་འཆར་གཞི་གནང་མཁན་རྫོང་སར་མཁྱེན་བརྩེ་དང་བཀའ་འགྱུར་རིན་པོ་ཆེའི་གདུང་སྲས་རྣམས་རེད། འགྱུར་ཡག་པོ་ཐོན་ཐུབ་པ་དཀའ་ཡང་རིམ་བཞིན་འགྱུར་བཅོས་ལན་མང་བྱས་ན་སྤུས་ཚད་ཅུང་ཟད་ཡོད་པ་ཞིག་འགྲུབ་རེ་བཅང་བ་ཡིན། མི་འོས་དང་མི་འགྲུབ་སྙམ་ནས་སྡོད་པ་ལས་བསྟན་འགྲོར་སྨན་པའི་བྱ་བ་ཆ་ཕྲན་བུ་འགྲུབ་ནའང་བརྩོན་དགོས་པ་མ་རེད་དམ།
ཆོ་མེད་བྱབ་ཆུང་གི་སྐད་ངན་མ་སྒྲོག། སངས་རྒྱས་ཀྱི་བསྟན་པ་གང་ན་དར་ཁྱབ་ཆེ་ན་བསྟན་པ་དང་འགྲོ་བར་ཕན་ཆེ་ངེས་ཡིན་ལ་ནམ་ཞིག་འཛམ་གླིང་ཡོངས་སུ་སངས་རྒྱས་ཀྱི་བསྟན་པ་རྒྱས་ཏེ་འཛམ་གླིང་ཞི་བདེ་ཡང་དག་གཅིག་ཏུ་འགྱུར་བར་ངེས་པས་རི་བོང་གནམ་བརྡིབ་ཀྱི་སྡུག་ངལ་མ་བྱེད། སོ་སོའི་སྐད་ཡིག་སོ་སོས་བདག་པོ་རྒྱབ་དགོས། སྐད་ཡིག་དང་མི་རིག་བརླག་མ་བརླག་ཟེར་བའི་ངོ་བོ་དེ་ཡུལ་དེའི་མི་རིགས་ཀྱི་རང་བཞིན་དང་བྱེད་ལས་་ལ་རག་ལུས་ཡོད་པ་ལས། བཀའ་བསྟན་གཞན་སྐད་དུ་འགྱུར་ན་བོད་ཀྱི་ངོ་བོ་བརླག་འགྲོ་བ་ཟེར་བ་ནི་ཀླད་སྟོང་གི་སྐད་ཆ་རེད།
བོད་ནང་རྒྱ་རིགས་བོད་དགེས། བོད་རིགས་བོད་དགེའི་རྟ་ལམ་བོང་བུས་བཀག་པ་ཙམ་མ་ཟད། ཕྱི་རྒྱལ་བོད་དགེས། བོད་རིགས་བོད་དགེ་ལ་ཆབ་སྲིད་དང་འབྲེལ་ནས། མཐོང་ཆུང་བྱེད་བབས་ལ་བལྟས་ནས། བོད་པས། བོད་མིར་བསམ་བློ་གཏོང་དགོས་པའི་དུས་ཚོད་སླེབས་ཚར་བ་རེད་གདའ། བོད་པས་བོད་མིར་ཕྲག་དོག་བྱེད་རྒྱུ་དེ། ད་འཚམས་འཇོག་རོགས་གནང་ཞུ་དགོས་ཐུག་སོང་།
འོད་ཡུག་པས་བསམ་བློ་ཧ་ཅང་སྟབས་བདེ་བཏང་འདུག ཁག་མེད། བོད་ཀྱི་སྐད་ཡིག་བླ་སྲོག་ད་དུང་ཡང་ངོས་ཟིན་མི་འདུག སྙིང་རྗེ་ཡ།
ངས་བསམ་ཚུལ་ཞིག་སླར་ཡང་ཞུ་འདོད་བྱུང་། བཀའ་བསྟན་བོད་ཡིག་ལས་དབྱིན་སྐད་དུ་བསྒྱུར་བ་དེས། བཀའ་བསྟན་བོད་ཡིག་ཐོག་ཏུ་མེད་པ་ཞིག་བཟོ་བཞིན་ཡོད་པའི་བསམ་ཚུལ་ཞིག་འདུག་པ་དེ་ནི་ནོར་བ་རེད། བཀའ་བསྟན་དབྱིན་ཡིག་ཏུ་བསྒྱུར་བ་དེས་བོད་མི་ལ་ལས་ཀ་མེད་པ་ཞིག་ཆགས་ཀྱི་རེད་དམ་མ་རེད་ཟེར་བགྲོ་གླེང་ཞིག་བྱས་ན། བོད་ཀྱི་རྩ་དོན་དང་འབྲེལ་ནས་འདུག
བཀའ་བསྟན་བོད་སྐད་ཐོག་ཏུ་ལུས་ན། བོད་ཀྱི་སྐད་ཡིག་འདི་ལོ་ཇི་ཙམ་ཞིག་གནས་ཐུབ་མིན་དངོས་ཡོད་གནས་ཚུལ་ལ་དཔག་ནས་ཐུགས་བསམ་ཞིག་བཞེས་དང་། གལ་སྲིད་རང་རེའི་བོད་སྐད་འདི་དེང་དུས་ལེགས་སྦྱར་སྐད་ཀྱི་སྤུན་ཟླ་རུ་གྱུར་བའི་ཉིན་མོ། རིན་ཐང་དང་བྲལ་བའི་བཀའ་བསྟན་དེ། ཇི་འདྲ་ཞིག་འགྱུར་རམ།
ཨ་ཁ་ཁ་ཤ་གཟན། ད་དུང་རྫུན་བཤད་འདུག ཁྱོད་ལ་བསྒྱུར་བའི་དཔེ་གཅིག་གི་མིང་དང་སུས་བསྒྱུར་བ་བཤད་རྒྱུ་མི་འདུག བསྒྱུར་བ་དང་བྲིས་པ་ལོག་ག་རེད། བོ་དོང་གིས་པོད་ཉིས་བརྒྱ་ལྷག་བརྩམས་ཡོད་རེད། དེ་བསྒྱུར་བ་རེད་ཟེར་གྱི་མ་རེད། ཕྱི་རྒྱལ་བས་ནང་ཆོས་སྐོར་མང་པོ་བྲིས་ཡོད་པ་སུས་མ་ཤེས། དེ་ཚོ་ཚང་མ་བསྒྱུར་བ་རེད་ཟེར་རྒྱུ་ཨེ་ཡོད། ཕྱི་རྒྱལ་དེ་ཚོ་རྒྱ་གར་དྷ་རམ་ས་ལ་དང་བོད་ཀྱི་དགོན་སྡེ་ནང་བདུན་ཕྲག་རེ་ཙམ་བསྡད་ནས་ནང་ཆོས་སྐོར་དེབ་རེ་འབྲི་གེ་རེད། ༸སྐུ་མདུན་ནས་གསུང་ཆོས་ཐེངས་རེ་ཞུས་རྗེས་དེབ་རེ་བརྩམས་ཡོང་གི་རེད། དེ་ཚོ་ཚང་མ་བཙོང་ཡོང་གི་རེད། ཁྱེད་རང་གིས་མཐོང་སོང་ང༌། ཆོས་སྦྱིན་རེད་མི་འདུག་ག ཚོང་རེད་འདུག་ག དེབ་དེ་ཚོ་མང་ཆེ་ཞིབ་འཇུག་སློབ་མ་ཚོས་བྲིས་པའི་ནང་ཆོས་ནུབ་ཕྱོགས་དང་ཨ་རིའི་ནང་དར་ཚལུ་བཤད་པ་རེད། བཀའ་བསྟན་བསྒུུར་བཞག་པ་མ་རེད་ལོ།། ངའི་མཆན་དེ་ཡང་དེ་རིང་མཐོང་རྒྱུ་མི་འདུག ཁྱོད་ཤ་གཟན་གྱིས་བསུབ་མ་རེད་དམ།
ཨ་མ་དང་མ་མ་གཅིག་ཏུ་འགྱུར་མི་སྲིད། བོད་ཀྱིས་ད་བར་རྒྱ་གར་རིག་གཞུག་ལ་ཞབས་ཞུ་བྱེད་དགོས་བྱུང་བ་དེ་བཀའ་བསྟན་སོགས་བོད་དུ་འགྱུར་བ་བས་རྐྱེན་གྱིས་རེད། དེ་བཞིན་ཉི་ཧོང་། གོ་རི་ཡ། ཁམ་པོ་ཅུ་ཡ་སོགས་ཀྱིས་རྒྱ་ནག་རིག་གཞུང་ལ་གཡོག་པོ་བྱེད་ཚུལ་ལ་ལྟོས། ད་རེས་བཀའ་འགྱུར་བསྒྱུར་རྒྱུ་དེ་རྫོང་སར་མཁྱེན་བརྩེ་དང་སྤྲུལ་པདྨ་དབང་རྒྱལ་གྱི་པདྨ་ཀཱ་ར་སྒྲ་བསྒྱུར་ཚོགས་པའི་་ཐུགས་སྨོན་རེད། ལག་ལེན་ཏུ་དངོས་སུ་བསྟར་ཡོད་ཚོད་མི་འདུག མཛད་པ་རླབས་པོ་ཆེ་འདི་བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་ཀྱི་རིག་གཞུང་དར་སྤེལ་བྱེད་པའི་ཐབས་ལམ་ཞིག་རེད། ༧གོང་ས་མཆོག་གི་དགོངས་པ་རེད་ཟེར་མཁན་ཡང་འདུག མཁས་དབང་རྣམས་ཀྱིས་རྩད་གཅོད་ཡག་པོ་དང་ཐུགས་བློ་ཕུད་རྒྱུ་ཡོད་ན་གལ་ཆེ།
ད་དཀོན་མཆོག་འདི་ཤ་ཚ་སྙིང་རྗེ། མི་དོ་སྣང་ཅན་ཞིག་ཡིན་པ་འདྲ། སྡེ་སྣོད་གསུམ་པོ་པ་ལི་སྐད་ནང་དུ་དགོས་ན་ཡོད་གི། དབྱིན་སྒྱུར་དགོས་ན་ཡོད་གི། དཔེ་སྒྲོམ་ནང་བླུགས་ཡོད་པའི་དཔེ་ཆ་དངོས་སུ་མཇལ་རྒྱུ་ཡོད་གི དཔེ་སྒམ་ནང་དཔེ་ཆ་སྒྲིག་ཡོད་པ་དེ་ཚོ། ངས་ཁྱོད་མི་དོ་སྣང་ཅན་ཞིག་རེད་བསམས་ནས་རོགས་བྱེད་འདོད་ཀྱིས་བཙལ་བ་ཡིན་ཏེ་དེ་རིང་རྙེད་མ་སོང་།
དཔེ་ཆ་བཙོང་རྒྱུ་ཡོད་པའི་དཔེ་ཐོ་དེ། Pali Text Society ནང་། དཔེ་ཆ་འགྲིམས་ཆེ་ཤོས་ཟེར་བའི་ནང་འཛུལ་དང་། དང་པོ་གཉིས་པ་གཉིས་དབྱིན་འགྱུར་གྱི་སྡེ་སྣོད་གསུམ་རེད། གསུམ་པ་དེ་པ་ལི་རང་སྐད་རེད། རང་ཉིད་ལ་དགོས་པ་དེར་དཀའ་ལས་ཅུང་ཙམ་བརྒྱབ་ནས་བཙལ་ཐུབ་ཀྱི་མི་འདུག་གེ ད་རྗེས་མ་འདིར་ཡོང་སྐབས། ཤ་ཟན་རྫུན་བཤད་ནས་ཟེར་མ་ཡོང་རོགས། ཨོ་ཁྱོད་བདེན་པ་རེད། ད་ང་ལ་རྙེད་སོང་ཟེར་ནས་ཡོང་རོགས།In 1881 Thomas Rhys-Davids and his wife Caroline had returned to England from Sri Lanka and formed the Pali Text Society to translate the whole Pali Tripitaka – or three baskets of the Buddha’s teaching – into English. Meanwhile, the work of the pioneer Sanskrit scholars and translators like Max Muller and the Sacred Books of the East Series was continuing apace
དཀོན་མཆོག
དཀའ་ལས་ཅུང་ཟད་རྒྱོབས་དང་། མིང་འདྲ་མིན་གྱི་ཐོག་ནས་འཚོལ་དྲ། དཔེ་བཞག་ན། pali canone,Pali Tripitaka , Pali three baskets of the Buddha’s teaching, English translation of Tripitaka སོགས། ངས་ཀྱང་སྔོན་དཀའ་ལས་མང་པོ་བརྒྱབ་ནས་བཙལ་ཡིན། ཁྱེད་ཀྱི་མིག་ལམ་ལ་འདི་རེད་ཟེར་ནས་ཁྱེར་ཡོང་མཁན་ཡོད་མ་རེད། ཡང་སྐྱར་བཙལ་རྒྱུའི་དུས་ཚོད་མེད། རང་གིས་དཀའ་ལས་བརྒྱབ་ནས་འཚོལ། མེད་དང་ན་ངའི་མྱིག་གཉིས་ཕྱུངས་ནས་སྦྲགས་བརྒྱུད་ཁྱེད་ལ་གཏོང་ཆོག ད་ནས་བཟུང་ཁྱེད་རང་གིས་ང་ལ་རྫུན་གྱི་འཁོར་ལོ་བསྐོར་ག་ཚོད་ལབ་ནའང་ཡ་ཁོ་རང་བྱེད་གི་མིན། ལྡེ་མིག་ཁྱེད་ལ་གཏད་ཡོད། མ་ལོན་ན་ཐབས་ཤེས་ཡོད་མ་རེད།
སྒོ་རྒྱག་ཞོར་ལ་ཅིག་བཙལ་ཡིན། འདི་ན་ར་དེབ་ཁ་ཤས་འདུག པ་ལི་ཡིན་དང་དབྱིན་འགྱུར་གང་ཡིན་ལྟ་ཁོམ་མ་བྱུང་། ད་ང་འགྲོ་གི་ཡིན། http://septicpen.blogspot.com/2009/09/three-baskets-of-wisdom.html
སྔོན་བྱོན་ཡབ་མེས་གོང་མ་ཚོས་དཀའ་བ་ཁྱད་བསད་དང་ངལ་བ་དང་བླངས་ཀྱིས་བོད་མགོ་ནག་པ་གཅིག་པུར་མ་ཡིན་པར་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཕན་བདེའི་དཔྱིད་དཔལ་དུ་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་ཡོངས་རྫོགས་ཤིག་བཞག་ཡོད་པ་བདེན་པ་རེད། འོན་ཀྱང་ཁྱེད་ཀྱིས་ ་་་་་་་་་་་
༼དེ་འདྲའི་རིན་ཐང་ཅན་དེ་ཉིད་ང་ཚོས་འཛམ་གླིང་འདིའི་ནང་དུ་བོད་གངས་ཅན་པའི་གཙོས་པའི་འགྲོ་བ་མི་མ་ཚད་དབུ་ཡོད་དོ་ལྕོགས་ཀྱི་ཕན་བདེ་བསྒྲུབ་པའི་ཆེད་དུ་ཡུན་རིང་དུ་ཇི་བཞིན་གནས་ཤིང་བཞུགས་དགོས་ན། བོད་ཀྱི་སྐད་ཡིག་འདི་ཉིད་མི་ཉམས་རྒྱུན་སྐྱོང་དང་ཉམས་པ་སླར་གསོ་དགོས་གལ་ཆེ།༽་་་་་་་་ཞེས་པའི་གཏམ་འདི་བློ་ལ་འཐད་པ་ཞིག་མ་བྱུང་། རྒྱུ་མཚན་གང་ཡིན་ཞེ་ན། རིན་ཐང་གཞལ་མཐའ་བྲལ་བའི་བཀའ་བསྟན་དེ་དག་གངས་ཅན་པ་གཙོ་བའི་འགྲོ་བ་མི་དབུ་ཡོད་དོ་ཅོག་གི་ཕན་བདེ་སྒྲུབ་པའི་ཆེད་དུ་ཡུན་རིང་དུ་གནས་དགོས་ཀྱང་། ཇི་བཞིན་གནས་ཤིང་བཞུགས་དགོས་པ་ཞེས་པ་འདི་ཅི་འདྲ་ཞིག་ལ་ཟེར། དོན་ཇི་བཞིན་པ་ལ་ཟེར་རམ། ཡང་ན་ཚིག་ཇི་བཞིན་པ་ལ་ཟེར། དང་པོ་ལྟར་ན་རྒྱལ་བའི་གསུང་རབ་ལ་མཁས་པ་སོ་སོའི་དགོངས་པ་འགྲེལ་སྟངས་ཀྱིས་བསྟན་འགྱུར་པོད་ཉིས་བརྒྱ་ལས་བརྒལ་བ་བྱུང་ཡོད་ཅིང་། ཉན་ཐོས་ཐེག་པ་ནས་རྫོགས་ཆེན་ཨ་ཏིའི་བར་འགྲེལ་སྟངས་ཀྱི་བཞེད་འདོད་བསམ་གྱིས་མི་ཁྱབ། འོན་ཀྱང་ལྟ་བ་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞིའམ་ཆོས་ཀྱི་སྡོམ་བཞིའི་མཚམས་ལས་བརྒལ་མྱོང་མེད་སྟབས་རྒྱལ་བའི་བཀའ་དྲི་མ་མེད་པའི་དགོངས་དོན་མཐར་ཐུག་པ་དེ་གས་མཚོན་ཐུབ་པ་ཡིན། ཡང་ཚིག་ཇི་བཞིན་པ་ཞིག་དགོས་ཟེར་ན། ཚིག་ཇི་བཞིན་པའི་དོན་ཅི་འདྲ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན། སྔར་འཕགས་ཡུལ་དུ་སྟོན་པས་བོད་སྐད་ཐོག་ཏུ་གསུངས་པ་ཇི་བཞིན་ད་ལྟའང་རང་རེའི་གོ་སྐལ་དུ་ཡོད་པ་དེ་ལ་ཟེར་རམ། ཧ་ཧ། རྩེད་མོ་ཡིན། གང་ལྟར་དབུ་ཡོད་དོ་ཅོག་གི་ཕན་བདེ་སྒྲུབ་པའི་དོན་དུ་ལུང་སྡེ་སྣོད་གསུམ་གྱི་བསྟན་པ་འདི་ཡུན་རིང་གནས་དགོས་ན་དབུ་ཡོད་དོ་ཅོག་གི་སྐད་ཡིག་ཐོག་ཏུ་དགོས་རྒྱུ་གལ་ཆེ་བར་སེམས། དེ་མིན་དབུ་ཡོད་དོ་ཅོག་ལ་བོད་སྐད་ཀྱི་སློབ་སྦྱོང་སྤྲོད་ཚོད་མི་འདུག་གོ།
ཡང་ཁྱེད་ཀྱིས་་་་་་་་་་་་༼བོད་ཀྱི་སྐད་ཡིག་འདི་ཉིད་མི་ཉམས་རྒྱུན་སྐྱོང་དང་ཉམས་པ་སླར་གསོ་དགོས་གལ་ཆེ།༽་་་་་་་་ ཞེས་པར་རྒྱབ་སྐྱོད་ཡོད། འོན་ཀྱང་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་སྐྱོང་དང་ཉམས་པ་སླར་གསོ་དགོས་ན་དེང་སང་རང་རེ་གདོང་དམར་བའི་སྤྱི་ཚོགས་ཁྲོད་ན་རྒྱ་བོད་ཤན་སྦྱར་གྱི་ཁ་སྐད་དང་། དབྱིན་བོད་ཤན་སྦྱར་གྱི་ཁྲོམ་སྐད། ཧིན་བོད་ཤན་སྦྱར་གྱི་ཕལ་སྐད་རྣམས་ཤོད་མཚམས་བཞག་ནས་བོད་སྐད་དངས་མའི་ཕ་སྐད་གཙང་མ་འདི་དང་། དབྱངས་གསལ་སོ་བཞིའི་མ་སྐད་དངས་མ་འདི་བཀོལ་སྤྱོད་ཇི་བཞིན་བྱ་རྒྱུ་གལ་ཆེ་བ་ལས། ནང་ཆོས་དབྱིན་སྐད་ཐོག་ཏུ་མ་བསྒྱུར་ནས་ལོ་ངོ་སྟོང་ཕྲག་ཏུ་བརྒལ་ཀྱང་བོད་སྐད་ཀྱི་ཁྱབ་ཚད་དང་། ཡར་རྒྱས་ཀྱི་རྣམ་པ་ལ་དུས་རབས་འདིའི་བར་ད་དུང་མདུན་བསྐྱོད་ཀྱི་རིམ་པ་ཚད་ལྡན་ཞིག་བྱུང་མེད་པ་ནི་རང་གཞན་ཀུན་ལ་ཆེས་མངོན་གསལ་དུ་གྱུར་པ་ཞིག་ཡིན་གཤིས། བོད་ཀྱི་བཀའ་བསྟན་དབྱིན་སྐད་དུ་བསྒྱུར་བས་བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བ་དང་། མ་བསྒྱུར་ནས་དར་རྒྱས་སུ་འགྲོ་བ་ཞིག་ཡིན་ན་ཨ་སྒོར་དང་བཀའ་བསྟན་བརྗེས་སོང་ཞེས་སེམས་འཚབ་གནང་འོས་ཀྱང་། རང་རེ་གདོང་དམར་བ་ཡོངས་ཀྱིས་རང་ཁ་ནང་དུ་བསྐོར་ནས་མནོ་བསམ་རེ་ཐོངས་དང་། རི་བོང་གནམ་ལྡིབ་ཀྱི་སེམས་ཁྲལ་ཞེས་པ་དེ་དེ་འདྲ་ཞིག་ཡིན་ངེས།
ཡང་། ་་་་་་་་་་༼འོན་ཀྱང་དེང་གི་ཆར་ང་ཚོའི་བླ་སྤྲུལ། ཤེས་པ་དང་། འཇོན་ཐང་། སྟོབས་དང་། འབྱོར་པ་སོགས་ཡོད་པ་འགས་འཛམ་གླིང་ཡོངས་ཁྱབ་ཏུ་སྤེལ་བའི་ཆེད་དུ་དབྱིན་ཡིག་སོགས་སྐད་ཡིག་གཞན་དུ་ལས་འཆར་བརྩམས་དང་རྩོམ་འཆར་ཡོད་པ་ལ་བླུན་རྨོངས་ངས་སེམས་ཚབ་འདི་ལྟར་བྱུང་།༽་་་་་་་་་ ཞེས་པ་འདི་ལ་གོ་རྒྱུ་ཅི་ཞིག་ཡོད་དམ། ངས་བསམས་ན་རྒྱལ་བའི་བཀའ་བསྟན་སྐད་ཡིག་གཞན་གྱི་ཐོག་ཏུ་བསྒྱུར་བ་ལ་ང་ཚོའི་བླ་སྤྲུལ་ཤེས་པ་དང་། འཇོན་ཐང་། སྟོབས་འབྱོར་དང་མངའ་ཐང་ཡོད་པ་ཚོས་བཀའ་བསྟན་བསྒྱུར་རྒྱུའི་ལས་འཆར་བརྩམས་དང་རྩོམ་འཆར་ཡོད་པ་ནི་དངོས་ནས་བསྔགས་བརྗོད་བྱ་ཡུལ་ཞིག་དང་། སྤོབས་པ་སྐྱེ་འོས་པ་ཞིག་རེད། འོན་ཀྱང་ང་རང་ལ་བསམ་ན། སེམས་ཁྲལ་ཆེ་ཤོས་ནི་དེང་སང་རང་རེའི་སྤུན་ཟླ་ཚོས་མ་ཤེས་ཤེས་ཁུལ་དང་མ་འཇོན་འཇོན་ཁུལ་གྱིས་སྟོབས་འབྱོར་དང་མངའ་ཐང་ཁོ་ནའི་ཆེད་ཕ་སྐད་གཙང་མ་འདི་རྒྱ་དབྱིན་ཧིན་གསུམ་གྱི་ངག་ཐོག་ཏུ་བསྒྱུར་དང་སྒྱུར་བཞིན་འདུག་པས་ཁྱེད་ལས་ལྡབ་ལོག་གི་སེམས་འཚབ་ཞིག་ང་ལའང་བྱུང་མྱོང་། འོན་ཀྱང་བཀའ་བསྟན་དབྱིན་ཐོག་ཏུ་བསྒྱུར་བ་ལ་སེམས་འཚབ་གཏན་ནས་མ་བྱུང་།
༈ དང་པོ་ནི། སྔར་ཆོས་རྒྱལ་རྣམས་དང་ལོ་པཎ་ཞལ་འཛོམས་པའི་སྐབས་ཐོག་མར་རྒྱ་གར་དུ་བཞུགས་པའི་བསྒྱུར་བྱའི་གཞུང་བཀའ་དང་བསྟན་འགྱུར་དེ་ཉིད་ལོ་པཎ་རྣམས་ཀྱི་བསྒྱུར་བའི་སྐབས། ཚིག་རེ་རེ་ནས་ཇི་ལྟར་བསྒྱུར་བའི་ཐ་སྙད་རྣམས་ལོ་པཎ་ལྷན་འཛོམས་ཐོག་གཏན་ལ་ཕབ་ཅིང་། དེ་ཉིད་ད་ནས་བཟུང་གཅིག་གྱུར་ཐོག་ལག་བསྟར་དགོས་པའི་ཆོས་རྒྱལ་གྱིས་བཀས་བཅད་པའི་ཐོག་ནས་འགྱུར་བ་ཞིག་ཡིན་ཞེས་པ་བདེན་པ་རེད། དེ་བཞིན་དུ་ད་ལྟའི་ཆར་བསྒྱུར་བྱའི་གཞུང་དེ་ཉིད་བསྒྱུར་བའི་སྐབས་ཚིག་རེ་རེ་ནས་ཇི་ལྟར་བསྒྱུར་དགོས་རྒྱུའི་ཐ་སྙད་རྣམས་དུས་རབས་འདིའི་ལོ་པཎ་ལྷན་འཛོམས་ཐོག་གཏན་ལ་ཕབ་ཅིང་། དེ་ཉིད་ད་ནས་བཟུང་གཅིག་གྱུར་ཐོག་ལག་བསྟར་དགོས་པའི་བཀའ་བཅད་ཅིག་ད་དུང་ཡང་མཛད་ཆོག
༈ གཉིས་པ་ནི། སྤྱིར་སྐད་ཡིག་གཅིག་ནས་གཅིག་ཏུ་བསྒྱུར་བའི་སྐབས་བསྒྱུར་བྱའི་གཞུང་ཚན་དེའི་གོ་དོན་ཇི་བཞིན་རྟོགས་པ་ཙམ་མ་ཚད་བསྒྱུར་སའི་སྐད་ཡིག་དེའི་ཆུ་ཚད་དཔྱིས་ཕྱིན་པ་ཞིག་པ་ལས་རང་གར་སྐབས་ ཐོབ་ཀྱི་གོ་དོན་ཇི་བཞིན་སྟོན་ཐུབ་པ་མིན། དེས་ན་སྔར་བཀའ་བསྟན་གྱི་གཞུང་ཚན་ཇི་འདྲ་ཞིག་བསྒྱུར་ནའང་ལོ་པཎ་ཕྱོགས་གཉིས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ་ལས་རང་གར་འཆོལ་ཉོག་བྱས་པ་མེད། དེའང་ཕྱོགས་གཉིས་ཀའི་ལོ་ཙཱ་བ་དང་པཎ་ཆེན་རྣམས་པ་གཉིས་ཀས་ཕྱོགས་གཉིས་ཀའི་སྐད་ཡིག་ལ་བྱང་ཆུབ་པ་ཙམ་མ་ཚད་བསྒྱུར་བྱའི་གཞུང་དེའི་གོ་དོན་དཔྱིས་ཕྱིན་པར་ཤེས་མཁན་ཞིག་ཡིན་ཟེར།་་་་་་་་་རེད་རེད། ཕྱོགས་གཉིས་ཀའི་ལོ་པཎ་ཚོར་སྐད་གཉིས་ཀྱི་ཤེས་ཚད་ཚད་ལྡན་ཞིག་དགོས་རྒྱུ་ལོས་བདེན་ཡང་། རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ཇི་བཞིན་ལོན་མིན་གྱི་ས་མཚམས་འཇོག་དགོས་ན་ཤིན་ཏུ་ལྐོག་གྱུར་གྱི་སྐད་ཆ་རེད། སྤྱིར་རང་རེའི་གྲུབ་མཐའ་ལ་མ་གི་ཉན་ཐོས་ཐེག་པ་ནས་ཡ་གི་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་བར་ཐེག་པ་འོག་མ་རྣམས་གོང་མའི་ལམ་སྟེགས་སུ་གླེང་ཡོད་པ་ལྟར་སོ་སོའི་བློ་གྲོས་དང་མཐུན་པར་གཞུང་ལུགས་དེ་དག་གི་གནད་དོན་ཉམས་སུ་བླངས་ཏེ་ས་ལམ་རིམ་བགྲོད་ཀྱིས་མཐར་འབྲས་རྒྱལ་བའི་གོ་འཕང་སྙེགས་ཐུབ་ན་གསུང་རབ་ཀྱི་དགོངས་དོན་ཇི་བཞིན་དེ་དུས་ལོན་པ་རེད། སྐབས་འདིར་སྐད་གཉིས་ཁོང་དུ་ཆུད་ཅིང་ཚིག་དོན་གྱི་སྦྱོར་ཚུལ་དང་མཐུན་པའི་ཐ་སྙད་སོ་སོའི་ནུས་སྟོབས་མཁྱེན་ཐུབ་པ་ཞིག་བྱུང་ན་དེ་གས་འགྲིགས་པ་རེད། ངས་བསམ་ན་རྒྱལ་བའི་བཀའ་རྣམས་ཐད་བསྒྱུར་བྱ་རྒྱུ་ལས་སོ་སོའི་གོ་རྟོགས་དང་རྣམ་རྟོག་གིས་བསླད་ན་ག་ལ་འགྲིག ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟིན་བར། །བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད། །ཅེས་གསུངས་པ་རེད། ཚིག་གཅིག་གི་གོ་བ་ལེན་སྟངས་ལའང་བསམ་ཚུལ་མི་འདྲ་བ་ལུང་པ་གང་ཡོང་རྒྱུ་རེད། བྱས་ཙང་སྒྲ་ཐད་ཀར་བསྒྱུར་དགོས། གལ་སྲིད་དབྱིན་སྐད་ཐོག་བསྒྱུར་གཞུང་དུ་གསལ་བའི་ཚིག་དང་ནུས་པ་མཚུངས་པའི་ཐ་སྙད་མ་རྙེད་པ་དེ་འདྲ་བྱུང་ན་ལེགས་སྦྱར་གྱི་སྐད་སོར་བཞག་བྱ་རྒྱུ་རེད། ང་ཚོའི་བཀའ་བསྟན་ཁྲོད་ནའང་སྔགས་ཡིག་རྣམས་ཕལ་ཆེ་བ་སོར་བཞག་གནང་ཡོད་ཅིང་། ད་དུང་དེ་མིན་ཐ་སྙད་མང་པོ་ཞིག་རང་གར་བཀོལ་སྤྱོད་མཛད་པ་ལྟར་རིགས་བསྒྲེས་བྱས་ནས་བསྒྱུར་ཆོག་རེད།
ཡང་འདི་ལྟར།་་་་་་༼གསུམ་པ་ནི། དཔེར་ན་དཀོན་མཆོག་ལྟ་བུ་མཚོན་ན། ལེགས་སྦྱར་ཐོག་རཏྣ་ཞེས་པ་རིན་ཆེན་ཙམ་ལ་གོ་ཡང་། ང་ཚོར་སྐུ་དྲིན་ཅན་ལོ་པཎ་ཚོས་དགོངས་པ་རྒྱ་ཆེན་པོར་བཞེས་ནས་རིན་ཆེན་ཙམ་སྒྲ་ཐད་བསྒྱུར་བྱས་ན་ནུས་པ་དེ་ཙམ་མི་ལྡན་པར་དགོངས་ནས་དཀོན་མཆོག་ཅེས་བསྒྱུར་བ་ལྟ་བུ་དང་། དེ་བཞིན་དུ་དགེ་སློང་ལ་བྷིཥྐྱུ་ཞེས་པ་སློང་མོ་བ་ཞེས་པ་སྒྲ་ཐད་བསྒྱུར་མིན་པར་དགེ་སློང་ཞེས་པ་སོགས་དོན་བསྒྱུར་གྱི་ཐོག་ནས་གོ་དོན་གཏིང་ཟབ་ཡོད་པར་གཏན་འབེབས་བྱས་པ་དང་། དེ་བཞིན་དུ་བོད་ཀྱི་སྐད་ཡིག་ཐོག་མེད་པར་མི་ཚིག་གསར་བཟོ་དང་། ལེགས་སྦྱར་ཐོག་ཡོད་པའི་མིང་ཚིག་བོད་སྐད་ཐོག་འཚམ་པོ་མེད་པ་དེ་ཚོར་དོན་བསྒྱུར་བྱེད་པ་སོགས། མཐའ་ན་འགྱུར་ཕྱག་འཚལ་བའི་ཐད་ཚུན་ཆད་སྒྲིག་གཞི་དང་འགྲོ་ལུགས་ཡོད་པའི་ཐོག་ནས་བསྒྱུར་བ་ཞིག་རེད། ད་ལྟའི་སྐབས་ང་ཚོའི་བཙན་བྱོལ་ནང་དུ་གོང་གསལ་གྱི་དོན་ཚན་གསུམ་པོ་འདི་ཚང་ཐུབ་པ་འདུག་གམ།
ངས་ནི་མཐོང་ཐུབ་ཀྱི་མི་འདུག༽ ་་་་་ཅེས་པའི་གླེང་སྟངས་འདིར་བལྟས་ན། ཕལ་ཆེར་ལས་འཆར་འདིའི་གོ་མ་བཙུགས་སྔོན་ནས་རང་གིས་འཛམ་གླིང་འདིའི་སྒང་ལ་་ལོ་པཎ་ཚད་ལྡན་ཞིག་ཡོད་མེད་སྐོར་ཞིབ་བཤེར་དཔྱིས་ཕྱིན་པ་ཞིག་གནང་ཡོད་པ་ཐག་ཆོད། གལ་སྲིད་དེ་ལྟར་ཡིན་ན་སྐད་ཆ་ལ་གླེང་རིན་འདུག་ལ་གོ་རྒྱུ་ཡང་འདུག་གོ།
ཡང་།་་་་༼ང་ཚོའི་བཙན་བྱོལ་ནང་དུ་དབྱིན་ཇི་དང་ལེགས་སྦྱར་བོད་སྐད་སོགས་སྐད་ཡིག་ཙམ་མ་ཚད་ནང་ཆོས་ཀྱི་གོ་རྟོགས་ལྡན་པའི་མཁས་དབང་མིང་དོན་ཚང་བ་གཅིག་ཡོད་པ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཁོང་རེད། འོན་ཀྱང་ཁོང་གིས་ཀྱང་དཔེར་ན་ཤེར་ཕྱིན་འགྲེལ་པ་སློབ་དཔོན་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་ལྟ་བུ་ཞིག་བསྒྱུར་དགོས་ན་ཚད་ལྡན་ཞིག་ཡོང་ཐུབ་ཀྱི་མ་རེད་ཅེས་ངས་ཐག་བཅད་ཐུབ།༽་་་་ཟེར། རེད་རེད། དངོས་གནས་རང་ལ་གདེང་ཚོད་དང་སྤོབས་པ་ཧ་ལས་པ་ཞིག་འདུག བསྔགས་བརྗོད་འོས་པ་ཞིག་འདུག དེ་སྔོན་མཁས་དབང་ཟམ་གདོང་གིས་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་བསྒྱུར་ནས་ཁྱེད་ལ་གཟིགས་འབུལ་ཞུས་སྐབས་ཁོང་ཨང་ཚད་མ་ལོན་པའི་གྲས་སུ་ལྷུང་ཡོད་པ་འདྲ། གང་ལྟང་ཡང་། གསུང་སྟངས་ལ་དཔག་ན་གང་ཟག་གི་ཚད་གང་ཟག་གིས་བཟུང་ཐུབ་པའི་ཚད་ལྡན་གྱི་མངོན་ཤེས་སྒྲིབ་ཐོགས་མེད་པ་ཞིག་རང་ལ་ལྡན་ཡོད་པར་སྣང་བས། ཉི་ཁྲི་སྣང་བ་དེ་སྐུ་ཉིད་ནས་བསྒྱུར་རོགས་ཞུ་རྒྱུ་ཡིན།
ཡང་འདི་ལྟར་་་་་་་་༼ངས་ཁོང་ལ་གུས་བརྩི་ཡོད་ལ། ཆེས་མཆོག་ཏུ་བཀུར་གྱི་ཡོད། དེ་འདྲ་ཡིན་དུས་ང་ཚོ་ལ་ཨ་སྒོར་ཇི་ཙམ་མཁོ་ནའང་ཐོག་མར་འདི་ཚོ་ཐོག་མནོ་བསམ་ལེགས་པར་གཏོང་དགོས་པ་མིན་ནམ།༽་་་་་་་་་ཟེར། གུས་བརྩི་ཡོད་ན་སེམས་གཏིང་དུ་ཉར་རོགས། ངོས་ལྐོག་གཉིས་མེད་ཀྱི་གུས་བརྩི་ཞུ་རོགས། འོན་ཀྱང་ཐད་ཀར་ཞུས་ན་བཀའ་བསྟན་བསྒྱུར་རྒྱུའི་ལས་འཆར་འདི་བསྟན་འགྲོའི་རྩ་དོན་དུ་དམིགས་པ་ཞིག་ལས་ཨ་སྒོར་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཁྱེད་ཀྱིས་ཇི་ལྟར་མཁྱེན་བྱུང་ངམ།
དེ་བཞིན་དུ་ཕྱོགས་གཞན་ཞིག་ནི་གལ་ཏེ་བསྒྱུར་དགོས་ནའང་སྔོན་གྱི་དུས་སུ་བཻ་རོ་ཙཱ་ན་སོགས་ཀྱིས་རྐང་མགྱོགས་བསྒྲུབས་ནས་ཤིང་རྟ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་རྣམས་ཁུར་ནས་རྒྱ་གར་གྱི་རྒྱལ་པོས་བཀའ་ཡིས་གནང་བ་མ་ཐོབ་པར་བརྟེན་བྲོས་ཡོངས་པའི་སྐབས་རྒྱལ་པོས་ཕོ་ཉ་གཏོང་ནས་གལ་ཏེ་ཟིན་ན་གསོད་ཅེས་པའི་བཀའ་ཕབ་པའི་ལོ་རྒྱུས་ཡོད་པ་བཞིན། ང་ཚོའི་ངོས་ནས་ཀྱང་དམའ་མཐའ་ས་ལ་ཆོས་ལུགས་བཞིའི་དབུ་འཛིན་རྣམས་ལྷན་འཛོམས་ཐོག་བཀའ་བགྲོས་ཞིབ་གནང་གིས་བཀའ་འཁྲོལ་ཐོབ་པ་དང་མོས་མཐུན་བྱུང་བ་ཞིག་དགོས་པ་ལས། གང་དྲན་ཅི་དྲན་བྱས་ན་འགྲིགས་སམ།
་་་་་་རེད་ཡ། གལ་སྲིད་བཀའ་ཁྲོལ་ཅི་ཡང་མེད་པར་གང་དྲན་ཅི་དྲན་བྱས་ན་ག་ལ་འགྲིག འོན་ཀྱང་སྤྱི་ཚོགས་དང་འབྲེལ་བའི་ལས་འཆར་ཇི་འདྲ་ཞིག་བརྩམ་འདོད་ཡོད་རུང་། ཁྲིམས་མཐུན་གྱི་ལམ་ནས་ཆོག་མཆན་ནམ་བཀའ་ཁྲོལ་ཚད་ལྡན་ཞིག་དགོས་པ་ནི་ཁྱེད་རང་ལས་ཁོང་རྣམ་པ་ཚོས་མཁྱེན་རྒྱ་ཆེ་བ་ཡོད་ངེས་རེད། དེའི་སྐོར་སེམས་ཁྲལ་གནང་དགོས་དོན་མི་འདུག
གལ་ཏེ་བསྒྱུར་ཆོག་པའི་ཆོག་མཆན་ཐོབ་ནའང་ཐོག་མར་དེའི་སྟ་གོན་ནམ་སྔོན་འགྲོའི་ཆ་རྐྱེན་དུ་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ཆོས་ལུགས་བཞིའི་གདན་ས་ཁག་ནས་ཐོན་པའི་ནང་ཆོས་ཀྱི་གོ་རྟོགས་ལྡན་ཞིག་ཕྱི་སྐད་ཤེས་པའི་སློབ་ཐོན་པ་དག་གིས་རིགས་གཅིག་རྐང་འཛིན་བྱེད་ས་དང་། མིང་ཚིག་གཏན་འབེབས་བྱེད་སའི་བཤད་གྲྭའམ་ཆེས་མཐོའི་སློབ་གྲྭ་ཞིག་གསར་བཙུགས་གནང་ནས། ལོ་ཉི་ཤུའི་རྗེས་སུ་གཞི་ནས་བཀའ་བསྟན་ལ་ལག་པ་འཆང་ནས་ཚོད་བལྟ་ཞིག་བྱེད་ན་བསམ།་་་་་་་་་་་་་་་
ཞིང་པའི་བུ། འཆར་གཞི་དངོས་གནས་ཡག་གི། མོས་མཐུན་ཡོད། འོན་ཀྱང་ང་ཚོའི་ནང་པའི་སྤྱི་ཚོགས་དང་། གདོང་དམར་བའི་མི་རིགས་ཁྲོད་ད་དུང་ནང་ཆོས་ཀྱི་གོ་རྟོགས་ལྡན་ལ་ཕྱི་སྐད་ཤེས་པའི་སློབ་ཐོན་པ་ཞིག་གཏན་ནས་མེད་པ་རེད་དམ། གལ་སྲིད་མེད་ན་དང་ཐོག་སློབ་གྲྭ་གསར་འཛུགས་བྱས་ཀྱང་སློབ་སྟོན་པ་གང་དུ་འཚོལ་འགྲོ། རང་ལ་འཁྲིད་རྒྱུ་ཨེ་ཡོད།
གོང་དུ་བཤད་པའི་ཆ་རྐྱེན་ལྟར་ན་་་་བསྒྱུར་བྱའི་གཞུང་ཚན་དེའི་གོ་དོན་ཇི་བཞིན་རྟོགས་པ་ཙམ་མ་ཚད་བསྒྱུར་སའི་སྐད་ཡིག་དེའི་ཆུ་ཚད་དཔྱིས་ཕྱིན་པ་ཞིག་པ་ལས་རང་གར་སྐབས་ཐོབ་ཀྱི་གོ་དོན་ཇི་བཞིན་སྟོན་ཐུབ་པ་མིན་པས། ལོ་ངོ་ཉི་ཤུའི་ནང་དུ་སློབ་གྲྭ་དབུ་བཙུགས་ནས་དེའི་རྗེས་ད་གཟོད་བཀའ་བསྟན་ལ་ལག་པ་འཆང་རྒྱུ་ཡིན་ན། དུས་ཚོད་འདི་འདྲ་ཞིག་གི་ནང་ཆ་རྐྱེན་འདི་ཚུལ་ལྡན་ཞིག་ཚང་ཐུབ་བམ་མི་ཐུབ།
ཡང་སྙིང་ངས་བསམས་ན། ཆོས་ལུགས་དར་སྤེལ་དང་སྐད་ཡིག་དར་སྤེལ་གཉིས་གཏན་ནས་མི་འདྲ། ཆོས་ལུགས་དར་ན་སྐད་ཡིག་དར་བའི་ངེས་པ་མེད་ལ། སྐད་ཡིག་དར་ནའང་ཆོས་ལུགས་དར་བའི་ངེས་པ་མེད། དེར་བརྟེན་ཆོས་ལུགས་ཆོས་ལུགས་ཀྱི་འགྲོ་སྟངས་དང་མཐུན་པར་དར་སྤེལ་བྱེད་དགོས་ལ། སྐད་ཡིག་སྐད་ཡིག་དང་མཐུན་པར་དར་སྤེལ་བྱ་དགོས། ཆོས་ལུགས་པས་ཆོས་ལུགས་དར་སྤེལ་ཆེད་དུ་བཀའ་བསྟན་བསྒྱུར་ན། སྐད་ཡིག་པས་སྐད་ཡིག་དར་སྤེལ་ཆེད་དུ་རང་སྐད་དང་མཐུན་པའི་དངོས་གསར་གྱི་མིང་ཚིག་གསར་རྩོམ་དང་དར་སྤེལ་བྱས་ཏེ་གཅིག་མཚུངས་ཀྱི་ཕ་སྐད་གཙང་མ་ཞིག་ཡོང་ཐུབ་པ་བྱ་རྒྱུ་རེད། དེ་མིན་ཆོས་ལུགས་པས་བསྟན་འགྲོའི་དོན་དུ་ཆོས་ལུགས་དར་སྤེལ་གྱི་ལས་འཆར་མཛད་པ་ལ་དོན་མེད་བཀའ་བསྟན་ཨ་སྒོར་དང་བརྗེས་སོང་། བོད་ཀྱི་སྐད་ཡིག་བེད་མེད་དུ་བཟོས་སོང་ཞེས་ཕྲག་པ་དོག་པོའི་ཀླན་ཀ་དེ་འདྲས་གར་ཡང་མི་ཕྱིན་ནོ།།
རྫོང་སར་མཁྱེན་བརྩེ་ནི་བོད་ཀ་གནམ་རྒྱལ་པོའི་བརྒྱུད་པ་དང་། བདུད་འཇོམས་ཀྱི་གདུང་འཛིན། ཕྱི་ནང་གི་སྐད་རིགས་ལ་མཁས་པ། བོད་ཀྱི་བླ་མ་གཞོན་ནུ་རྣམས་ཀྱི་ནང་ནས་མཛད་ཕྲིན་ཆེ་ཤོས་ཞིག་རེད། ཕྱི་སྨྱོན་པ་གནང་པ་ལས་དོན་དུ་བོད་དོན་ཤ་སྟག་དང་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཐབས་ལ་མཁས་པའི་སྒོ་ནས་མི་མངོན་པར་སྒྲུབ་མཁན་ཞིག་རེད་ཟེར། ད་ལྟ་བཀའ་འགྱུར་སྒྱུར་བའི་འཆར་གཞི་དེའང་འཕྲལ་དུ་བྱེད་རྒྱུ་མིན་པ་འདྲ། ཁྱོད་རྣམས་གྱིས་གསུང་པའི་དགོངས་འཆར་དེ་ཚོ་ཡང་གསན་ཞིང་བགྲོ་གླེང་བྱེད་བཞིན་པ་ཡིན་ཚོད་གདའ། ཆོས་ལུགས་ལ་རྒོལ་བ་བྱེད་པའི་ཨ་མདོ་བ་ཚོས་ཆོས་པའི་མཛད་འཕྲིན་ལ་སྒོ་ཀུན་ནས་བར་ཆད་རྩོམ་བཞིན་ཡོད་པར་ཉན་དགོས་པ་ཆེར་མེད། བོད་ཀྱི་སྤྱི་ཚོགས་དུམ་བུར་གཏོང་འདོད་དང་ཐབས་འཇུས་ངན་པ་ལ་བརྟེན་ནས་རང་གི་རྙེད་བཀུར་སྙན་གྲགས་སྒྲུབ་པའི་ཆོས་མེད་རུ་ཁག་གི་བྱ་བ་དང་ཆོས་པའི་བྱ་བ་ཐ་དད་ཡིན་པས་གྲོས་མོལ་བྱེད་དགོས་པའང་མི་འདུག རང་གི་ས་ནས་སོ་སོའི་ལས་དོན་ལ་བརྩོན་པས་ཆོག
ད་ཅི་ཟེར། ཁ་བརྡ་ནང་གི་སྨྱུག་ཐོགས་པ་ཚོས་ང་སྨྱོ་རུ་ཆུག་གི མཚམས་རེ་ལ་ནི་འབྲུག་པ་དང་ལ་དྭགས་པ་འབྲས་ལྗོངས་པ་ཚོ་ཚང་མ་བོད་སྐད་སྦྱོང་དགོས་རེད་ཟེར་གྱི་འདུག ད་ནི་ཕལ་ཆེར་བོད་སྐད་བོད་པའི་བདག་དབང་ཡིན་པས་བོད་པ་ལས་མཆོག་མཆན་མེད་པར་སྦྱང་ཆོག་གི་མ་རེད་ཅེས་ཟེར་ཚོད་རེད།
བོད་ཀྱི་ཤ་ཞེན་བོད་ཀྱི་ཤ་ཞེན་ཞེས་རྩོད་མོད། ངོ་མ་ནི་བོད་ཀྱི་ཤ་ཞེན་མིན་པར་གཞན་ལ་ཕྲག་པ་དོག་པའི་རྟགས་རེད། དེ་འདྲ་ཕྲག་པ་དོག་དགོས་པའི་རྒྱུ་མཚན་ཅི། ཡིག་སྒྱུར་བྱེད་མཁན་གྱི་གྲངས་སུ་མ་ཚུད་པས་ཨེ་རེད། བཀའ་བསྟན་བསྒྱུར་བའི་བླུ་ཡོན་བོད་རིགས་ལ་ཐོབ་དགོས་ན་བོད་རིགས་དེའི་ལས་བྱེད་ཀྱི་གྲངས་སུ་ཞུགས་དགོས་རེད། བོད་རིགས་ལས་བྱེད་ཀྱི་གྲངས་སུ་ཞུགས་མི་ཆོག་པའི་བཀས་བཅས་ཡོད་ས་མ་རེད།
བཀའ་བསྟན་བོད་སྐད་ནས་སྐད་ཡིག་གཞན་དུ་བསྒྱུར་བ་ལ་བོད་མི་ནས་མཆོག་མཆན་དགོས་ན་ཐོག་མར་རྒྱ་གར་ནས་བསྒྱུར་དུས་རྒྱ་གར་ནས་ཆོག་མཆན་ཞུས་ཡོད་པས། ཆོག་མཆན་ད་ལྟ་གང་དུ་ཡོད། ཡང་བདག་དབང་ཡོད་དགོས་ནས་ཁྲིམས་མཐུན་བདག་དབང་ལས་ཁུངས་ཤིག་ཏུ་ཐོ་འགོད་ཡོད་དགོས་པ་རེད། བཀའ་བསྟན་གྱི་བདག་དབང་ཐོ་འགོད་གང་དུ་བྱས་ཡོད། བདག་བདང་ཨང་རྟགས་ག་རེ་རེད།
གལ་ཏེ་ཆོག་མཆན་དགོས་ངེས་ཀྱི་དབང་དུ་བྱེད་ན་ཡང་། བཀའ་བསྟན་བསྒྱུར་རྒྱུའི་ལས་འགོ་ཚུགས་དུས་འཛམ་གླིང་ནང་ཆོས་ཀྱི་དབུ་ཁྲིད་རྒྱལ་བ་རིན་པོ་ཆེ་ཡང་ལྷན་ཞུགས་གནང་ཡོད་ཚུལ་ཐོས་སོང་། གལ་ཏེ་དེ་བདེན་པ་ཡིན་ན་རྒྱལ་བ་རིན་པོ་ཆེ་ནས་གནང་གྲུབ་སོང་བ་རེད། རྒྱལ་བ་རིན་པོ་ཆེ་ནས་གནང་བ་གྲུབ་སོང་བ་ཡིན་ད་དུང་བོད་མི་རེ་རེ་ནས་གནང་བ་དགྲོལ་དགོས་རྒྱུ་ཡིན་ནམ།
མ་ཟད་བོད་བརྒྱུད་ནང་བསྟན་གཞན་གྱི་སྐད་དུ་བསྒྱུར་ཡ་དེ་དེང་སང་རྫོང་གསར་མཁྱེན་བརྩེས་འགོ་བརྩམས་པ་མིན་པར་སྔོན་ནས་མང་པོ་ཞིག་བསྒྱུར་ཟིན་པ་གོང་དུ་དྲ་གྲོགས་ཤིག་གིས་བརྗོད་པ་ལྟར་རེད། འོན་ཀྱང་ད་ལྟའི་བར་དུ་སུ་ལ་ཡང་བདག་དབང་གི་སྐོར་བརྗོད་མེད་པར་དེ་རིང་རྫོང་གསར་མཁྱེན་བརྩེ་ལ་བརྗོད་དགོས་པའི་རྒྱུ་མཚན་ག་རེ་རེད།
མཁྱེན་བརྩེས་བོད་ཀྱི་ཆེད་དུ་གང་ཡང་བྱས་མེད་ཟེར། རྫོང་གསར་བཤད་གྲྭ་ནས་བོད་རིགས་མང་དག་ཅིག་ལ་ཤེས་ཡོན་གནང་བ་དེ་བོད་ཀྱི་ཆེད་དུ་མ་རེད་པས། ཧཧ་ད་མང་པོ་མི་བཤད། ངོ་མ་ནི་གཞན་སྡེ་ཕུན་སུམ་ཚོགས་པ་ལ་ཕྲག་པ་དོག་པའི་རྟགས་ལས་གཞན་ཅི་ཡང་མ་ཡིན་ནོ།།
བཀའ་བསྟན་ཨིན་སྐད་སོགས་ལ་བསྒྱུར་ནས་ཁེ་འོང་བབས་དེ་འདི་དང་འདི་ལ་བབ་དགོས་ཟེར་བ་ནི། ཉམས་མྱོང་མེད་པའི་བྱིས་པའི་གཏམ་ཁོ་ནར་མཐོང་། ངས་བལྟ་ན་འོང་བབས་དེ་འདི་དང་འདི་ལ་སྨྲ་བ་ནི། ལ་དྭགས་པའི་ཁ་རྒྱུན་ལ། བུ་ཞིག་གིས་མ་ལ་བཤད་པ། ཧོ་སོ་ར་ནས་བ་ཁྱེར་འོངས། བ་ལས་བེའུ་ལ་སྐྱེ། བེའུ་ལ་ང་བཞོན་ཟེར་པ་དང་། མ་དེ་ཁྲོས་ནས་བུ་ལ་བེའུ་གསད་དམ། ཟེར་ནས་ཉེས་བརྡུངས་བཏང་ཡོད་པའི་ལོ་རྒྱུས་དེ། མ་འོངས་པ་ལ་ངེས་པ་མེད་པའི་དཔེ་ལ་བཤད་པ་དེ་བདག་གིས་རང་ལོ་བཅུ་གྲངས་ཡིན་པའི་སྐབས་སུ་ཐོས།
སྤྱིར་བཏང་སྒྱུར་བ་པོ་འཚོ་ཐུབ་པ་ཞིག་གིས་བསྒྱུར་གྱི་ལས་བྱེད་ཐུབ། མཐུན་རྐྱེན་མེད་ན། སུས་སྒྱུར་བའི་ལས་བྱེད་ཐུབ། བྱེད་མི་ཐུབ། བསྒྱུར་ཐུབ་པ་ཡིན་ན་ཡང་། བདག་ཅག་བོད་མིས་བཀའ་བསྟན་གྱི་དཔེ་ལ་ཀློག་པ་ལ་དོ་སྣང་ཆུང་ཆུང་ཡོད་པ་བཞིན་དུ་ཨིན་སྐད་སོགས་སུ་བསྒྱུར་པའི་བཀའ་བསྟན་དཔེ་ཆ་བླུ་ཡོན་ཞུས་ཏེ་ཀློག་མཁན་འོང་བ་ཡང་ཤིན་ཏུ་ནས་དཀོན། གལ་ཏེ་སྒྱུར་ལེགས་པ་བྱུང་བླུ་ཡོན་གྱི་འོངས་བབ་ནས་སྒྱུར་བ་ལ་འགྲོ་སོང་ཇི་ཙམ་སོང་། དེའི་ཆ་ཤས་ཙམ་འབྱུང་བ་ཡང་དཀའ་བར་སེམས་སོ།
གཞན་ཡང་། བཀའ་བསྟན་གྱི་སོགས་བོད་ཀྱི་རིག་གཞུང་དེ། ཁྲོན་པ་བཟང་པོ་ཞིག་དང་མཚུངས་ཏེ། ཇི་ཙམ་དུ་བཅུས་པ་དེ་ཙམ་དུ་ཆེས་ཆེར་འཕེལ། མ་བཅུས་པར་བཞག་པ་ཡིན་ན། ཁྲོན་པ་ཇི་ཙམ་བཟང་ཡང་སྐམ་པའི་ཉེན་ཀ་མཆིས། རང་རེས་ཀྱང་བཀའ་བསྟན་དཔེ་ཆར་མི་ཀློག གཞན་ཨིན་སྐད་སོགས་སུ་སྒྱུར་བ་བཀག་ན། བཀའ་བསྟན་གཞུང་ལུགས་དེ་དག་རྩ་མེད་དུ་འགྲོ་བ་ཐག་ཆོད།
བཀའ་བསྟན་བོད་ཡིག་ཏུ་བཞུགས་པ་དེ་དག་ཨིན་སྐད་སོགས་ལ་སྒྱུར་བཪ་བོད་སྐད་ལ་སློབ་སྦྱོང་དགོས། བོད་སྐད་ལ་སློབ་སྦྱོང་བྱས་པ་དེ་ཡིས་བོད་སྐད་མི་བརླག་པར་ཡུན་རིང་གནས་པ་ལ་ཕན། དེར་མ་ཟད་བསྒྱུར་ཟིན་པའི་དཔེ་ཆ་ཀློག་མཁན་རེ་འབྱུང་བ་ན། འགྱུར་ལེགས་པ་མེད་པ་ན་སླར་རྩ་བའི་བོད་ཡིག་ལ་ལྟ་མཁན་རེ་འབྱུང་ངེས། དེ་ཡིས་ཀྱང་བོད་ཡིག་རྩ་བརླག་ཏུ་མི་འགྲོ་བ་ལ་ཕན།
དེས་ན་རང་རེ་ལ་བཀའ་བསྟན་སོགས་བོད་ཀྱི་རིག་གཞུང་མི་ཉམས་པ་དགོས་ན། བཀའ་བསྟན་དཔེ་ཆ་སོགས་ལ་སློབ་སྦྱོང་གི་དོན་གཉེར་དགོས་ཀྱང་། རང་ཉིད་ཀྱིས་བཀའ་བསྟན་གྱི་དཔེ་ཆ་རྣམས་མི་ཀློག་པ་ཙམ་དུ་མ་ཟད་དེ་དག་ལ་མིག་ཙམ་ཡང་མ་བལྟས་པར་སློབ་སྦྱོང་དམན་པ་བདག་ལྟ་བུས་དགོས་པ་གང་ཡང་མེད་བཞིན་དུ། གཞན་ལ་འདི་བྱོས། འདི་མ་བྱེད་སྨྲ་བ་ནི་ཆེར་མི་འོས་ཤིང་། བཞད་གད་ཀྱི་གནས་སུ་མཐོང་ངོ་། །ཇི་སྐད་དུ་ཡང་རྒྱལ་བ་བཅོམ་ལྡན་འདས་ཀྱིས།
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་དག་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམས་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན། །
ཞེས་ཆེད་དུ་བརྗོད་པའི་ཚོམས་སམ་ཆོས་ཀྱི་ཚིགས་སུ་བཅད་པ་ཡོད་བསམ།
བདག་གི་གནས་ཁང་དུ་ཨིན་འགྱུར་བཀའ་འགྱུར་ནས་བསྒྱུར་པ། ཉུང་མཐར་ཡང་མཐོང་སྣང་དུ། དཔེ་ཆ་བཞི་ལས་མ་ཉུང་བ་འདུག དེ་དག་ནི།
མདོ་སྡེ་བསྐལ་བཟང། བོད་ཡིག་རྩ་མེད་མི་འགྲོ་བའི་ཕྱིར་དུ། ལོགས་ཤིག་ལ་བོད་ཡིག་དང་། ལོགས་ཤིག་ལ་ཨིན་འགྱུར་དེ་བཀོད་འདུག
ཆེད་དུ་བརྗོད་པའི་ཚོམས། གཅིག་སྤྱི་ལོ་༡༨༨༣ ཙམ་ལ་སྤར་པ་དང་། གཅིག་ཤོས་དེ། ༡༩༨༦ ཙམ་ལ་སླར་གསར་དུ་བསྒྱུར་ནས་སྤར་འདུག
དྲི་མེད་གྲགས་པས་བསྟན་པའི་མདོ། ༡༩༧༧ ཙམ་ལ་བསྒྱུར་ནས་སྤར།
བྱང་སེམས་སྤྱོད་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ། ༡༩༨༨ལ་བསྒྱུར། འདི་དག་རང་ལ་ཡོད། འདི་དག་མ་གཏོགས་པའི་གྲངས་མང་བ་ཞིག་ཨིན་སྐད་དུ་འགྱུར་ཡོད་པ་དག་འདིར་འགོད་ལོང་མ་མཆིས་ལ་དོན་གཉེར་མཛད་ཚེ་གཟིགས་ངེས་ལགས་སོ།།
གུས་པ་ནི་ལ་དྭགས་སུ་འགྲོ་མྱོང་བ་དང་ལ་དྭགས་པའི་མཁས་པ་དང་རྒན་རབ་པ་མང་པོར་མཇལ་མྱོང་ལ་ས་ཆ་ཡང་ཁ་ཤས་ལ་ཕྱིན་མྱོང་། ཕ་ཡུལ་བོད་ལ་བསླེབས་པ་ལྟ་བུའི་ཚོར་བ་སྦྱིན་གྱི་འདུག ལ་དྭགས་དང་ལ་དྭགས་ཀྱི་བོད་པ་གཞིས་ཆགས་དག་ལ་བོད་ཀྱི་མི་གཤིས་ངོ་མ་དེ་འདུག་སྙམ་པ་བྱུང་། ང་ལ་དྭགས་ལ་དགའ།
རྒན་རབས་སུ་བཅོས་རོགས།
རྫ་ཚེ་རིང་བཀྲ་ཤིས་ལེགས།
ཁྱེད་ལ་དྭགས་ལ་ཕེབས་ནས། ལ་དྭགས་གཟིགས་པ་དང་། དེར་གནས་སྐྱེ་བོ་རྣམས་བོད་ཀྱི་སངས་རྒྱས་རྗེས་འཇུག་པ་ཡིན་པ་དང་། བོད་ཀྱི་ལུགས་སྲོལ་འཛིན་པ་ལ་ཁྱེད་ཐུགས་མཉེས་ཡོད་པ་དེས་ང་ལ་ཡང་དགའ་བ་འཕེལ། ཕྱག་ན་པད་དཀར་འཆང་བ། བོད་རིས་མེད་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ། ༧གོང་ས་མཆོག་ཀྱང་ལ་དྭགས་པ་ལ་དམིགས་བསལ་སྤྱན་གཟིགས་མཛད། བདག་ག་དུས་གཟིགས་ན་ཡང་། ལ་དྭགས་འཇམ་དཔལ། ཞེས་བཀའ་སྩལ་མཛད།
ལ་དྭགས་ན་བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་ཀའི་དགོན་པ་བཞུགས། སྐྱེ་དགུ་ཀུན་ཀྱིས་རིས་སུ་མེད་པར་དད་པ་དག་སྣང་བྱེད། དེ་མིན་པར་ད་ལྟའི་དུས་ལ་ཕལ་ཆེར་འཚེ་བའི་སྲོག་གཅོད་མེད་པར་སྔར་བོན་ལུགས་ཀྱི་ལྷ་གསོལ་བ་སོགས་བྱེད། སྔར་བདག་ཆུང་དུས་ཁྱིམ་གྱི་ཐོག་སྟེང་ན། ཤུག་པའི་ལྷ་ཏོ་སྟེ། ལྷ་རྟེན་ཞིག་ཡོད་པ་ལོ་གསར་སྐབས་སུ། ཕ་སྤུན་ཞེས་པ་གྲོང་པ་ཁ་ཤས་འཛོམས་ནས། ཤུག་པ་སོགས་གསར་དུ་སྤོ་བ་དང་། བདག་བྱིས་པའི་དུས་སུ་ར་མ་ཞིག་ཀྱང་བསད་དེ། ཁྲག་གསོལ་གཏོང་བ་དང་། ཤ་བརྔོས་པ་དེར་འདུས་པ་ཀུན་ལ་འགྲེམས་པ་མཐོང་། ཕྱིས་སུ་བོད་ནས་ཕེབས་པའི་ལྷ་བབ་པ་ཞིག་གིས་ར་མ་གསོད་པའི་འཚེ་བ་མ་བྱེད། ལྷའི་གནོད་པ་མི་འོང་བ་ངས་འགན་ལེན་ཞེས་གསུངས་པ་ལ་ཡིད་ཆེས། གནོད་པ་ཡང་མ་བྱུང་། དིང་སང་ལྷ་ཏོའི་ཤུག་པ་སོགས་སྤོ་ཡང་། ཁྲག་གསོལ་མི་བྱེད་པའི་སྲོལ་བཟང་པོ་ཆགས་འདུག ཞར་བྱུང་ལགས།
གཙོ་བོ་ནི་སྔར་ཞུས་པའི་འཕྲོས། བདག་གི་ཁང་མིག་ན། མདོ་རྒྱ་ཆེར་རོལ་པ། སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་བར་བཞུགས་པ་དེ། སྔོན་ལེགས་སྦྱར་དང་བོད་སྐད་ནས། ཕ་རན་སིའི་སྐད་དུ་བསྒྱུར། དེ་ཉིད་སླར་ཕ་རིན་སིའི་སྐད་ནས་ཨིན་སྐད་དུ་བསྒྱུར། བོད་དཔེ་དང་བསྡུར་ནས་ཞུས་དག་བྱས་ཏེ། ༡༩༨༣ སྤར། མགོ་བརྗོད་དུ། བོད་སྐད་དུ་ཡང་། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཞེས་ཀྱང་བྲིས་པ་མཆིས་སོ། །
ལ་དྭགས་ལ་དུས་འཁོར་དབང་ཆེན་ཞུ་ཕྱིར་དང་། དེ་ནས་སྤྲོ་འཁྱམ་ཚར་གཅིག་དང་༩༠འི་སྔོན་ཙམ་ལ་གར་ཞྭ་བ་བཀྲ་ཤིས་དཔལ་འབྱོར་ལགས་ཅོག་ལམ་གསར་གྱི་བོད་སློབ་དབུ་འཛིན་སྐབས་ལ། རྒྱ་གར་རྒྱལ་ཡོངས་བོད་རིགས་པའི་བགྲོ་གླེང་ཚོགས་འདུ་ཞིག་ལ་བཅར་མྱོངས་ཀྱང་།
ད་ལྟའི་བླ་དྭགས་ཀྱི་བོད་སྐད་བོད་ཡིག་ནང་ཆོས་སོགས་དང་། དེ་བཞིན་འབྲུག་འབྲས་ལྗོངས། གཞི་བྱེས་བོད་མི་སོགས་རྣམས། སོ་སོའི་ཡུལ་ལུང་ནས། སོ་སོའི་རིག་གཞུང་རྣམས་ཕན་ཚུན་འགྲན་བསྡུར་གྱི་ཚུལ་དུ་ཡར་རྒྱས་གཏོང་རྒྱུ་དེ་ནི། ད་ལྟའི་ཤེས་ཡོན་པ་ཚོའི་ལས་འགན་ཆེས་ལྕི་མོ་ཅིག་རེད་སྙམ།
ལས་འགན་འདི་བསྒྲུབ་ཐུབ་ན། མི་རིགས་ཀྱི་ལ་རྒྱ་དང་། འཛམ་གླིང་ཞི་བདེ། བསྟས་སྲིད་ཀྱི་ཞབས་འདེགས་འདི་ལས་ལྷག་པ་མེད་པར་ཁུམས་སོ། །
ལ་དྭགས་པ་འཇམ་དཔལ་ལགས། རྭ་བསད་ནས་དམར་མཆོད་བྱེད་པ་དེ་བོན་པོའི་ཆོ་ག་ཡིན་ལུགས་ཇི་ལྟར་རེད། ལ་དྭགས་སུ་སྔར་རྭ་གསོད་དུས་གསོད་སྟངས་ཇི་འདྲ་ཞིག་རེད་དམ།
བཀའ་བསྟན་དབྱིན་སྒྱུར་ཟེར་བའི་གནས་ཚུལ་འདིར་རྟོག་ཞིབ་ཅིག་བྱས་པ་ཡིན། ཝ་རཱ་ཎཱ་སིའི་ཚོགས་འདུ་དེ་ནི་བསྟན་འགྱུར་གཅིག་པུའི་སྐད་ཆ་ཞིག་རེད་མ་གཏོགས། བཀའ་འགྱུར་གླེང་གི་མི་འདུག དེས་ན་བཀའ་འགྱུར་ཅིའི་ཕྱིར་གླེང་གི་མེད་པ་རེད། དེའི་རྒྱུ་མཚན་ནི་འབྲུག་གི་གསར་འགྱུར་ཁག་ལ་གཟིགས་དང་དེ་ན་ལྟད་མོ་ཆེན་པོ་་འདུག རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་ཧི་མ་ཅལ་གྱི་སྦིར་གཞིས་ཆགས་སུ་འདིའི་སྐོར་ལ་ཚོགས་འདུ་ཞིག་འཚོགས་པའི་སྐོར་ལ། ཕྱི་རྒྱལ་ཚོགས་བཅར་བ་ཁ་ཤས་ཀྱིས་དབྱིན་ཡིག་ཏུ་བསམ་ཚུལ་ཞིབ་ཕྲ་བྲིས་པ་རེ་ཟུང་ཀློག་རྒྱུ་འདུག
ལྕགས་རྒྱ་འགྲམ་ནག་ལགས།
མཁས་དབང་དུང་བློ་བཟང་འཕྲིན་ལས་ཀྱིས་བྲིས་པ། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ། ཞེས་པ་༡༩༨༠ ལོར་བྲིས་ཤིང་སྤར་པ་ ཤོག་་༢༡ པ་ན། ཡེ་ཤེས་མཚོ་རྒྱལ་རྣམ་ཐར་ནང་བོན་པའི་ཆོས་ལུགས་དེས་ལོ་ལྟར་སེམས་ཅན་མང་པོ་དམར་མཆོད་འབུལ་དགོས་པ། ཞེས་བྲིས་པ་བཀླགས་མྱོང་བས་བོན་ལུགས་ལྟར་ཞེས་བྲིས་པ་ལགས། ད་ལྟའི་བོན་གྱི་གྲུབ་མཐའ་ཇི་ལྟ་བ་བཞིན་མི་ཤེས་རུང་། རིག་གཞུང་དང་ཞི་དུལ་རབ་བྱུང་སོགས་ལ་དཔགས་ན། འཚེ་བ་མེད་པར་སྣང་བས། དཀའ་བ་བརྒྱ་ཕྲག་དུ་མས་བོད་ལ་འཚེ་བ་མེད་པའི་ཆོས་གདན་འདྲེན་དགོས་པ་ཅང་མི་འདུག་སྙམ། བདག་གིས་མཐོང་བའི་ར་མ་གསོད་ལུགས་དེ་ནི་ལྷ་ཏོའི་འགྲམ་ལ་ར་མ་དེ་ཁྱེར་ཏེ་སྐེ་བཅད། ལྷ་ཏོའི་ཟུར་ལ་ཁྲག་གཏོར་བར་བྱེད། བྱེད་པ་པོ་དག་གིས་རང་ཉིད་ནང་པ་སངས་རྒྱས་པ་ཡིན་པ་ཁས་ལེན། ལ་དྭགས་ཀྱི་གྲོང་ཡུལ་ཕལ་ཆེ་ན། བོན་པོ་དང་། ལྷ་རྗེ་གྲོང་རེ་འོང་། བདག་ཆུང་ཆུང་སྐབས་མཐོང་། བོན་པོས་ཆོ་ག་རེ་གཏོང་ཡང་དཔེ་ཆ་བལྟ་དགོས་ན། ནང་པའི་དཔེ་ཆ་མ་གཏོགས་ཟུར་དུ་དམིགས་བསལ་མེད། འགའ་ཞིག་གིས་ངག་རྒྱུན་ལ་ཡང་མང་པོ་འདོན། ཅི་འདོན་མ་ཤེས། བོན་པོ་དེ་ཀུན་གྱིས་ཀྱང་རང་རང་ནང་པ་སངས་རྒྱས་པ་ཡིན་པ་ལས་གཞན་ཆོས་ལུགས་པ་ཞིག་ཡིན་པ་ངོས་འཛིན་མི་འདུག སྐུ་རིམ་བྱེད་པ་ལ་གྲྭ་པའམ་བོན་པོ་འབོད་འདུག བདག་གི་སྤུན་མཆེད་རྒན་པ་དེ་ཁང་སྟེང་ནས་ལྷུང་སྟེ། དྲན་མེད་མུན་བརྒྱལ་དུ་ཡོད་སྐབས་གྲོང་ཡུལ་དེ་ན་བོན་པོ་ཚུལ་ལྡན་ཞིག་ཡོད་པ་སྐུ་རིམ་ལ་བོས་འདུག སྐུ་རིམ་བྱས་ཏེ། བུ་དེ་མུན་སངས་པ་ན། ཆུ་དགོས་ཞེས་སྨྲ་འོང་། དེ་ནས་བདག་སྤུན་མཆེད་མུན་སངས་པ་ན། ཁ་སྐོམ་འདུག ང་ལ་ཆུ་ཐོང་ཞེས་བོན་པོས་ཟེར་པ་བཞིན་བྱུང་འདུག
བླ་མ་དང་བོན་པོ་ལྷ་རྗེ་ཞེས་གྲོང་ཡུལ་པ་དག་གིས་མཐོང་སྣང་གུས་བཀུར་བྱེད་འདུག་ཀྱང་། ད་སྐབས་རིམ་པས་མེད་པར་འགྲོ་བཞིན་མཆིས།
བཀའ་འགྱུར་དང་བསྟན་འགྱུར་སྒྱུར་བར་བགྲོ་གླེང་ནི། སྔོན་དུ་རྒྱ་གར་བིར་ཞེས་པའི་ས་གནས་སུ་བཀའ་འགྱུར་སྒྱུར་བར་བགྲོ་གླེང་ཚོགས་འདུག །དེ་ནས་ད་ལོ་གཙོ་བོ་བཀའ་འགྱུར་སྒྱུར་བར་བགྲོ་གླེང་ཞེས་པ་ནི། ཀོ་ལམ་བི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་བསྟན་འཛིན་བབ་ཐར་མན་ལ་སྔར་སོག་པོ་དགེ་བཤེས་དབང་རྒྱལ་མཆོག་གིས་ཁྱེད་ཀྱིས་བསྟན་འགྱུར་སྒྱུར་དགོས་ཞེས་རང་གི་དགེ་རྒན་གྱི་བཀའ་སྒྲུབ་ཕྱིར་ཡིན་ཞེས་བཤད་སོང་། བོད་ཀྱི་བླ་མ་རྣམས་ཀྱི་ཐུགས་སྨོན་དང་། བོད་དང་བོད་མིན་པ་མཁས་པ་དག་གིས་འབད་པས་མ་འོངས་པ་ན་ལེགས་པར་གྲུབ་པའི་ཐུགས་སྨོན་དགོས་སོ། དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་བོད་ཆོས་ལུགས་སོ་སོའི་དཔེ་ཆ་མང་པོ་ཞིག་མཁས་པ་དག་གིས་བསྒྱུར་༷དང་སྒྱུར་བཞིན་པ་ནི་སྔར་བློ་ལ་མེད་པ་ལྟ་བུ་ཞིག་ཏུ་སྣང་ངོ་། །
བཀའ་བསྟན་གཉིས་ཀའམ། གང་རུང་ཅིག དགོན་པ་ཆེ་གེ་མོ་དང་། མཐོ་སློབ་གཅིག་གཅིག མཁས་པ་གཉིས་གཉིས་ཀྱིས་འགྱུར་འགོ་བརྩམས་པ་ཡིན་ཞེས་དྲིལ་བསྒྲགས་པ་ནི། ཐབས་མི་མཁས་ལ་འགྱུར་ལ་བར་ཆད་ཡོང་བའི་གཞིར་ཙམ་རེད། རང་རང་སོ་སོས་བཀའ་འགྱུར་ནང་ནས་བརྒྱད་སྟོང་པ་ལྟ་བུ་ཅིག་བསྒྱར་ནས་དཔར་ལ་སྤོར་དང་།
དེ་ནས་གཞི་ནས་དགག་དགོས་ཆེ་ཆུང་རྣམས་རང་གསལ་དུ་འགྲོ་རྒྱུ་ལས། གཞན་ནི་འགྱུར་ཅིག་གིས་དཔར་དབང་ལ་དམིགས་ལྟ་བུ་མཐོང་བགྱིད་ཡོད་པ་དང་། བསྒྱུར་འདོད་པའམ་བསྒྱུར་མཁན་རྣམས་ཆིག་བསྒྲིལ་མེད་བགྱིན་མེད་བགྱིན་ལ། ང་ཚོས་བསྒྱུར་བགྱི་ཡིན་དང་། ཁོ་ཚོས་བསྒྱུར་བགྱིད་འདུག ཅེས་བསྒྲགས་པ་ནི། སྙིགས་མའི་རང་འཚང་ཚམ་ལས་བསྟན་པའི་ཞབས་འདེགས་འགྲོ་བར་ངས་མི་མཐོང་བ་ཙམ་མ་ཟད།
བོད་ཡིག་དང་བོད་སྐད་ཡར་རྒྱས་གཏོང་བ་ལ་ཡང་ཤུགས་ཀྱིས་གནོད་ཚབས་མི་ཆུང་བ་ཞིག་ཡོང་བགྱིན་འདུག་གོ འདི་ནི། ཀུན་སློང་བཅོས་དགོས་པའི་གཏམ་ལས། ཕྲག་པ་དོག་པའི་གཏམ་མིན་ནོ། །
ལ་དྭགས་ཀྱི་མཁས་པ་བློ་བཟང་འཇམ་དཔལ་གྱིས་བློ་དང་ཉམས་མྱོང་གིས་ཕྱུག་པའི་བཀའ་མཆིད་གནང་ཞིང་། གུས་པའི་མཆན་ལ་སྤྱན་ཟུར་གཡོས་པར་གུས་འདུད་ཞུ།
མ་གཞི་བོད་ཅེས་པ་འདིར་ཆབ་སྲིད་ཀྱི་བོད་དང་རིགས་གཞུང་གི་བོད། རིགས་ཀྱི་བོད་དེ་གསུམ་དུ་ཕྱེ་ཆོག་པ་འདྲ། དེའི་ནང་ནས་ང་ཚོ་བོད་དང་ལ་དྭགས་ནི་རིགས་གཞུང་དང་རིགས་གཉིས་ཆར་གྱི་ངོས་ནས་ངའི་སྤུན་ཟླ་འཁྲུལ་མེད་རེད། དེ་ལས་ཆབ་སྲིད་ཀྱི་བོད་ཅེས་པ་ནི་སྐབས་ཐོག་གི་རྒྱལ་ཁོངས་གང་དུ་གཏོགས་པའི་ས་མཚམས་ཀྱི་དབྱེ་བས་ཕྱེས་པ་ཞིག་རེད། དེས་ན་ལ་དྭགས་ནི་བོད་ཡང་དག་པ་ཞིག་ཡིན།
འོག་ཏུ་གུས་པས་སྔ་མོ་བྲིས་པའི་རྩོམ་ཡིག་ཅིག་གི་ནང་ནས་ལ་དྭགས་དང་འབྲུག་སོགས་ཀྱིས་བོད་ཡིག་བེད་སྤྱོད་གཏོང་སྟངས་དང་འབྲེལ་བའི་བསམ་ཚུལ་དུམ་བུ་ཞིག་འགོད་རྒྱུ་ཡིན་པས། ལ་དྭགས་ཀྱི་མཁས་པ་མཆོག་ནས་གཟིགས་གནང་ཡོང་བ།
གཞན་སྔོན་ནས་ད་བར་བོད་ཀྱི་སྐད་ཡིག་རིག་གཞུང་གིས་རྒྱལ་སྤྱི་ཅན་གྱི་གོ་གནས་ཡོད་པའི་འབྲུག་རྒྱལ་ཁབ་ལྟ་བུས་ཀྱང༌། དུས་ཕྱིས་བོད་ཡིག་གི་འགྲོ་སྟངས་དངོས་མིན་པའི་རྫོང་ཁའི་བརྡ་དག་གསར་བཟོ་དང་འབྲེལ། སྤྱི་ལོ་ ༡༩༩༠ ཐམ་པ་ནས་གཞུང་འབྲེལ་ངོས་ལེན་ཐོག་གཏན་འབེབས་དང༌། ལོ་དེའི་ཟླ་བ་ ༡༢ ཚེས་ ༡༥ ནས་ཡོངས་ཁྱབ་ཏུ་བེད་སྤྱོད་བྱས་ཡོད་པ་དང༌། ལ་དྭགས་སུའང་གཞུང་འབྲེལ་མིན་པའི་ཚོགས་པ་དག་གིས་ཆེད་དུ་ལ་དྭགས་ཡུལ་སྐད་ཐད་ཀར་ཡིག་ཐོག་ཏུ་འབྲི་བའི་ཡི་གེའི་འབྲི་སྟངས་གསར་པ་བཟོས་ཤིང༌། གོང་གསལ་འབྲུག་གི་རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་མཉམ་འབྲེལ་གྱིས་ཀུན་གསལ་ཚགས་པར་སོགས་བཏོན་ཏེ་ལས་འགུལ་སྤེལ་བཞིན་པ་སོགས་ཀྱང་སྤྱིར་སོ་སོ་རྒྱལ་ཁབ་རང་བཙན་ཡིན་པའི་ཆ་ནས་སམ། མི་མང་གི་མངོན་འདོད་ཀྱི་དབང་གིས་སམ་གང་ལྟར་ཡུལ་སྐད་དང་མཐུན་པའི་ཡི་གེ་བཟོ་བ་སོགས་ཀྱི་དབང་ཚད་ཆ་ཚང་ཡོད་ནའང༌། ཁོང་དག་མུ་མཐུད་ནས་བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་བའི་བོད་ཀྱི་རིག་གཞུང་རྣམས་རང་ཉིད་ཀྱི་བསམ་པའི་དགོས་འཁོ་སྐོང་བའི་སེམས་བསྟེན་དུ་རྒྱུན་འཛིན་བྱེད་རྩིས་ཡོད་ན་ནི་ངེས་པར་དཀའ་ངལ་འཕར་མ་བཟོ་བ་ཙམ་ལས་ཕན་པ་གང་ཡང་མེད། འབྲུག་ཡིན་ནའང་འདྲ། འབྲས་ལྗོངས་དང་ལ་དྭགས། བལ་བོ་སོགས་གང་ཡིན་ཡང་བོད་ཀྱི་རིག་གཞུང་སྦྱངས་པ་ལས་གཟེངས་སུ་མཐོ་བའི་གྲུབ་འབྲས་ཐོབ་མཁན་དང༌། རང་ཉིད་ཀྱི་བསམ་བློའི་ལྟ་གྲུབ་དང་ཤེས་རབ་ཀྱི་རྩལ་གྱིས་འཛམ་བུ་གླིང་ལ་ལེགས་སྐྱེས་འབུལ་ཐུབ་མཁན་ཡང་ངེས་པར་འབྱུང་བ་ཞིག་རེད། དེ་མིན་ཆོས་དང་རིག་གཞུང་སྦྱོང་བའི་རྒྱུད་རིམ་ཁྲོད་སོ་སོའི་ཤེས་རབ་ཀྱི་བང་རྩལ་འགྲན་སའམ། བསམ་བློ་སྙོམས་ལག་རྒྱས་སའི་ཁོར་ཡུག་དེ་ཇི་ལྟར་ཡངས་ཤིང་རྒྱ་ཆེ་བ་དེ་ལྟར་རང་ཉིད་ཀྱི་ཤེས་རབ་ལའང་ཕན་རླབས་ཆེ་བ་ཡོད། དེའི་ཕྱིར་ད་ནས་ང་ཚོས་ཐུན་མོང་རང་བཞིན་གྱི་རིག་གཞུང་འདིའི་ཆེད་དུ་ཐུན་མོང་རང་བཞིན་གྱི་སྐད་ཡིག་གི་ཁོར་ཡུག་དེ་རྒྱལ་མཚམས་མེད་པའི་འཁོར་བསྐྱོད་བྱེད་པར་ཐེ་ཚོམ་བྱེད་མི་རུང༌། ད་དུང་གོང་གི་བསམ་བློ་སྙོམས་ལག་རྒྱས་སའི་ཁོར་ཡུག་ལས་འཕྲོས་ཏེ་ཅུང་ཟད་ཞིབ་ཏུ་དབྱེ་ན་འདི་ལྟར། ཆུ་བོ་ཇི་ལྟར་ཆེ་ན་ཉ་ཆེན་དེ་ཙམ་མང་བ་དང༌། གྲོང་ཁྱེར་ཇི་ཙམ་ཆེ་ན་ཚོང་བདག་ཆེན་མོའང་དེ་ཙམ་མང་བ་འདི་མཐོང་ཆུང་བྱེད་མི་རུང་བའི་ཆོས་ཉིད་ཀྱི་མཐུན་དཔེ་ཞིག་རེད། འདིའི་སྟེང་ནས་ང་ཚོས་རིག་གཞུང་འདི་ལའང༌། ཁྱབ་ཁོངས་རྒྱ་ཆེ་བ་དང༌། ཐུན་མོང་གི་རང་བཞིན་ལྡན་པ། བསམ་བློ་སྡུར་ཡུལ་གྱི་ཟླ་གྲོགས་ཇི་ཙམ་མང་བ་དེ་ཙམ་གྱིས་རླབས་ཆེན་གྱི་གྲུབ་འབྲས་ཐོན་ཐུབ་པ་ཤེས་ཐུབ། ཉིན་རེའི་འཚོ་བའི་ཁྲོད་དུ་དངོས་སུ་བྱུང་དང་འབྱུང་བཞིན་པའི་གནད་དོན་ཞིག་ལ་བསམ་ནའང་འདི་ལྟར། དཔེར་ན། སྙན་ངག་པ་ཞིག་གིས་རང་གི་སྐད་ཡིག་ཏུ་བྲིས་པའི་སྙན་ངག རིག་རྩལ་བ་ཞིག་གིས་རང་གི་ལྷན་སྐྱེས་ཀྱི་སྐད་ངག་དབྱངས་སུ་གྱེར་བའི་གླུ་སྒྲ་དང༌། གསོན་ཉམས་ལྡན་པའི་འཁྲབ་སྟོན་སོགས་གང་ཞིག་དང༌། ཚོགས་སྡེ་དང་སྒེར་གྱིས་བཏོན་པའི་དུས་དེབ་དང་ཡིག་ཆ་སོགས་གང་ཡིན་ཡང་ཇི་ཙམ་འཁོར་བསྐྱོད་ཀྱི་ཁོར་ཡུག་གུ་ཡངས་པ་དེ་ཙམ་དུ་སྒེར་གྱི་མཚན་སྙན་དང༌། ཚོང་ལས་ཀྱི་ཁེ་ཕན། ངོ་བོའི་རིན་ཐང༌། བསམ་བློའི་ཤུགས་རྐྱེན་སོགས་ཕྱོགས་ཡོངས་ནས་སླེབས་པས་མཐར་གང་ཟག་སོ་སོ་དང་སྒྲིག་འཛུགས་ཀྱི་ངོ་བོར་ཡོད་པའི་ཚོགས་སྡེ་གང་ཡིན་ཡང་གཞི་ནས་གྲུབ་འབྲས་ཐོབ་པ་སོགས་ནི་དུས་རབས་ཉེར་གཅིག་པའི་སྐབས་འདིར་དོན་གནད་ཆུང་ཆུང་ཞིག་གཏན་ནས་མིན། ངས་ཐེངས་གཅིག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འབྲུག་གི་ཚོགས་པ་ཞིག་གིས་བཏོན་པའི་མང་གཙོ་དང་འབྲུག་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐོར་གྱི་དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་བྱས་པ་ཞིག་ལ་བལྟས་པ་ཡིན་ཏེ། ཡོངས་རྫོགས་བོད་ཡིག་གི་གཟུགས་སུ་ཡོད་པའི་ཚགས་ཡིག་དེ་དག་གོ་ཐུབ་ཀྱི་མི་འདུག དེས་ནི་ཁོང་ཚོའི་བོད་ཡིག་གི་ཐོག་ནས་བཏོན་པའི་དྲིལ་བསྒྲགས་ཡིག་ཆ་དེ་དག་ཆེད་བོད་ཡིག་ཤེས་མཁན་ང་ཚོ་ལ་འགྲེམས་སྤེལ་བྱས་པའི་དགོས་མཁོ་ཡང་རླག་བཞིན་པ་མ་ཡིན་ནམ། འབྲུག་ཡུལ་རང་དུའང་ལམ་ཚད་ཀི་ལོ་མི་ཊར་གྱི་ཨང་གྲངས། རྩིག་ངོས་དང་གཞི་མདོའི་སྦྱར་བྱང༌། འཁོར་རིགས་ཀྱི་ལོགས་ཀྱི་ཡི་གེ་དང་ཨང་གྲངས། ཤོག་དངུལ་གྱི་ཡི་གེ་སོགས་ཚང་མ་བོད་ཡིག་དང་བོད་ཀྱི་ཨང་གྲངས་ཀྱི་གཟུགས་སུ་ཡོད་པས་བལྟས་མ་ཐག་བོད་ཡིག་གི་རྒྱལ་སྤྱིའི་གོ་གནས་བཟུང་བའི་རང་བཙན་རྒྱལ་ཁབ་ཞིག་སྟེ། ཅི་འདྲའི་ཉམས་སུ་དགའ་བའི་སེམས་ཚོར་ཞིག་སྤྲོད་དེ་དོན་ལ་ང་ཚོས་ཕལ་ཆེར་གོ་མི་ཐུབ། སོམས་དང༌། རི་བོ་ཧི་མ་ལ་ཡའི་རྩིབས་ལོགས་གཡས་གཡོན་གྱི་སྐད་ཡིག་གཅིག་པ་དག་ཕན་ཚུན་འགྲོ་འོང་གི་རྒྱུད་ལམ་ཙམ་དུའང་བེད་མེད་ཆགས་ན་དེ་ནི་རང་གི་རང་སྤྱི་ཚོགས་དང་ཁ་གྱེས་པའི་སྟ་གོན་རྩོམ་པ་རེད་ཅེས་བཤད་མི་ཐུབ་བམ། འོན་ཀྱང༌། ཁོང་དག་ལ་མཚོན་ནའང་ཆོས་གཞུང་ལྟ་ཅི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེན་མོ་ལྟ་བུ་ཡང་ཡོངས་ཁྱབ་བོད་ཡིག་གི་འགྲོ་སྟངས་བསྐྱངས་ནས་བྲིས་ཡོད་པ་དང༌།
ལ་དྭགས་ལ་ཡང་དེ་མཚུངས་ཡིན་པ་ནི་༼འོད་༽རྩོམ་སྒྲིག་པས་རྒྱུས་ལོན་བྱས་པ་ལྟར་ན། ལ་དྭགས་མཚན་ཉིད་སློབ་གྲྭའི་སློབ་སྤྱི་མཁས་དབང་ངག་དབང་ཚེ་རིང་གིས། སྲིད་ཇུས་ཀྱི་ཐོག་ནས་ང་ཚོ་སོ་སོ་བ་འདྲ་བོ་ཆགས་ཡོད་པ་ལས་ང་ཚོའི་སྐད་ཡིག་གཅིག་པ་ཡིན་པས་ང་ཚོ་མཉམ་དུ་སློབ་སྦྱོང་བྱ་དགོས། ང་ཚོའི་མཉམ་རུབ་ཀྱི་འབད་བརྩོན་བྱས་ན་གཞི་ནས་ང་ཚོའི་སྐད་ཡིག་གཅིག་གྱུར་དང་རིག་གཞུང་སྲུང་སྐྱོབ་ཐུབ་ཀྱི་རེད། ཅེས་གསུངས་འདུག་པ་དང༌། དེ་བཞིན་སློབ་གྲྭ་དེའི་མཁས་དབང་ཚེ་དབང་མཆོག་གིས་ཀྱང༌། ང་ཚོའི་བར་དུ་འབྲེལ་ལམ་བཟང་པོ་ཞིག་ཡོད། འབྲེལ་ལམ་བཟང་པོ་དེ་ཆགས་བྱེད་ནི་ཤེས་རིག་རང་གི་བྱེད་ཀྱི་ཡོད། གོམས་གཤིས་དང་སྐད་ཡིག ཤེས་རིག་བཅས་ཀྱི་ཆ་ནས་གཅིག་པ་རེད། ང་ཚོ་བོད་ཀྱི་སྐད་ཡིག་དེ་བརྡ་སྤྲོད་དང་མཐུན་དགོས་ཀྱི་འདུག དེ་མིན་ན་ཉམས་འགྲོ་གི་འདུག་པའི་བསམ་ཚུལ་མི་ཐམས་ཅད་ལ་ཡོད། ཅེས་དང༌། ཁྱད་པར་ལ་དྭགས་རང་གི་ཕལ་སྐད་ཐོག་ཚགས་པར་དེ་འདྲ་བཏོན་ན་ཁེ་ཕན་འདུག་གམ་ཞེས་པའི་དྲི་བར་ལན་སྐྱོན་སྐབས། ཁོང་གིས། དེ་རྙོག་གྲ་ཆེན་པོ་རེད། མིའི་རྒྱ་ཆ་དགུ་བཅུས་ངོ་རྒོལ་བྱེད་ཀྱི་ཡོད། སྔོན་མ་ཁ་ཤས་ཀྱིས་དེ་འདྲའི་ཚགས་པར་འདོན་གྱི་ཡོད། དེང་སང་མི་འདུག ཕལ་སྐད་ནང་ལོགས་སུ་བྲིས་ན་ང་ཚོས་ཀློག་ཤེས་ཀྱི་མི་འདུག གལ་སྲིད་དེ་འདྲ་བཟོས་པ་ཡིན་ན་ཡང་ཡར་རྒྱས་འགྲོ་ཡ་མེད། བྱང་ཐང་དང་ནུབ་ར། ཟངས་དཀར། གཤམ་སོགས་ལ་ཡུལ་སྐད་རེ་རེ་ཡོད་པས་ལུང་ཁུག་རེ་རེར་བརྡ་སྤྲོད་རེ་བཟོས་ན་མགོ་རྙོག་པོ་ཡོད། ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་མེད། ཅེས་ལན་བཏབ་པ་སོགས་ལ་བལྟས་ན་ཡང་ད་དུང་ང་ཚོ་རྟོགས་སད་ཀྱི་དུས་རབས་ཡོལ་མེད་པར་ཕན་ཚུན་ལག་གདང་སྦྲེལ་ནས་འགྲོ་ཐུབ་པ་ཡིན་ལ། དེ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་དགོས་འཁོ་དང་རེ་བ་ཡིན་པའི་ཡིད་ཆེས་བྱེད་ཆོག
འདི་གུས་པས་ལོ་བཞིའི་སྔོན་ཞིག་ལ་བྲིས་པའི་རྩོམ་ཞིག་གི་ནང་ནས་རེད།
ལ་དྭགས་པ་འཇམ་དཔལ་ལགས།
ལྗགས་ལན་གནང་བར་ཐུགས་རྗེ་ཆེ། ལྷ་ཏོ་ཟེར་བ་ནི་བསང་ཕུལ་ས་ལ་གོའམ། ལ་དྭགས་སུ་དམར་མཆོད་དེ་ལོ་གསར་གྱི་སྐབས་སུ་མ་གཏོགས། དུས་ཆེན་གཞན་གང་གང་དུ་བྱེད་དམ། ལོ་གསར་གྱི་སྐབས་སུ་གྲོང་མི་རྣམས་ལྷན་འཛོམས་ཀྱིས་ལྷ་ཁང་ངམ་ས་ཆ་གང་རུང་ཞིག་ཏུ་སྤྱི་བསང་ཕུལ་བ་རེད་དམ། ཡང་ན་ཁྱིམ་མི་སོ་སོའི་ངོས་ནས་དམར་མཆོད་བྱེད་པ་རེད་དམ། དམར་མཆོད་བྱེད་སའི་ལྷ་སུ་སུ་ཡིན་ནམ། ལན་སྟབས་བདེ་མདོར་སྡུས་རེ་གནང་ཐུབ་ན་བཀའ་དྲིན་ཆེ་ཞུ་རྒྱུ་ལགས།
གཞན་བསྟན་འགྱུར་དབྱིན་སྒྱུར་གྱི་སྐོར་ནས། བོད་ཡིག་གི་གསར་འགྱུར་གང་ལ་བལྟས་ཀྱང་། ཀོ་ལིམ་སྦི་ཡའི་ Bob Thurman དང་རྫོང་གསར་མཁྱེན་བརྩེ་གཉིས་ཀྱི་ལས་འཆར་བར་ན་འབྲེལ་བ་ཅི་ཞིག་ཡོད་པ་དང་། ལས་འཆར་གྱི་རིམ་པ་ཅི་འདྲ་ཞིག་ཡིན་པ། འགྲོ་གྲོན་བསྡུ་འགོད་སོགས་ཀྱི་གནས་སྟངས་ཅི་འདྲ་ཞིག་ཡིན་པ་བཅས་ཀྱི་གནས་ཚུལ་གསལ་བོ་ཞིག་མི་འདུག རིམ་གྱིས་ཇེ་གསལ་དུ་འགྲོ་མི་ཡོང་ངམ།
ལ་དགས་པ་འཇམ་དཔལ་ལགས།
༼དཀའ་བ་བརྒྱ་ཕྲག་དུ་མས་བོད་ལ་འཚེ་བ་མེད་པའི་ཆོས་གདན་འདྲེན་དགོས་པ་ཅང་མི་འདུག་སྙམ།༽
ཁྱེད་ནས་དེ་ལྟར་གསུངས་སོང།
དེ་ལྟར་ན་་་་་་དཀའ་བ་བརྒྱ་ཕྲག་དུ་མས་རྒྱ་མོ་བལ་མོ་བོད་ལ་མནའ་མ་བསུས་པ་དེ་བོད་ལ་དེ་དུས་བོད་མོ་ཡང་དག་པ་ཞིག་མེད་པར་བསྒྲུབ་ཐུབ་བམ།
ལན་མདོར་བསྡུས་ཤིག་ཡོད་ན་གསུང་རོགས།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ནོར་ལུག་ས་ཡ་མང་པོའི་ཤ་ཁྲག་དྲིན། བོད་བརྒྱུད་ནང་པ་གངས་ཅན་ཡུལ་་དུ་འཚོ། མི་རིགས་རང་གི་སྲོག་རྒྱུན་འཚེ་བར་བཅོལ། སྐྱོན་མཚང་བོན་པོར་འགེལ་བ་དྲང་བདེན་མིན། ། ཚིག་བཅད་འདི་དྲྭ་རྒྱ་གཞན་ཞིག་ནས་བཤུས་པས་ཁྱེད་རང་གིས་འདི་ལ་དགོངས་ཚུལ་འདྲ་ཡོད་དམ།
རྫོང་གསར་མཁྱེན་བརྩེ་སོགས་སྤྲུལ་མིང་ཅན་ཚོས་ད་བར་དུ་སྐུད་པ་དམར་པོ་ལ་མདུད་པ་བརྒྱབ་ནས་དེ་ལ་ཕུ་རེ་བཏབ་ཏེ་སྲུང་མདུད་ཅེས་རྫས་རྩ་ཆེན་དང་ནུས་པ་ཅན་ཞིག་ཡིན་ཁུལ་གྱིས་བཙོང་ནས་མི་མང་གི་ལག་ནས་འབུལ་བ་རྫོགས་མེད་བསྡུ་དང་བསྡུ་བཞིན་པ་རེད། ད་དུང་ཁོ་རང་ཚོའི་ཕོ་མཚན་གཅིན་དྲི་ཅན་དེ་ཕུར་ཕུར་གཏོང་བྱེད་ཀྱི་ལག་པ་རྫོར་པོ་དེའང་་མི་མང་གི་མགོ་བཞག་ནས་མཇལ་ཁ་གནང་ཁུལ་གྱིས་མི་མང་གི་ལག་པ་ནས་འབུལ་བ་བསྡུ་དང་བསྡུ་བཞིན་པ་དེ་དག་གིས་ལྟོ་མ་འགྲེང་བར། ད་ནི་ཁོ་རང་ཚོའི་འབུལ་བ་བསྡུ་སའི་ཁོར་ཡུག་དང་ཐབས་ཇུས་མང་དུ་གཏོང་གི་ཡོད་རེད། ཕྱི་རྒྱལ་གྲུང་པོ་ཚོར་སྲུང་མདུད་དང་གཅིན་ལག་མགོ་ལ་བཞག་ནས་འབུལ་བ་བསྡུ་དཀའ་བའི་ཕྱིར། ནང་ཆོས་ཡིག་བསྒྱུར་གྱི་འཆར་གཞི་ཆེན་པོ་ཞིག་ཡོད་ཟེར་ནས་ཕྱི་རྒྱལ་ཚོང་པ་ཁ་ཤས་དང་མཉམ་འབྲེལ་གྱིས་ཞལའདེབས་རྒྱ་ཆེན་པོ་རག་རྒྱུའི་ཧམ་སེམས་བྱེད་ཀྱི་ཡོད་པ་རེད།
ཁེ་བོའི་སྐུད་པ་བཙོང་ཚོད་མེད་བཙོང་ནས་མི་མང་ལག་གི་གསེར་དངུལ་བསགས།།
གཅིན་ལག་དྲི་ཅན་མགོ་ལ་བཞག་ནས་མི་མང་ལག་གི་འབུལ་བ་བསྡུས།།
བཀའ་བསྟན་བང་མཛོད་དབྱིན་བསྒྱུར་བྱས་ནས་རྒྱལ་ཁམས་ལ་ཞལ་འདེབས་སློང་།།
ཁྱེད་ནི་བླ་མ་ཁྱེད་ནི་སྤྲང་པོ་ཁྱེད་ནི་ཁྲམ་པ་དག་གི་རྒྱལ་བོའང་ཡིན་ནོ།།
གཏི་མུག་ཕག་པའི་སྣ་དུང་ནས་བྱམས་དང་སྙིང་རྗེའི་ཆོས་འཁོར་སྐོར།།
འདོད་ཆགས་བྱ་ཕོའི་ཕོ་མཚན་རྩེ་ནས་ཚད་མེད་བཞི་ཡི་ཉམས་ལེན་འཛག།།
ཞེ་སྡང་སྦྲུལ་གྱི་དུག་ལྕེའི་རྩེ་ནས་བཟོད་པ་ཆེན་པོའི་མེ་ལྕེ་འབར།།
ཁྱེད་ནི་བྱ་ཕག་ཁྱེད་ནི་སྦྲུལ་རྒོད་ཁྱེད་ནི་ནང་བའི་བླ་མ་ཡང་ཡིན་ནོ།།
་་་་་་་་་་་་་་་་་་་
ནོར་བཅོས།
ཁེ་བོའི་སྐུད་པ་ཚོད་མེད་བཙོང་ནས་མི་མང་ལག་གི་གསེར་དངུལ་བསགས།།
གཅིན་ལག་དྲི་ཅན་མགོ་ལ་བཞག་ནས་མི་མང་ལག་གི་འབུལ་བ་བསྡུས།།
བཀའ་བསྟན་བང་མཛོད་དབྱིན་བསྒྱུར་བྱས་ནས་ནུབ་ཕྱོགས་ཡུལ་གྱི་ཞལ་འདེབས་སློང་།།
ཁྱེད་ནི་བླ་མ་ཁྱེད་ནི་སྤྲང་པོ་ཁྱེད་ནི་ཁྲམ་པ་ནོར་དགའ་ཡང་ཡིན་ནོ།།
གཏི་མུག་ཕག་པའི་སྣ་དུང་ནས་བྱམས་དང་སྙིང་རྗེའི་ཆོས་འཁོར་སྐོར།།
འདོད་ཆགས་བྱ་ཕོའི་ཕོ་མཚན་རྩེ་ནས་ཚད་མེད་བཞི་ཡི་ཉམས་ལེན་འཛག།།
ཞེ་སྡང་སྦྲུལ་གྱི་དུག་ལྕེའི་རྩེ་ནས་བཟོད་པ་ཆེན་པོའི་མེ་ལྕེ་འབར།།
ཁྱེད་ནི་བྱ་ཕག་ཁྱེད་ནི་སྦྲུལ་རྒོད་ཁྱེད་ནི་ནང་བའི་བླ་མ་ཡང་ཡིན་ནོ།།
སྟག་སྨྱོན་ལགས།
མ་མཇལ་རྒྱུན་རིང་། ཁྱེད་ཀྱིས་གོང་དུ་བཀའ་བསྟན་འགྱུར་གྱི་བདག་དབང་གི་སྐོར་ནས་བསམ་ཚུལ་བཤད་པ་རྣམས་བཀླགས་པ་ཡིན། མོས་མཐུན་ཡོད། རྒྱབ་སྐྱོར་ཡོད། ད་ནི་ཁ་རྡུང་གཏོང་བའི་ལས་སུ་ཞུགས་རྒྱུའི་དུས་ཚོད་མིན་པར། བཀའ་བསྟན་དབྱིན་སྒྱུར་གྱི་གནས་ཚུལ་འདིའི་རྒྱབ་ལྗོངས་བསྔོགས་རྒྱུའི་དུས་ཚོད་རེད། འདིའི་སྐོར་ལ། ཁ་སང་ཨ་རིའི་རླུང་འཕྲིན་གྱི་རྣམ་རྒྱལ་ཤྲ་སྟི་རི་ལགས་ཀྱིས། བློ་བཟང་ཤྲ་སྟིརི་ལགས་དང་སྤེན་པ་སྟོབས་རྒྱལ་ལགས་གཉིས་ལ་བཅར་འདྲི་བྱས་པའི་ལེ་ཚན་དེར་ཉན་པ་ཡིན། རླུང་འཕྲིན་གྱི་ལེ་ཚན་དེ་ལས་ཁ་བརྡའི་ཐོག་གི་ཁྱེད་ཅག་གི་བགྲོ་གླེང་འདིས་གནད་འགག་བཤད་ཀྱི་འདུག་བསམ་བྱུང་།
རྒྱུ་མཚན་ནི་ཁྱེད་ཚོས་བཀའ་བསྟན་གཉིས་དབྱིན་ཡིག་སོགས་སྐད་ཡིག་གཞན་དུ་བསྒྱུར་རྒྱུ་ནི་བོད་མི་ཚོའི་ལས་ཀ་ཞིག་རེད་དམ་མ་རེད་ཟེར་བ་དང་། བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་བདག་པོ་སུ་རེད་དམ་ཟེར་བ་དང་། གལ་སྲིད་ཝ་ར་ཎཱ་སི་བོད་ཀྱི་མཐོ་སློབ་ཁང་གིས་བསྟན་འགྱུར་ནི་དབྱིན་ཡིག་སོགས་སྐད་རིགས་གཞན་དུ་བསྒྱུར་རྒྱུ་ཡིན་ན། འགྱུར་ཡང་དག་པ་ཞིག་ཡོང་ཐུབ་རྒྱུ་ཡིན་མིན་བཅས་ཀྱི་ཐོག་ལ་རྩོད་པ་བརྒྱབ་ཡོད་པས་རེད།
ཁྱེད་ཀྱིས་ང་ཚོས་རྩོད་དགོས་པ་ནི་བཀའ་འགྱུར་དང་བསྟན་འགྱུར་གཉིས་དབྱིན་ཡིག་སོགས་སྐད་རིགས་གཞན་དུ་བསྒྱུར་རྒྱུ་ཡིན་མིན་གྱི་གནད་དོན་དེ་མིན་པར། བཀའ་འགྱུར་དང་བསྟན་འགྱུར་གཉིས་ལ་བདག་པོ་མེད་པ་ལྟར། མི་སུ་རུང་དང་ཚོགས་པ་སུ་རུང་གིས་གང་འདོད་འདོད་དུ་བསྒྱུར་མི་ཆོག་པར་བོད་གཞུང་ལ་ཆོག་མཆན་ཞུ་དགོས་པའི་ཁྲིམས་བཟོ་རྒྱུ་དེ་རེད་ཅེས་བཤད་ཀྱི་འདུག རྒྱུ་མཚན་ནི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ནི། སྔར་བོད་ཀྱི་རྒྱལ་བོ་རྣམས་ཀྱིས་བོད་རྒྱལ་ཁབ་ཀྱི་གཞུང་གི་གསེར་དངུལ་གྱི་འགྲོ་སོང་བཏང་ནས་བསྒྱུར་བ་ཡིན་པས། ད་ལྟ་དེ་སྐད་རིགས་གཞན་དུ་ཡིག་བསྒྱུར་དང་པར་སྐྲུན་བྱེད་པའི་བདག་དབང་བོད་མི་དམངས་ཀྱི་གཞུང་གང་ན་ཡོད་ན་དེ་ལ་ཡོད་ཡོད་པ་བཤད་མ་དགོས་པ་ཞིག་རེད། དེ་ལ་སྒོར་མོ་ཅི་ཙམ་རེག་ན་དེ་ཚང་མ་བོད་གཞུང་ལ་ཐོབ་དགོས་པ་ཞིག་རེད་ཅེས་བཤད་ཀྱི་ཡོད་མོད། ཡིན་ནའང་ཁ་ཤས་ཀྱིས་དེ་ལ། བཀའ་འགྱུར་དང་བསྟན་འགྱུར་ནི་འབྲུག་རྒྱལ་ཁབ་དང་། ལ་དྭགས་སོགས་སུའང་ཡོད་པ་མ་ཟད། ད་དུང་སོག་སྐད་དུའང་ཡོད་པས། བཀའ་འགྱུར་དང་བསྟན་འགྱུར་གྱི་བདག་པོ་སུ་ཡིན་མིན་ནི་རྩོད་གཞི་ཅན་ཞིག་རེད་ཅེས་བཤད་ཀྱི་ཡོད་པ་དེ་ལའང་གནས་ལུགས་མེད་པ་མ་རེད་ལ། དོན་ངོ་མར་ད་ལྟ་བཀའ་འགྱུར་དང་བསྟན་འགྱུར་གཉིས་བོད་དང་བོད་ཡིག་ཙམ་མིན་པར། སྐད་ཡིག་གཞན་གང་དག་ཏུ་བསྒྱུར་ཚར་ཡོད་མེད་སོགས་ཀྱི་གནས་ཚུལ་དེ་དག་གསལ་བོར་བཟོ་དགོས་རྒྱུ་འདུག
འབྲུག་རྒྱལ་ཁབ་ཏུ་ད་སྐབས་རྫོང་གསར་མཁྱེན་བརྩེའི་དྲིན་ལ་བཀའ་འགྱུར་དབྱིན་སྒྱུར་བྱེད་མཁན་གྱི་ལོ་ཙཱ་བ་སྐྱེད་བསྲིང་དང་ལས་ཀ་སྤྲོད་རྒྱུ་རེད་ཅེས་སྦིར་གྲགས་ཆེན་པོ་འདུག ང་ཚོས་རྩོད་པ་བརྒྱག་ཞོར་དུ་གནས་ཚུལ་གསལ་ཙམ་བཟོ་རྒྱུ་གལ་ཆེན་པོ་རེད་བསམ།
ལྕགས་རྒྱ་ལགས་ཆུ་ཚོད་མང་པོ་ཡོད་དུས་ཤིག་ལ་སླར་ཡང་ཐུག་འདོད་ཡོད།
ལགས་སོ། རྗེས་མར་མཇལ་ཡོང་།
དྲ་རྒྱ་དང་དྲ་ཚིགས་ཟེར་བ་འདི་དར་ནས་བཟུང་རྒྱལ་སྤྱིའི་ཐོག་ཏུ་ང་ཚོས་དེ་ལ་ད་བར་དུ་བེད་སྤྱོད་བྱེད་ཡུལ་གཉིས་བཀོད་སྒྲིག་བྱས་ཡོད་པའི་གཅིག་ནི། གནས་ཚུལ་དང་གཞན་དེ་ནི་རྩེད་འཇོ་རེད་ཟེར། གཅིག་བྱས་ན་དེ་ལས་མང་སྲིད། ཡིན་ནའང་ངས་འདིར་ཁྱེད་ལ་བཤད་འདོད་པ་ནི། གནས་ཚུལ་མང་ཙམ་སྤྲོད་ཐུབ་ན་བཟང་བའི་རེ་ཞུ་ཙམ་ཡིན།
དྲི་བ་མཛད་མཁན་རྣམས་ལ། གཅིག་ཏུ་ལན་འབུལ་བར་འབད། ལན་དུ་འགྲོ་མིན་མི་ཤེས། ལྷ་ཏོ་ཞེས་པར་བོད་རྒྱ་ཚིག་མཛོད་ན། ལྷ་ཐོ་ཞེས་བྲིས། ལྷ་གནས་སའི་ལྕོག་ཆུང་ངམ་ཁང་ཆུང་ཅོག་ཅོག ཅེས་བྲིས་འདུག འདི་འདྲ་ལྷ་ཏོ་དེ་ལ་དྭགས་ཀྱི་ཁྱིམ་དྲག་པ་དག་དང་། རིའི་ལོགས་དང་། བྲག་རྡོ་ཆེན་པོ་སོགས་ཀྱི་སྟེང་དུ་འདུག དེ་དག་ལ་གསོལ་ཀ་དུས་སོ་སོར་གཏོང་སྲོལ་མཆིས། ཁྱིམ་ཚང་དག་གི་ཐོག་སྟེང་ན་ཡོད་པ་དག་ལ་ལོ་གསར་སྐབས་གསོལ་ཀ་གཏོང་། བོད་ཡུལ་གཞན་དུ་ཡང་དེ་འདྲ་ཡོད་ངེས། ལྷ་ཏོ་དེ་དག་སོགས་གསོལ་སྟངས་ལ་བལྟས་ཏེ། ཟེར་བ་ཡིན་ནམ་སྙམ། བོན་གྱི་ལུགས་བྱེད་མཁན། ད་ལྟ་ལ་དྭགས་ན་འདུག ཅེས་ནུབ་ཕྱོགས་པ་འགའ་རེས་བཤད་པ་ཞིག་ཐོས་པ་དྲན། ལོ་གསར་སྐབས་ཤི་མི་གསོལ་བ་ཞེས་རོ་ཁང་ལུང་པར་སོང་སྟེ། སྒང་ཏོག་གི་སྒང་ལ་ཤི་མི་ལ་ཟན་ཕུད་སོགས་ཕུལ་ཏེ། དེར་འདུས་པ་དག་གིས་ཟན་ཟ། བདག་རང་བྱིས་པའི་སྐབས་དེར་ཕྱིན་པ་ད་ལྟ་ཡང་དྲན་ནོ།
བོད་ཀྱི་རྒྱལ་པོ་བུད་མེད་ལ་ཆགས་པས་རྒྱ་མོ་བག་མར་བླངས་པ་ཡིན་ན། ཁྱེད་ཀྱིས་གསུངས་པ། བདེན། དེ་ལ་དགོས་པ་གཞན་རྒྱ་ཆེན་པོ་ལོ་རྒྱུས་ལ་སྦྱངས་པས་ཤེས་ཐུབ།
བོད་དང་རྒྱ་ནག་ལ་སངས་རྒྱས་པའི་གྲུབ་མཐའ་དར་དགོས་པའི་རྒྱུ་མཚན་དེ་ཕྱུགས་མང་པོ་བསད་དགོས་པས། དེ་དག་དགག་པའི་ཕྱིར་དུ། སངས་རྒྱས་པའི་ལུགས་སྲོལ་འཛིན་པ་ལ་ཡུལ་དེ་དག་གི་རྒྱལ་པོ་དག་གིས་ཀྱང་སངས་རྒྱས་ཆོས་ལུགས་ཡུལ་སོ་སོར་འཛུགས་པར་འབད་པ་མཛད་ཅེས་བཀླགས་པ་དྲན།
ལ་དྭགས་པ་དང་། རྒྱ་ནག་ས་མཚམས་པ་བོད་རིགས་དག་གིས་ཀྱང་། བོད་ཡིན། བོད་པ་མ་ཡིན་ཟེར་བ་ཞིག་འདུག གང་ལྟར་ཡང་། བདག་རང་ལ་མཚོན་ན། སྐད་དང་ལུགས་སྲོལ་གྱི་ཆ་ནས་ང་བོད་པ་ཡིན། རྒྱལ་ཁབ་ཀྱི་ཆ་ནས་ད་ལྟ་ང་རྒྱ་གར་པ་ཡིན་ཞེས་ཟེར་བ་ཡོད།
ལ་དྭགས་ཀྱི་སྐད་ལ་གསར་ཤོག་འདོན་པ་ན། བོད་ཀྱི་རིག་གཞུང་སྐད་ལ་གཅེས་པ་དག་གིས་དེ་འདྲའི་ལུགས་སྲོལ་ཆེས་ཆེར་དར་ན། ཆོས་སྐད་དེ། རིག་གཞུང་སྐད་ལ་གནོད་པ་འདུག་ཅེས་མང་པོས་ངོ་རྒོལ་བྱས་པའི་ལོ་རྒྱུས་མཆིས་ཀྱང་། བཀའ་སྩལ་པ་ཞེས་དགོས་ཀྱང་། བཀའ་འགྱུར་ན་དེ་འདྲ་ཡོད་པ་ཞིག་མ་གཟིགས་པའམ། བཀའ་འགྱུར་སྐད་ཤི་ཚར་བ་ཡིན་དགོངས་སམ། བཀའ་སྩལ་བ་ཤ་སྟག་གསར་ཤོག་དང་དུས་དེབ་རྣམས་སུ་མཆིས་སོ། །
གོང་དུ་རྒན་འཇམ་དཔལ་ལགས་ཀྱི་བརྡ་རྙིང་ཁ་ཤས་དྲངས་པ་དེས་ང་ལ་ཡང་། རང་གི་ས་ཆའི་ཡུལ་སྐད་ཁ་ཤས་དྲན་སོས་རུ་བཅུགས། བྲག་ཟུར་ཀ་ཅན་ལ་བྲག་ཏོ། དགྲ་སྟ་སོགས་རྣོ་ཁ་རྟུལ་བ་རྣམས་ལ་གྲི་ཁ་ཏོ། ཞིང་ཁར་རྨོ་བརྒྱབ་ཤུལ་ཏུ་ས་རྡོག་རྡོག་ཆགས་ཡོད་པ་ལ་ཨོ་ཏོ། བོང་བུ་སོགས་རྔ་མ་ཆད་པ་རྣམས་ལ་རྔ་ཏོ། ཤིང་དུམ་ཆུང་ཆུང་ལ་ཤིང་ཏོ། སོགས་ཤིན་ཏུ་མང་གི འོན་ཀྱང་གཞན་ལ་དོག་ཟོན་ཆེད་དུ་བསླངས་པའི་ཐོ་ཡོར་སོགས་ལ་ས་ཐོ། གྱང་ཐོ། ཐོ་ཡོར་ལ་མིའི་འདུ་ཤེས་བཞག་སོགས་ཁ་ནས་དེ་ལྟར་ཐོན།
གསོལ་ཀ་ཟེར་བ་འདི་ཡང་དེ་ལྟར་ཡུལ་མི་རྣམས་ཀྱི་ཁ་སྐད་ལ་འདུག ལོ་སར་ཀྱི་སྡར་ཀ ཁྱིམ་ཀྱི་འཁོས་ཀ ཟ་མའི་མཆོད་ཀ ཟས་མཆོད་ཀ་མ་འཕངས་ཟ་སྲོལ་མེད་ལྟ་བུ། སོགས་མཆིས་སོ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། སྔར་སྲོལ་རིང་མོ་ལ་་་དམར་མཆོད་་་བྱེད་མཁན་ཡོད་ལ་་་དཀར་མཆོད་་་བྱེད་མཁན་ཡང་ཡོད། ལ་དྭགས་པས་ལྷ་གང་ཞིག་ལ་དམར་མཆོད་བྱེད་ཀྱི་ཡོད་པ་ཁྱེད་ཀྱིས་མཐོང་ན་ཡང། ལ་དྭགས་པས་ལྷ་གང་ཞིག་ལ་དཀར་མཆོད་བྱེད་ཀྱི་ཡོད་པ་ཁྱེད་ཀྱིས་མ་མཐོང་ངམ། དཔེར་ན་ཞང་ཞུང་ལ་མཚོན་ན་་་་་་གཙང་མ་ཞང་ཞུང་གི་ལྷ་རིགས་་་་ཅེས་དམར་མཆོད་འབུལ་རྒྱུ་ད་ཕར་ཞོག་དམར་གསུར་གྱི་དྲི་མ་ཙམ་ཡང་འགྲོ་ས་མེད་པའི་ལྷ་རིགས་ཡོད། ད་དུང་ཞང་ཞུང་གི་ལུགས་སྲོལ་ལ་་་ཡ་སོ་ཅན་གྱི་ཤ་མི་ཟ་་་་ཞེས་སེམས་ཅན་རྐྱང་དང་རྟ་སོགས་ཀྱི་ཤ་རྩ་བ་ཉིད་ནས་བཟའ་བའི་ལུགས་སྲོལ་མེད། དེ་ལ་བཤུལ་ཆགས་ཀྱི་ཤ་ཞེས་ལབ་སྲོལ་ཡོད་པ་ཡོད། བོད་ཀྱི་ལུགས་སྲོལ་རྙིང་པར་ཐབ་གཞོབ་བྱེད་མི་ཉན་ཞེས་མེ་ཐབ་ཀྱི་ནང་དུ་ཤ་དང་ཤ་ཁུ་སོགས་སོང་ན་ལམ་སེང་རྩམ་པ་བླུགས་ནས་དམར་དྲི་མེད་པ་བཟོ་བའི་ཡུལ་ལུགས་ཡོད། དགོང་ཁར་ཤ་བཟས་ནས་ཉལ་མི་ཉན་ཞེས་ཤ་བཟས་རྗེས་རྩམ་པ་བཟས་ནས་ཉལ་དགོས་པ་ཡང་ང་རང་གི་ཨ་མས་བྱེད་ཀྱི་ཡོད། བོན་པོའི་མིང་ཅན་ཞིག་གིས་་་་ཡུལ་ལྷ་དང་གཞི་བདག་བཙན་རྒོད་དྲེགས་པ་ཅན་་་་་གང་ཞིག་ལ་དམར་མཆོད་བྱེད་སྲོལ་ཡོད་པ་ནི་བོན་པོས་ཆེད་དུ་བཟོས་པ་ཞིག་མིན་ལ་དེ་ནི་་་ཡུལ་ལུགས་རང་ཁ་མ་་་་ཞིག་ཡིན་པར་ངེས། ལྷག་དོན་སྔར་བོད་ཡུལ་ནི་དམག་སྟོབས་ཆེ་བའི་ལུང་པ་ཞིག་ཡིན་པར་ཀུན་གྱིས་ཤེས་གསལ་ལྟར་དམག་དོན་གྱི་རྒྱལ་ཁའི་ཆེད་དམར་མཆོད་འབུལ་བའི་ལུགས་སྲོལ་ཡང་ཡོད་པར་ངེས། ཡང་ན་ཤ་ལ་དགའ་མཁན་གྱི་གྲོགས་པོ་ལ་མོག་མོག་དང་ཤ་རྡོག་བཟོས་ནས་སྤྲད་པ་དང། ཆང་ལ་དགའ་མཁན་གྱི་གྲོགས་པོ་ལ་ཆང་ཡག་པོ་དྲངས་བ་ལྟ་བུ་རེད། དེ་ནི་་་བཙན་རྒོད་དྲེགས་པ་ཅན་་་གང་ཞིག་དགའ་བར་བྱས་ན་ཡང། ཉམས་ཆུང་སེམས་ཅན་གྱི་རིན་ཐང་བྲལ་བའི་སྲོག་ལ་བརྩི་འཇོག་མ་བྱས་པས་་་བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་་་སྔ་རབས་ནས་གངས་རིའི་ལྗོངས་སུ་བཀག་ནས་་་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་་་་འདི་ཉིད་གཏན་ལ་ཕབ་པར་མཛད་པའོ།། ཤི་མི་ལ་་་སྨོན་ལམ་་་རྒྱག་ཆོག་ས་ལ་་་ཟན་ཕུད་་་སོགས་ཕུལ་ན་སྐྱོན་ཡོད་པ་གང་ཡིན་ནམ། ང་ཡི་མཆན་གྲངས་༡༠༣་དེ་ལ་ཡང་ལེན་ཞིག་ཡོད་པར་ཞུ།
བོད་ཟེར་བའི་མིང་དེ་ནི་ཆོས་ཟེར་བ་དང་འཇུག་ཚུལ་མཚུངས། འཇུག་ས་ཡང་བོན་ལ་འཇུག་ས་བཅུ་ཡོད་པ་བཞིན་དུ་ཆོས་ལ་ཡང་འཇུག་ས་བཅུ་ཡོད། འོན་ཀྱང་མིང་དེ་གཉིས་བོད་ལ་དར་སྔ་ཕྱི་ཡོད་པ་རེད་དྲན། དེ་བས་ན་དམར་མཆོད་བྱེད་པ་དེར་བོན་སྲོལ་ཟེར་བཞིན་པ་ནི་ཆོས་སྲོལ་ཟེར་བ་དང་དོན་ལ་གཅིག་པ་ཡིན་ན་ཡང་། ལུགས་སྲོལ་དེ་ཆོས་མ་དར་བའི་སྔ་རོལ་ནས་ཡོད་པས་ལུགས་སྲོལ་དེ་ལ་བོན་ཟེར་ནས་འབོད་པ་རེད་དྲན། འོན་ཀྱང་སྟོན་པ་གཤེན་རབས་མི་བོས་སྲོལ་གཏོད་པའི་བོན་ནི་སུས་ཀྱང་ཡིན་ཟེར་རྒྱུ་མ་རེད། གང་ལྟར་བོད་དམར་མཆོད་བྱེད་པའི་ལུགས་སྲོལ་དང་། གཏོ་གཏོང་བའི་ལུགས་སྲོལ། ལབ་ཙེ་བསྟོད་པའི་ལུགས་སྲོལ། ཆར་བ་འབེབས་པའི་ཆོ་ག་སོགས་མང་པོ་ཞིག་ཡོད་པ་དེ་རྣམས་བོན་གྱི་མིང་འདི་འདོགས་འདོད་མེད་པ་ཡིན་ན་ཆོས་ཀྱི་མིང་དེ་བཏགས་ན་མི་འགྲིགས་པ་ཡོད་ཀྱི་མ་རེད་བསམ། དེ་འདྲ་རེད་དམ་མ་རེད་དྲ་གྲོགས་ཚོ།
བོན་པོས་གསུངས་པ་ལྟར།
གཙང་མ་ཞང་ཞུང་གི་ལྷ་རིགས་ལ་དམར་མི་འགྲོ་བའི་ཚུལ་དང་། ཐབ་གཞོབ་བྱུང་ན། ཐབ་མེར་རྩམ་པ་གཏོར་བ་དང་། དགོང་ཟས་ལ་ཤ་བཟས་པའི་འཇུག་ཏུ་རྩམ་པ་བཟས་ནས་ཉལ་དགོས་པའི་ལུགས་སྲོལ། ཡ་སོ་ཅན་གྱི་ཤ་མི་བ་སོགས་ལ་བོད་པས་མུ་མཐུད་ཉམས་ལེན་རྒྱུན་འཁྱོངས་དགོས་གལ་ཆེ་བར་མཐོང་།
གང་ཡིན་ཟེར་ན། དེང་གི་བོད་ཀྱི་བོན་པོ་དང་། ནང་ཆོས་ནང་ལ། མགོ་ཐོད་དུ་བླ་མ་དཀོན་མཆོག་གསུམ་དང་། དེ་ནས་ལྷ་ཆོས་སྐྱོང་སྲུང་མ། དེ་ནས་མར་ཙམ་ན། སྟེང་གི་གཟའ། བར་གྱི་བཙན་དང་། འོག་གི་ཀླུ་སོགས་ལ་འབྲེལ་ཟམ་དམ་པོ་སྔར་ནས་ཡོད་པ་ལ་དེ་མ་ཉམས་པར། ཡར་མཆོད་མར་གཏོ་སོགས་ལ་ན་གཞོན་ཚོས་དཔྱད་ཞིབ་བྱ་གལ་ཆེ་བ་དགོས་འདུག
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ལན་གསུངས་པར་ཐུགས་རྗེ་ཆེ།
འོན་ཀྱང་བོད་ཀྱི་རྒྱལ་པོས་བལ་བཟའ་རྒྱ་བཟའ་བླངས་པ་དེ་དགོས་པ་གཞན་ཡོད་ན་གསུང་རོགས།
མ་གཞི་ནས་ཕྱུག་པོས་འཁྲབ་ཚད་ཞབས་བྲོ་དང།
སྤྲང་པོས་འཁྲབ་ཚད་ཐལ་འཚུབ།
ཅེས་པ་ཞིག་མིན་ན་ཁྱབ་འགྲིག་ཏག་ཏག་འགྲོ་གི་འདུག་བསམ།
གང་ལྟར་ཁྱེད་དྲྭ་གྲོགས་རྣམ་པ་ཚོར་བོན་པོས་དམར་མཆོད་འབུལ་དང་མི་འབུལ་བོན་པོའི་དཔེ་གཞུང་དག་ལ་ལེགས་པར་གཟིགས་ན་མཁྱེན་ཐུབ།
ང་ལའང་སྔོན་ཆད་རྣ་བས་ཐོས་པ་ཙམ་ལ་ཡིན་ཤག་བྱེད་ནས་ལོག་རྟོག་མང་པོ་ཞིག་བྱུང་མྱོང།
དཔེར་ན།ས་དགེ་བཀའ་རྙིང་གི་གྲུབ་མཐར་མི་སྙན་པ་རྐྱང་རྐྱང་གོ་མྱོང་ད་ལྟ་གྲུབ་མཐའ་དེ་དག་གི་དཔེ་གཞུང་ལ་ལྟ་དུས་གཞི་ནས་སྔར་གྱི་ཐོས་པ་དེ་དག་རྐྱག་རྫུན་ཏག་ཏག་རེད་འདུག
དེ་ཡིན་དུས་་་་་མི་ཅི་སྨྲ་ལ་མ་ཉན།
མི་ཅི་བགྱིད་ལ་ལྟོས་ཟེར་བའི་དཔེ་དེ་ཅིས་མ་བདེན་བསམ་བྱུང།
ངོས་ནས་བོན་གྱི་དཔེ་གཞུང་དག་ལ་མི་ལོ་༣༠་ཙམ་རིང་འདྲིས་མྱོང་འོན་ཀྱང་བོན་པོས་དམར་མཆོད་བྱེད་ཚུལ་དང་སེམས་ཅན་གྱི་སྲོག་ལ་འཚེ་བ་་་་་དཔེར་ན་་་་ཤ་བ་སྟོང་ཕྲག་མང་པོ་བསད་པ་དེ་འདྲ་ཚིག་གི་ཟུར་ཙམ་ཅིག་གོ་མྱོང།
གལ་ཏེ་ཁྱེད་རྣམ་པས་བོན་གྱི་དཔེ་གཞུང་ནང་དུ་དེ་ལྟར་གཟིགས་པ་ཡོད་ཚེ་སྟོན་རོགས་གནང་ངོས་ལའང་ཕན་ཐོགས་ཤིན་ཏུ་ཆེ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནས་དང་པོ་ཁྱེད་ནས་བོན་པོས་དམར་མཆོད་བྱེད་རབས་བཤད་སོང།
རྗེས་སུ་ཕྱི་རྒྱལ་བ་དེ་ཚོས་ཤོད་རབས་ཅིག་གསུངས་སོང་དེ་ལ་གཏན་གཏན་ཞིག་མེད་ཚོད་རེད།
ཁྱེད་ལ་དེ་ལྟར་བོན་པོ་ཡིན་མཁན་ཞིག་གིས་སེམས་ཅན་གྱི་སྲོག་ལ་འཚེ་བས་དམར་མཆོད་བྱེད་མཁན་ཞིག་ཡོད་ན།
ཁོང་གི་ཁ་བྱང་དང་་་་ཞལ་པར་ཨང་གྲངས།
འདུག་གནས་མཆེད་ཁུངས་སོགས་ངོས་ལ་བསྐུར་གནང་རོགས་ཤེས་འདོད་ཆེ།
་
ཚིག་ཟུར་ཙམ་ཅིག་གོ་མ་མྱོང་་་་་ཅེས་བཅོས་རོགས།
བོན་པོ་ལགས་དང་། ལ་སྟོད་བུ་ལགས། ཞི་ཞིང་དུལ་བའི་ཆོས་ལུགས་སུ་འདྲ་ཞིག་ཡིན་ཀྱང་། རང་རེས་གུས་བཀུར་ཞུ་འོས། དེ་བཞིན་བོན་གྱི་གྲུབ་མཐའ་དང་། ཞི་ཞིང་དུལ་བའི་སྐྱེས་བུ་དམ་པ་སྟོན་པ་གཤེན་རབ་ཀྱི་རྗེས་འཇུག་རྣམས་ལ་གུས་འདུད་ཞུ་བ་དང་། བོན་ལུགས་ཀྱི་དཔེ་ཆ་འགའ་རེ་མཇལ་མྱོང་། སངས་རྒྱས་པའི་ཆོས་དང་མི་འདྲ་བ་ཞིག་མ་མཐོང་། འདི་ལོ་བཞི་ཅུ་ཙམ་སྔོན་དུ་ཡིན། ངས་ལ་དྭགས་ལ་དམར་མཆོད་བྱེད་པ་དེ། བདག་རང་གི་ཁྱིམ་དུ་མ་གཏོགས། གཞན་དུ་མཐོང་མ་མྱོང་། བདག་གི་ཁྱིམ་གྱི་ཤར་ཕྱོགས་ན་གད་པ་མཐོན་པོ་ཞིག་ན། བྱ་རྒྱ་རྒྱལ་པོ་ཟེར་བའི་ལྷ་ཏོ་ཞིག་འདུག དེའི་ཤུགས་པ་སོགས་སྤོ་སྐབས། གྲྭ་པ་ཞིག་གིས་ལྷ་བསངས་གཏོང་། མི་སྐྱ་ཀུན་གྱིས། ཀྱེ་ཀྱེ་ཀྱེ་སྭ་སྭ་སྭ་ལྷ་རྒྱལ་ལོ། ཞེས་སྐད་ཤུགས་ཆེན་པོས་འབོད་པ་མཐོང་། དེ་བཞིན་བྲག་དམར་པོའི་སྒང་ལ་ལྷ་ཏོ་ཡོད་པར་བྲག་དམར་རྒྱལ་པོ་ཞེས་པ་སོགས་མ་གཏོགས། དམིགས་བསལ་མིང་མེད། མི་བདེ་བའི་སྐབས་སུ། ཁྱིམ་ལྷ་ཡུལ་ལྷ་གསོལ་དགོས་པ་འདུག་ཅེས་མོ་པ་དག་གིས་བཤད། ལ་དྭགས་འདོད་ཚུལ་ཞིག་ལ་ཞང་ཞུང་གི་ནང་དུ་ཡོད་པ་ལྟར་སངས་རྒྱས་པ་མ་དར་གོང་དུ་བོན་ལུགས་ཆེས་ཆེར་དར་བར་བསམ། དམར་མཆོད་གཏོང་བ་དེ་བོན་ལུགས་ཀྱི་ཡན་ལག་ཅིག་ཡིན་བསམ་པ་མཆིས། དེང་སང་བོན་ལུགས་དེ་སྟོན་པ་གཤེན་རབ་ཀྱིས་གསུངས་པ་བཞིན་འཚེ་བ་མེད་པར་སྨྲ་བ་ལ་ཡིད་ཆེས་ཡོད། རྒྱུས་ལེགས་པ་ཞིག་མེད། དུས་འབྱུང་ཚེ་སྦྱང་དགོས་པར་སེམས།
རྒྱལ་པོ་སྲོང་བཙན་གྱིས་རྒྱ་བཟའ་དང་བལ་བཟའ་གཉིས་བག་མར་བླངས་པའི་དགོས་པ་གཙོ་བོ་ནི། ཡུལ་དེ་དག་གི་སངས་རྒྱས་པའི་རིག་གཞུང་བོད་དུ་ལེན་དགོས་པས་ཡིན་ཞེས་རྒྱལ་རབས་ཤིག་ན་གསལ་བར་བདག་གི་བློ་ལ་གསལ་བར་མཆིས། དེ་ཡང་རྒྱ་བཟས་ལྷ་སའི་ཇོ་བོ་རིན་པོ་ཆེ་བག་རྫོངས་ལ་ཁྱེར་འོངས་པ་དང་། བལ་བཟས་ཇོ་བོ་མི་སྐྱོད་རྡོ་རྗེ་ཁྱེར་འོངས་པ་སོགས་བྲིས་པ་དྲན།
བོན་པོ་ལགས་ལ་ཞུ་བ། ཁྱེད་ཀྱིས་དགོང་ཁར་ཞེས་པར་བཀའ་བསྟན་དཔེ་ཆ་དག་ན། དགོངས་ཞེས་བྲིས། དེ་དང་མཐུན་པར་དག་ཡིག་ཟ་མ་ཏོག་སོགས་སུ་ཡང་དགོངས་ཞེས་ཡོད་ཀྱང་། དེ་དག་ལ་རྩི་མཁན་དཀོན། འོན་ཀྱང་བོན་གྱི་རིག་གཞུང་དཔེ་ཆ་དག་ན། དགོང་འདུག་གམ་དགོངས་འདུག གཟིགས་གྲོགས་ཞུ་བ་ལགས་སོ། །ལེན་ནི་མ་ཤེས། ལན་ནི་རགས་ཙམ་དེ་འདྲ་ལགས་སོ། །
བོན་པོ་ལགས་དང་། ལ་སྟོད་བུ་ལགས། ཞི་ཞིང་དུལ་བའི་ཆོས་ལུགས་སུ་འདྲ་ཞིག་ཡིན་ཀྱང་། རང་རེས་གུས་བཀུར་ཞུ་འོས། དེ་བཞིན་བོན་གྱི་གྲུབ་མཐའ་དང་། ཞི་ཞིང་དུལ་བའི་སྐྱེས་བུ་དམ་པ་སྟོན་པ་གཤེན་རབ་ཀྱི་རྗེས་འཇུག་རྣམས་ལ་གུས་འདུད་ཞུ་བ་དང་། བོན་ལུགས་ཀྱི་དཔེ་ཆ་འགའ་རེ་མཇལ་མྱོང་། སངས་རྒྱས་པའི་ཆོས་དང་མི་འདྲ་བ་ཞིག་མ་མཐོང་། འདི་ལོ་བཞི་ཅུ་ཙམ་སྔོན་དུ་ཡིན། ངས་ལ་དྭགས་ལ་དམར་མཆོད་བྱེད་པ་དེ། བདག་རང་གི་ཁྱིམ་དུ་མ་གཏོགས། གཞན་དུ་མཐོང་མ་མྱོང་། བདག་གི་ཁྱིམ་གྱི་ཤར་ཕྱོགས་ན་གད་པ་མཐོན་པོ་ཞིག་ན། བྱ་རྒྱ་རྒྱལ་པོ་ཟེར་བའི་ལྷ་ཏོ་ཞིག་འདུག དེའི་ཤུགས་པ་སོགས་སྤོ་སྐབས། གྲྭ་པ་ཞིག་གིས་ལྷ་བསངས་གཏོང་། མི་སྐྱ་ཀུན་གྱིས། ཀྱེ་ཀྱེ་ཀྱེ་སྭ་སྭ་སྭ་ལྷ་རྒྱལ་ལོ། ཞེས་སྐད་ཤུགས་ཆེན་པོས་འབོད་པ་མཐོང་། དེ་བཞིན་བྲག་དམར་པོའི་སྒང་ལ་ལྷ་ཏོ་ཡོད་པར་བྲག་དམར་རྒྱལ་པོ་ཞེས་པ་སོགས་མ་གཏོགས། དམིགས་བསལ་མིང་མེད། མི་བདེ་བའི་སྐབས་སུ། ཁྱིམ་ལྷ་ཡུལ་ལྷ་གསོལ་དགོས་པ་འདུག་ཅེས་མོ་པ་དག་གིས་བཤད། ལ་དྭགས་འདོད་ཚུལ་ཞིག་ལ་ཞང་ཞུང་གི་ནང་དུ་ཡོད་པ་ལྟར་སངས་རྒྱས་པ་མ་དར་གོང་དུ་བོན་ལུགས་ཆེས་ཆེར་དར་བར་བསམ། དམར་མཆོད་གཏོང་བ་དེ་བོན་ལུགས་ཀྱི་ཡན་ལག་ཅིག་ཡིན་བསམ་པ་མཆིས། དེང་སང་བོན་ལུགས་དེ་སྟོན་པ་གཤེན་རབ་ཀྱིས་གསུངས་པ་བཞིན་འཚེ་བ་མེད་པར་སྨྲ་བ་ལ་ཡིད་ཆེས་ཡོད། རྒྱུས་ལེགས་པ་ཞིག་མེད། དུས་འབྱུང་ཚེ་སྦྱང་དགོས་པར་སེམས།
རྒྱལ་པོ་སྲོང་བཙན་གྱིས་རྒྱ་བཟའ་དང་བལ་བཟའ་གཉིས་བག་མར་བླངས་པའི་དགོས་པ་གཙོ་བོ་ནི། ཡུལ་དེ་དག་གི་སངས་རྒྱས་པའི་རིག་གཞུང་བོད་དུ་ལེན་དགོས་པས་ཡིན་ཞེས་རྒྱལ་རབས་ཤིག་ན་གསལ་བར་བདག་གི་བློ་ལ་གསལ་བར་མཆིས། དེ་ཡང་རྒྱ་བཟས་ལྷ་སའི་ཇོ་བོ་རིན་པོ་ཆེ་བག་རྫོངས་ལ་ཁྱེར་འོངས་པ་དང་། བལ་བཟས་ཇོ་བོ་མི་སྐྱོད་རྡོ་རྗེ་ཁྱེར་འོངས་པ་སོགས་བྲིས་པ་དྲན།
བོན་པོ་ལགས་ལ་ཞུ་བ། ཁྱེད་ཀྱིས་དགོང་ཁར་ཞེས་པར་བཀའ་བསྟན་དཔེ་ཆ་དག་ན། དགོངས་ཞེས་བྲིས། དེ་དང་མཐུན་པར་དག་ཡིག་ཟ་མ་ཏོག་སོགས་སུ་ཡང་དགོངས་ཞེས་ཡོད་ཀྱང་། དེ་དག་ལ་རྩི་མཁན་དཀོན། འོན་ཀྱང་བོན་གྱི་རིག་གཞུང་དཔེ་ཆ་དག་ན། དགོང་འདུག་གམ་དགོངས་འདུག གཟིགས་གྲོགས་ཞུ་བ་ལགས་སོ། །ལེན་ནི་མ་ཤེས། ལན་ནི་རགས་ཙམ་དེ་འདྲ་ལགས་སོ། །
ཡ་ད་དུང་འདིར་བོན་གྱི་རྙོགས་དྲགས་དེ་སླེབས་འདུག་ག གང་ལྟར་བོན་པོ་དང་གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་ལ་ངས་མོས་མཐུན་ཡོད། ངས་ཟླ་བ་འགའ་ཞིག་གི་སྔོན་དུ་བོན་ཆོས་གཉིས་ཀྱི་དབར་གྱི་རྩོད་པའི་སྐབས་སུ་ཡང་། དམར་མཆོད་བྱེད་སྲོལ་དེ་ལ་བོན་ལུགས་ཟེར་གྱི་ཡོད་ཀྱང་། གཡུང་དྲུང་བོན་གྱི་ལུགས་ཡིན་དགོས་པ་མི་འདུག་ཅེས་བརྗོད་རྩིས་བྱས་མོད། འོན་ཀྱང་ངས་བྲིས་མ་ཤེས་པས་ལན་པ་ཡིན་ནམ་མི་ཤེས། བོན་པོ་དང་ལ་སྟོད་བུ་སོགས་ཀྱིས་བཀའ་བཀྱོན་དང་སྡིག་མོ་གྲངས་ཀྱིས་མི་ལོང་བ་ཞིག་བྱས་བྱུང་། དེ་རིང་ནི་བོན་པོ་རང་ཉིད་ཀྱིས་ཀྱང་དེ་ལྟར་བཞེད་འདུག་པས་ང་དང་ལྟ་ཚུལ་གཅིག་པ་རེད་འདུག་བསམས་ནས་དངོས་ནས་དགའ་པོ་བྱུང་། ལ་དྭགས་བློ་བཟང་གིས་ཀྱང་ཁོང་གི་ཡུལ་དེར་དམར་མཆོད་བྱེད་ཀྱི་ཡོད་པ་དེ་བོན་གྱི་ལུགས་རེད་ཅེས་བརྗོད་པ་ལས་གཡུང་དྲུང་བོན་གྱི་ལུགས་ཡིན་པར་བརྗོད་མ་སོང་བསམས། དེ་ཡིན་དུས་གཡུང་དྲུང་བོན་གྱི་གཞུང་ལུགས་ནས་དམར་མཆོད་བྱེད་རྒྱུ་ཡོད་མེད་སྐོར་འཚོལ་དགོས་དོན་མེད་པས་བོན་པོ་དང་ལ་སྟོད་པ་སོགས་ཐུགས་སོས་དལ་དུ་བཞུགས་རོགས་ཞུ།
དེ་བས་ལ་སྟོད་དང་བོན་པོར་དྲི་བ་ཞིག་ཞུ་རྒྱུ། ཁ་སྔོན་ངས་བོན་གྱི་མཁན་པོ་ཞིག་གིས་སྔར་བོན་གྱི་དགོན་པ་ཡིན་པའི་ལྷ་ཁང་ཞིག་ཏུ་བོན་གྱི་གྲྭ་སྡེ་གསར་འཛུགས་གནང་འཆར་ཡོད་ལུགས་ཞུ་བ་ལྟར། དགོན་སྡེ་དེའི་འགྲམ་ལ་རྙིང་མའི་བཤད་གྲྭ་ཆེན་པོ་ཞིག་ཡོད་པ་དེའི་གྲྭ་པ་རྣམས་ཀྱིས་བརྗོད་གསལ་ལྟར་ན། དགོན་པ་དེའི་སྒོ་གླེགས་ལ་བོན་གྱི་མཁན་པོས་བོན་གྱི་སྒོ་སྲུང་ཞིག་སྦྱར་འདུག་ཟེར་ལ། སྒོ་སྲུང་དེ་ལ་ཡོད་པའི་གཟུངས་སྔགས་དེ་ནི་ནམ་རྒྱུན་སངས་རྒྱས་ཆོས་ལུགས་པས་བྲིས་པ་ནང་བཞིན་མ་ཡིན་པར་གཡོན་ཕྱོགས་ནས་བྲིས་འདུག་ཟེར། འདི་བདེན་པ་རེད་པས། ཡང་ཁྱེད་ཀྱིས་ང་ལ་གཅིག་གཅིག་མིག་མིག་བྱས་ནས་བཀའ་བཀྱོན་མི་གནང་རྒྱུའི་རེ་བ་ཡོད། བཀའ་བཀྱོན་གནང་ཡང་ཞུ་རྒྱུ་ལས་ཐབས་མེད། རང་གི་དོགས་པ་དེ་བསལ་ཕྱིར་ཁྱེད་རྒྱུས་ཅན་རྣམས་ལ་དོགས་དྲི་ཞུས་པ་ལས་ཀླན་ཀ་འཚོལ་བ་གང་ཡང་མིན་པར་མཁྱེན་པར་ཞུ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། དད་པའི་ཨ་ལོང་མེད་ན། ཐུགས་རྗེའི་ལྕགས་ཀྱུ་མི་གོན་ཞེས་པའི་དཔེ་ལྟར། ཞི་ཞིང་དུལ་བའི་ཆོས་ལུགས་ཅེས་པ་ཞིག་ཡོད་དགོས་ན། དེ་གནའ་རབས་ནས་གངས་་ལྗོངས་པའི་ཞི་ཞིང་དུལ་བའི་སེམས་རྒྱུད་ནས་བྱུང་བ་ཞིག་ཡིན་དགོས། ང་ཚོ་བོད་རིགས་ཡོངས་ལ་ཡོད་པའི་ཁྱད་ནོར་གཅིག་ནི་ཞི་ཞིང་དུལ་བའི་ཡ་རབ་ཀྱི་བསམ་བློའོ་ལྟ་བ་དེ་ཡིན། དེ་ནི་བོད་མི་རིགས་ཀྱིས་གཙོས་པའི་འཛམ་གླིང་གི་མི་རིགས་ཡོངས་ལའང་ཡོད་པར་ངེས། བོན་དང་ཆོས་སུས་ཀྱང་གསར་དུ་བཟོས་པ་ཞིག་མིན་ལས་ཆེ། གལ་སྲིད་རྒྱ་གར་བ་ལ་ཞི་ཞིང་དུལ་བའི་བསམ་བློ་ཡོད་ཆོག་ས་ལ། གངས་ལྗངས་བོད་མི་རྣམས་ལ་ཞི་ཞིང་དུལ་བའི་བསམ་བློ་གཏན་ནས་མེད་དགོས་པའི་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་འཇོག་རྒྱུ་མེད་པའི་ཕྱིར། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་པས་སོ། དེ་ནི་བོད་མི་ལ་ཆེས་མཐོང་ཆུང་དང་སྣང་ཆུང་བྱས་པའི་ནང་རྟགས་ཕྱིར་མངོན་པ་དང། གནའ་རབས་་ཀྱི་བོད་མིའི་རིག་གཞུང་དང་གོམས་གཤིས་ལ་ཡང་དག་པའི་ཁྱད་གསོད་བྱས་ཅིང། མི་རིགས་གཞན་པ་ཞིག་གིས་བསམ་བློ་དང་བསྟུན་ནས་ཆོས་ལུགས་གསར་པ་ཞིག་གསོར་བཟོ་བར་་བྱེད་པ་ལ་རིག་པའི་འཕྲུལ་འཁོར་གང་མཚམས་ཤིག་སྐོར་དགོས་པ་ནི་བཤད་མ་དགོས་པ་རེད། འདི་སྐོར་མང་པོ་འབྲི་ཆོག་པ་འདུག་པས་དེ་རིང་འདི་ཙམ་ཡིན། ལ་དྭགས་སྔར་ཞང་ཞུང་གི་མངའ་ཁོངས་ཡིན་པ་ནི་ལོ་རྒྱུས་ཀྱི་བདེན་དཔང་ཡོད་པ་ཞིག་ཡིན། དེ་ཡང་ཞང་ཞུང་གི་སྟག་སྣ་གཟི་བརྗིད་རྒྱལ་པོ་ཞེས་པ་ལ་དྭགས་སུ་ཡོད་པར་འདོད། ད་དུང་བླ་མ་གཡུ་རུ་དགོན་པ་ཞེས་པ་དེ་ཡང་སྔར་བོན་པོའི་དགོན་པ་ཡིན་པའི་ལོ་རྒྱུས་ཡོད། ཁ་སྐད་དུ་་གཡུ་རུ་དགོན་པ་འབོད་ཀྱང་དོན་དུ་བླ་མ་གཡུང་དྲུང་དགོན་པ་ཞེས་སུ་བརྗོད་དགོས། དེར་མ་ཟད་དགོན་པ་དེ་ཡི་མཆོད་རྟེན་སྙིང་པའི་ནང་ནས་བོན་པོའི་གཟུངས་འཇུག་མང་པོ་ཐོན་ཡོད་པ་ཡང་གོ་མྱོང། མཁྱེན་དགོས་པ་གཅིག་ནི་ལ་དྭགས་ཀྱི་ཡུལ་སྐད་ནང་ཞང་ཞུང་གི་སྐད་དེང་སང་ཡང་བསྒྲོག་བཞིན་ཡོད། དེས་ན་ལ་དྭགས་ནི་ཞང་ཞུང་ཞིབ་འཇུག་་བྱེད་ས་ཡག་ཤོས་གཅིག་ཡིན། མ་འོངས་པར་ལ་དྭགས་ཀྱི་ས་སྐོར་ནས་་བདེན་དཔང་ཐུབ་པའི་ས་འོག་གི་་གཏེར་རྗས་མང་པོ་ཐོན་རྒྱུ་ཡོད་པའི་རེ་བ་ཆེན་པོ་ཡོད། ཁྱེད་རང་གི་གསུངས་པ་ལྟར་་་་་བྱ་རྒྱ་རྒྱལ་པོ་་་་ཞེས་པ་དེ་སྔོན་ཞང་ཞུང་ལ་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་བྱོན་པའི་ལོ་རྒྱུས་ཡོད་པས་དེ་ཡི་ནང་མཚན་ཞིག་ཀྱང་ཡིན་སྲིད་འདི་གལ་གནད་ཆེན་པོ་ཡིན། ཡང་ཁྱེད་ཀྱིས་་་དམར་མཆོད་གཏོང་བ་དེ་བོན་ལུགས་ཀྱི་ཡན་ལག་ཅིག་ཡིན་བསམ་པ་མཆིས་་་་གསུངས་པ་ནི་གཏམ་དཔེ་ལ་་་ཕྱི་མའི་སྔོན་ལ་ད་འོངས་་་དང་་་སྲོག་རྩའི་སྔོན་ལ་ལོང་ག་་་་ཞེས་པའི་དཔེ་ལྟར་དེ་ཚོ་མང་པོ་ཞིག་ནི་གང་ཟག་སོ་སོའི་ཟ་སྒོ་འཐུང་སྒོ་ལ་ཐུགས་པ་མང་པོ་ཡོད། དེ་ཡང་དེང་དུས་གྲྭ་བ་བླ་མས་དཀོར་ཟས་དཀོར་ཆུའི་ཆེད་འདྲ་མི་འདྲ་ག་ཚོད་བྱེད་ཚང་མས་ཤེས་གསལ་རེད། དེ་དག་ཐམས་ཅད་བསྒྲང་རེས་བྱས་ན་ག་བ་སླེབས་ཆ་མི་འཚལ། ། དེ་རིང་དེ་ཙམ་མོ།
གཡུ་འབྲུག་དཀར་པོ་ལགས། རྒྱ་ནག་གི་ཆོས་པ་ཚོས་བོན་པོ་དང་གཅིག་མཚུངས་ཀྱི་སྐོར་བ་་་་གཡས་ནས་་་་འགྲོ་གི་འདུག། བོད་ཀྱི་ཆོས་པ་ཚོས་རྒྱ་གར་གྱི་ཧིན་ཆོས་ལྟར་སྐོར་བ་་་གཡས་ལ་་་འགྲོ་གི་ཡོད། བཅོམ་ལྡན་འདས་ཀྱི་རྗེས་འཇུག་གཅིག་པ་ཡིན་པ་ལ་སྐོར་བ་འགྲོ་སྟངས་མི་མཐུན་པ་གཉིས་བྱུང་བར་སྐུ་ཉིད་ལ་དགོངས་འཆར་ག་འདྲ་ཡོད་དམ། རྒྱ་ནག་གི་ཆོས་པ་ཚོས་གཡུང་དྲུང་གི་རི་མོ་ཡང་བོན་པོའི་གཡུང་དྲུང་གི་རི་མོ་དང་གཅིག་མཚུངས་ཡིན། མི་འདྲ་བ་ཏོག་ཙམ་བྱུང་ཚད་ལ་རྣམ་རྟོག་ཆེན་པོ་མི་མཛད་པ་ཞུ། བོན་པོའི་སྐོར་བ་འགྲོ་སྟངས་ལ་གསལ་བཤད་དགོས་ན་ངས་འབྲི་ཆོག།
ལ་དྭགས་ཨམ་ཇི་ལྡི་ལིར་གནས་བཞུགས། ལོ་མང་སྔོན་དུ་བོད་ལ་གནས་མཇལ་དུ་སྐྱོད་སྐབས་སུ། ཁོང་གི་གཟིགས་སྟངས་ལ་བོད་ཀྱི་དགོན་པ་གང་དུ་སྤྲུལ་སྐུ་བཞུགས། དགོན་པ་དེ་སྲ་ཐང་ཐང་འདུག དགོན་པ་གང་དུ་སྤྲུལ་སྐུ་མེད། དགོན་པ་དེའི་གནས་སྟངས་སྲ་ཐང་ཐང་མེད་པ་ཐབས་སྐྱོ་བ་ཞིག་ཏུ་གཟིགས་འདུག དེ་ཡང་བོད་ཀྱི་སྐྱེ་དགུ་ཀུན་བླ་མ་སྤྲུལ་སྐུ་ལ་དད་པ་ཤུགས་ཆེ་ཡོད་པའི་རྐྱེན་གྱིས་བླ་མ་སྤྲུལ་སྐུ་ལ་འབུལ་བ་ཕུལ་པ་ནས་སྐྲུལ་སྐུ་རྣམས་ཀྱིས་རང་རང་གི་དགོན་པ་དག་སྲ་ཐང་ཐང་མཛད་ཐུབ་པ་ཡིན་འདུག
བོད་ལ་སྤྲུལ་སྐུ་མང་དུ་ཆགས་པའི་སྐོར་ལ་རྒྱ་གར་པ་སློབ་དཔོན་ཆེན་པོ་ཞིག་གིས་བརྟག་དཔྱད་བྱས་པའི་གྲུབ་འབྲས་སུ་བོད་པ་རང་གི་བླ་མ་ལ་གཞན་དང་མི་འདྲ་བའི་དད་པ་ཡོད་པ་ལས་དེ་འདྲའི་སྤྲུལ་སྐུ་མང་པོ་བྱུང་ཚུལ་བཤད་སོང་།
དིང་སང་ལ་དྭགས་པ་མི་སྐྱ། ལྷག་པར་གཞོན་པ་དག་གིས་ལ་དྭགས་དགོན་པ་དང་། བླ་མ་གྲྭ་པ་ལ་སྐྱོན་བརྗོད་བྱེད་པ་ཉུང་ངུ་རུ་ཕྱིན་པའི་ཚོད་འདུག དེ་ནི་ཕྱི་ལོགས་པའི་བལྟ་བསྐོར་པ་སླེབས་སྐབས་སུ། དགོན་པ་དང་བླ་མ་སྤྲུལ་སྐུ་དང་། གྲྭ་པ་རྣམས་མཐོང་སྟེ། ཕྱི་རྒྱལ་བལྟ་བསྐོར་པ་རྣམས་ལ་དགའ་སྣང་སྐྱེས། དེ་ཡིས་ལ་དྭགས་པ་གཞོན་པ་མང་པོས་དུས་ཚོད་ཐུང་བ་ཞིག་ལ་ལོ་གཅིག་གི་རིང་གཞན་ལས་བྱེད་པའི་འོང་བབ་ལས་མང་བ་སྒྲུབ་ཐུབ་པ་ཡིན་འདུག
དྲྭ་གྲོགས་འགའ་རེས་བླ་མ་སྤྲུལ་སྐུ་ལ་འཕྱ་སྨོད་བྲིས་ཀྱང་། བླ་མ་སྤྲུལ་སྐུས་ཕན་ཐོགས་པའི་དགོན་པ་དགེ་འདུན་དང་། དེ་དག་ལ་དག་སྣང་བྱེད་པ་དག་གིས་གཟིགས་པ་ན། འབྲི་བ་པོ་དེ་ལྟ་བ་ལོག་པ་ཞིག་ཡིན་འདུག དམར་པོའི་ལྟ་བ་འཛིན་པ་ཞིག་གིས་ཀྱང་དེ་ལས་ལྷག་པ་ཞིག་གང་འབྲི་ཞེས་བླ་མ་སྤྲུལ་སྐུ་ལ་དམའ་འབེབས་ནི་བོད་མི་ནང་ཕན་ཚུན་དཀྲུགས་པ་ལས་ཕན་པ་ཞིག་ཏུ་མ་མཐོང་ངོ་། །
བོན་བླ ནང་བླ ཧིན་བླ་སོགས་བོན་པོའི་ཡིན་པ་ཙམ་དང་། ནང་པའི་བླ་མ་ཡིན་པ་ཙམ་དང་། ཧིན་དུའི་ཆོས་པ་ཡིན་པ་ཙམ་གྱིས་མ་དད་པ་དང་། ཁ་གཏོང་བ་ནི། རང་ཉིད་ཀྱི་ཀླད་པའི་ནང་ལ་ཆོས་དང་། རིག་གཞུང་མེད་རྟགས་སྟོན་པ་ཙམ་ལས། གཞན་ལ་གནོད་འདོད་ཡོད་ཀྱང་གནོད་མི་སྲིད་པས། དེ་ལས་ཁ་རོག་སྡོད་ནས་དེའི་ཚབ་ལ་གཞས་འདྲ་བཏང་ནས་བསྡད་ན་ཡག་བགྱིད་རེད། ལས་དགེ་སྡིག་གི་རྣམ་གཞག་འདིར་བཤད་མེད། འདི་ནི་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ཙམ་མོ། །
ལ་དྭགས་བློ་བཟང་ལགས་ཀྱིས་གསུངས་པ་ནང་བཞིན་བླ་མ་སྤྲུལ་སྐུ་ནི་བོད་རིགས་རྣམས་ལ་བཀའ་དྲིན་ཆེན་པོ་རེད། དེང་སང་བོད་རིགས་རྣམས་ཕ་ཡུལ་མི་ལ་ཤོར་ནས་འཛམ་གླིང་གི་ཕྱོགས་མཐར་བསྐྱོད་དགོས་པའི་དུས་ལ་ཐུག་ཀྱང་། ཕ་ཡུལ་རང་བཙན་ཡོད་པའི་མི་རིགས་ལས་ཀྱང་ཆེས་དགའ་སྐྱིད་ཀྱི་ངང་དང་། འཛམ་གླིང་གོ་ལའི་སྟེང་དུ་གྲགས་ཆེ་ཤོས་ཤིག་ཏུ་གནས་ཐུབ་པ་ནི། བླ་མ་སྤྲུལ་སྐུའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཡིན། ལྷག་པར་དུ་བོད་རིགས་འབྲུག་རིགས་སུ་ལ་ཡང་འཛམ་གླིང་གི་མི་ཀུན་ནས་ཤིན་ཏུ་དགའ་བགྱིད་ཡོད་པ་དང་། དེ་ཡང་ང་ཚོར་ཁྱད་ཆོས་བཟང་པོ་ཞིག་ཡོད་པ་ལ་བརྟེན་ནས་ཡིན་ཅིང་། ཁྱད་ཆོས་དེ་ཡང་ཐོག་མར་བླ་མ་སྤྲུལ་སྐུ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་མིན་ཇི་ལྟར་ཡང་། ད་ལྟ་རང་རེ་རྣམས་ལ་ཡོད་བཞིན་པ་ནི་བླ་མ་སྤྲུལ་སྐུའི་བཀའ་དྲིན་ཁོ་ལ་བརྟེན་ནས་ཡིན་ཞེས་ཁ་ཚོན་གཅོད་དེ་བརྗོད་ན་ཡང་ཆོག་པར་འདུག འོན་ཀྱང་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། བོད་ཀྱིས་དྲིན་ཆེར་བྱས་ཀྱང་དྲིན་མི་གོ༔ ཞེས་གསུངས་པ་ལྟར་སྟག་སྨྱོན་ཞེས་པའི་མིང་ཅན། འགོང་པོ་སྙིང་ལ་ཞུགས་པའམ་སེམས་རྣལ་དུ་མ་གནས་པར་སྨྱོ་བ་ཡིན་ཆ་མ་འཚལ་བ་ཞིག་གིས། རང་རེ་རྣམས་ལ་བཀའ་དྲིན་ཅན་གྱི་སྐྱེས་བུ་དམ་པ་དུ་མ་ཞིག་ལ། འདས་མ་འོངས་ད་ལྟ་དུས་གསུམ་དུ་སུ་དང་གང་གིས་ཀྱང་བརྗོད་མི་སྲིད་པའི་སྐུར་འདེབས་དང་འཕྱ་སྨོད་བཏང་སོང་། དེ་འདྲའི་འཕྱ་སྨོད་དེ་མི་རིགས་གཞན་ཞིག་གིས་བཏང་ཡང་བོད་རིགས་རྣམས་ཀྱིས་འཕྱ་བ་བསལ་དགོས་པ་གང་ཞིག་ལ། བོད་རིགས་རང་གིས་རང་ལ་འཕྱ་སྨོད་བཏང་བ་ནི་ཆེས་མི་རིགས་པའི་གནས་ཤིག་མ་ཡིན་ནམ། ཨ་ཁ་ཁ་་་་་་་་
བོན་པོ་ལགས། ཁྱེད་ཀྱིས་ངའི་དྲི་བར་ལན་གསུངས་གནང་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ཁྱེད་ཀྱིས་ངའི་དྲི་བ་དེ་མཁྱེན་མེད་པ་འདྲ། ངའི་དྲི་བ་ནི་བསྐོར་བ་རྒྱག་ཚུལ་སྐོར་མ་ཡིན་ལ། སངས་རྒྱས་པའི་ཆོས་ལུགས་དང་མ་འདྲ་བ་ལ་བརྟེན་ནས་རྣམ་རྟོག་ཟ་བ་ནི་དེ་བས་མ་ཡིན། འོ་ན་ཅི་ཞེ་ན་སྤྱིར་བོད་ཀྱི་འབྲི་སྲོལ་དེ་ད་ལྟ་ང་ཚོས་ཁ་བརྡ་ནང་དུ་འབྲི་བ་ནང་བཞིན་ཡི་གེ་འབྲི་གཞི་ཁོ་རང་གི་ངོས་ནས་ལྟོས་ན་གཡས་ཕྱོགས་ནས་གཡོན་ཕྱོགས་སུ་འབྲི་བཞིན་ཡོད་ལ། འབྲི་བ་པོ་གང་ཟག་གི་ངོས་ནས་ལྟོས་ན་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་འབྲི་བཞིན་ཡོད་པ་ཡོངས་གྲགས་རེད། དེ་བཞིན་བོན་གྱི་བཀའ་བསྟན་ངས་མཇལ་བ་རྣམས་ཀྱང་སངས་རྒྱས་པའི་ཆོས་ལུགས་ཀྱི་བཀའ་བསྟན་དང་མཚུངས་པར་བྲིས་འདུག འོན་ཀྱང་གོང་དུ་སྨོས་པའི་དགོན་པ་དེའི་སྒོ་གླེགས་ལ་སྦྱར་བའི་སྒོ་སྲུང་གི་ཡི་གེ་ནི་ད་ལྟ་ངས་གོང་དུ་བརྗོད་པ་ནང་བཞིན་མ་ཡིན་པར། དེ་ལས་ལྡོག་སྟེ་བྲིས་འདུག་ཟེར། དེ་ཡིན་དུས་དེ་ལ་གནད་ཀ་ཞིག་ཡོད་ལས་ཆེ་སྙམ་སྟེ་བྲིས་པ་ཡིན། ངའི་དྲི་བ་དེ་ཁ་གསལ་པོར་གཏང་ན། བོན་གྱི་ཡི་གེ་འབྲི་སྟངས་དེ་བན་དྷེའི་ཡི་གེ་འབྲི་སྟངས་དང་འདྲའམ་མི་འདྲ། ཡང་ན་སྤྱིར་བཏང་གི་ཡི་གེ་འབྲི་སྟངས་དང་གཟུངས་ཡིག་གཉིས་ཀྱི་དབར་ལ་འབྲི་སྟངས་ཁག་ཁ་ཡོད་པ་ཡིན་ནམ། གལ་ཏེ་ཡོད་ན་གཟུངས་ཡིག་གི་སྐབས་སུ་སྤྱིར་བཏང་གི་འབྲི་སྟངས་ལས་ལྡོག་སྟེ་འབྲི་དགོས་པའི་རྒྱུ་མཚན་གང་ཡིན། དེ་ལས་འཕྲོས་ཏེ་བརྗོད་རྒྱུ་གང་ཡོད་ཚང་མ་མ་རྫོགས་ཀྱི་བར་དུ་བརྗོད་ཀྱང་ངས་ཉན་འདོད་ཡོད་ཞུ་བ་ལགས།
ལ་དྭགས་བློ་བཟང་ལགས་དང་གཡུ་འབྲུག་དཀར་པོ་བོན་པོ་ལས་སོགས་ཀྱི་བགྲོ་གླེང་ཡག་པོ་གནང་གི་འདུག
དེ་ནི་ང་ཚོ་ཁ་བརྡ་ཚང་གི་བརྒྱན་ཆ་རེད།
དེ་ནི་ང་ཚོར་ཐོབ་པའི་ཡོན་ཏན་རེད།
གཡུ་འབྲུག་དཀར་པོ་ལགས།
ཁྱེད་ཀྱིས་བོན་པོའི་ཡི་གེ་འབྲི་སྟངས་སྐོར་ལ་དྲི་བ་ཞིག་གནང་བར།
བོན་པོའི་ཡི་གེ་འབྲི་སྟངས་ནི་བོད་ཡིག་རང་རེད།
ཁྱེད་ལ་ཐུགས་ཁག་མེད།
ཐོག་མར་ཝར་ནར་བོན་པོའི་སྡེ་ཚན་དབུ་ཚུགས་སྐབས་དེར་ཡོད་ཀྱི་མཐོ་རིམ་གྱི་སློབ་མ་མང་པོ་ཞིག་གིས་བསམ་པར་བོན་པོའི་མགོ་ལ་རྭ་ཅོ་ཡོད་རྒྱུ་རེད་བསམ་པ་དང།
བོན་པོའི་མི་དེ་རིགས་གང་འདྲ་ཡོད་དམ་སྙམས་པའི་དྭོགས་པ་ཡང་བྱུང་འདུག་ད་ཆ་མི་འདྲིས་ལྷ་འདྲིས་བྱུང་སྟེ་མི་རིགས་གཅིག་དང་དམིགས་ཡུལ་གཅིག་ཡིན་པར་ཤེས་ནས་སྣང་བ་རྣམ་རྟོག་གང་ཡང་ཡོད་བཟོ་མི་འདུག
བོན་པོའི་གཟུང་སྔགས་འབྲི་སྟངས་ཡང་གཅིག་པ་རེད།
མགོ་བཏིང་སློག་ནས་འབྲི་གི་མེད་རེད།
ལག་འཁོར་ལས་སོགས་བསྐོར་པའི་རིགས་ལ་བོན་བན་གྱི་གཟུངས་འཇུག་སྟངས་འདྲ་གི་ཡོད་པ་མ་རེད།
དེ་ནི་བསྐོར་བ་བསྐོར་ཚུལ་གྱིས་ཁྱད་པར་ལས་གཞན་པའི་ཁྱད་པར་གང་ཡང་ཡོད་པ་མ་རེད།
ང་ཚོས་བཀའ་བསྐྱོན་བཏང་བ་གང་ཡང་མེད་ལ་རིག་པའི་དགག་བཞག་བྱེད་པར་དེ་ལ་བཀའ་སྐྱོན་ནམ་ཡང་མི་ཟེར།
བོན་པོ་ནི་འབྲུག་རྒྱལ་ཁབ་ཀྱི་རིག་གཞུང་ཞིག་ཀྱང་ཡིན་པར་བརྗོད་ཆོག
འབྲུག་རྒྱལ་ཁབ་ནི་ད་ལྟ་ནང་པའི་རྒྱལ་ཁབ་ཅིག་རེད།
འབྲུག་གཞུང་ནས་ཀྱང་སྔར་ཡོད་ཀྱི་ཆོས་ལུགས་གྲུབ་མཐའ་གང་ཡོད་ཉམས་གསོ་བྱེད་ཆོག་པའི་ཆོག་མཆན་ཡོད་འདུག
ངས་ཀྱང་སྔར་དྲྭ་གྲོགས་འགའ་ཞིག་གིས་ཧི་མི་རྣམས་སྤྲ་སྤྲེལ་དང་འདྲ་བ་དང་འབྲུག་གིས་ད་ལྟའི་བོད་ཡིག་ལ་བོད་ཡིག་ཅེས་མི་བརྗོད་པར་སྐྱོན་བརྗོད་བྱེད་སྐབས་དགག་ལན་ནམ་གསལ་བཤད་མང་པོ་འབྲི་མྱོང།
ང་ཚོ་བན་བོན་གཉིས་ཕན་ཚུན་ཁ་རྩོད་དང་གཅིག་གིས་གཅིག་ལ་སྒྲོ་སྐུར་འདེབས་རེས་བྱེད་ཚེ་ཕྱི་རྒྱལ་མི་རིགས་དེ་ཚོས་མཐོང་ཚེ་ཧ་ལས་ཡོང་གི་འདུག
ཁོང་ཚོའི་བསམ་པར་ནང་པ་བ་རྣམས་ནི་ཞི་དུལ་བག་ཕེབས་དང་དག་སྣང་སྦྱོང་མཁན་ཞིག་རེད་བསམ་པས་རེད།
ལ་སྟོད་བུ་ལགས་ཐུགས་རྗེ་ཆེ། ཁྱེད་ཀྱི་ཀླད་པའི་ནང་དུ་ད་དུང་ངས་བོན་པོར་དོགས་ཟོན་བྱེད་པའི་སྣང་བ་ཞིག་ཡོད་ས་རེད། ང་རང་བོན་པོ་ལ་དོགས་ཟོན་བྱེད་དགོས་དོན་གང་ཡང་མེད། ཐ་ན་ངས་སངས་རྒྱས་པའི་ཆོས་ལུགས་ལས་ཐ་དད་པའི་ཡེ་ཤུ་པའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་པ་རྣམས་ལ་ཡང་དོགས་ཟོན་བྱེད་ཀྱི་མེད། དུས་ཚོད་ཡོད་ན་ངས་ཐམས་ཅད་སྦྱང་འདོད་ཡོད། ངས་ཕྱི་པའི་ཆོས་ལུགས་ལྟ་ཅི། ནང་པའི་ཆོས་ལུགས་སྐོར་ཡང་རྒྱུས་ཆ་མེད། འོན་ཀྱང་གཞན་གྱིས་བཤད་པའི་ངག་ལ་ཉན་དུས། ཞིབ་ཏུ་བསམས་ན་ཕྱི་ནང་གི་ཆོས་ལུགས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུག་གཅིག་ཏུ་བབས་ཀྱི་ཡོད་པ་འདྲ་སྙམ་པ་ཡང་ངང་གིས་ཤར་བྱུང་།
དེ་ཡང་ངས་ཡེ་ཤུ་པ་གཅིག་དང་མཉམ་དུ་ཁ་བརྡ་བྱེད་དུས་ཁོང་གིས་གསུངས་པའི་དོན་ལ་གཞིགས་ཚེ། ཡེ་ཤུའི་ལུགས་ནས་ཀྱང་སེམས་ཅན་ཐམས་ཅད་གདོད་ནས་དག་པ་སངས་རྒྱས་ཀྱི་རང་བཞིན་དུ་ཡིན་པ་ལས། གཉིས་འཛིན་གྱི་འཁྲུལ་པ་ལ་བརྟེན་ནས་འཁོར་བར་འཁྱམས་ཚུལ་འདོད་ཀྱི་ཡོད་ཚོད་འདུག འོན་ཀྱང་དེ་དག་དངོས་སུ་མ་བསྟན་པར་དཔེ་ཡི་སྒོ་ནས་བསྟན་པས་ཡེ་ཤུ་པ་ཁ་ཤས་ཀྱིས་དོན་མ་རྟོགས་པར་དཔེ་ལ་དོན་དུ་འཁྲུལ་པ་མིན་ནམ་སྙམ། དཔེར་ན་སངས་རྒྱས་པའི་ལུགས་ལ་ཡང་བདག་ཅག་གི་སྟོན་པ་གཞོན་ནུ་དོན་གྲུབ་རྡོ་རྗེ་གདན་དུ་སངས་རྒྱས་པའི་ཚེ། འདོད་པའི་འདོད་ཆགས་སྤང་ཚུལ་རྣམས་དཔེ་ལ་སྦྱར་ནས་བཤད་ཀྱི་ཡོད་རེད།
དེ་བཞིན་ཁ་ཆེ་བ་ཞིག་དང་མཉམ་དུ་ཁ་བརྡ་བྱེད་ཚེ་ཁོང་གིས་ཀྱང་། ཆོས་ཐམས་ཅད་ཨ་ལྷ་ཡིས་བྱས་པར་འདོད་པ་ནི། རྫ་མཁན་ཞིག་གིས་རྫ་མ་བཟོ་བ་ནང་བཞིན་བཟོ་བར་འདོད་ཀྱི་མེད་ཟེར། འོ་ན་ཇི་ལྟར་འདོད་དམ་སྙམ་ན། སྔོན་སེམས་ཅན་ཐམས་ཅད་ཨ་ལྷའི་ཐུགས་ཤེས་རབ་ཀྱི་དབྱིངས་སུ་གནས་པ་ལས། གཟུང་འཛིན་མ་རིག་པ་ལ་བརྟེན་ནས་འཁྲུལ་པའི་བློ་སྐྱེས། དེ་ནས་འཁོར་བར་འཁྱམས་པ་རེད་ཟེར། དེ་ཡིན་དུས་ད་ལྟ་ཨ་ལྷ་ལ་བསོལ་བ་བཏབ་ཅིང་ཆོས་ཉམས་སུ་ལེན་པ་ཡིན་ན་སླར་ཡང་འཁྲུལ་པ་དབྱིངས་སུ་དག་ནས་ཨ་ལྷའི་ཐུགས་ཤེས་རབ་ཀྱི་དབྱིངས་སུ་ཐིམ་འགྲོ་གི་རེད་ཅེས་བརྗོད་ཀྱི་འདུག
འོན་ཀྱང་དེ་དག་ནི་ངས་གང་ཟག་རེ་ཟུང་གི་ངག་ནས་གོ་བ་ལས་ཡེ་ཤུ་པ་དང་ཁ་ཆེ་བའི་བླ་མ་དགེ་བའི་བཤེས་གཉེན་བསྟེན་མ་མྱོང་ལ་དེ་དག་གི་གཞུང་ལུགས་ཀྱང་མཇལ་མ་མྱོང་བས་དངོས་གནས་ཡིན་མིན་མི་ཤེས།
རྫོགས་ཆེན་རྙིང་མའི་རྒྱུད་འབུམ་དུ་ཡང་ཀུན་བྱེད་རྒྱལ་པོ་ཟེར་བ་ཞིག་ཡོད་པར་གསུངས་འདུག་ལ། ཆོས་ཐམས་ཅད་དེས་བྱས་པ་རེད་ཅེས་གསུངས་འདུག དེའི་སྐོར་སངས་རྒྱས་པའི་བླ་སྤྲུལ་མཁན་སློབ་རེ་ཟུང་ལ་དྲི་བ་ཞུ་དུས། ཁ་ཤས་ཀྱིས་ནི་རྫོགས་ཆེན་དང་ཁ་ཆེ་ཡེ་ཤུ་གཅིག་པར་ལྟ་བའི་ལྟ་ངན་ཁྱེད་ལས་གཞན་མི་ཡོང་ཞེས་བཀའ་བཀྱོན་ཡང་གནང་བྱུང་ལ། ཁ་ཤས་ཀྱིས་ནི་འཛུམ་དམུལ་ནས་གང་ཡང་གསུངས་རྒྱུ་མིན་འདུག དེང་སང་དེའི་སྐོར་དབྱིན་ཇིའི་ཞིབ་འཚོལ་པ་རྣམས་ཀྱིས་གླེང་གི་འདུག དེ་ཡིན་དུས་ཁྱེད་རྣམ་པས་བགྲོ་བླེང་བྱེད་འདོད་ཡོད་དམ། ང་ནི་ཆོས་ལུགས་གང་ལ་ཡང་དོགས་ཟོན་མེད་པས་གང་གི་ཐད་བགྲོ་བླེང་བྱེད་ཀྱང་བྱེད་འདོད་ཡོད་ལགས།
གཡུ་འབྲུག་དཀར་པོ་ལགས་ནས་དྲིས་པ། ༼ངའི་དྲི་བ་དེ་ཁ་གསལ་པོར་གཏང་ན། བོན་གྱི་ཡི་གེ་འབྲི་སྟངས་དེ་བན་དྷེའི་ཡི་གེ་འབྲི་སྟངས་དང་འདྲའམ་མི་འདྲ། ཡང་ན་སྤྱིར་བཏང་གི་ཡི་གེ་འབྲི་སྟངས་དང་གཟུངས་ཡིག་གཉིས་ཀྱི་དབར་ལ་འབྲི་སྟངས་ཁག་ཁ་ཡོད་པ་ཡིན་ནམ། གལ་ཏེ་ཡོད་ན་གཟུངས་ཡིག་གི་སྐབས་སུ་སྤྱིར་བཏང་གི་འབྲི་སྟངས་ལས་ལྡོག་སྟེ་འབྲི་དགོས་པའི་རྒྱུ་མཚན་གང་ཡིན།༽ ༡༽ངས་བན་དེའི་ཡི་གེ་ཞེས་པ་དམིགས་གསལ་བ་ཞིག་ཡོད་པ་མི་ཤེས། དེ་འདྲ་ཡོད་དགོས་པ་ཞིག་ཡིན་ན་ངེས་པར་བོན་པོའི་ཡེ་གེ་ཡིན་དགོས། ཡང་ན་་་བོན་བན་ཟུང་འབྲེལ་གྱིས་ཉམས་མྱོང་ཕྱོགས་བསྡུས་བྱས་པའི་ད་ལྡའི་བོད་ཡིག་་་ལབ་ནའང་མི་བསྒྲིག་པ་ཨ་ཡོད་ན། གང་ལྟར་ཡི་གེ་འབྲི་སྟངས་གཅིག་པ་རེད། བོན་པོའི་ལུགས་ལ་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་ཡོད་པར་འདོད། བན་དེས་དབྱངས་ཡིག་བཞི་པོ་དེ་ཡི་གེ་ཡིན་པར་འདོད་ཀྱི་ཡོད་ས་མ་རེད། བོན་པོས་ཡི་གེ་ཡིན་པར་འདོད།
༢༽ གཟུངས་ཡིག་གི་སྐབས་སུ་སྤྱིར་བཏང་གི་འབྲི་སྟངས་ལས་ལྡོག་སྟེ་འབྲི་དགོས་པའི་རྒྱུ་མཚན་ནི། དེ་ནི་རྩ་བའི་སྲོག་ཤིང་ལ་རགས་ལུས་པ་རེད། སྲོག་ཤིང་ཐོག་བྲིས་པའི་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ས་བོན་ལ། འདྲིལ་རྒྱུའི་གཟུངས་འཇུག་གི་ཡིག་གེ་དེ་རྣམས་ཁ་ནང་དུ་ཕྱོགས་ནས་སྲོག་ཤིང་བོན་སྐོར་ལ་བསྒྱུར་ནས་དྲིལ་དགོས་པ་རེད། བན་དེས་སྲོག་ཤིག་འདྲིལ་སྟངས་མི་ཤེས། དཀྱིལ་འཁོར་འབྲི་བ་དང་རྡུལ་ཚོན་བླུགས་པ་སོགས་གང་བྱས་ཀྱང་འབྲི་དུས་མར་ལེབ་མོར་གནས་པ་མཐོང་ཡང་དོན་དུ་ཁང་པ་ཇི་བཞིན་ཡར་ལང་ནས་གནས་ཡོད་པ་ཞིག་བསམ་དགོས་པ་རེད། དེས་ན་ཁང་པའི་ནང་ལོག་ནས་གཟུངས་ཡིག་འབྲི་དུས་གཡོན་ནས་གཡས་སུ་འབྲི་དགོས་པ་ཡང་ཡོད། ཁང་པའི་ཕྱི་ལོག་ནས་གཟུངས་ཡིག་འབྲི་དུས་གཡས་ནས་གཡོན་དུ་འབྲི་དགོས་པ་ཡང་ཡོད། ཡང་ཤིང་པར་རྐོ་དུས་ནི་ཡི་གེ་ཕྱི་ནང་ལོག་ནས་བརྐོ་དགོས། འོན་ཀྱང་གསང་སྔགས་ཀྱི་གཟུངས་ཡིག་མང་པོ་ཞིག་ནི་དགོས་པ་སྐབས་བསྟུན་གྱིས་འབྲི་དགོས་པ་ཡང་ཡོད། དེ་དག་ཡོངས་ལ་རྒྱུ་མཚན་ངེས་ཅན་རེ་ཡོད་པས་དངོས་གནས་དོ་སྣང་ཡོད་ན་བོན་པོའི་གཟུངས་འཇུག་འབུལ་སྟངས་ཕྱག་དཔེ་ཁག་ལ་གཟིགས་ན་དགའ། འདིར་གཡས་དང་གཡོན། ཕྱི་དང་ནང། བརྗོད་པ་དག་ནི་ཕྱི་པ་དང་ནང་པའི་སྐོར་གྱི་སྐད་ཆ་དེ་མ་ཡིན་པ་ཤེས་དགོས།
བྱ་རྒྱ་ཞེས་པར་གསལ་བཤད་ཅིག་འབྲི་དགོས་པ་མཐོང་།
གོང་གསལ་ལྷ་ཏོ་ཡོད་པའི་གད་འོག་ན། བྱ་རྒྱ་ཞེས་པའི་ཐང་ཞིག་མཆིས། དེ་ལ་བྱ་རྒྱ་ཞེས་མིང་བཏགས་པའི་རྒྱུ་མཚན་ནི། ཐང་དེ་ན་བྱ་རྗེས་ལྟ་བུ་མང་དུ་ཡོད་པའི་རྡོ་ཞིག་འདུག བདག་བྱིས་པའི་སྐབས་སུ་མཐོང་བ་ཡིན། དིང་སང་རྒྱ་ལམ་ཆེན་པོ་བཟོས་ཡོད་པས་རྩ་གཏོར་ལ་ཕྱིན་མེད་དམ་སྙམ། རྩ་གཏོར་ལ་མ་ཕྱིན་པར་ཡོད་ན་རྩ་ཆེ་བ་ཞིག་ཡིན་ངེས་པས། རྡོ་དེ་ལ་སྲུང་སྐྱོབ་བྱེད་དགོས་བསམ་མོ། །
དྲྭ་གྲོགས་གཡུ་འབྲུག་དཀར་པོ་ལགས།
ལན་གནང་བར་ཐུགས་རྗེ་ཆེ།
ངས་མཆན་དོན་ལ་ཁྱེད་ནས་གོ་བ་ལེན་ཕྱོགས་ནོར་མེད་དམ་སྙམས་ངས་ཁྱེད་ལ་དེ་ལྟར་ཞུས་པ་མེད།
ཁྱེད་ཀྱིས་མཆན་མང་པོར་བལྟ་ཞིབ་བྱེད་ཀྱིན་ཡོད།
ངོ་མ་ཧི་མ་ལ་ཡཱའི་ནང་དུ་རྣམ་དཔྱོད་ཅན་འདི་འདྲ་ཡོད་པར་ངོས་རང་དགའ་བསུ་ཆེན་པོ་ཡོད།
ངོ་མ་རེད་མི་ཡིས་ཅི་སྨྲས་ལ་ཉན་ན་གོ་ནོར་ལམ་ནོར་མང་པོ་ཞིག་འབྱུང་བཞིན་ཡོད།
ད་ལྟ་ནི་དེ་ལས་ལྡོག་སྟེ་མི་རྣམས་ཕལ་མོ་ཆེ་ཡིག་རྨོངས་མིན་པར་མ་ཟད་ཆོས་ལུགས་གྲུབ་མཐའ་གང་ཞིག་ལ་གཟིགས་འདོད་ཀྱང་རང་གི་མདུན་ལྕོག་གི་སྟེང་དུ་ཁྲ་ལམ་མེར་གཟིགས་རྒྱུའི་མཐུན་རྐྱེན་སྟབས་བདེ་དེ་འདྲ་མང་པོ་ཡོད།
མ་ཟད་དཔེ་མཛོད་ཀྱི་ཆ་རྐྱེན་མང་པོ་ཕུན་སུམ་ཚོགས་ཡོད་པས་དཀའ་ངལ་མང་པོ་ཞིག་བརྒྱུད་དགོས་ཀྱི་མེད།
ཁྱེད་ལ་བོན་པོའི་སྐོར་གཟིགས་འདོད་ཡོད་ཚེ་ངོས་ནས་ཆ་ཡོད་རྒྱུས་ཡོད་ཀྱིས་ཐུགས་ཕན་གསོས་པ་འདྲ་ཡོད་ན་ཞུས་ཆོག་པས་ཁྱེད་ནས་གསུངས་གནང་ན་དགའ་བསུ་ཡོད།
ངོས་རང་ལ་ཆ་བཞག་ན།
བོན་གྱི་བླ་ཆེན་དྲན་པ་ནམ་མཁས་གསུངས་པ་ལྟར།
དག་སྣང་ཕྱོགས་མེད་དུ་སྦྱོང།
ཉམས་ལེན་ཕྱོགས་གཅིག་ཏུ་ལོང།
ཞེས་པར་ཡིད་ཆེས་ཀྱིས་སོ་སོའི་རིག་གཞུང་ལྟ་བ་བརྟན་པོའི་ཐོག་གཞན་གྱི་གྲུབ་མཐའ་དང་ཆོས་ལུགས་ལ་དག་སྣང་སྦྱོང་བ་ཙམ་དུ་མ་ཟད་བློ་བསྐྱེད་གསར་པ་དང་སེམས་ལ་ཕན་ཐོགས་ཡོད་པའི་རིགས་ལེན་རྐྱང་བྱེད་བཞིན་ཡོད།
ངོས་ཀྱི་ཤག་གི་དཀྱིལ་འཁོར་མཆོད་ཤོམས་ཀྱི་ནང་དུ་བཀའ་བན་བོན་དབྱེ་བ་མེད་པའི་གསུངས་རབ་ཇི་ཐོབ་འཇོག་རྐྱང་བྱེད་ཀྱི་ཡོད་ལ་དེ་དག་ཐམས་ཅད་ལ་ནང་ནུབ་མ་ཆག་པར་མཆོད་འབུལ་བྱེད་རྐྱང་བྱེད་ཀྱི་ཡོད།
རྫོགས་ཆེན་གྱི་ལྟ་བ་དེ་ཡང་ང་ཚོས་འདིར་ཡོངས་ཁྱབ་ཀྱི་ཚུལ་དུ་བཤད་ན་མི་འགྲིག་པའི་དམ་ཚིག་བཀའ་རྒྱ་དམ་པོ་ཡོད་པར་བརྟེན་ཅུང་བློ་དྭོགས་ཡོང་གི་འདུག་དེ་མིན་ཁྱེད་ལ་ལོས་ཀྱང་ཞུ་ཆོག
འོན་ཀྱང་རྫོགས་ཆེན་གྱི་ལྟ་བར་བོད་ཀྱི་ནང་བསྟན་གྱི་མཁས་གྲུབ་མང་པོ་ཞིག་ནས་དགག་བཞག་བྱས་ཡོད།
འོན་ཀྱང་གཙོ་བོ་ནི་མིས་ཅི་ཟེར་ལ་མི་ཉན་པར་རང་གི་རྣམ་དཔྱོད་ཀྱིས་བེད་སྤྱད་ནས་རྫོགས་ཆེན་གྱི་གཞུང་ངོ་མར་གཟིགས་ཞིབ་དང་རྫོགས་ཆེན་གྱི་གཞུང་དོན་ལ་ཉམས་མྱོང་མཁས་པའི་དྲུང་ནས་ཤེས་ཐབས་བྱེད་རྒྱུ་ནི་ཐབས་ལེགས་ཤོས་ཤིག་ཏུ་མཐོང།
མང་པོ་ཞིག་རི་བོང་ཅལ་འགྲོག་གིས་གཞན་གྱི་གཞུང་དོན་ལ་མི་དཔྱད་པར་དེ་འགོག་མཁན་གྱིས་དགག་ཡིག་ལ་ལྟ་ཙམ་རེ་བྱས་ཏེ་དགག་རྐྱང་བྱེད་ཀྱི་འདུག་དེ་དག་ནི་མཐར་ཐུག་དུས་གང་ནས་སླེབས་ཡིན་མིན་ཀྱང་ངོས་བཟུང་མེད་པར་འགྱུར་གྱི་ཡོད།
ཁྱེད་ཀྱིས་གསུངས་པ་ལྟར།
ངོས་ལའང་ནང་པས་ཕྱི་རོལ་པ་ལ་དགག་པ་བྱེད་པ་ཐམས་ཅད་བདེན་པ་ཡིན་མིན་གྱི་བློ་དྭོགས་ཀྱང་ཡོང་བཞིན་འདུག
བྱུང་ན་རྟགས་རིགས་ཀྱི་གཞུང་ནས་ཕྱི་རོལ་པ་ལ་དགག་པའི་རྣམ་གཞག་དེ་དག་བདེན་པ་ཡིན་མིན་ཕྱི་རོལ་པའི་གཞུང་ལ་མཁས་པའི་གམ་ནས་སློབ་སྦྱོང་ཞིག་ཐོབ་ན་བསམ་སྟེ་རེ་བ་ཞུ་བཞིན་ཡོད།
༡ ཁ་ཆེའི་བློ་སྦྱོང་ཉམས་ལེན་དེ་ནུས་པ་ཆེན་པོ་ཅིག་ཡིན་ས་རེད། འོན་ཀྱང་མཐར་གཏུག་ན། སྐྱེ་བ་གཉིས་དང་། འགྲོ་ས་ལྷ་ཡུལ་དང་དམྱལ་བ་གཉིས་མ་གཏོགས་ཡོད་མ་རེད།
༢ ཀུན་བྱེད་རྒྱལ་པོ་ཟེར་བ་ནི། འཁོར་འདས་གཉིས་ཀ་ལ་ཁྱབ་པའི་གཉུག་མའི་སེམས་ཉིད་ལ་གོ་དགོས།
༣ ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་བླ་དྭགས་ནང་གི་བྱ་རྒྱར་འཁོད་པའི་རྡོ་རིས་སོགས་ལ་སྲུང་སྐྱོབ་ཆེད་དུ་གང་མགྱོགས་ཕེབས་ཐུབ་ན་མི་བཟང་ངམ།
༤ ལ་སྟོད་བུས།
དག་སྣང་ཕྱོགས་མེད་དུ་སྦྱོང་།
ཉམས་ལེན་ཕྱོགས་གཅིག་ཏུ་ལོང་། ཞེས་པ་འདི་བློ་ཕན་པ་ཅིག་འདུག་པས་འདིར་བཀོད་པར་བཀའ་དྲིན་ཆེ། བཀའ་བསྟན་དང་དངུལ་གཉིས་བརྗེ་ནའང་བརྗེ་རུ་ཆུགས། འོན་ཀྱང་ཕན་ལས་གནོད་ཆུང་བ་ཅིག་ངེས་པར་དུ་བྱ་དགོས།
བོན་པོ་ལགས། ཁྱེད་ཀྱིས་ངའི་དྲི་བའི་ལན་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངས་བན་དྷེའི་ཡི་གེའི་འབྲི་སྟངས་ཞེས་པ་དེ་བན་བོན་གཉིས་ཀྱི་ཡི་གེ་ཁག་ཁག་ཡོད་ཚུལ་བརྗོད་པ་མིན་ཀྱང་ཤེས་རྒྱ་དམན་པའི་སྟབས་ཀྱིས་བྲིས་ནོར་བྱུང་བ་ཡིན་པ་འདྲ། ངས་ནི་བན་དེའམ་ཆོས་ལུགས་པའི་བཀའ་བསྟན་གྱི་འབྲི་སྟངས་དང་འདྲའམ་མི་འདྲ་ཞེས་བརྗོད་པ་ཡིན། གཟུངས་ཡིག་ཞེས་པ་དེ་ཡང་སྐུ་རྟེན་སོགས་ཀྱི་གཟུངས་ཞུགས་དང་སྲོག་ཤིང་ལ་བྲིས་པའི་ཡི་གེ་ལ་གོ་རྒྱུ་མིན་པར་གཟུངས་སྔགས་ཀྱི་ཡི་གེ་ཟེར་གོ་བ་ལེན་དགོས་རྒྱུ་ཡིན། དེ་ཡང་ངས་བྲི་མ་ཤེས་པས་ནོངས་འདུག་སྟེ་དགོངས་འགལ་མེད་པར་ཞུ།
འོན་ཀྱང་ངའི་ནོར་འཁྲུལ་དེ་རྐྱེན་ངན་ལམ་དུ་ལོངས་ནས་བོན་པོ་ལགས་ཀྱི་ཞལ་ནས་མང་པོ་ཞིག་གོ་རྒྱུ་བྱུང་བས་དགའ་པོ་བྱུང་། ད་དུང་ཡང་དོགས་པ་ཞིག་དེ་ག་རང་ལྷགས་པ་ནི་སྒོ་གླེགས་ཀྱི་སྟེང་དུ་སྒོ་སྲུང་གི་ཚུལ་དུ་བྲིས་པའི་གཟུངས་སྔགས་ཀྱི་ཡི་གེ་དེའི་སྐོར་རེད། གང་ལྟར་ཡི་གེ་འབྲི་སྟངས་ལ་འདྲ་མི་འདྲ་མང་པོ་ཞིག་ཡོད་ཚུལ་གསུངས་པས་དེས་འཐུས་པར་བྱ་ནའང་ཆོག
འཕྲོས་ཞོར་དུ་ཁྱེད་ཀྱིས་བན་དེས་དབྱངས་རྣམས་ཡི་གེ་མིན་པར་འདོད་ཚུལ་ཞིག་གསུངས་བྱུང་། ངས་གོ་ཐོས་ལྟར་ན་ཡི་གེ་ལ་དབྱེ་ན་དབྱངས་གསལ་སོ་བཞིར་འདོད་པ་ལས་དབྱངས་ཡི་གེར་མི་འདོད་པ་ཞིག་མེད་ཚོད་རེད། ཡི་གེའི་སྦྱོར་བ་སྟོན་པའི་གཞུང་ལུགས་རྣམས་སུ་ཡང་། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་གསུངས་པ་མཐོང་།
ལ་སྟོད་དང་ཀ་རྡོ་ལགས་སུ་ཐུགས་རྗེ་ཞུ་རྒྱུ་དང་། ཀ་རྡོ་ལགས་སུ་དམིགས་བསལ་གྱི་ཞུ་རྒྱུ་ཞིག་ལ། བཀའ་བསྟན་དབྱིན་སྐད་དུ་བསྒྱུར་བ་དེས་སངས་རྒྱས་ཀྱི་བསྟན་པ་སྤེལ་རྒྱུར་ཕན་པ་ལས་གནོད་པ་མི་ཡོང་བས་ཐུགས་འཁྲེལ་གནང་མི་དགོས་ཞུ། གོང་དུ་དྲ་གྲོགས་མང་དག་ཅིག་གིས་བཀའ་བསྟན་དེ་བོད་ཀྱི་རྒྱུ་དངོས་ཡིན་པས་བསྒྱུར་མི་ཆོག་པ་སོགས་གསུངས་པ་ནི་དོན་མེད་ཀྱི་འཆལ་གཏམ་དང་། སངས་རྒྱས་པའི་བསྟན་པ་ལ་ཤ་ཞེན་མེད་པའི་སྐད་ཆ་ཡིན་པས་ཀ་རྡོ་ཁྱེད་དེ་དག་གི་རྗེས་སུ་མི་འཇུག་པའི་རེ་བ་ཡོད།
བོད་ཀྱི་བཀའ་བསྟན་སྐད་གཞན་དུ་བསྒྱུར་དོན་ནི། བོད་སྐད་འདི་ཡང་རྒྱ་གར་ལེགས་སྦྱར་གྱི་སྐད་ལྟར་ཉམས་འགོ་བཙུགས་པའི་སྔ་ལྟས་ཅིག་མིན་ནམ་སྙམ།
སངས་རྒྱས་བསྟན་པ་མ་ཉམས་ན། བོད་སྐད་ཉམས་ནའང་ཉམས་བསམ་པ་ཅིག་ཀྱང་། བློ་ཟུར་དུ་ཡོད་ཀྱང་། བཀའ་བསྟན་གཞན་སྐད་ལ་བསྒྱུར་ཞོར་དུ། བོད་སྐད་རྒྱག་མཁན་གང་མང་དང་། བོད་སྐད་མི་ཉམས་པའི་ཐབས་ཤེས་ཅིག་ངེས་པར་དུ་བཙལ་དགོས་པ་མི་འདུག་གམ།
ད་ནས་བཟུང་ལོ་ངོ་ལྔ་བཅུ་དང་བརྒྱའི་ནང་ལ་བོད་སྐད་མི་ཉམས་པའི་འགན་སུས་འཁྱེར་ཐུབ་བམ། ང་ལ་ཡོད་པའི་བློ་འཚབ་འདི་ཡང་། རི་བོང་གནམ་རྡིབ་ཀྱི་སྡུག་བསྡལ་ཅིག་ཡིན་པའི་སྨོན་ལམ་ཡོད།
དེ་རིང་འདིར་གླེང་འདོད་པ་ནི། བོད་མི་རིགས་རང་གི་་གནའ་རབས་ཀྱི་རིག་གཞུང་དང་སྐད་ཡིག་སོགས་གོམས་གཤིས་བཟང་པོ་གང་ཡོད་པ་དེ་དག་གི་ཡོན་ཏན་དང་བྱིན་རླབས་ཀྱི་བཀའ་དྲིན་ཉག་གཅིག་ལས། སྟོན་པ་བཅོམ་ལྡན་ཀྱི་ཆོས་བོད་དུ་དར་བ་འདི་ལའང་དམིགས་གསལ་གྱི་ཡོན་ཏན་དང་ཁྱད་ཆོས་སྔ་ན་མེད་པ་ཞིག་བྱུང་བ་རེད། དེ་ནི་བོད་མི་རང་གི་རྒྱུན་ལྡན་གྱི་རྩལ་དང་ནུས་པ་སྟོབས་དང་གཟི་བརྗིད་ཁོ་ན་ལ་བརྟེན་ནས་་བྱུང་བ་ཞིག་པས་གཞན་སྡེ་སུ་དང་གང་གིས་ལེགས་པར་བསླབས་ནས་བྱུང་བ་ཞིག་མིན། དེ་མིན་པས་ན་བོད་མིས་་་ལེགས་པར་སྦྱངས་པ་དང་ལེགས་པར་སྦྱངས་ནས་བྱང་བ་་་གང་ཡང་མིན་པར་ཐག་ཆོད་རེད། དེ་མིན་དགོས་པའི་རྒྱུ་མཚན་གཅིག་ནི་་བོད་གངས་ཅན་པ་ཞིག་གིས་་རྒྱ་གར་གྱི་དགེ་སློང་སེར་པོའི་་་ལུགས་སྲོལ་རང་ཁ་མ་ལམ་སེང་བྱེད་དགོས་ན་མི་བདེ་བ་ཞིག་ངང་ངམ་ཤུགས་ཀྱིས་ཡོང་གི་ཡོད། དེ་ནི་བོད་མི་རིགས་རང་གི་སྐད་ཡིག་དང་རིག་གཞུང་གོམས་གཤིས་བཟང་པོ་མ་འདྲ་བ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་འདྲ་ཡིན་དུས་བོད་སྐད་ཐོག་ཡོད་པའི་བཀའ་བསྟན་འདི་དག་ལ། དམིགས་གསལ་གྱི་གཞན་ལ་མེད་པའི་ངོ་སོ་ཞིག་ཡོད་པ་དེ་ནི་བོད་མི་རང་གི་རྣམ་སྤྱོད་ཀྱི་བྱས་རྗེས་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ལ་ལེགས་བྱང་སོགས་ཀྱི་ཐ་སྙད་གསར་པ་སྦྱར་ན་ཤིན་ཏུ་མི་འོས་པར་སྙམ། བཀའ་བསྟན་རང་གི་ངོ་བོའི་ནང་དོན་ཁག་ཐོག་མར་དགེ་རྒན་ཞིག་ལ་བསྟེན་ནས་སྦྱོང་དགོས་ཀྱང། དེ་ཡི་ཉམས་བཟང་གི་ཡོན་ཏན་ཡོངས་རྗོགས་རྒྱ་གར་ནས་ནང་འདྲེན་བྱས་པ་ཞིག་མིན་པ་ད་གཟོད་ང་ཚོས་ཤེས་དགོས་པར་སེམས། དེས་ན་་་ཐུད་ཞིམ་པོ་མར་གྱི་བཀའ་དྲིན་ཡིན། མར་མེད་ན་ཕྱུར་རའི་སྤགས་གོང་རེད་་་ཟེར་བའི་དཔེ་་དེ་བོད་པས་ཕར་རྒྱ་གར་བ་ལ་ལབ་ན་ག་འདྲ་ཡོང་ས་རེད་དམ།
མར་མེད་ན་ཕྱུར་རའི་སྤགས་གོང་རེད།། ཟེར་བའི་དཔེ་དེ་བོད་པས་ཚིག་ཐོག་ནས་ཕར་རྒྱ་གར་བ་ལ་ལབ་ན་ཡག་པོ་ཞེ་དྲག་འདུག་ཀྱང་། དོན་ཐོག་ནས་ཚུར་ལ་ལབ་འདུག་པ་འདི་འདྲ་ཆགས་པོ་རང་མི་འདུག ད་བཟོ་བཅོས་འདྲ་རྒྱག་རྒྱུ་ཡོད་ན་རྒྱོབས་ཤིག
གོང་གི་གནས་གསར་འདི་མཐོང་བ་དང་བརྗོད་དུ་མེད་པའི་ཚོར་སྣང་ཞིག་སྐྱེས།
བོད་ཀྱི་ནང་ཆོས་ནི་བླ་སློབ་ཀྱི་ངག་ནས་འགྲེལ་བརྗོད་ཀྱིས་གོ་དོན་མ་ནོར་བ་ཡང་དག་ལམ་སྟོན་ད་བར་ཚད་མར་གནས་ཐུབ་ཡོད། ཕྱི་རྒྱལ་གྱི་སྐད་ཐོག་ནས་ཁོང་ཚོས་དྲང་ངེས་རྣམ་བཞག་
དེ་རྣམས་གོ་ནོར་དང་། དེ་བཞིན་ཕན་ལས་གནོད་ཆེ་བའི་ལས་ཚབ་ཆེན་ཞིག་འགྱུར་སྲིད།
ཤར་ཕྱོགས་ཀྱི་འོད་སྣང་ལགས། དཔེར་ན། རྒྱ་གར་ནས་ཇ་སྒམ་ཞིག་ཉོས་ནས་བོད་ཡུལ་དུ་ཡོང་ན་བོད་མི་དེས་བོད་ཇ་ཞིམ་པོ་ཞིག་བཟོས་ནས་འཐུང་དགོས་བསམ་གྱི་རེད། དེ་འདྲའི་བོད་ཇ་ཞིམ་པོ་དེ་ཡོང་བར་བྱེད་པ་ལ། རང་ཡུལ་བོད་ཀྱི་དྭངས་གཙང་གི་ཆུ་དང་ཚྭ་འབྲི་མོའི་འོ་མ་དང་རྩི་མར་དེ་དག་གི་ལེགས་པའི་མཐུན་རྐྱེན་ཡོངས་རྗོགས་ཚང་བ་ལས་ཞིམ་པའི་བོད་ཇ་དེ་འཐུང་རྒྱུ་ཡོང་གི་རེད། དེ་མིན་རྒྱ་གར་གྱི་ཇ་སྐམ་པོ་གཅིག་པོས་་གངས་ཅན་བོད་ཀྱི་གསོལ་ཇ་ཞིམ་པོ་དེ་ཡོང་རྒྱུ་ག་ནས་ཡོད། དེ་འདྲ་ཡིན་དུས་འཐུང་རྒྱུའི་ཇ་ཞིག་ཡིན་ནའང་རང་ཡུལ་བོད་ལ་ཡོད་པའི་མཐུན་རྐྱེན་དེ་དག་ཚང་དགོས་ཀྱི་འདུག་བ། ད་ང་ཚོའི་བོད་ཡུལ་དུ་གང་ཡང་མེད་དོ་ཟེར་མུན་ནག་གི་གླིང་ཞིག་ཏུ་ཡང་ནས་ཡང་དུ་ངོས་སྤྲོད་བྱས་ན་ལས་རྒྱུ་འབྲས་གཡེར་པོ་ཆེ་ལ་རུང་ས་རེད་བས། དེ་བཞིན་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་སྔོན་གྱི་རྒྱ་གར་གྱི་རིག་གཞུང་རང་ཁ་མ་ཞིག་རེད། དེ་བོད་ཡུལ་སླེབས་ནས་ངོ་མཚར་ཆེན་པོ་བྱུང་བའི་བཀའ་དྲིན་ངོ་མ་དེ་སུ་ལ་ཐུགས་ཡོད་པ་ཁྱོད་ཀྱིས་ཤེས་དགོས་པར་སེམས། ། འདི་དམ་པ་ཆོས་ཀྱི་སྤུན་གྲོགས་ཚོ་དང་བསྟུན་ནས་གཏམ་པའི་མཆིད་དུ་ཐལ་ལོ།
དྲྭ་གྲོགས་བོན་པོ་ལགས།
བཀྲ་ཤིས་བདེ་ལེགས།
དཔེ་དང་དཔེ་ཅན་ཟུང་འབྲེལ་གྱི་ཐོག་ནས་འབྲེལ་བརྗོད་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ལར་བོད་ཇ་ཞིམ་པོ་ཞིག་དགོས་ན་བོད་པ་ཚང་གི་བཟོ་སྟངས་ཁམས་གཙང་ཞིག་བྱས་ཚེ་བྲོ་བ་ཞིམ་ལ། རྒྱ་གར་གྱི་ཇ་ཞིག་ཞིམ་པོ་ཞིག་དགོས་ནའང་རྒྱ་གར་ཚང་གི་བཟོ་ལུགས་ཁམས་གཙང་ཞིག་བྱས་ཚེ་བྲོ་བ་ཞིམ། འདི་གཉིས་ཀ་ཇ་ཙམ་ཡིན་པར་མཚུངས་ཀྱང་བཟོ་སྟངས་དང་བྲོ་བ་ལ་མི་འདྲ་ས་མང་པོ་ཡོད་པ་མ་ཡིན་ནམ། དེ་འདྲ་སོང་ཙང་། རང་ཡུལ་བོད་ཀྱི་དྭངས་གཙང་གི་ཆུ་དང་ཚྭ། བཅུད་ལྡན་གྱི་འབྲི་མོའི་འོ་མ་དང་མར། ད་དུང་དེའི་སྟེང་དངོས་རྒྱུ་བོད་ཇ་ཚད་ལྡན་ཞིག་བྱུང་ན་ཞིམ་ནི་རེད། དེ་མིན་རང་གིས་གསུངས་པ་ལྟར་ན་ཁ་དོག་དང་བྲོ་བ་ཡོངས་རྫོགས་རྒྱ་ཇ་རང་གི་བྲོ་བ་ལས་འདས་མི་འདུག་པས། མར་དྲི་དང་འོ་དྲི་ཏོག་ཙམ་རེ་མ་གཏོགས་བོད་ཇའི་བྲོ་བ་ཞིག་མྱང་རྒྱུ་ཨེ་ཡོད་ན། ང་ཚོའི་བོད་དུ་བོད་ཇ་མེད་པ་མིན་ཡང་རྒྱ་གར་གྱི་ཇའི་དར་སྲོལ་འདི་ཧ་ཅང་ཤུགས་ཆེ་བ་ཞིག་རེད། བསམ་གཞིག་རེ་གནང་ཚེ་རྒྱ་གར་གྱི་ཇ་བོད་དུ་སླེབས་པ་ནས་བཟུང་རིན་ཐང་དང་ངོ་མཚར་ཆེན་པོ་ཆགས་པ་དེ་སུའི་བཀའ་དྲིན་ཡིན་པ་གླེང་དགོས་དོན་མི་འདུག་མོད། བོད་ཇ་རང་གི་བྲོ་བ་དེ་ཙམ་གཙིགས་སུ་མི་འཛིན་པ་འདི་རྒྱུ་མཚན་གང་ལ་ཐུག་ཡོད་པའང་སྒང་པ་ཚང་གིས་ཤེས་དགོས་པར་སྣང་། ད་དུང་ཚྭ་དང་ཆུ། མར་དང་འོ་མ་བཅས་མཐུན་རྐྱེན་མང་ཆེ་བ་འཛོམས་ཀྱང་བལྟས་པ་ཙམ་གྱིས་འཐུང་གིན་བྲོ་བ་དང་། འཐུང་བ་ཙམ་གྱི་ལྟོག་སྐོམ་སེལ་ཐུབ་པའི་ཇ་ཞིམ་པོ་ཞིག་ཆགས་དགོས་པ་ལ་རྒྱ་གར་ནས་ཉོ་བའི་ཇ་སྐམ་པོ་དེ་མ་བླུགས་ཐབས་མེད་དུ་གྱུར་པའང་རྒྱུ་མཚན་ཅི་ཞིག་ལ་ཐུག་པ་ཡིན་ནམ། འདི་དག་ལ་ཞིབ་ཕྲའི་རྒྱུ་མཚན་རེ་རེ་ནས་ངོ་སྤྲོད་དང་འབྲེལ། བོད་ཇ་འདི་ས་མཐོ་རི་མཐོ་ན་བཞུགས་པའི་རང་རེ་གདོང་དམར་བ་ལ་ལུས་སེམས་གཉིས་ཀར་ཕན་པའི་ཐུན་མིན་གྱི་དགེ་མཚན་རྒྱ་གར་གྱི་ཇ་ལས་ཁྱད་དུ་འཕགས་པ་ཞིག་གམ། དེ་ལྟར་མ་བྱུང་ནའང་དེ་ལས་མི་དམན་པ་ཞིག་ཡོད་ལུགས་རྣམས་གནས་ལུགས་ཚད་ལྡན་གྱི་ལམ་ནས་འགྲེལ་བརྗོད་རེ་གནང་སྟེ་བོད་ཇ་ཁམས་གཙང་གི་འཐུང་སྲོལ་དར་སྤེལ་དང་བོད་ཇར་གཙིགས་སུ་འཛིན་པའི་ལམ་ཕྱོགས་སུ་ཇི་ལྟར་བསླབ་དགོས་པ་ལ་དགོངས་ཚུལ་དམིགས་བསལ་ཞིག་ཡོད་དམ། ཡང་ན་གོང་དུ་བཤད་པ་བཞིན་ཟུང་འབྲེལ་གྱི་བཟོ་སྟངས་ཤིག་མ་བྱས་ཚེ་བོད་མིའི་ལུས་སེམས་ལ་མི་འཕྲོད་པ་གང་ཡིན།
དག་བཅོས། ༼རྒྱ་གར་གྱི་ཇ་ཞིམ་པོ་ཞིག་དགོས་ནའང་རྒྱ་གར་ཚང་གི་བཟོ་ལུགས་ཁམས་གཙང་ཞིག་བྱས་ཚེ་བྲོ་བ་ཞིམ།༽
བཀའ་བསྟན་ཕྱི་སྐད་དུ་བསྒྱུར་བ་ཙམ་གྱིས་དཔལ་འབྱོར་ཆེན་པོ་བཟོ་ཐུབ་རྒྱུ་ཕར་ཞོག་འགྲོ་སོང་ཁུངས་འཁྱོལ་བ་ཞིག་ཡོང་མིན་ཡང་བཤད་དཀའ། འདི་སྐད་སྒྱུར་རྣམས་ཀྱི་ཉམས་མྱོང་ལས་བྱུང་བའི་སྐད་ཆ་རེད། བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་བ་རྣམས་ལ་ནི་མི་མཁོ། ཕན་ཐོགས་འབྱུང་ངེས་པ་དེ་ད་བར་བོད་དོན་ལ་རྒྱབ་སྐྱོར། བོད་རིགས་ལ་དགའ་ཞེན། བོད་པ་ལ་རོགས་རེམ། བོད་མིར་ཆོས་དང་དམ་ཚིག ཤ་དང་ཁྲག་གིས་འབྲེལ་བའི་ཕྱི་རྒྱལ་པ་དེ་ཚོ་རེད། སྐད་བསྒྱུར་བྱས་པ་ཙམ་གྱིས་མ་སྐད་ཀྱི་རིག་གཞུང་ཉམས་ག་ལ་སྲིད། རྒྱ་གར་གྱི་ནང་ཆོས་དང་ལེགས་སྦྱར་གྱི་སྐད་ཉམས་པ་ནི་ཁ་ཆེའི་དམག་འཁྲུགས་དང་མི་རིགས་གཞན་གྱིས་དབང་བསྒྱུར་འོག་བེད་སྤྱོད་བྱེད་མ་ནུས་པར་ཉམས་པ་དགོངས་པར་མཛོད།
དྲྭ་གྲོགས་ཤར་ཕྱོགས་ཀྱི་འོད་སྣང་ལགས། བཀྲ་ཤིས་བདེ་ལེགས། སྐུ་ཉིད་ནས་དོན་ལྡན་གྱི་ལེན་ཞིག་གནང་བར་སྙིང་ནས་དགའ་བསུ་དང་བཀའ་དྲིན་ཆེ་ཞུ། ངས་ལབ་འདོད་པའི་ནང་དོན་ཞིག་ཆད་སོང་བ་འདྲ། དེ་ནི་རང་ཡུལ་བོད་ཀྱི་དྭངས་གཙང་གི་ཆུ་དང་ཚྭ། འབྲི་མོའི་འོ་མ་དང་མར་ལས་བཟོས་པའི་བོད་ཇ་ཞིམ་པོ་དེ་ཡི་་ཇ་རོ་སྙིགས་མ་རྣམས་ཕྱིར་གཡུགས་ཀྱང་བྱེད་པ་མ་གཏོགས། བོད་ཇ་ཞིམ་པོ་དང་ལྷན་དུ་ཁོག་ནང་དུ་མིད་པར་མི་བྱེད། ད་གཟོད་དྭངས་གཙང་གི་ཆུ་དང་ཚྭ། འབྲི་མོའི་འོ་མ་དང་མར་འདྲེས་པའི་ཇ་ཁུ་དྭངས་མ་དེ་རང་མ་གཏོགས། རྒྱ་གར་གྱི་ངོ་བོ་ལྷང་ངེར་གསལ་བའི་ཇ་སྐམ་པོ་དེ་ཕལ་ཆེར་ངོས་བཟུང་ས་མེད་པ་ལྟ་བུར་གྱུར་ཡོད། དེ་འདྲའི་བོད་ཇ་ཞིམ་པོ་དེ་མེ་འཁོར་རམ་རི་ལི་གང་བཀང་ནས། རྒྱ་གར་བ་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་ངས་ཁྱེད་ཚང་གི་་ཇ་དེ་ཕྱིར་སློག་བྱེད་པར་ཡོང་བ་ཡིན་ལབ་ན། རྒྱ་གར་བས་ཁོང་ཚོའི་ཇ་ཡིན་པ་ངོས་ལེན་བྱེད་རྒྱུ་ད་ཕར་ཞོག། ཉེ་འཁོར་ལ་ཡང་ཡོང་མདོག་ཁ་པོ་མ་རེད། ཡིན་ནའང་ཨུ་ཚུགས་འདྲ་རྒྱབ་་ན་ནི་མི་ཤེས། དེས་ན་གནད་དོན་འདི་ལ་དགོངས་པ་ཞིག་བཞེས་རོགས་གནང། ཡང་ཞུ་དགོས་པ་གཅིག་ནི་ང་ཚོ་བོད་པ་ཚང་ལ་འཐུང་རྒྱུ་བོད་ཇ་ལས་གཞན་པ་གང་ཡང་མེད་པ་མ་ཡིན་ཏེ། ཞིམ་མངར་གྱི་འོ་ཇ། དྭངས་གཙང་གི་ཆུ། འབྲུ་ཆང་སིལ་མ། བརྒྱ་གོ་གཅིག་ཆོད་ཀྱི་ཐུག་པ། དར་ར། འོ་མ་སོགས་འཐུང་རྒྱུའི་རིགས་མང་པོ་ཞིག་རང་ཡུལ་དུ་སྔར་ནས་ཡོད་པ་ཞིག་ཡིན། བོད་ཇ་གཅིག་པུ་རྒྱུ་མཚན་དུ་བསྙད་ནས་ང་ཚོའི་ལུང་པར་འཐུང་རྒྱུ་ཞིམ་པོ་གང་ཡང་མེད་པར་གླེང་ན་ཧ་ཅང་ཐལ་བར་མི་འགྱུར་རམ། །
དྲྭ་གྲོགས་བོན་པོ་ལགས།
སྐུ་ཁམས་བཟང་།
འདིར་ཕྲན་རང་གི་བསམ་ཚུལ་དགའ་ཞུ་བར་འདོད། སྤྱིར་བཏང་ཇ་ཉོ་སྟངས་དང་། ཇ་བཟོ་སྟངས། ཇ་འཐུང་སྟངས་བཅས་ལ་གོམས་འདྲིས་ཧ་ཅང་ཆེ་བའི་རང་རེ་བོད་པ་ཚང་གིས་ཇ་ཡི་དྭངས་བཅུད་ལེན་པ་ལས་ཇ་རོ་ལྷན་དུ་མིད་པའི་གཏམ་རྒྱུད་ཅིག་འུ་ཚང་གི་བྱུང་རབས་ནང་མེད་མོད། དྭངས་གཙང་གི་ཚྭ་ཆུ་དང་། འབྲི་མོའི་འོ་མར་འདྲེས་མའི་ཁྲོད་ན་ཇ་མདོག་གི་རང་མདངས་གསལ་ལེར་མངོན་བཞིན་པ་ནི་རྒྱ་གར་གྱི་ཇ་རང་མ་གཏོགས་རང་རེའི་བོད་ཇ་དེ་ཇི་ཙམ་བསྐོལ་ཀྱང་ཇ་མདོག་དང་ཇ་བྲོ་རྒྱ་གར་གྱི་ཇ་ལ་འགྲན་ཕོད་པ་ཞིག་ཡོང་ཐབས་མེད་པར་སྣང་། འོན་ཀྱང་བསམ་གཞིག་གི་གནད་ཅིག་ཡོད་པ་ནི་འདི་ལྟ་སྟེ། བོད་ཇ་རང་ལ་དེ་འདྲའི་ཁྱད་ཆོས་མེད་ལུགས་བརྗོད་ནས་འཐུང་མཚམས་བཞག་ན་ཁྱིམ་མཚེ་རྒྱལ་ཁབ་ཀྱི་མདུན་ན་ཅུང་ངོ་གནོང་བའི་ཚོར་བ་ཞིག་ངང་གིས་འོང་སྟབས། རྒྱ་གར་གྱི་རྒྱ་ཇ་དང་བོད་ཀྱི་བོད་ཇ་གཉིས་མཉམ་བསྲེས་ཀྱིས་བསྐོལ་ཏེ་གཅིག་མཚུངས་ཀྱི་ཁ་དོག་དང་བྲོ་བ་མྱོང་ཐབས་ཤིག་ཨེ་ཐུབ་བྱེད་པའི་ལུགས་སྲོལ་ར་མ་ལུག་ཅིག་དར་བ་ནས་བཟུང་རང་རེ་ཚོའི་འཚོ་རྟེན་གྱི་སྒོ་ཟོག་རྣམས་ལའང་ཇ་རོ་འདྲེས་མའི་ཚྭ་ཆུ་ཞིག་བླུད་བཞིན་ཡོད་པ་རེད། ཕར་ལྟས་ཚོད་ལ་མཉམ་བསྲེས་ཀྱིས་བསྐོལ་བའི་འོ་ཇ་དེ་རྣམ་པའི་ཆ་ནས་འདྲ་ས་ཤིན་ཏུ་ཆེ་ཡང་། བྲོ་བའི་ཆ་ནས་ཧེ་བག་ཤོར་ཡོད་པ་འདི་ལྕེ་དབང་ལ་ཚོར་བ་སྐྱེན་པའི་གང་ཟག་ཚོས་ལས་སླ་པོར་དཔོག་གིན་འདུག་པ་མ་ཟད། དེང་སང་རང་རིགས་ཕལ་ཆེ་བས་བོད་ཇ་ལ་བྲོ་བ་མེད་རབས་གླེང་བཞིན་རྒྱ་གར་གྱི་ཇ་ལ་གཙིགས་སུ་འཛིན་སྟངས་ཤིག་ཤུགས་ཆེ་བར་མཐོང་།
སྐུ་ཉིད་ཀྱིས་གོང་དུ་༼དེ་འདྲའི་བོད་ཇ་ཞིམ་པོ་དེ་མེ་འཁོར་རམ་རི་ལི་གང་བཀང་ནས། རྒྱ་གར་བ་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་ངས་ཁྱེད་ཚང་གི་ཇ་དེ་ཕྱིར་སློག་བྱེད་པར་ཡོང་བ་ཡིན་ལབ་ན། རྒྱ་གར་བས་ཁོང་ཚོའི་ཇ་ཡིན་པ་ངོས་ལེན་བྱེད་རྒྱུ་ད་ཕར་ཞོག ཉེ་འཁོར་ལ་ཡང་ཡོང་མདོག་ཁ་པོ་མ་རེད། ཡིན་ནའང་ཨུ་ཚུགས་འདྲ་རྒྱབ་ན་ནི་མི་ཤེས། དེས་ན་གནད་དོན་འདི་ལ་དགོངས་པ་ཞིག་བཞེས་རོགས་གནང།༽ ཞེས་གསུངས་འདུག་པར་ངས་འདི་འདྲ་ཞིག་དྲན་སོང་། སྐུ་ཉིད་ཀྱིས་གསུངས་པ་དེ་བདེན་པ་རེད། ཉེ་འཁོར་དུ་མི་ཡོང་བ་མ་ཟད་ཐོས་པ་ཙམ་གྱིས་རྣམ་རྟོག་ཟ་ངེས་རེད། མ་གཞི་ཁོང་ཚོས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་ལྷད་མེད་ཀྱི་འོ་ཇ་མངར་མོ་ཞིག་མི་ལོ་བརྒྱ་ཕྲག་མང་པོའི་རིང་ལ་རོལ་མྱོང་བ་མ་ཟད། རང་རེ་གངས་ཅན་པ་ཚོ་ལའང་མཛའ་བཤེས་རྣམ་དག་ཅིག་གི་འདུ་ཤེས་བཞག་ནས་འོ་ཇ་མངར་མོས་ཡུན་རིང་བསྐྱངས་ཡོད་སྟབས། གལ་སྲིད་ཁོང་རྣམ་པར་བཀའ་དྲིན་གསབ་དགོས་ན་རྒྱ་གར་གྱི་འོ་ཇ་མངར་མོ་ལྷད་མེད་ཅིག་འདྲེན་དགོས་རྒྱུ་ལས་བ་ཚྭ་ཅན་གྱི་ཆུ་ལ་མཉམ་བསྲེས་ཀྱིས་བསྐོལ་བའི་ལྷད་ཅན་གྱི་ཇས་ཁོང་ཚོའི་བཀའ་དྲིན་འཇལ་ཐབས་བྱས་ན་དྲིན་ལན་ལོག་འཇལ་དུ་མི་འགྲོའམ། ཡང་ཞུ་རྒྱུ་ཞིག་ལ་ངས་བོད་ཇ་གཅིག་པུ་རྒྱུ་མཚན་དུ་བསྙད་ནས་རང་རེའི་ལུང་པར་དེ་ལས་གཞན་པའི་འཐུང་རྒྱུ་དང་ཟ་རྒྱུ་ཞིམ་པོ་གང་ཡང་མེད་པར་གླེང་བ་ཞིག་ག་ལ་ཡིན། གོང་དུ་སྐུ་ཉིད་ཀྱིས་བཀོད་པ་ལྟར་ཞིམ་མངར་གྱི་འོ་ཇ། དྭངས་གཙང་གི་ཆུ་མོ། བཅུད་ལྡན་གྱི་འབྲུ་ཆང་། བརྒྱ་གོ་གཅིག་ཆོད་ཀྱི་ཐུག་པ། དར་ར། འོ་མ་སོགས་འབོལ་པོ་ཞེ་དྲགས་ཡོད་པ་མ་ཟད། ད་དུང་ས་མཐོ་རི་མཐོ་གྱི་གནམ་གཤིས་དང་བསྟུན་པའི་བཟའ་བཅའི་རིགས་ཏེ། ཡག་ཤ་སྐམ་རློན་དང་། ལུག་ཤ་སྐམ་རློན། འབྲི་ཤ་སྐམ་རློན་དང་། མཛོ་ཤ་སྐམ་རློན། འབྲོང་ཤ་སྐམ་རློན། དེ་བཞིན་རི་མགོ་ན་རྒྱུ་བའི་གླ་བ་དང་གཙོད། ཤྭ་བ་དང་ཁ་ཤ་སོགས་བདག་མེད་ཀྱི་རི་སྐྱེས་ཚོའི་གསོལ་ཀྲུམ་སྐམ་རློན་སོགས་ཤ་རིགས་སྣ་ག་བཅོ་བརྒྱད་དང་། ད་དུང་འབྲོག་ས་ཕལ་ཆེ་བར་འབྲི་ཡག་གི་ལུས་རྩ་ལས་བཏར་བའི་ཁྲག་དྲོན་རླངས་པ་ཐུལ་ལེ་བ་འཐུང་རྒྱུ་ཡོད་པ་མ་ཟད། གྱོན་ཆས་ལ་བསམས་ནའང་། ལུ་གུའི་ཚ་རུ་དང་ལུག་གི་པགས་རྩག འབྲི་ཡག་གི་པགས་གདན་དང་སྟག་ལྤགས་ཀྱི་གོས་བཤམ། ཝ་ལྤགས་ཀྱི་ཞྭ་མོ་དང་སྲམ་ཤན་གྱི་ཕྱུ་པ། མདོར་ན་ལུས་ལ་ཚ་དྲོད་འཁྱིལ་ལེ། ཞལ་ལ་སྣུམ་ཞག་ཆིལ་ལེ། ཞེས་པའི་དཔེ་ལྟར་རང་བྱུང་ཁོར་ཡུག་གི་སྐྱེ་དངོས་གང་མང་ལ་ཅི་དགར་ལོངས་སྤྱོད་དུ་ཡོད་ཀྱང་། རྒྱ་གར་གྱི་བྲམ་ཟེ་དང་རྒྱལ་རིགས་ཚོ་ལ་བསམས་ན་དཀར་གསུམ་མངར་གསུམ་ཙམ་ལས་འདི་འདྲའི་ཆ་རྐྱེན་སྣེ་འཛོམས་པོ་ཞིག་དང་བཟའ་བཏུང་བཅུད་ཆེ་བ་ཞིག་མེད་སྟབས། ཁོང་ཚོའི་འོ་ཇ་ཞིམ་པོ་ཞིག་གིས་ང་ཚོར་འགྲན་རྒྱུ་ཅང་མེད་པའི་ཁར། རྒྱ་གར་གྱི་འོ་ཇ་འདི་ཧ་ཅང་ཁྱད་དུ་འཕགས་པའི་རྒྱུ་མཚན་གྱིས་རང་རེ་ཚོས་རྒྱ་གར་ལུང་པ་ལ་འཕགས་པའི་ཡུལ་ཞེས་པའི་འབོད་སྲོལ་བཟང་པོ་ཞིག་ཡོད་པ་རེད། འདིའི་དབང་གིས་གཞིས་སྡོད་སྤུན་མཆེད་ཚོས་འཕགས་ཡུལ་གྱི་མིང་གོ་མ་ཐག་སྐྱིད་ཉམས་ཀྱི་དོན་སྤྱི་ཞིག་བློ་ངོ་ལ་ཝལ་ལེར་གསལ་ཡོང་ཞིང་། ངས་ཀྱང་དང་ཐོག་དེ་འདྲ་ཞིག་དྲན་ནས་བཙན་བྱོལ་གྱི་ལུང་པ་འདིར་བསླེབས་ཀྱང་མཐོ་སྒང་གི་འཚོ་རྐྱེན་ལྟ་བུ་ཕུན་སུམ་ཚོགས་པ་ཞིག་འདི་ན་མེད་པས་ལན། ལུས་ཀྱི་ཤ་རིད་ཅིང་ངོ་ཡི་མདངས་ཡལ་བ། མགོ་ཡི་སྐྲ་དཀར་ཞིང་གོམ་པའི་འགྲོས་འཁྱོར་བ་ཞིག་བྱུང་མོད། ད་བར་མི་ལོ་སོ་གྲངས་ཤིག་སྡུག་རུས་ཐེག་པའི་རྐྱེན་ལས་གོམས་འདྲིས་སུ་གྱུར་བས་འཕགས་ཡུལ་གྱི་སྐྱིད་ཉམས་དེ་ད་གཟོད་རྟོགས་ཐུབ་པ་ཞིག་བྱུང་།
ད་གནས་སྐབས་ཀྱི་ཁ་བརྡ་འདི་ཙམ་ལ་འཇོག་རྒྱུ་ཡིན། ཉིན་ཟས་ཀྱི་དུས་ཚོད་ཟིན་སྟབས་ང་ཡང་འགྲོ་རན་འདུག དོ་དགོང་མཇལ་ཡོང་། བཀྲ་ཤིས་བདེ་ལེགས།
༼བསྐྱར་བཅོས།༽
རྒྱ་གར་གྱི་བྲམ་ཟེ་དང་རྒྱལ་རིགས་ཚོ་ལ་བསམས་ན་དཀར་གསུམ་མངར་གསུམ་ཙམ་ལས་འདི་འདྲའི་ཆ་རྐྱེན་སྣེ་འཛོམས་པོ་ཞིག་དང་བཟའ་བཏུང་བཅུད་ཆེ་བ་ཞིག་མེད་སྟབས། ཁོང་ཚོའི་འོ་ཇ་ཞིམ་པོ་ཞིག་གིས་ང་ཚོར་འགྲན་རྒྱུ་ཅང་མེད་ཀྱང་། རྒྱ་གར་གྱི་འོ་ཇ་འདི་ཧ་ཅང་ཁྱད་དུ་འཕགས་པའི་རྒྱུ་མཚན་གྱིས་རང་རེ་ཚོས་རྒྱ་གར་ལུང་པ་ལ་འཕགས་པའི་ཡུལ་ཞེས་བསྔགས་བརྗོད་ཀྱིས་འབོད་སྲོལ་བཟང་པོ་ཞིག་ཡོད་པ་རེད། འདིའི་དབང་གིས་གཞིས་བཞུགས་སྤུན་ཟླ་ཚོས་འཕགས་ཡུལ་གྱི་མིང་གོ་མ་ཐག་སྐྱིད་ཉམས་ཀྱི་སྣང་བ་ཞིག་བློ་ངོ་ལ་ཝལ་ལེར་གསལ་ཡོང་ཞིང་། ངས་ཀྱང་དང་ཐོག་དེ་འདྲ་ཞིག་དྲན་ནས་བཙན་བྱོལ་གྱི་ལུང་པ་འདིར་བསླེབས་ཀྱང་མཐོ་སྒང་གི་འཚོ་རྐྱེན་ལྟ་བུ་ཕུན་སུམ་ཚོགས་པ་ཞིག་འདི་ན་མེད་པས་ལན། མགོ་ཡི་སྐྲ་དཀར་ཞིང་ངོ་ཡི་མདངས་ཡལ་བ། ལུས་ཀྱི་ཤ་རིད་ཅིང་གོམ་པའི་འགྲོས་འཁྱོར་བ་ཞིག་བྱུང་ནའང་། ད་བར་མི་ལོ་སོ་གྲངས་ཤིག་སྡུག་རུས་ཐེག་པའི་རྐྱེན་ལས་གོམས་འདྲིས་སུ་གྱུར་བས་འཕགས་ཡུལ་གྱི་སྐྱིད་ཉམས་དེ་ད་གཟོད་རྟོགས་ཐུབ་པ་ཞིག་བྱུང་།
ད་གནས་སྐབས་ཀྱི་ཁ་བརྡ་འདི་ཙམ་ལ་འཇོག་རྒྱུ་ཡིན། ཉིན་ཟས་ཀྱི་དུས་ཚོད་ཟིན་སྟབས་ང་ཡང་འགྲོ་རན་འདུག དོ་དགོང་མཇལ་ཡོང་། བཀྲ་ཤིས་བདེ་ལེགས།
ཁྱེད་རྣམས་པས་བཀའ་བསྟན་བསྒྱུར་བའི་བསམ་ཚུལ་དེ་བདེན་འདུག་མོད་ཀྱང།ཞིང་པའི་བུ་ཁྱེད་ཀྱི་ཅི་འདྲ་བྱས་ནས་བཀའ་བསྟན་དེ་བསྒྱུར་ཡང་དག་ཡོང་མི་ཡོངས་ཀྱི་ཚོད་དཔག་བྱེད་ཐུབ་བམ།དེ་ལྟ་བུའི་ཀླད་སྙིང་འཁྲེགས་བསྲུངས་བྱས་ཚེ་རང་གི་ཆོས་དེ་ཡང་ཡལ་ལ་འགྲོ་བའི་མཐར་ལྷུང་ཡོད།ཁྱེད་ཀྱི་ཨིན་ཇི་མི་ཤེས་པ་སྟབས་ཀྱི་གཞན་གྱི་མི་འཇོན་པ་འགྲུབ་མི་ཐུབ་པས།་དེར་བསམ་བློར་ཞིབ་མོར་བཏང་དགོས་པ་དོ་གལ་ཆེ།།
http://www.buddhistliteraryheritage.org/translation/
དྲྭ་གྲོགས་ཤར་ཕྱོགས་ཀྱི་འོད་སྣང་ལགས། ཁྱེད་ཀྱིས་བྲིས་གནང་བའི་ལེན་དེ་ཆ་ཚང་ཀློགས་པ་ཡིན་སེམས་ལ་ཕན་པོ་བྱུང། བཀའ་དྲིན་ཆེ། དེ་རིང་འདིར་དོན་ཚན་གཞན་ཞིག་བརྗོད་པར་བྱ་བ་ལ། དམ་པའི་ཆོས་ཀྱི་སྤུན་གྲོགས་ཚོས་བཞེད་ཚུལ་ལྟར་ན། སྔོན་བཀའ་འགྱུར་བོད་སྐད་དུ་བསྒྱུར་དུས་རིན་ཐང་བྲལ་བའི་བོད་སྐད་ཀྱི་ཚིག་ཚོགས་ཡོངས་རྗོགས་དེ་ག་རང་དུ་གསར་བཟོ་བྱས་པར་འདོད་པ་ནི། ང་བོན་པོས་ཡིད་ཚིམ་པ་ཞིག་རྩ་བ་ནས་མ་བྱུང། ངས་ཡང་ནས་ཡང་དུ་བསམ་བློ་མང་པོ་བཏང་བ་ཡིན། ང་ཚོའི་བོད་སྐད་ཀྱི་མིང་ཚིག་འདི་དག་རྒྱ་གར་སྐད་ལས་གོ་རྒྱུ་ཆེ་བ་ཡོད་ན་མ་གཏོགས་ཆུང་བ་ཞིག་རྩ་བ་ནས་མིན་འདུག། དཔེར་ན་་་དགེ་བ་་་དང་་་་སྡིག་པ་་་་་ཞེས་པའི་ཚིག་འབྲུ་གཉིས་པོ་འདི་སྔོན་བོད་མིའི་སྤྱི་ཚོགས་ནང་བརྗོད་སྲོལ་རྩ་བ་ནས་མེད་པར་བཀའ་འགྱུར་བསྒྱུར་སྐབས་དེ་ག་རང་དུ་གསར་དུ་ག་འདྲ་བྱས་ནས་བཟོས་པ་ཡིན་ནམ། དེར་མ་ཚད་རྒྱ་ཆེ་ལ་རྒྱུན་རིང་བའི་བོད་སྐད་ཀྱི་མིང་ཚིག་ཕུན་སུམ་ཚོགས་པ་ཞིག་མེད་ན་དེ་འདྲ་བའི་རིག་པའི་གཞུང་ལུགས་ཆ་ཚང་བ་ཞིག་བསྒྱུར་རྒྱུའི་སྤོབས་པ་གསར་པ་ག་ནས་རྙེད་པ་ཡིན་ནམ། ད་དུང་བཀའ་འགྱུར་བསྒྱུར་དགོས་པའི་དོན་ནི་བོད་སྐད་རང་གི་་མིང་ཚིག་གི་ཐོག་ནས་ངེས་པར་དུ་བོད་མིས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཡང་དག་པར་བྱེད་ཐུབ་ངེས་ཞིག་དགོས་ཀྱི་ཡོད་རེད། དེ་བྱེད་པ་ལ་སོ་སོའི་ལུང་པའི་སྐད་ཀྱི་གོ་བརྡ་དེ་ངེས་པར་འཕྲོད་དགོས་ཀྱི་རེད། རྒྱ་གར་ལ་ཡོད་རབས་ཆེན་པོ་ཞིག་བཤད་པ་ཡིན་ན་ལས་དེས་བོད་སྐད་ཀྱི་རིན་ཐང་བྲལ་བའི་ཚིག་འབྲུ་ཡོངས་རྗོགས་གསར་བཟོ་བྱས་པའི་ཁུངས་སྐྱེལ་ཐུབ་ཀྱི་མིན་འདུག། དེ་འདྲ་ཡིན་ན་དེང་དུས་བཀའ་འགྱུར་དབྱིན་སྐད་དུ་བསྒྱུར་དུས་དབྱིན་ཇའི་ཆོས་ཚིག་གསར་པ་ཧ་ལས་པོ་ཞིག་བཟོ་དགོས་ཀྱང་བཟོ་ཐུབ་ཀྱི་མིན་འདུག་བ། དེ་མེད་པའི་རྒྱུ་མཚན་གང་ཡིན་ནམ། བློ་རིག་མཆོག་དམན་ཀྱི་སྐད་ཆ་བཤད་པ་ཡིན་ན་དེང་སང་གི་མི་རྣམས་དྲུང་བ་ཡོད་ན་གཏོགས་ཐབས་སྐྱོ་བ་ཞིག་ཡོད་མདོག་མིན་འདུག། འདི་སྐོར་དག་ཐེར་ཚད་ལྡན་ཞིག་མ་བྱས་ན་བོད་མི་རིགས་དངོས་གནས་མུན་པའི་ནང་དུ་ལྷུང་བ་འདྲ་བོ་འདུག། །
ཀྱེ་བོན་པོ་ལེགས།
ཁྱེད་བོད་རིག་གཞུང་ལ་ཐུགས་གཅེས་ཡོད་པར་དགའ་བ་བྱུང་། བོད་འདོད་རྒྱལ་གྱི་མིང་ཚིག་དག་སྔར་ནས་ཡོད་ཡོད་པ་རྒྱ་དཀར་ནག་ནས་དང་། དེ་བཞིན་བོན་གྱི་རིག་གཞུང་ཚིག་ན་ཡང་ཡུལ་གཞན་གྱི་ཚིག་བསྒྱུར་པ་རྗེས་སྒྲུབ་འདྲ་ཡོད་དམ་མེད། དཔེར་ན། སངས་རྒྱས་དང་། དགེ་འདུན་སོགས་སྒྲ་བཤད་པའི་དབང་དུ་བྱས་ནས་བསྒྱུར་ཏེ། བོད་ཚིག་ཕུན་སུམ་ཚོགས་པ་ཞིག་བྱུང་། དེ་ཡང་དཀོན་མཆོག་གསུམ་ན། ཆོས་དེ་བོད་ཚིག་རང་བཀོལ་པ་ད་བར་དུ་མ་ཉམས་པར་གནས།
རང་ཅག་གི་ལོ་རྒྱུས་ལ་སློབ་སྦྱོང་ཡང་དག་པ་ཞིག་འོང་བ་ལ་སོ་སོའི་ལུང་པ་དང་། ཆོས་ལུགས་ལ་ཕྱོགས་ལྷུང་མེད་པ་དགོས་ཞེས་རྒྱ་གར་པ་སློབ་དཔོན་ཞིག་གིས་ལོ་རྒྱུས་ཀྱི་བཤད་པ་བྱེད་དུས། གྲོང་ཁྱེར་གསལ་ལྡན་དུ་ལོ་ངོ་བཅུ་ཕྲག་བཞི་ཙམ་སྔོན་དུ་ཐོས། དཔེར་ན། རི་བོའི་ནང་ལ་བསྡད་ན། རི་བོའི་མཛེས་ཆོས་དེ་མཐོང་མི་ཐུབ། རི་བོ་ནས་རྒྱང་དུ་སོང་སྟེ། རི་བོ་ལ་བལྟ་ན་རི་བོའི་མཛེས་ཆོས་དེ་མཐོང་ཐུབ་ཅེས་བཤད་པ་བདེན་ཏོ་སྙམ་པ་བྱུང་བ་ད་ལྟ་བདག་གི་དྲན་ཡུལ་དུ་མཆིས་སོ། །
ཁྱེད་ལ་ཐུགས་སྣང་འོང་ངེས་བསམ་ནས། ལེན་ནི་མ་གོ །ལན་ནི་རགས་ཙམ་དེ་ལྟར་ཡིན་ཞེས་ངས་སྔོན་དུ་ཁྱེད་ལ་བྲིས་པ་ཡིན། ལན་དང་། ལེན་གཉིས་ལ་གོ་བ་མི་འདྲ་བ་ཡོད། ལེན་བྱ་ཚིག་དང་། ལན་མིང་ཚིག་ཡིན་པ་ལ་གོ་དོན་མི་འདྲ་བ་གཉིས་ཡོད། སྐད་ཡིག་སློབ་མ་དག་ལ་བཤད། གཅིག་དྲི་བ་དང་ལན་ཞེས་པ་མིང་ཚིག་དང་། གཉིས་པ་ནི་དུས་ཀྱི་དོན་ལ་སྟེ། ང་བོད་ཡུལ་དུ་ལན་བཞི་ཕྱིན་པ་ཡིན་ཞེས་པ་ལྟ་བུ་ལགས། ད་མིན་གཡུང་དྲུང་བོད་ཀྱི་རིག་གཞུང་དག་ན་། ལན་ལ་ལེན་ཞེས་དྲི་བ་ལ་ལན་རྒྱབ་པ་ཡོད་ན། དགོངས་དག་ཞུ་ལས་གཞན་མེད་དོ། །
ལ་དྭགས་བློ་བཟང་འཇམ་དཔལ་ལགས། འཇུ་ལེ། བྱོན་པ་ལེགས། སྐུ་ཉིད་ཀྱིས་དྲི་བ་བཏོན་གནང་བ། ༼བོད་འདོད་རྒྱལ་གྱི་མིང་ཚིག་དག་སྔར་ནས་ཡོད་ཡོད་པ་རྒྱ་དཀར་ནག་ནས་དང་། དེ་བཞིན་བོན་གྱི་རིག་གཞུང་ཚིག་ན་ཡང་ཡུལ་གཞན་གྱི་ཚིག་བསྒྱུར་པ་རྗེས་སྒྲུབ་འདྲ་ཡོད་དམ་མེད། དཔེར་ན། སངས་རྒྱས་དང་། དགེ་འདུན་སོགས་སྒྲ་བཤད་པའི་དབང་དུ་བྱས་ནས་བསྒྱུར་ཏེ། བོད་ཚིག་ཕུན་སུམ་ཚོགས་པ་ཞིག་བྱུང་། དེ་ཡང་དཀོན་མཆོག་གསུམ་ན། ཆོས་དེ་བོད་ཚིག་རང་བཀོལ་པ་ད་བར་དུ་མ་ཉམས་པར་གནས།༽ངས་ཐོག་མའི་ལེན་འདི་ལྟར་རོ།་་་་་་སངས་་་་་ཅེས་པའི་བོད་ཚིག་དེ་དང་་་་རྒྱས་་་་་ཅེས་པའི་བོད་ཚིག་གཉིས་པོ་དེ་བོད་མི་རང་གི་ཁ་སྐད་དུ་རྩ་བ་ནས་མེད་ན་་་་སངས་རྒྱས་་་་ཅེས་པའི་ཚིག་སྦྱོར་དེ་ག་འདྲ་བྱས་ནས་གསར་དུ་བཟོས་པ་ཡིན་ནམ། དགེ་བ་་་་ཞེས་པའི་བོད་ཚིག་དེ་དང་་་་འདུན་པ་་་་་ཞེས་པའི་བོད་ཚིག་གཉིས་པོ་དེ་བོད་རང་གི་ཁ་སྐད་དུ་ཡེ་ནས་མེད་ན་་་་དགེ་འདུན་་་་་ཞེས་པའི་ཚིག་སྦྱོར་དེ་ག་འདྲ་བྱས་ནས་གསར་དུ་བཟོས་པ་ཡིན་ནམ། དཀོན་པ་་་་་མཆོག་ཏུ་གྱུར་པ་་་་་་གྲངས་ཁ་གསུམ་་་་་་་བོད་ཚིག་འདི་རྣམས་བོད་སྐད་སྣལ་མར་ཡེ་ནས་མེད་པ་ཡིན་ན་་་་དཀོན་མཆོག་གསུམ་་་་་་ཞེས་པའི་ཚིག་སྦྱོར་དེ་ཇི་ལྟར་གསར་དུ་བཟོས་པ་ཡིན་ནམ། ད་དུང་གསར་དུ་བཟོས་པ་ཙམ་གྱི་འགྲིག་རྒྱུ་ག་ལ་ཡོད། དེ་བོད་མའི་ལྷན་སྐྱེས་ཀྱི་སེམས་ནང་དུ་སྙིང་ལ་མདའ་ཕོག་པ་ལྟར་གོ་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད། སངས་རྒྱས་་་་ཅེས་པའི་ཚིག་རྐང་དེ་བཟོ་དུས་དང་པོ་་་་སངས་་་་དང་་་རྒྱས་་་་གཉིས་ཀྱི་གོ་དོན་བོད་རང་གི་ཁ་སྐད་དུ་གང་ཡོད་པ་དེ་ཤེས་དགོས་པར་སེམས། དེ་མ་ཤེས་ན་་་་སངས་རྒྱས་་་་ཅེས་པའི་ཚིག་སྦྱོར་གོ་དོན་ལྡན་པ་དེ་བཟོ་ཐུབ་ཀྱི་མ་རེད། དེ་བཞིན་་་་དཀོན་མཆོག་གསུམ་་་་་གསུམ་ཞེས་པའི་ཚིག་སྦྱོར་དེ་བཟོ་དུས་དང་པོ་་་་དཀོན་པ་་་་་མཆོག་ཏུ་གྱུར་པ་་་་་་གྲངས་ཀ་གསུམ་་་སོགས་ཀྱི་གོ་དོན་བོད་རང་གི་ཁ་སྐད་དུ་གང་ཡོད་པ་དེ་ཤེས་དགོས་པར་སེམས། དེ་མ་ཤེས་ན་་་་་དཀོན་མཆོག་གསུམ་་་་་ཞེས་པའི་ཚིག་རྐང་གོ་དོན་དང་ལྡན་པ་དེ་སྦྱོར་བ་ཇི་ལྟར་བྱེད་ཐུབ་བམ། འདིར་གནད་དོ་ཆེན་པོ་གཅིག་ནི་ཚིག་རྐང་གཉིས་གསུམ་སྦྱོར་བ་བྱས་པ་དཔེར་ན་་་དགེ་འདུན་་་་ལྟ་བུ་ལེགས་སྦྱར་སྐད་དང་བསྟུན་ནས་གསར་དུ་བཟོས་པ་ཡིན་ལབ་ཆོག་ཀྱང། ཚིག་སྦྱོར་བ་མ་བྱས་པ་དཔེར་ན་་་་སེམས་་་་་རིག་པ་་་་་བློ་་་་་དགེ་བ་་་་སྡིག་པ་་་་་ཤེས་པ་་་་་་སྣང་བ་་་་སྟོང་པ་་་་་བདེན་པ་་་་རྗུན་པ་་་དག་་་་་མ་དག་་་བཟང་པོ་་་ངན་པ་་་་་རྒྱུ་་་་་འབྲས་བུ་་་་་སྐྱེ་བ་་་་་་ཚིག་འདི་ཚོ་་བོད་སྐད་རང་ལ་སྔོན་མ་ནས་མེད་ན་བཀའ་བསྟན་བོད་སྐད་དུ་བསྒྱུར་བའི་དུས་་སྐབས་དེ་རང་དུ་་གསར་དུ་ག་འདྲ་བྱས་ནས་བཟོས་པ་ཡིན་ནམ། དེ་རིང་འདི་ཙམ་ཡིན། ཡང་སྐུ་ཉིད་ཀྱིས་་་ལེན་་་དང་་་ལན་་་གྱི་དག་ཆའི་འགྲོ་སྟངས་གསལ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་་་་གཡུང་དྲུང་བོད་ཀྱི་རིག་གཞུང་དང་་་ལ་དྭགས་ཀྱི་ལུགས་སྲོལ་་་་སོགས་ཀྱི་ཁ་ཤགས་འཐབ་རེས་བྱས་དགོས་ན་བདེ་པོ་རང་མིན་འདུག་པས་ཟུར་ཞུ་ཙམ་ཡིན།
བོན་པོ་ལགས། ཁྱེད་ཀྱིས་གསུངས་པ་བཞིན། འདོད་རྒྱལ་གྱི་ཚིག་མེད་ན། རྗེས་སྒྲུབ་ཀྱི་ཚིག་སྐྲུན་ཐུབ་མེད་། རྗེས་སྒྲུབ་མིང་བཟོ་བ་ལ་འདོད་རྒྱལ་ངེས་པར་དུ་དགོས། བོད་ལ་མི་མེད་པ་ཡིན་ན། ང་ཅག་ཀུན་ཇི་ལྟར་བྱུང་། ཁྱེད་ཀྱི་གསུང་དེ་ལ་སུན་འགོང་ནུས་མི་ནུས་སོ།
འཇུ་ཞེས་པ་ལ་དྭགས་ཀྱི་ཐུན་མོང་མ་ཡིན་པ་ཡིན་པ་ཞིག་ཏུ་ངོས་འཛིན་མཛད་མཁན་མང་པོ་ཞིག་འདུག སྔར་འཇུ་ཟེར། དིང་སང་འཇུ་ལེགས་ཟེར། ཚིག་འདི་བོད་འཕན་ཡུལ་དུ་སྐུ་འཁྲུངས་པ་པོ་ཏོ་པས་བཀོལ་པ་དཔེ་ཆ་ན་མཇལ་བ་དེ་རང་ཡིན། པོ་ཏོ་པའི་ཞལ་ནས། ཇོ་བོ་འཇུ་ཞེས་པ། འགྲེལ་བཤད། ཁ་སྐད་ལ་ཇོ་བོ་འཇུ་ཁྱེད་རང་ལ་སྐྱབས་སོ་ཟེར་ཞིང་། དཔེ་ཆོས་རིན་ཆེན་སྤུངས་པ། རྒྱ་གར་སཱ་ར་ན་ཐ། དེབ་གཟུགས་མ། ཤོག་གྲངས། ༣༦ པ་ནའོ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ༼འདོད་རྒྱལ་གྱི་ཚིག་མེད་ན། རྗེས་སྒྲུབ་ཀྱི་ཚིག་སྐྲུན་ཐུབ་མེད་། རྗེས་སྒྲུབ་མིང་བཟོ་བ་ལ་འདོད་རྒྱལ་ངེས་པར་དུ་དགོས།༽ གསུངས་པ་ལ། འདོད་རྒྱལ་གྱི་མིང་དང་རྗེས་སྒྲུབ་ཀྱི་མིང་དུ་ཁ་གཡར་ནས་སྦོམ་བཤད་རགས་པ་འདིས་བོད་ཀྱི་མིང་ཚིག་དག་གི་རྨང་གཞིའི་གནས་སྟངས་ངོ་མ་དེ་སྦས་བསྐུངས་བྱས་པ་ལྟ་བུ་མ་གཏོགས་གསལ་ཁ་ལྡན་པ་ཞིག་བཟོ་ཐུབ་ཀྱི་མིན་འདུག། འདོད་རྒྱལ་གྱི་མིང་དང་རྗེས་སྒྲུབ་ཀྱི་མིང་གཉིས་དུས་མཉམ་པར་བྱུང་ངམ་དུས་ཐ་དད་པར་བྱུང་དང་པོ་དེ་ཁ་གསལ་པོ་བཟོ་དགོས་པར་སེམས། ཡང་ན་བོད་ཀྱི་འདོད་རྒྱལ་གྱི་མིང་དང་རྗེས་སྒྲུབ་ཀྱི་མིང་གཉིས་རྒྱ་གར་གྱི་བཀའ་བསྟན་མ་བསྒྱུར་བའི་སྔོན་ནས་བོད་ལ་ཡོད་པར་ཁས་ལེན་ཐུབ་བམ། དེ་ཁས་ལེན་མི་ཐུབ་ན་སྔ་རབས་ཀྱི་བོད་མི་ཚོས་འདོད་རྒྱལ་གྱི་མིང་ཚིག་གཅིག་པུས་ཕན་ཚུན་གྱི་གོ་བརྡ་ཡོངས་རྗོགས་ག་འདྲ་བྱས་ནས་འཕྲོད་ཐུབ་བམ། གལ་སྲིད་རྗེས་སྒྲུབ་ཀྱི་མིང་ཚིག་རྣམས་སྔ་རབས་ནས་ཡོད་པར་ཁས་ལེན་ཐུབ་ན་བོད་ཀྱི་མིང་ཚིག་སྦྱོར་བ་བྱས་ཚད་བཀའ་བསྟན་བསྒྱུར་སྐབས་དེ་ག་རང་དུ་གསར་བཟོ་བྱས་པའི་ཧམ་བཤད་དེ་རང་བཞིན་གྱིས་འཇིགས་པར་གྱུར། ཡང་ཁྱེད་ཀྱིས་༼བོད་ལ་མི་མེད་པ་ཡིན་ན། ང་ཅག་ཀུན་ཇི་ལྟར་བྱུང་།༽ གསུངས་པ་ལ། བོད་ཡུལ་ཆུས་གང་ནས་མི་མེད་པའི་ལོ་རྒྱུས་བཟོ་མཁན་དེ་ཚོས་རྗེས་སུ་འབྲང་ན་ང་ཚོ་བོད་མི་རྣམས་ནི་འཇམ་གླིང་འདི་ཡི་ནང་གི་མི་རིགས་གསར་ཤོས་དེ་ཡིན་པ་ཁས་ལེན་དགོས་པར་སེམས། དེ་ཡང་འཇམ་གླིང་འདི་ཡི་མི་རིགས་ཡོངས་རྗོགས་ཀྱི་རྗེས་སུ་བྱུང་བའི་མི་རིགས་ཤིག་ཏུ་ཡང་འདོད་དགོས་པར་སེམས། ཡང་ན་ཕལ་ཆེར་བོད་ཡུལ་དུ་དེ་དུས་མི་མེད་པས་འུ་ཅག་ཀྱང་མེད་པ་ལྟ་བུར་འགྱུར་རྒྱུའི་ཉན་ཁ་ཡོད་རེད་ད། འདི་ནི་ཞོར་འཕྲོས་ཙམ་དུ་མོལ་བའོ། ཇོ་བོ་འཇུ་་་ཞེས་པ་དེ་ནི་་་རྒྱ་གར་སྐད་དུ་་་སྦ་སྦུ་འཇི་་་་་ལ་ལ་འཇི་་་་་གུ་རུ་འཇི་་་་་ལབ་པ་འདྲ་པོ་འདུག། བལ་པོའི་ཁ་སྐད་དུ་དེ་དག་ལ་་་་་འཇུ་་་་་ཞེས་པའི་ཚོག་དེ་གསལ་པོ་ལབ་ཀྱི་འདུག། དེས་ན་ལ་དྭགས་ཀྱི་་་་འཇུ་ལེགས་་་་འབོད་པའི་ཚིག་འདི་་དེ་འདྲ་ཡིན་པར་འདོད་དམ།
http://www.phayul.com/news/article.aspx?article=Everest+hero+finds+incredible+religious+treasure+trove+in+Nepal&id=29176
http://www.youtube.com/watch?v=TeR4wf47-64&playnext=1&list=PLEDA2F9D4F4D91B9C
http://www.youtube.com/watch?v=YS3yQLB7nvI&feature=related
འདིར་་་་་་མདོ་གཟེར་མིག་་་་བྱིན་རླབས་ཅན་ཞིག་བཞུགས་འདུག་པས་དྲྭ་གྲོགས་རྣམས་ཀྱིས་གཟིགས་པར་མཛོད།།
http://www.youtube.com/watch?v=JG6XJtpyXKs
བོན་པོ་ལགས། ལ་དྭགས་ལ། སྔར་དང་། ལོ་སུམ་ཅུ་ཙམ་སྔོན་དུ། འཇུ་ཡི་མི་རིགས་ཡིན་པ། ངའི་ངོ་ཤེས་པ་ཞིག་ཡོད། དེ་ཉིད་གྲོང་ཡུལ་དག་ཏུ་ཕྱིན་པ་ན། དེ་དག་གི་སྐྱེ་བོ་དག་གིས་ག་རུ་ཡིན་ན་ཡང་། འཇུ་ལེགས་མ་ཟེར་བར་འཇུ། འཇུ་ཟེར་བ་ན། འདི་དག་གིས་ང་འཇུ་ཡིན་པ་འདི་དག་གིས་ཅི་ལྟར་ཤེས་སམ་ཞེས་དེའི་སེམས་ལ་ཤར་འདུག འཇུ་ཞེས་པའི་ཚིག་འདི་འདྲ་བ་རྒྱ་གར་ཧིན་དིའི་ཚིག་མཛོད་ཡོད་པ་ཁོ་བོས་མཐོང་བ་ཡིན། བདག་གིས་ཧིན་བོད་ཀྱི་ཚིག་མཛོད་སྔོན་ཧིནད་སྐད་སློབ་དུས་ལོ་རབས་དྲུག་ཅུ་པར་བཟོས་པ་ལ་དྭགས་མཚན་ཉིད་སློབ་གྲྭ་ནས། ༢༠༠༣ སྤར། འཇུ་ཞེས་པའི་ཚིག་འདི་བོད་དུ་སྔོན་པོ་ཏོ་པ། ༡༠༢༧ ནས ༡༡༠༥ བཞུགས་པ་དེ་ཡིས་ཀྱང་དཔེ་ཆོས་སུ་གསུངས་པ་རྩད་གཅད་ན་མཁྱེན་ངེས།
རྗེས་སྒྲུབ་ཀྱི་ཚིག་གང་ཡིན་ཀྱང་། ཕལ་ཆེར་འདོད་རྒྱལ་ཚིག་གཉིས་ལ་བརྟེན་ནས་གྲུབ་དགོས། དེས་ན་འདོད་རྒྱལ་གྱི་ཚིག་སྔོན་དུ་མ་སོང་བར་རྗེས་སྒྲུབ་བཟོ་ཐབས་མེད་སྙམ། འོན་ཀྱང་འདོད་རྒྱལ་ཚིག་གཅིག་ལ་བརྟེན་ནས་ཀྱང་རྗེས་སྒྲུབ་མིང་གྲུབ་པར་མཐོང་སྟེ། ངའི་བློ་ལ་ཤར་བ་ལྟར་ན། ཕྱུགས་མང་པོ་ཡོད་པ་ལ། ཕྱུག་པོ་ཞེས་རྗེས་སྒྲུབ་དང་། རུ་ཅོའམ། རྭ་ཅོ་བརྩིགས་ནས་བསྐོར་བའི་ཚོམས་ལ་རྭ་བསྐོར་ཞེས་གྲུབ་པར་སེམས་སོ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་སུ། བོད་ལུགས་ལོ་གསར་ལ་སྐུ་ཁམས་བཟང་བའི་བཀྲ་ཤིས་བདེ་ལེགས་ཡོད། ལ་དྭགས་་་་ཅེས་པའི་ཡུལ་མིང་འདི་ག་དུས་ཐོག་པ་ཡིན་མིན་དང་་་ལ་དྭགས་་་་ཅེས་པའི་ཚིག་དོན་གང་ཡིན་མིན། ཡང་ན་སྔར་་་མར་ཡུལ་་་་ཞེས་སུ་འབོད་སྲོལ་ཡོད་མེད་དང་དེའི་དོན་གང་ཡིན་མིན། འཇུ་་་་་ཞེས་པའི་ཚིག་དེའི་་་ནང་དོན་ངོ་མ་་་ངོས་འཛིན་ག་འདྲ་ཞིག་གནང་གི་ཡོད་མེད་བཅས་ཀྱི་ལེན་ཞིག་ཡོད་པ་ཞུ།
བཀྲ་ཤིས་བདེ་ལེགས། Bonpo ལགས། སྐུ་ཉིད་ཀྱིས་འདིར་བཀོད་གནང་བའི་བརྙན་རིས་དེ་ཚོར་ཚང་མ་བལྟ་རྒྱུ་བྱུང་། ན་ནིང་ནས་འདིའི་སྐོར་གང་འཚམས་ཤིག་ལ་བལྟས་པ་ཡིན་ཡང་ད་ལྟ་གསར་པ་ཁ་ཤས་ཤིག་འདུག
ས་ཕུག་རྙིང་པ་ཞིག་ནང་ཡོད་པའི་དཔེ་ཆ་དེ་ཚོ་ས་ཕུག་བཞིན་དེ་འདྲ་རྙིང་པ་ཞིག་ཨེ་ཡིན་བསམས་སོང་ལ་དུས་ཚོད་རིམ་པ་མ་འདྲ་བའི་མི་དུ་མ་ཞིག་བྲག་ཕུག་དེའི་ནང་བྱུང་ཡོད་སྲིད་པ་འདྲ་ཞིག་འདུག
དཔེ་ཆ་དེ་ཚོའི་ནང་གི་བརྡ་དག་གི་འགྲོ་སྟངས་དེ་སྐད་གསར་བཅད་རིམ་པའི་རྗེས་ལ་མིན་འགྲོ་བསམ་བསམ་ཞིག་འདུག
བྲག་ཕུག་ནང་གི་དཔེ་ཆ་དེ་དག་མ་ཡིན་པའི་དཔེ་ཆ་རྙིང་དྲི་ཆེ་སེ་བ་ཞིག་ནི། མདོ་གཟེར་མིག་ཟེར་བ་དེ་ཡིན་ལོས་ཆེ། དེ་ནི་མ་མཐའ་ཡང་། ཁྲི་སྲོང་ལྡེའུ་བཙན་གྱི་མན་ཞིག་མིན་པ་འདྲ། དེ་ནི་ཏུན་ཧོང་གི་ཡིག་རྙིང་སོགས་ལ་འདྲ་ཆེ་བས་དེ་ལྟར་དུ་བསམས།
བྲག་ཕུག་ནང་གི་མིའི་མགོ་རུས་དེ་ཚོ། རྒྱ་གར་ནུབ་བྱང་ཕྱོགས་ནས་ཡིན་པར་སྨྲ་བ་དེར། ང་དེ་འདྲའི་ཧང་སངས་མ་སོང་།
རྒྱུ་མཚན་ནི། ངས་སྔོན་མ་ནས། བོད་ཀྱི་ཆུ་ལྷ་མེ་ལྷ་རླུང་ལྷ་ཡུལ་ལྷ་དགྲ་ལྷ་ལ་སོགས་པའི་ལྷ་མང་པོ་དེ། ཨི་རན་གྱི་གནའ་བོའི་ཛོ་ཌི་ཡན་དང་གྷི་རིག་གི་ལྷ་མང་རིག་པ་དང་འབྲེལ་བ་ཞིག་མཐོང་སོང་བས་ཡིན། རྒྱལ་ཁབ་དེ་དང་དེའི་ལོ་རྒྱུས་ལ་བལྟས་ནའང་དེ་ལ་འབྲེལ་བ་ཞིག་ཏན་ཏན་ཡོད་པ་རེད་སྙམ།
དེར་མ་ཟད། ང་ཚོའི་ཞང་ཞུང་གི་དཔལ་ཡོན་དང་འབྲེལ་བའི་རིག་གཞུང་དེའང་ཕར་སྟག་གཟིག་དང་འབྲེལ་བར་མང་པོ་ཞིག་གིས་ཤོད་ཀྱི་འདུག་པ་ལྟར་རེད།
བོད་ཀྱི་གནའ་བོའི་རིག་གཞུང་དང་འབྲེལ་བའི་དྲ་བརྙན་གལ་ཆེན་དེ་འདྲ་འདིར་བཀོད་པར་ཐུགས་རྗེ་ཆེ་ཞུ།
མདའ་ཚན་པ་ལགས། བཀྲ་ཤིས་བདེ་ལེགས། འདིར་གཟིགས་གནང་དང་གློ་ཡུལ་དུ་་་བོན་འཁོར་་་་ཞེས་པའི་་་བོན་གྱི་འདུས་སྡེ་་་་ཆེན་པོ་ཞིག་ཆགས་མྱོང་བའི་ཤུལ་མངོན་པར་གསལ་གྱི་འདུག། འདི་ནི་ཤིན་ཏུ་ངོ་མཚར་ཆེ། http://www.youtube.com/watch?v=ZqkyEd8eLuY
་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་་་་་༢༠༡༡་་་༢་་་༢༨་་་ཉིན་གྱི་བོད་ཡིག་གི་གསར་གནས་སུ་བཀོད་པ་ལྟར་ན།
ཨ་རི་བ་་་པི་ཏྲར་ཨེ་ཐེན་སེ་ཞེས་པ་ཞིག་གིས་གློ་བོ་སྨོན་ཐང་གི་བྲག་ཕུག་གི་ནང་ནས་བོན་གྱི་གཏེར་མདྷོད་ཆེན་མོ་གཉིས་རྙེད་རབས་དང་དེ་དག་ནི་ཤིན་ཏུ་རྙིང་པའི་བོན་དཔེ་ཡིན་རབས་བཤད་འདུག
དྲྭ་གྲོགས་ཚོས་དེ་ཡི་སྐོར་ལ་རྒྱུས་མངའ་ཆེ་ཙམ་ཡོད་ན་གསུང་གནང་རོགས།
གློ་སྨོན་ཐང་ནི་སྔར་བོན་ཤིན་ཏུ་རྒྱ་ཆེ་བ་དར་སའི་ཡུལ་ལུང་ཞིག་རེད།
འོན་ཀྱང་དེང་སང་ས་སྐྱ་བས་དབང་བསྒྱུར་བྱས་ཟིན་འདུག
བོན་པོ་ཉུང་ཤས་ཤིག་ལས་མེད།
འོན་ཀྱང་དུད་ཚང་དེ་རིགས་ཀྱིས་བོན་གྱི་ལྷ་གསོལ་གཡང་སྒྲུབ་བྱེད་སྲོལ་ཙམ་ལས་ལྷག་མི་འདུག
ལོ་ཤས་སྔོན་ས་སྐྱའི་མཁན་པོ་ཞིག་ནས་གློ་ཡུལ་དུ་སྔར་བོན་པོ་དར་ཀྱང་རྗེས་སུ་བོན་ཆོས་ཀྱི་ལུགས་དེ་ཡང་དག་པར་མིན་པར་བརྟེན་སྣུབས་པ་རེད་ཅེས་ཁོང་གིས་བྲིས་པའི་དེབ་ཞིག་གི་ནང་དུ་བཀོད་འདུག
གློ་བོའི་རྒྱལ་པོས་ཀྱང་བོན་པོའི་ལྷ་སྲུང་བསྟེན་སྲོལ་ཡོད་པ་ད་ལྟའང་ཡོད་མུས་རེད།
ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་ཡིག་གསར་གནས་ནས་འདིར་འཁྱེར་ཡོང་བ་ཡིན་པས་དགོངས་འགལ་མེད་པ་ཞུ།
འབྲེལ་ཡོད་བོད་ཀྱི་གནའ་རྫས་རྙེད་སོན།
2011-02-28
སྔར་བོད་ཀྱི་ཆ་ཤས་མངའ་ཁུལ་གློ་ཡུལ་གྱི་ཐག་རིང་རི་ཁུག་ཏུ་གནའ་བོའི་བྲག་ཕུག་རྙིང་པ་མང་པོ་ཞིག་ཡོད་པ་བརྙེད་ཐུབ་པ་བྱུང་འདུག
༄༅༎རི་བོ་ཇོ་མོ་གླང་མའི་རྩེ་མོར་ཐེངས་བདུན་འཛེགས་སྐྱོད་གནང་མཁན་ཨ་རི་བ་པི་ཊར་ཨེ་ཐེན་སི་ཡིས་༢༠༠༤ནས་བཟུང་བལ་ཡུལ་བྱང་ཕྱོགས་ཁུལ་མིག་གི་སྐྱ་སྒྲིབ་གཤག་བཅོས་ཀྱི་དགེ་རྩའི་ལས་དོན་ནང་མཉམ་ཞུགས་གནང་བའི་རྗེས་། ཉེ་དུས་ཁོང་གིས་སྔར་བོད་ཀྱི་ཆ་ཤས་མངའ་ཁུལ་གློ་ཡུལ་(Mustang)གྱི་ཐག་རིང་རི་ཁུག་ཏུ་གནའ་བོའི་བྲག་ཕུག་རྙིང་པ་མང་པོ་ཞིག་ཡོད་པ་བརྙེད་ཐུབ་པ་བྱུང་སྟེ། བྲག་ཕུག་དེ་ཚོའི་ནང་ནས་སྔར་གྱི་བོན་པོའི་རྩ་ཆེའི་ཕྱག་དཔེའི་གཏེར་མཛོད་ཆེན་པོ་གཉིས་དང༌། ཡང་སྟོན་པ་ཡེ་ཤུ་མ་འཁྲུངས་གོང་གི་ལོ་བརྒྱའི་སྔོན་གྱི་མིའི་རུས་པ་བརྙེད་སོན་བྱུང་གནང་བཞག།
ཨ་རི་བ་པི་ཊར་ཨེ་ཐན་སི་ཡིས་༡༩༩༦ལོར་རི་བོ་ཇོ་མོ་གླང་མའི་རྩེ་མོར་འཛེགས་སྐྱོད་བྱེད་མཁན་མི་གྲངས་༡༥རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་སྐབས་ཁོང་གིས་རི་འཛེགས་པ་དེ་ཚོ་སྐྱོབ་ཐབས་ཀྱི་འབད་བརྩོན་ཆེན་པོ་གནང་ཡོད་སྟབས་། ཁོང་ལ་འཛམ་གླིང་ནང་Mr. Everestཞེས་ཡོང་གྲགས་མིང་ཐོབ་ཡོད་པ་རེད། བལ་ཡུལ་ནང་མིག་གི་སྐྱ་སྒྲིབ་གཤག་བཅོས་སྐབས་རོགས་པ་གནང་བའི་དུས་རིང་
ཁོང་གིས་ས་གནས་ཡུལ་མི་མང་པོ་དང་གྲོགས་པོ་ཆགས་གནང་ཡོད་པ་དང༌། དེ་ཚོའི་གྲས་ནས་མི་འགའ་ཤས་ཀྱིས་ཁོང་རི་མཐོ་སར་སུས་ཀྱང་འགྲོ་མྱོང་མེད་སའི་གནའ་བོའི་བྲག་ཕུག་ཡོད་སར་སྣེ་འཁྲིད་བྱས་པའི་རྗེས་སུ། པི་ཊར་ཨེ་ཐེན་སི་ལ་ཡ་མཚན་ཅན་གྱི་བྲག་ཕུག་དེ་ཚོའི་ཐོག་ཞིབ་འཇུག་གནང་རྒྱུའི་འདོད་པ་ཆེན་པོ་བྱུང་གནང་འདུག།
དེ་ནས་༢༠༠༨ལོར་བལ་ཡུལ་གཞུང་དང་གནའ་དངོས་ཤུལ་རྫས་ཞིབ་འཇུག་ཚན་པས་པི་ཊར་གྱིས་གཙུགས་གནང་བའི་གནམ་སྒོ་ཐེབས་རྩ་དང་མཉམ་དུ་བྲག་ཕུག་དེ་ཚོའི་ཐོག་ཞིབ་འཇུག་གནང་རྒྱུའི་གྲོས་མཐུན་བཞག་གནང་ནས་ལས་དོན་འགོ་འཛུགས་གནང་ཡོད་པ་དང༌། ལོ་གཉིས་རྗེས་སུ་ཞིབ་འཇུག་པ་ཚོས་གློ་ཡུལ་གྱི་རི་མཐོ་པོ་ཡོད་སར་བྲག་ཕུག་མང་པོ་ཞིག་བརྙེད་ཐུབ་ཡོད་པ་དང༌། བྲག་ཕུག་དེ་ཚོ་གོང་འོག་ཏུ་ལྡེབས་རིས་རྙིང་པ་དང༌། བོད་ཡིག་ཐོག་སྔར་བོན་གྱི་ཕྱག་དཔེ་ཁྲི་གཅིག་མིན་ཙམ་ཡོད་པའི་གཏེར་མཛོད་ཆེན་པོ་གཉིས་དང༌། མི་༢༧གྱི་རྐང་རུས་བརྙེད་སོན་བྱུང་ཡོད་པ་རེད། བྲག་ཕུག་ནང་གི་ལྡེབས་རིས་དེ་ཚོ་རྒྱ་གར་གྱི་གྲུབ་ཐོབ་ཁག་གི་ཡིན་པ་དང༌། གྲུབ་ཐོབ་རེ་རེའི་མཚན་དང་ཁོང་རྣམ་པའི་རྣམ་ཐར་ཞིབ་ཕྲ་བཀོད་ཡོད་པ་རེད། དེ་བཞིན་བྲག་ཕུག་དེ་ཚོའི་ནང་ཡོད་པའི་མིའི་རྐང་རུས་ལ་བརྟག་ཞིབ་བྱེད་སྐབས་ དེ་ཚོ་ཕལ་ཆེ་བ་རྒྱ་གར་ནུབ་བྱང་ཁུལ་གྱི་མིའི་རིགས་ཀྱི་འབྱུང་ཁུངས་ཡིན་པ་ཤེས་རྟོགས་བྱུང་འདུག།
Copyright © 1998-2011 Radio Free Asia. All rights reserved.
འདིར་ཞིབ་འཇུག་པ་ཚོ་ཁག་གཅིག་གིས་་་་སྟོད་མངའ་རིས་་་་་ཀྱི་་་་ཁྱུང་ལུང་དངུལ་མཁར་་་་རམ་ཡང་ན་་་་་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཚལ་་་་་ཞེས་སུ་འབོད་སྲོལ་ཡོད་ས་དེར་སྔ་རབས་་་་་་ཞང་ཞུང་་་་་་གི་བོན་གྱི་གནས་གཞི་ཆེན་པོ་ཞིག་གསར་རྙེད་བྱུང་སྐོར་གླེང་གི་འདུག་པས་དྲྭ་གྲོགས་ཚོས་གཟིགས་པར་འཚལ། http://www.youtube.com/watch?v=h32Net647pg
འདིར་གཟིགས་དང་་་་་་མཁས་དབང་ནམ་མཁའི་ནོར་བུ་རིནཔོ་ཆེ་མཆོག་་་་་་་༡༩༨༨་་་་་་ལོར་སྟོད་མངའ་རིས་་་་་ཀྱི་་་་ཁྱུང་ལུང་དངུལ་མཁར་དུ་ཕེབས་པའི་སྐོར་ཞིག་འདུག། ཁོང་གིས་་མ་འོངས་པར་་་་་ཁྱུང་ལུང་དངུལ་མཁར་་་་འདི་་་་་མཐོ་ལིང་་་་ལས་ཀྱང་སྐད་གྲགས་ཆེ་བ་ཡོང་སྐོར་གསུང་གི་འདུག། http://www.youtube.com/watch?v=8CMlxwvjFEU&playnext=1&list=PL2DB7284E013A69FF
འདོད་རྒྱལ་གྱི་མིང་ནི། བོད་ཀྱི་སྤྲ་མིའི་དུས་ནས་དར་ཟིན་དགོས་། དེས་ན་རྗེས་གྲུབ་ཀྱི་མིང་ལས་འདོད་རྒྱལ་གྱི་མིང་སྔ་བ་ལ་རྩོད་པ་མེད། ལག་པས་འཇུས་པ། ཕན་ཚུན་འཇུ་རེས་བྱས་པ། འཇུ་བཞིན་པ། འཇུ་མི་ཕམ། འཇུ་ཐག འཇུ་ཡེ་སྐམ་པ་སོགས་བོད་འཁྲུལ་མེད་ཅིག་ལས། གཞན་ལས་གཆར་ཚིག་ཏུ་འདོད་པ་འཁྲུལ་བ་རེད།
གཡར་ཚིག་ཏུ།
འབྲུག་པའི་ཡུལ་མི་ཚོས་རང་གི་སྲིད་པའི་སྔར་སྲོལ་་་་་བོན་པོའི་་་་་རིང་ལུགས་བཟང་པོ་གང་ཡོད་པ་རྣམས་དེང་གི་དུས་སུ་ཡང་རྒྱུན་སྐྱོང་བྱེད་བཞིན་གནས་ཡོད་པའི་དཔྱད་གཏམ་དབྱིན་ཡིག་ཐོག་སྤེལ་བ་ཁག་གཅིག་་འདིར་བཀོད་ཡོད་པས་དྲྭ་གྲོགས་ཚོས་གཟིགས་པར་འཚལ། རིག་གཞུང་དང་གོམས་གཤིས་ལ་བཅོས་བསྒྱུར་བྱེད་རྒྱུ་ནི་དཀའ་བའི་ལས་ཤིག་ལོས་ཡིན། ས་ཁུག་དང་ལུང་ཁུག་གི་མི་ཚོས་རང་གི་རིང་ལུགས་བཟང་པོ་གང་ཡོད་པ་རྣམས་མ་དོར་ནས་དེང་གི་དུས་སུ་ཡང་འཚོ་ཞིང་ལོངས་སུ་སྤྱོད་ཀྱིན་གནས་ཡོད་པ་ནི་ཨེ་མ་ངོ་མཚར་ཆེ། དཔྱད་གཏམ་འདི་དག་བོད་ཡིག་ཐོག་ཕབ་ཐུབ་ན་ཡག་པོ་ཡོང་ས་རེད། http://www.scribd.com/doc/33733849/Bon-festivals-in-Bhutan-1
་་་་་སྤྲ་་་་་ཞེས་པའི་སེམས་ཅན་དེ་དང། ་་་་སྤྲེའུ་་་་ཞེས་པའི་སེམས་ཅན་གཉིས་པོ་དེ་་་མི་འདྲ་བ་་་་ཡོད་པས། དེས་ན་ཁྱེད་རྣམས་ཀྱིས་འདོད་པའི་བོད་མིའི་བྱུང་ཁུངས་དེ་་་་་སྤྲ་་་་་དང་་་་་་སྤྲེའུ་་་་་་་གཉིས་ཀྱི་ནང་ནས་གང་ཡིན་པར་འདོད་དམ།
བོན་པོ་ལགས།
དང་ཐོག་ནུབ་ཕྱོགས་པས། ཨ་དམ་དང་གཡེ་བ་ལས་དང་། ཤར་ཕྱོགས་པས། ཚེ་ལོ་དཔག་མེད་སྐབས་ནས་ལྷ་སྤྱོད་ངན་ལས། མིར་ཆགས་སྟངས་རྣམས་ལ་དགག་བཞག་མཐིལ་ཕྱིན་གཅིག་དང་། དེ་དག་ལས་ཐོག་མའི་མི་དག་བྱུང་རུང་མ་བྱུང་རུང་།
ཚན་རིག་པའི་ཆུའི་སྲོག་ཆགས་ནས་སྐམ་གནས་སྲོག་ཆགས་ལས་མིར་བྱུང་དགོས་ཚོད་ཀྱི་ཚོད་དཔག་གི་སྟེང་། དེ་ནས་གཞི་ནས་བོད་ནང་སྤྲ་ནས་བྱུང་དང་། སྤྲེའུ་ནས་བྱུང་།
ཡང་ན་གཉིས་ཀ་ལས་བྱུང་སྲིད་མི་སྲིད་སྒང་ལ་འགྲོ་མི་དགོས་སམ། ད་དུང་དཔྱོད་ཅིག་གཞོན་སྐྱེས་ཚོས། ཚན་ཆོས་ཟུང་འབྲེལ་གྱིས་མི་ཡི་འབྱུང་ཁུངས་དཔྱད་པའི་ཐག་གཅོད་མ་སྔ་ན་ལེགས་སྙམ།
སྤྲ་དང་། སྤྲེའུ་གང་ནས་བྱུང་གསལ་ཁ་ལྡན་པ་བཤོད་རྒྱུ་མེད་བཞིན་དུ། ད་དུང་བོད་ཀྱི་སློབ་ཕྲུག་ཚོར་སློབ་ཚན་ནང་བཞག་ནས་ཁྲིད་རྒྱུན་མ་ཉམས་པར་སྐྱོང་བཞིན་གནས་པ་ལ་དགོངས་ཚུལ་གང་ཡོད་དམ། དང་པོ་ང་རང་ཚོ་བོད་པའི་གནས་ཚུལ་དེ་ཤེས་པའི་ཐོག་ནས་དེ་ནས་གཞན་གྱི་འདོད་ཚུལ་ཁག་ལ་བརྟག་ན་མི་ལེགས་སམ། །
http://www.youtube.com/watch?v=_kKZWfTpYv4 འདིར་གཟིགས་གནང་དང་་གདོད་མའི་བོད་རིགས་སམ་ཞང་ཞུང་པ་ཡིན་པའི་དེང་བལ་པོའི་ཡུལ་མིར་གྱུར་བའི་་་་དགུ་རུང་་་ངམ་་་ཏ་མུར་་་་འབོད་པའི་དཔའ་བོའི་མི་རིགས་འདི་ཚོས་རང་གི་སྔ་མོའི་རིག་གཞུང་མི་ཉམས་རྒྱུན་སྐྱོང་གནང་གི་ཡོད་པའི་བཟོ་ཞིག་འདུག། ཁོང་ཚོས་འདོན་བཞིན་པའི་སྐད་འདི་་་བོད་སྐད་་་དམ་ཡང་ན་་་ཞང་ཞུང་གི་སྐད་་་བཅས་ལ་འབྲེལ་བ་ཆེན་པོ་ཡོད་པའི་ཁུངས་ཤིག་འདུག། ང་རང་ཚོ་བོད་པས་བདག་པོ་རྒྱག་མ་ཐུབ་ནས་ལུས་པའི་མི་རིགས་ཤིག་ཡིན་པ་འདྲ། མི་རིགས་འདི་སྣང་མེད་དུ་ཡན་གར་ལུས་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་ཁོང་ཚོས་་་བོན་གྱི་རིང་ལུགས་་་ལ་ཡིད་ཆེས་གནང་བ་ལ་བརྟེན་བྱུང་བ་ཞིག་་ཡིན་པར་སེམས། ཁོང་ཚོས་དེང་སྐབས་སྤྱོད་བཞིན་པའི་ཡི་གེ་ནི་བལ་པོའི་རོང་སྐད་ཡིན་ཀྱང་རྒྱབ་བཞིན་པའི་ཁ་སྐད་དེ་ནི་བོད་སྐད་ཀྱི་རྨང་གཞི་རང་ཡིན་པ་གསལ་པོ་འདུག།
འདིར་ཡང་གཟིགས་པར་འཚལ།
༼༼དེར་མ་ཟད་ད་ལྟ་བོད་ཀྱི་དེབ་ཐེར་དང་བོད་རིག་པའི་ཞིབ་འཇུག་པ་ཚོས་བོད་དུ་དགོན་པ་སྔ་ཤོས་བསམ་ཡས་གཙུག་ལག་ཁང་དང་རབ་བྱུང་བ་ཐོག་མ་སད་མི་མི་བདུན་ཡིན་པ་གཅིག་མཐུན་གྱི་ལྟ་ཚུལ་དུ་གྲུབ་ཡོད་མོད། འོན་ཀྱང་དྲིལ་བུ་འདིའི་ཁ་བྱང་ཡི་གེ་ལ་དཔྱད་ན་དུས་དེའི་སྔོན་ལ་དཔའ་རིས་སུ་བོད་ཀྱི་དགོན་སྡེ་དང་གྲྭ་བཙུན་སོགས་ཡོད་ཚོད་འདུག༽༽ འདིར་གཟིགས་དང་དྲྭ་གྲོགས་ཚོ།
http://tb.tibet.cn/2010news/qtzq/201105/t20110504_1022634.html
སད་མི་བདུན་སྔོན་ལ་རབ་འབྱུང་མེད་ཙང་ཐོག་མར་རབ་འབྱུང་ཡོང་དང་མི་ཡོང་ཉམས་སད་པའི་ཆེད་དུ་བཟོས་པའི་གྲྭ་པའམ་བཙུན་པ་སད་མི་བདུན་ཞེས་གྲགས་པ་ལ་དགོས་པ་ཡོད་དགོས།
དེའི་སྔོན་གྱི་སྔར་བོན་པོའི་ཆོས་བརྒྱུད་པའི་གྲྭ་བཙུན་མེད་པ་ཙམ་མ་ཟད། ཁྲི་སྲོང་བཙན་ནས་ཁྲི་སྲོང་ལྡེ་བཙན་བར་ནང་པའི་གྲྭ་བཙུན་ཡོད་ན། དེབ་ཐེར་ནང་འཁོད་དགོས་པ་ལ་དེ་ལྟར་མ་བཀོད་པའི་རྒྱུ་རྐྱེན་གང་མ་ཚང་བ་ཡིན་ནམ། འདི་ལ་ཡང་ལན་ཅིག་རྙེད་དགོས་པ་ལ་དེ་རྙེད་པས་་་་་
མ་རྙེད་པས་་་་
བོན་གྱི་སྐོར་ལ་དེ་ཙམ་རྒྱུས་མངའ་མེད་བཞིན་དུ་ལམ་སེང་འདི་ཡིན་འདི་མིན་གྱི་ཐག་གཅོད་གནང་ན་རུང་ངམ། བོན་གྱི་འདུལ་བསྟན་དར་ཚུལ་སྐོར་ལ་གཟིགས་འདོད་ན་འདིར་མདོར་བསྡུས་ཤིག་འདུག་པས་གཟིགས་པར་འཚལ། བོན་པོ་ཚང་ལ་་་འདུལ་བ་་་ཟེར་ན་ངོམ་རིན་ཆོག་པ་ཞིག་ཡོད་རེད་ད་དྲྭ་གྲོགས་ལགས། http://www.himalayabon.com/article/bon/dnz/2010070316.html
དཔལ་ལྡན་ཁ་བརྡ་ཚང་ལགས། འདི་ན་ང་ཚོས་བགྲོ་གླེང་དཔེ་མི་སྲིད་པའི་ཡག་པོ་ཞིག་གནང་འདུག་པས་རྩོམ་ཡིག་འདི་དྲྭ་ཚིགས་ཀྱི་མཆན་མང་ཤོས་ཀྱི་རྩོམ་ཡིག་གི་མདུན་གྲལ་དུ་འཇོག་གནང་ན་ག་འདྲ་ཡོང་ས་རེད་དམ།