བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར།
ཆེས་བཀུར་བར་འོས་པའི་མི་མང་རྣམ་པ་ལགས། གུས་པ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་གྲས་སུ་སླེབས་རྗེས་ཙམ་མིན་པར། སུ་ཞིག་གིས་༧གོང་ས་མཆོག་གི་ལམ་སྟོན་དང་ཐུགས་རེ་རྣམས་སྣང་མེད་དུ་བཞག་སྟེ། ཡང་ན་ཁ་ནས་སྐྱོར་བ་ཙམ་གྱི་རྣམ་པར་བཞག་སྟེ་འཐུས་ཤོར་ཇི་ལྟར་གཏོང་གི་ཡོད་མེད་ལ་རྟག་ཏུ་རང་ཚོད་ཀྱིས་དོ་སྣང་བྱེད་ཁུལ་ནས། བར་ལམ་མི་མང་གིས་སྤྱི་འཐུས་ཀྱི་མཚན་ཞིག་གནང་བ་ནས། དམིགས་བསལ་དུ་འཛིན་སྐྱོང་གི་ཕྱག་ལས་གནང་སྟངས་ལ་དོ་སྣང་ཤུགས་ཆེར་བྱེད་དགོས་བྱུང་བ་ཁྲིམས་སྒྲིག་གིས་སྐུར་པའི་འོས་འགན་དང་། ལས་དང་སྨོན་ལམ་གྱིས་བགོས་པའི་ལས་ཀར་གྱུར། ཕལ་ཆེར་འདས་པའི་ལོ་ ༣ རིང་གསལ་བོ་མ་ཆགས་པའི་ཨ་སྒོར་ས་ཡ་ ༡་༥༠ སྐོར་གྱི་ལབ་གླེང་གིས། ང་ཚོའི་ཆིག་སྒྲིལ་ལ་མི་དགོས་ས་ནས་འགལ་རྐྱེན་སྣ་མང་བསྐྲུན་ཡོད་ཅིང་། དབང་ཆ་ལོག་སྤྱོད་དང་། རྒྱུས་ཡོད་རྒྱུས་མེད་ཀྱི་དངོས་དོན་ཧམ་པ་སུ་ཆེའི་འོག་ཟགས་ནས། དངོས་དོན་ཇི་བཞིན་མི་མང་གིས་མཁྱེན་རྒྱུར་སྒོ་གང་ས་ནས་བར་ཆད་སྣ་མང་འཕྲད་ཡོད་པ་བློ་ཕམ་གྱི་གནས་སུ་ཆེ་ཡང་། ད་ལྟ་གཞི་ནས་ལབ་གླེང་ཤུགས་ཆེར་བྱུང་པའི་གནས་ཚུལ་འདིའི་སྐོར་ཁུངས་ཡང་དག་པ་དང་བཅས་ཁྱེད་རྣམ་པར་ཞུ་རྒྱུ་བྱུང་བ་འདི་སྐལ་བ་བཟང་པོ་རེད་སྙམ། གནས་ཚུལ་འདི་ཞིབ་ཏུ་བཀླགས་རྗེས། སྨྱུག་འཛིན་པས་རེ་བ་གང་ཞིག་རྒྱག་གི་ཡོད་ཞུ་ན། ཀློག་པ་པོ་སྐུ་ཉིད་མཆོག་ལ། གང་ཟག་ཅིག་མ་རབས་ཐ་ཤལ་དུ་ངོས་འཛིན་ཡོང་བའི་འདུ་ཤེས་བསྐྲུན་ཐབས་མིན་ཞིང་། མང་གཙོའི་འབབ་ས་ཁྲིམས་སྒྲིག་དང་། ཁྲིམས་སྒྲིག་གིས་སྒྲིག་འཛུགས་ཇི་ལྟར་དབང་བསྒྱུར་གྱི་ཡོད་མེད་ལ་ཤེས་རྟོགས་གཏིང་ཟབ་འབྱུང་ཆེད་དང་། རྨང་གཞི་དེ་བརྒྱུད་མང་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་དབུ་ཁྲིད་ཚོས་མི་མང་ལ་དབུ་སྐོར་གཏོང་མི་ཐུབ་ཆེད་དང་། འགོ་ཁྲིད་ཀྱིས་ལས་དོན་ནོར་འཁྲུལ་ཅན་བྱེད་སྐབས་མི་མང་གིས་དེ་མ་ཐག་ཐེར་འདོན་ཚར་གཅོད་རྗེས་འཛིན་བྱ་ཐུབ་པ་བཅས་ཀྱི་ཉམས་མྱོང་བསགས་ཆེད་བཅས་སུ་དམིགས་པ་ཞིག་ཡིན། དེས་ན་ཨ་སྒོར་ས་ཡ ༡་༥༠ སྐོར་དོན་ཚན་ལྔར་དབྱེས་ཏེ་གོ་བདེ་བར་ཞུ་བ་ལ།།
གཅིག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་པས་ཨ་རི་དོན་ཁང་གི་རྩིས་ཁྲར་ཅི་ལྟར་ཞིབ་འཇུག་བྱས་སམ། གཉིས། ཨ་རི་བོད་ཀྱི་ཐེབས་རྩས་གན་རྒྱ་དེ་དང་འབྲེལ་ནས་བཀའ་ཤག་ལ་གསལ་བཤད་གང་དག་ཞུས་སམ། གསུམ། སྲིད་སྐྱོང་བློ་བཟང་སེང་གེ་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་རྣམ་གཉིས་ནས་ཨ་རིའི་རོགས་དངུལ་ལེན་ས་གཞན་ཞིག་བཟོ་འཆར་གནང་དོན་ཅི་ཡིན་ནམ། བཞི། དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་བུ་ལོན་གྱི་གན་ཡིག་དེ་ནག་ཁུང་ནང་སྣང་མེད་དུ་འཇོག་མི་ཐུབ་དོན་ཅི་ཡིན་ནམ། ལྔ། ཨ་སྒོར་ས་ཡ་ ༡་༥༠ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་འཁྲོལ་ཞུ་སྐབས་དབུ་སྐོར་ཅི་ལྟར་ཞུས་མིན། བཅས་གནད་དོན་ ༥ ཐད་ཁ་གསལ་གོ་བདེར་འབྲི་བའི་ངལ་བ་དང་དུ་ལེན་ན། གཟུར་གནས་གཞུང་སེམས་ཅན་དག་གི་ཐུགས་འདོད་ཚིམ་རེ་ཤིན་ཏུ་ཆེ།
གཅིག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་པས་ཨ་རི་དོན་ཁང་གི་རྩིས་ཁྲར་ཅི་ལྟར་ཞིབ་འཇུག་བྱས་སམ།
༢༠༡༧ ཟླ་ ༣ ཚེས་ ༢༧ ཉིན་ཨ་རིའི་དོན་ཁང་གི་རྩིས་ལོ་ ༢༠༡༤་་་ ༡༦ ལོའི་རྩིས་ཁྲར་རྩིས་ཞིབ་པ་ཆེད་བཅར་གྱིས་ཞིབ་འཇུག་བྱ་འགོ་བརྩམས། ༢༠༡༧ ཟླ་ ༤ ཚེས་ ༥ ཉིན་རྩིས་ཞིབ་པས་རགས་ཟིན་སྙན་ཐོ་འབྲི་འགོད་ཞུས་པ་ཉིན་རྒྱབ་དོན་གཅོད་ལས་ཁང་གི་འགོ་ལས་ཡོངས་དང་མཉམ་སྙན་སྒྲོན་གོ་བསྡུར་གནང་། སྐབས་དེར་རྩིས་སྙན་ནང་ཨ་རིའི་བོད་ཀྱི་ཐེབས་རྩ་ལ་སྤྲོད་བསྡད་གསལ་མིན་སྐོར་དོན་གཅོད་ནས་རྩིས་ཞིབ་པར་དྲི་བ་བཏང་། རྩིས་ཞིབ་པས་གསལ་གྱི་མི་འདུག་ཅེས་ལན་ཕུལ། དོན་གཅོད་ནས་གཞི་རྩའི་རྩིས་ཀྱི་འགྲོ་ལུགས་ལྟར་བྱས་ན་ཕྱོགས་གཅིག་ནས་ཡོང་བསྡད་ཡོད་ན་གཞན་དེའི་ནང་སྤྲོད་བསྡད་གསལ་དགོས་པར་སོང་། ཨ་རི་བོད་ཀྱི་ཐེབས་རྩའི་རྩིས་ནང་ཨ་རི་དོན་ཁང་གི་མཚན་ཐོག་བུ་ལོན་ཡོང་བསྡད་འདུག་པ་དང་། དེའི་དཔང་རྟགས་སུ་གན་རྒྱ་ཞིག་ཀྱང་བཞག་འདུག དོན་ཁང་གི་རྩིས་ཁྲའི་ནང་དེ་མཚུངས་སྤྲོད་བསྡད་དགོས་པ་ཞིག་མ་གསལ་ཚེ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་ཉེན་ལ་བརྟེན་དངོས་ཡོད་གནས་སྟངས་ལྟར་རྩིས་འཁུར་དགོས་ཀྱི་མེད་དམ་ཞེས་གསུངས། དེར་རྩིས་ཞིབ་པས་རྩིས་ལོ་ ༢༠༡༣ ་་་ ༡༤ ལོའི་སྙན་ཐོའི་ནང་དུའང་བུ་ལོན་ཡིན་པ་གསལ་གྱི་མེད་སྐོར་ཞུས་འཕྲལ། དོན་གཅོད་ནས་ཚང་འཛོམས་ཡོད་མུས་ཐོག་བོད་ཀྱི་ཐེབས་རྩར་ཁ་པར་བཏང་སྟེ་གན་ཡིག་གི་ངོ་བཤུས་ཤིག་སྐུར་རོགས་གསུངས་པར། དེ་མ་ཐག་གློག་འཕྲིན་ Email བརྒྱུད་འབྱོར་བ་རྩིས་ཞིབ་པར་ཕུལ། རྩིས་ཞིབ་པས་དཔྱད་ཞིབ་སྐབས། བུ་ལོན་ཡིན་པ་གསལ་ར་འཕྲོད་རྗེས་གོང་རིམ་ལ་སྙན་གསེང་ཞུ་རྒྱུ་གནང་སྟེ་ཚོགས་འདུ་གྲོལ།
༢༠༡༧ ཟླ་ ༤ ཚེས་ ༡༧ ཉིན་རྩིས་ཞིབ་པ་ཨ་རི་ནས་ཕྱིར་ཕེབས་ཏེ་ལས་བཅར་ཞུས་འཕྲལ། ཨ་སྒོར་ས་ཡ་ ༡་༥༠ སྐོར་སྙན་ཐོའི་སྐྱོན་གནད་ནང་འབྲི་རྒྱུ་གལ་ཆེར་དགོངས་པ་བཞིན་དངོས་སུ་ཕྱག་བསྟར་གྱིས་བྲིས་གནང་སྟེ་ཨ་རི་དོན་ཁང་གི་རྩིས་ལོ་ ༢༠༡༤ ་་་ ༡༦ ལོའི་རྩིས་ཞིབ་སྙན་ཐོ་རགས་ཟིན་གྲུབ་པར་བྱས། ༢༠༡༧ ཟླ་ ༤ ཚེས་ ༢༠ ཉིན། སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་མགོན་པོ་ལགས་དང་། དྲུང་ཚབ། དྲུང་འཕར། ཟུང་དྲུང་། འབྲེལ་ཡོད་རྩིས་ཞིབ་པ་བཅས་ལྷན་འཛོམས་སར། འབྲེལ་ཡོད་རྩིས་པས་ཨ་སྒོར་ས་ཡ་ ༡་༥༠ སྐོར་གན་རྒྱ་ཞིག་བཞག་འདུག་པའི་ནང་བུ་ལོན་ཡིན་ཚུལ་གསལ་བཀོད་བྱས་ཡོད་པའི་གནས་ཚུལ་རྣམས་ཞིབ་ཏུ་ཞུས་འབྲས། གན་རྒྱ་འཇོག་མཁན་གྱི་དེ་སྔའི་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ད་ལྟ་དཔལ་འབྱོར་ལས་ཁུངས་སུ་ཡོད་གཤིས། དེར་གསལ་བཤད་ཉན་ཞིབ་དགོས་རྒྱུ་ཐག་བཅད། ༢༠༡༧ ཟླ་ ༤ ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ། རྩིས་ཞིབ་པ་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་ཐུག་འཕྲད་གནང་། སྐབས་དེར་རྩིས་ཞིབ་པས། རྩིས་ལོ་ ༢༠༡༣ ་་་༡༤ ལོའི་ནང་ཨ་རི་བོད་ཀྱི་ཐེབས་རྩ་ནས་དོན་ཁང་གི་ས་ཁང་སྤུས་གཟིགས་ཆེད་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་རྩིས་ནང་ཨ་སྒོར་ས་ཡ་ ༡་༥༠ གནང་འདུག་པ་དེ་རོགས་དངུལ་ཡིན་ནམ་ཞེས་འདྲི་རྩད་ཞུས་སྐབས། སྐལ་རྡོར་ལགས་ནས་རོགས་དངུལ་རང་ཆགས་ཡོད་གསུངས། ཡང་རྩིས་ཞིབ་པས། དེ་ཡིན་ན། སྐུ་ཉིད་དང་ཨ་རི་བོད་ཀྱི་ཐེབས་རྩའི་བར་ ༢༠༡༤ ཟླ་ ༣ ཚེས་ ༣༡ ཉིན་བུ་ལོན་ཡིན་པའི་གན་རྒྱ་ཞིག་བཞག་འདུག་པ་འདི་ཅི་ཡིན་ཞེས་བཀའ་འདྲི་གནང་བར། ཡང་སྐལ་རྡོར་ལགས་ནས། གན་རྒྱ་དེ་ག་བ་ནས་བྱུང་སོང་ཞེས་གསུངས། དེར་རྩིས་ཞིབ་པས་བརྒྱུད་རིམ་ཆ་ཚང་འགྲེལ་བཤད་ཞུས། དེར་མུ་མཐུད་སྐལ་རྡོར་ལགས་ནས། ཁྲིམས་ཐོག་ནས་དཀའ་ངལ་མི་འཕྲད་སླད་བོད་ཀྱི་ཐེབས་རྩས་བཟོས་པ་ཞིག་ལས་དོན་ལ་བུ་ལོན་མིན། གན་རྒྱའི་ནང་ཅི་ལྟར་འཁོད་ཡོད་རུང་རོགས་དངུལ་རང་ཡིན་གསུངས། རྩིས་ཞིབ་པས། གན་རྒྱར་ཁྱོད་ཀྱིས་མཚན་རྟགས་བཀོད་ཡོད་པ་དང་། འབྲུ་དོན་དུའང་བུ་ལོན་ཡིན་གནས་གསལ་འདུག་སྟབས་འདི་ལོར་རྩིས་ཁྲར་རྩིས་བཅོས་ཀྱིས་བུ་ལོན་གྱི་ངོ་བོར་རྩིས་འཁུར་ཞུས་པ་ཡིན་གསུངས་པར། སྐལ་རྡོར་ལགས་ནས། ཨ་རི་བོད་ཀྱི་ཐེབས་རྩའི་མཉམ་གན་རྒྱ་དེ་དགོས་དབང་གིས་བཞག་པ་ལས་དེ་ལྟར་ཕྱིར་སློག་དགོས་ཀྱི་མེད་པ་ཕྱོགས་གཉིས་ཀས་གསལ་བོ་ཤེས་ཀྱི་ཡོད་ཅེས་ཨུ་ནན་གནང་། དེར་རྩིས་ཞིབ་པས། ཅི་སྟེ་དེ་ལྟར་ཡིན་ཚེ་བུ་ལོན་མིན་སྐོར་བོད་ཀྱི་ཐེབས་རྩས་ཡིག་ཐོག་ཏུ་བཀོད་པ་ཉིན་གྲངས་ ༡༠ ནང་གནང་རོགས་གསུངས་ཏེ་ཐུག་འཕྲད་མཇུག་གྲུབ།
སྐལ་རྡོར་ལགས་ནས་ཨ་སྒོར་ས་ཡ་ ༡་༥༠ ལས་སྔ་འདོན་ཨ་སྒོར་ཆིག་ཁྲི་ལྔ་སྟོང་ ༡༥༠༠༠། ཨ་རི་དོན་ཁང་གི་དམིགས་བསལ་རྩིས་འགོ་༧གོང་ས་མཆོག་གི་ཆིབས་བསྒྱུར་གྱི་རྩིས་འགོའི་ནང་བཅུག་བཏོན་བྱས། འདི་ནི་ཧ་ཅང་ཚབས་ཆེན་ཞིག་ཡིན། རྩིས་འགོ་དེར་༧དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བཀའ་འཁྲོལ་མེད་པར་དངུལ་སྐར་གང་ཡང་བཅུག་བཏོན་བྱས་ཆོག་གི་མེད་ཀྱང་། དཔལ་ལྡན་༧དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མཁྱེན་རྟོགས་གང་ཡང་མེད་པར་རང་སྣང་གང་ཤར་གྱིས་བཅུག་བཏོན་བྱས་འདུག ཉིན་གྲངས་ ༡༠ རྗེས་སུ་སྐལ་རྡོར་ལགས་ནས་ལན་གང་ཡང་མ་འབྱོར་སྟབས། འབྲེལ་ཡོད་རྩིས་ཞིབ་པ་ལགས་ནས་ ༢༠༡༧ ཟླ་ ༥ ཚེས་ ༢༡ ཉིན་ཨ་སྒོར་ས་ཡ་ ༡་༥༠ དེ་བཞིན་བུ་ལོན་ཡིན་པའི་གན་ཡིག་ལྟར། དོན་ཁང་གི་རྩིས་ལོ་ ༢༠༡༤་་་༡༦ ལོའི་རྩིས་ཞིབ་སྙན་ཐོའི་ནང་རྩིས་བཅོས་ཀྱིས་སྐྱོན་གནད་ནང་བཀོད་པ་གོང་རིམ་ཟུང་དྲུང་ལ་རྩིས་འབུལ་ཞུས། ༢༠༡༧ ཟླ་ ༥ ཚེས་ ༢༢ ཉིན་སྐལ་རྡོར་ལགས་ནས་ཡི་གེ་ཞིག་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དུ་ཕུལ། ཁ་ཕྱེས་ནས་ལྟ་སྐབས་དེ་ནི་བོད་ཀྱི་ཐེབས་རྩའི་ཡི་གེ་མིན་པར། ཁོང་གི་གསལ་བཤད་ཅིག་སྟེ། ཨ་སྒོར་ས་ཡ་ ༡་༥༠ བུ་ལོན་མིན་ཚུལ་དང་། ནེའུ་ཡོག་བོད་ཀྱི་ཐེབས་རྩའི་ཁང་ཁོངས་ནས་བོད་མིའི་སྒྲིག་འཛུགས་ལ་ཐོབ་སྐལ་ཡིན་གནས་འཁོད་ཡོད་འདུག ༢༠༡༧ ཟླ་ ༨ ནང་། སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་མགོན་པོ་མཆོག་ནས། ཨ་སྒོར་ས་ཡ་ ༡་༥༠ སྐོར་བཀའ་ཤག་ནས་ནང་གནས་ཐོག་གསལ་བཤད་ལན་འདེབས་དང་། བོད་ཀྱི་ཐེབས་རྩས་སྲིད་སྐྱོང་མཆོག་ལ་དབྱིན་ཡིག་ནང་ཕུལ་བའི་ཡིག་ཆུང་གི་ངོ་བཤུས་གནང་འབྱོར་ལ་དཔྱད་ཞིབ་རྗེས། སྙན་ཐོ་ནས་ཕྱིར་འཐེན་གནང་རྒྱུ་ཡིན་ཞེས་ཐག་བཅད་པའི་བཀའ་བསྒྲགས། ཐག་གཅོད་དེ་ནི་གཤམ་འོག་ལས་བྱེད་རྣམས་ཀྱང་ཡི་མ་རངས་པའི་གཞི་ཆེན་པོར་གྱུར་ཡོད། གལ་སྲིད་སྤྱི་ཁྱབ་རྩིས་ཞིབ་པས་དངོས་དོན་དུ་དྲང་པོ་གནང་འདོད་ན། སྐབས་དེར་ཨ་རི་བོད་ཀྱི་ཐེབས་རྩ་ལ་བཀའ་རྩད་ཙམ་ཡང་མི་གནང་བར། གན་རྒྱ་ཕར་བཞག སྒྲིག་གཞི་ཚུར་བཞག རྩིས་ཀྱི་འགྲོ་ལུགས་ལ་ལྟོས་མེད་ཀྱིས་ཡང་སྙིང་ཅི་ཞིག་གལ་ཆེར་བཟུང་བ་ཡིན་ནམ། གང་ཞིག་ལ་རྩ་འཛིན་གནང་བ་ཡིན་ནམ། བཀའ་དེ་ལྟར་གནང་འདུག
འོན་ཏང་བདེན་པ་རིམ་གསལ་དངོས་པོའི་གཤིས་ལ་སོང་། ༢༠༡༩ ལོའི་དེང་གི་དུས་གངས་ཅན་སྐྱིད་གཤོངས་གཙོས་དོ་སྣང་ཅན་དང་། དབུ་འཚོས་པོ་བཞུགས་སའི་ས་ཁུལ་མང་པོར་སྐབས་དེའི་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་རྣམ་གཉིས་ལན་འགར་ཟུར་མཇལ་གནང་བའི་གནས་ཚུལ་ཕྱི་གྱར་གྱིས་ཤེས་རྟོགས་བྱུང་ཡོད་ཅིང་། སྐབས་དེར་ཡང་སྙིང་བཀའ་མོལ་ཅི་ཞིག་གནང་ཡོད་མེད། གཅིག་ཕན་གཅིག་གྲོགས་ཀྱི་ཐག་གཅོད་ཅི་ལྟར་གནང་ཡོད་མེད་ལ་བསམ་ཚུལ་སྤུངས་བཞིན་པ་རེད། སྨྱུག་འཛིན་པ་ཁོ་བོར་ཡང་སྐབས་དེ་དུས་འོས་འགན་ཞིག་ཡོད་པའི་ཆ་ནས། གནད་དོན་འདིའི་ཆེད་སྐབས་དེའི་རྩིས་ཞིབ་འགན་འཛིན་མགོན་པོ་མཆོག་ལ་ཐེངས་གཉིས་བཅར་ཏེ་དངོས་དོན་བཀའ་འདྲི་ཞུས་ཀྱང་། ད་ལྟ་བསྡོམས་བརྒྱབས་དུས་བཀའ་ལན་དྲང་པོ་གནང་མི་འདུག་པ་གསལ་རུ་འགྲོ་བཞིན་འདུག་ཀྱང་། ངའི་རེ་བར་འགན་འཛིན་ཟུར་པ་མཆོག་གིས་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཟུར་མཇལ་བྱས་ཏེ་གནས་ཚུལ་ཅི་བྱུང་དྲང་པོ་དྲང་བཞག་གིས་༧གོང་ས་མཆོག་ལ་ཞུ་ངེས་ཤིང་། མི་མང་ལའང་སྙན་གསེང་ངེས་པར་ཞུ་གི་རེད་སྙམ། དེ་ནི་གཏམ་ཚེ་རིང་བ་ཞུ་བ་དེ་མེད་པ་བཟོ་ཐུབ་ཙམ་མིན་པར། མ་འོངས་པར་དབང་ཆ་ལོག་སྤྱོད་ཀྱིས་ཁྲིམས་སྒྲིག་བརྡལ་བཤིག་མི་གཏོང་བར་ཤིན་ཏུ་ཕན་ངེས་སྙམ་ལ། དེ་ནི་སྒྲིག་འཛུགས་སྲུང་སྐྱོབ་ཞུ་ཕྱོགས་ཚད་ལྡན་དེ་ཡང་རེད། ཀློག་པ་ཚོས། གནས་ཚུལ་འདི་ལྗགས་ཀློག་གནང་སྐབས་ཐུགས་ལྷོད་ལྷོད་ཀྱིས་བསམ་ཞིབ་གནང་ན། ཕྱོགས་ཡོངས་ཀྱི་གནས་ཚུལ་རྣམས་གུས་ནས་གོ་བདེ་བར་འབྲི་བའི་ངལ་བ་དང་དུ་ལེན་བཞིན་ཡོད་པས། རྔམ་དྲག་མ་གནང་བར། ཡང་ན་ལམ་སེང་གནས་ཚུལ་ཆ་ཚང་ཤེས་རེ་མི་གནང་བར་ངང་རྒྱུད་རིང་པོས་རང་གི་སྤྱི་ཚོགས་ལ་ཤ་ཚ་བའི་ཀུན་སློང་གིས་རྩོམ་བྲིས་འདི་ལ་ལྷོད་གཟིགས་གནང་དགོས།
གཉིས། ཨ་རི་བོད་ཀྱི་ཐེབས་རྩས་གན་རྒྱ་དེ་དང་འབྲེལ་ནས་བཀའ་ཤག་ལ་གསལ་བཤད་གང་དག་བྱས་ཡོད་དམ།
སྐབས་འདིར་ཐོག་མར་ཤེས་དགོས་པ་ནི། གན་རྒྱ་དེ་བཞིན་བོད་ཀྱི་ཐེབས་རྩ་དང་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ TCDF བར་བཞག་མེད་པར། ཨ་རི་དོན་ཁང་དང་བོད་ཀྱི་ཐེབས་རྩའི་བར་བཞག་ཡོད་པས། དེ་སྔ་ཝ་ཞིན་ཀྲོན་ཌི་སིར་དོན་ཁང་གསར་ཉོ་སྐབས་ཁྲིམས་རྩོད་པ་སྐུ་ཞབས་ Varley ལགས་ནས་བཏོན་པའི་དོན་ཚན་ཁག་དང་འགལ་ཟླར་གྱུར་ཡོད་ལ། གཙོ་བོ་དོན་ཁང་གི་ཆེ་མཐོང་ལྡན་པའི་ངོ་བོར་དོ་ཕོག་ཡོང་ཉེན་དང་མཉམ། དེའི་དོན་གྱི་བདག་པོ་༧གོང་ས་མཆོག་ལ་མཚན་ཤོས་ཡོང་གཞི་གཉིས་ཀར་ལྟོས་མེད་ཀྱིས་མུ་མཐུད་གན་རྒྱ་འཇོག་མཁན་དོན་ཁང་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཅེས་པ་གན་རྒྱ་སྔ་ཕྱི་གཉིས་ཀྱི་ནང་བཀོད་དེ་དོན་གཅོད་སྔ་ཕྱི་གཉིས་ཀྱིས་མཚན་རྟགས་བསྐྱོན་ཡོད། ད་ནི་གཞུང་ལ་ཞུགས་ན། བོད་ཀྱི་ཐེབས་རྩས་ཐོག་མ་ནས་གན་རྒྱ་དེ་ནུས་ལྡན་ཅན་དུ་ངོས་འཛིན་བྱས་ཡོད་ལ། དཔལ་ལྡན་སྲིད་སྐྱོང་གིས་གན་རྒྱ་དེ་དང་འབྲེལ་བའམ། ཡང་ན་དེ་དང་འབྲེལ་ཏེ་བོད་ཀྱི་ཐེབས་རྩའི་སྐོར་དྲང་མིན་འགྲེལ་བཤད་ཅི་གནང་ལ་སྐབས་དུས་སོ་སོར་ལན་འདེབས་གསལ་བཤད་ཕུལ་འདུག་ལ། གན་རྒྱ་དེ་ནི་ ༢༠༡༤ ཟླ་ ༤ ཚེས་ ༥ ཉིན་གསར་དུ་བཞག ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་ཕྱོགས་གཉིས་མོས་མཐུན་ཐོག་ཆ་རྐྱེན་སྔ་མ་སོར་བཞག(ཟུར་སྦྱར ༡ ) ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་ཕྱོགས་གཉིས་མོས་མཐུན ཐོག་གན་ཡིག་བསྐྱར་བཅོས་གནང་། (ཟུར་སྦྱར ༢ )
འདིའི་སྐོར་ཐོག་མར་གོ་རིམ་ངེས་དགོས་པ་ནི། བོད་ཀྱི་ཐེབས་རྩའི་འགན་ལྷན་ཚོགས་གཙོ་སྐུ་ཞབས་ Mickey Lemle ལགས་ཀྱིས་ ༢༠༡༧ ཟླ་ ༡༢ ཚེས ༡ ཉིན་སྲིད་སྐྱོང་གི་མཚན་ཐོག་ལ་ཡི་གེ་ཕུལ་བ་དང་། ༢༠༡༧ ཟླ་ ༡༢ ཚེས་ ༦ ཉིན་གན་ཡིག་དེ་བཞིན་ནེའུ་ཡོག་ཁྱབ་ཁོངས་ཁྲིམས་མཐུན་ཡིག་ཆ་ཚད་ལྡན་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ། ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་སྲིད་སྐྱོང་ནེའུ་ཡོག་ཏུ་ཕེབས་ཏེ་བོད་ཀྱི་ཐེབས་རྩའི་འགན་ལྷན་ལ་ཕྱི་ཟླ་ ༣ གྲོས་ཚོགས་གོང་རྩིས་བསུབ་གཏོང་དགོས་པའི་སྡིགས་ར་བསྐུལ། ༢༠༡༨ ཟླ་ ༡ ཚེས་ ༡༠ ཉིན་སྐལ་རྡོར་མངགས་ནས་ཕྱེད་ཀ་གནང་སྦྱིན་བཟོས་ཏེ། ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་ཆ་རྐྱེན་སོར་བཞག་ཐོག་གན་ཡིག་བསྐྱར་བཅོས་གནང་། ༢༠༡༩ ཟླ་ ༦ ཚེས་ ༡༠ ཉིན་དོན་ཟུར་རིན་ཆེན་དར་ལོ་ལགས་ནས་ཨ་སྒོར་ས་ཡ་ ༡་༥༠ བུ་ལོན་ཡིན་ཁར། ཕྱིར་སློག་དགོས་མིན་སྐོར་ཐེབས་རྩའི་འགན་ལྷན་ནང་ཁུལ་དུ་བཀའ་མོལ་བྱུང་མེད་སྐོར་འཁོད་པའི་ཡི་གེ་བཏང་། ༢༠༡༩ ཟླ་ ༦ ཚེས་ ༡༡ ཉིན་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་འགན་ལྷན་ཚོགས་གཙོ་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕུལ་བའི་ཡི་གེར་བསྐྱར་ནན་གནང་བ་དང་། མ་འོངས་པར་རྩིས་གསུབ་མ་བཏང་བའི་ཨ་སྒོར་བདུན་འབུམ་ལྔ་ཁྲི་ ༧༥༠༠༠༠། ༠༠ སྐོར་བྱ་རིམ་ཅི་ཡིན་གྱི་བརྒྱུད་རིམ་བཅས་འཁོད་ཡོད་པ་ཅུང་ཞིབ་ཙམ་སྤྲོས་ན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁ་ན་ཌར་ ༢༠༡༧ ཟླ་ ༡༡ ཚེས་ ༡༩ ཉིན་ནང་ཤེས་གཉིས་ཀྱི་བཀའ་བློན་ལྷན་བཞུགས་ཐོག་དོན་ཚན་ ༡༠ སྐོར་མི་མང་ལ་གསལ་བཤད་གནང་རྗེས། བོད་ཀྱི་ཐེབས་རྩའི་འགན་ལྷན་ཚོགས་གཙོ་ Mickey Lemle གྱིས་ ༢༠༡༧ ཟླ་ ༡༢ ཚེས ༡ ཉིན་སྲིད་སྐྱོང་གི་མཚན་ཐོག་ཡི་གེ་བཏང་བའི་ནང་དོན་རགས་ཙམ་བཀོད་ན། དེར་གསལ་དོན་གནད་ཁ་ཤས་ཞུ་བ་ལ།
༡ སྲིད་སྐྱོང་སྐུ་ཉིད་ནས་མི་མང་ལ། བོད་ཀྱི་ཐེབས་རྩ་དེ་ཨ་རིའི་རོགས་དངུལ་ཚོགས་པ་ཞིག་ཡིན་སྟབས། བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ TCDF དམིགས་ཡུལ་དང་མ་མཚུངས་པས། བོད་ཀྱི་ཐེབས་རྩས་ TCDF གནང་སྦྱིན་ཕོན་ཆེ་སྤྲོད་ཐུབ་ཀྱི་མེད་ཚུལ་གསུངས་པ་དེ་ཞལ་རྫུན་རེད། བུ་ལོན་གན་ཡིག་བཞག་པ་དེའི་ཐོག་ང་ཚོའི་རྩིས་པའམ་ཁྲིམས་རྩོད་པའི་ངོས་ནས་ཁྲིམས་ཀྱི་ཆ་རྐྱེན་དེ་ལྟ་བུ་ཚང་དགོས་པའི་སློབ་སྟོན་གང་ཡང་གནང་མྱོང་མེད།ཅེས་དང་། ༢ སྲིད་སྐྱོང་སྐུ་ཉིད་ནས་མི་མང་ལ། བོད་ཀྱི་ཐེབས་རྩས་ལོ་ ༥། ༦། ༧། བསྐྱར་དུ་ལོ་ ༤། ༥། ༦། ཅེས་གསུངས་ཏེ་དུས་ཡུན་དེའི་ནང་རྩིས་གསུབ་གཏང་རྒྱུ་ཡིན་སྐོར་གསུངས་སོང་། བོད་ཀྱི་ཐེབས་རྩའི་འགན་ལྷན་ནས་དེ་ལྟ་བུའི་ཁས་ལེན་ཡིག་ངག་གཉིས་ཐོག་ནས་དུས་ཚོད་ངེས་ཅན་ནང་རྩིས་གསུབ་གཏང་རྒྱུ་ཡིན་པ་བརྗོད་མེད། ང་ཚོས་ཁྱེད་རང་ལ་ཡིག་འབྲེལ་བྱས་པ་མཐའ་མ་ ༢༠༡༧ ཟླ་ ༧ ཚེས་ ༦ ཡིན་པ་དང་། ཡི་གེ་དེའི་ནང་ཐེབས་རྩའི་འགན་ལྷན་ནས་མ་འོངས་པའི་དུས་ཚོད་གང་རུང་ཞིག་ལ་བུ་ལོན་དེ་མེད་པ་བཟོ་རྒྱུའི་འདོད་པ་ཡོད་ཚུལ་བརྗོད་མེད་རུང་། གན་ཡིག་ནང་གི་ཆ་རྐྱེན་ལྟར་ཕྱོགས་གཉིས་བར་གྱི་འབྲེལ་བ་གུས་ཞབས་དང་གཅིག་ཕན་གཅིག་གྲོགས་ཡོད་པའི་ངང་གནས་དགོས་གལ་ཞུས་ཡོད། ༣ ཡང་སྲིད་སྐྱོང་སྐུ་ཉིད་ནས་མི་མང་ལ། འདས་པའི་ལོ་ ༣ ནང་བོད་ཀྱི་ཐེབས་རྩས་བུ་ལོན་ཡིན་སྐོར་བཤད་མྱོང་མེད་པས། བུ་ལོན་དུ་བརྩི་གི་མེད་པ་དང་། ང་ཚོའི་ངོས་ནས་ཀྱང་བུ་ལོན་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་ཅེས་པ་དེ་དངོས་ཡོད་གནས་ཚུལ་དང་རྒྱབ་འགལ་ཆགས་འདུག ང་ཚོའི་དེབ་དང་ཡིག་ཚགས། རྩིས་ཞིབ་སྙན་ཐོ་བཅས་ཚང་མའི་ནང་། ཨ་སྒོར་ས་ཡ་ ༡་༥༠ དེ་བུ་ལོན་ཡིན་པ་དང་། འགན་ལྷན་ནས་ཀྱང་དུས་ནམ་ཡང་བུ་ལོན་མིན་པ་ངོས་འཛིན་བྱེད་ཀྱི་མེད།
༤ མུ་མཐུད་སྲིད་སྐྱོང་སྐུ་ཉིད་ནས་མི་མང་ལ། བུ་ལོན་གྱི་གནད་དོན་དེ་ཁྱབ་བསྒྲགས་བྱས་པའི་རྐྱེན་གྱིས་བོད་ཀྱི་ཐེབས་རྩ་དཀའ་ངལ་ཆེན་པོའི་ནང་ལྷུང་སྲིད་པ་རེད་ཅེས་དང་། ཡང་གན་ཡིག་དེས་བོད་ཀྱི་ཐེབས་རྩ་ལ་ཁྲིམས་ཀྱི་ཉེན་ཁ་འཕྲད་སྲིད་པ་རེད་ཅེས་གསུང་འདུག་ཐད། ཁྱེད་རང་གིས་མཁྱེན་དགོས་པ་ཞིག་ལ། ང་ཚོས་བུ་ལོན་གན་ཡིག་དེ་བཟོས་པ་དང་། ལག་བསྟར་འགན་ལྷན་ནས་དོ་ནན་ཆེན་པོས། གཞུང་འབྲེལ་མ་ཡིན་པའི་ཁེ་མེད་ཚོགས་པའི་ཐད་མཁས་པའི་རྒྱལ་སྤྱིའི་ཁྲིམས་ཀྱི་ལས་ཁུངས་ཤིག་ནས། ལམ་སྟོན་དང་འབྲེལ་ཡིག་ཆ་བཟོས་ཡོད་པ་དང་། ང་ཚོས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཁག་གི་དགོངས་དོན་ཡིག་ཆ་ཚང་མ་ཕྱི་གསལ་ནང་གསལ་ཉར་ཚགས་བྱས་ཡོད། དེའི་རྐྱེན། ང་ཚོར་བུ་ལོན་གན་ཡིག་འདི་འབྲེལ་ཉེན་ཁ་ཡོང་གཞི་གང་ཡང་མཐོང་གི་མེད་ལ། ཡོད་པའང་མ་རེད། ༥ བུ་ལོན་འདི་དང་འབྲེལ་བོད་ཀྱི་སྤྱི་ཚོགས་ནང་དོ་སྣང་ཅི་ཆེར་བྱུང་འདུག་པས། མང་ཚོགས་ནང་མུ་མཐུད་གླེང་སློང་ཡོང་ངེས་པར། ང་ཚོའི་ངོས་ནས་གོ་ནོར་མི་ཐེབས་ཆེད་གསལ་བཤད་ཞུ་དགོས་པ་གལ་ཆེར་མཐོང་གི་ཡོད། ཅེས་སོགས་གནད་དོན་ཆེ་ཁག་གོང་བཀོད་ ༥ ཅན་སྲིད་སྐྱོང་ལ་ཕུལ་ཡོད། ཡིན་ནའང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌར་དོན་ཚན་ ༡༠ གསལ་བཤད་ཀྱིས་མཚོན། གྲོས་ཚོགས་དང་མི་མང་གཉིས་ཀར་དོན་དངོས་གསུངས་ཡོད་མེད་རྒྱ་ཆེ་མི་མང་གི་དྲན་ལམ་ན་གསལ་བོ་ཡིན་དུས། བརྡར་ཤ་སོ་སོས་གཅོད་རོགས། གོང་གི་གཏོང་ཡིག་དེའི་ནང་གསལ་བཞིན་ ༢༠༡༧ ཟླ་ ༡༢ ཚེས་ ༦ ཉིན་གན་ཡིག་དེ་བཞིན་ནེའུ་ཡོག་ཁྱབ་ཁོངས་ཁྲིམས་མཐུན་ཡིག་ཆ་ཚད་ལྡན་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ། གསར་འགོད་གསལ་བསྒྲགས་དེ་ཀུན་གྱིས་མཐོང་གསལ་ལྟར་ཡིན་པས་ཞིབ་ཆ་མི་དགོས་ཀྱང་། མདོ་དོན་བུ་ལོན་མིན་སྐོར་ཟུར་ཙམ་ཡང་ཐོན་མེད།
དེའི་རྗེས་མི་མང་གིས་གནས་ཚུལ་དེ་ཅུང་ཙམ་མཁྱེན་ཏེ་ངོ་རྒོལ་ལས་འགུལ་འཕྲོ་རིམ་འཕྲོར་བྱུང་བས། ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་སྲིད་སྐྱོང་ནེའུ་ཡོག་ཏུ་ཕེབས་ཏེ་བོད་ཀྱི་ཐེབས་རྩའི་འགན་ལྷན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱི་ཟླ་ ༣ གྲོས་ཚོགས་གོང་རྩིས་གསུབ་གཏོང་དགོས་པའི་སྡིགས་ར་སྐུལ། མཚམས་འདིར་སྡིགས་ར་ཅི་ལྟར་སྐུལ་ཞེས་ཚིག་འདི་སྤྱོད་དགོས་དོན་ཚོར་བ་ཙམ་མིན་པར་དངོས་དོན་འདི་ཡིན་ཏེ། དེ་ནི་ཧ་ཅང་གལ་ཆེན་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་ ༣ གྲོས་ཚོགས་གོང་རྩིས་གསུབ་མ་བཏང་ན། ངེད་ནས་༧དགའ་ལྡན་ཕོ་བྲང་ནས་ཞུས་ཏེ་བུ་ལོན་སྤྲོད་ཀྱི་ཡིན། དེ་ཁྱེད་ཚོས་ལེན་ཐུབ་ས་རེད་དམ་ཞེས་གསུངས་འདུག བཀའ་མོལ་དེ་བོད་ཀྱི་ཐེབས་རྩའི་སྐབས་དེའི་ཚོགས་འདུའི་ཚིག་ཐོར་གསལ། ༢༠༡༨ ཟླ་ ༡ ཚེས་ ༡༠ ཉིན་སྐལ་རྡོར་ལགས་མངགས་གཏོང་བྱས་ཏེ་བོད་ཀྱི་ཐེབས་རྩས་ཕྱེད་ཀ་གནང་སྦྱིན་བཟོས་ཏེ། ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་ཆ་རྐྱེན་སོར་བཞག་ཐོག་གན་ཡིག་བསྐྱར་བཅོས་གནང་། གན་ཡིག་བསྐྱར་བཅོས་ལ་གོང་ཞུས་བཞིན། དོན་ཁང་གི་མཚན་ཐོག་ཏུ་མུ་མཐུད་བཞག་ཡོད་ལ། དོན་གཅོད་ཀྱི་མཚན་རྟགས་འོག་ཏུ་སྐུ་ཚབ་ཅེས་པའང་བྲིས་ཡོད། སྐུ་ཚབ་ཅེས་པའི་དོན་ནི་༧གོང་ས་ཆེན་པོའི་སྐུ་ཚབ་ལས་གོ་ས་གཞན་མེད། (ཟུར་སྦྱར། ༤)
༢༠༡༩ ཟླ་ ༦ ཚེས་ ༡༠ ཉིན་དོན་ཟུར་རིན་ཆེན་དར་ལོ་ལགས་ནས་ཨ་སྒོར་ས་ཡ་ ༡་༥༠ བུ་ལོན་ཡིན་ཁར། ཕྱིར་སློག་དགོས་མིན་སྐོར་ཐེབས་རྩའི་འགན་ལྷན་ནང་ཁུལ་དུ་བཀའ་མོལ་བྱུང་མེད་སྐོར་དང་། བར་ལམ་ཕྱོགས་གཉིས་ཀྱི་འབྲེལ་བར་དོ་ཕོག་བྱུང་ཡོད་ཚུལ་བཅས་ཡིག་ཐོག་ནས་བཏང་ཡོད་ལ། ༢༠༡༩ ཟླ་ ༦ ཚེས་ ༡༡ ཉིན་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་ཀྱང་བུ་ལོན་༢༠༢༡ ལོར་རྩིས་གསུབ་གཏོང་འཆར་དེ་ཡང་། གན་ཡིག་བསྐྱར་བཅོས་ཀྱི་ཚིག་བརྗོད་ཀྱི་ནང་བཀོད་པ་ཞིག་མིན་པར། ཐེབས་རྩའི་འགན་ལྷན་གྱི་ཚིག་ཐོར་འཁོད་ཡོད་ཚུལ་བཅས་བཏང་གནས་ནང་གསལ་འདུག དེ་ཡིན་ན། འགན་ལྷན་གྱི་ཐག་གཅོད་ལ་འགྱུར་བ་གཏོང་དབང་འགན་ལྷན་དེར་ཡོད་སྟབས། མ་འོངས་པར་ཅི་གནང་ཐམས་ཅད་མཁྱེན་པ་ཞིག་མིན་ན། སུས་ཀྱང་བཤད་ཚོད་དཀའ་བ་ཞིག་མ་རེད་དམ། གང་ཡིན་ཞེ་ན། བོད་ཀྱི་ཐེབས་རྩས་དོན་ཁང་གི་ཐོབ་སྐལ་ཡིན་དགོངས་ཀྱི་ཡོད་ན། ཨ་སྒོར་ས་ཡ་ ༡་༥༠ དེར་གན་ཡིག་སོགས་རྔ་མ་གང་ཡང་མ་བཏགས་པར་ངོ་ཡོད་ཤུལ་ཡོད་ཀྱི་ལམ་ནས་མི་ཕུལ་དོན་ཅི་ཡིན་ནམ། ཕུལ་བ་ཡིན་ན་ཁྲིམས་ཐོག་ནས་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་དམ། ཕྱོགས་གང་ནས་དཔྱད་ཀྱང་། ཐེབས་རྩ་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་གཞི་ཞིག་སུས་ཀྱང་གསལ་བརྗོད་གནང་ཐུབ་མེད། ཡང་གཅིག་ཞུས་ན། ཐེབས་རྩས་གན་ཡིག་དེ་མ་བཞག་ན་ཁྲིམས་ཐོག་ནས་རང་ལ་དཀའ་ངལ་འཕྲད་ཚུལ་དང་། གན་ཡིག་དེ་ཕྱིར་བསྒྲགས་གནང་བ་ཡིན་ནའང་རང་ཉིད་ལ་དཀའ་ངལ་འཕྲད་ངེས་ཚུལ་རྩ་བ་ནས་ཞལ་བཞེས་གནང་གི་མེད་པ་གོང་གསལ་འགན་འཛིན་གྱི་གཏོང་ཡིག་ལྟར་རེད་འདུག་པས། དོན་གྱི་མདོ་རྩ། གན་ཡིག་ནང་ཆ་རྐྱེན་གལ་ཆེན་ཞིག་བཀོད་ཡོད་པ་ཇི་བཞིན། ( ཟུར་སྦྱར། ༥) བོད་ཀྱི་ཐེབས་རྩས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་རོགས་དངུལ་ལེན་སྐབས་ངེས་པར་ཐེབས་རྩ་རང་ཉིད་བརྒྱུད་ནས་མུ་མཐུད་ལེན་དགོས་ཚུལ་ཆ་རྐྱེན་དུ་བཞག་པ་དེ་རང་ལ་ཐུག་འདུག
དེའི་རྐྱེན། བོད་ཀྱི་ཐེབས་རྩ་ནས། དཔལ་ལྡན་སྲིད་སྐྱོང་མཆོག་དང་སྐལ་རྡོར་ལགས་རྣམ་གཉིས་ནས་ཐེབས་རྩ་མ་བརྒྱུད་པའི་རོགས་དངུལ་ལེན་དོགས་ལ་དེ་འདྲའི་ནན་པོ་བྱེད་དགོས་དོན་དང་། དེ་བཞིན། དཔལ་ལྡན་སྲིད་སྐྱོང་མཆོག་དང་སྐལ་རྡོར་ལགས་རྣམ་གཉིས་ཀྱིས་ཀྱང་། བྱུང་ན་སྒེར་བཟང་སྤྱི་བཟང་།། མ་བྱུང་སྤྱི་བཟང་སྒེར་གྱོང་།། བྱེད་འདོད་ཡོད་མེད་ཅི་ལྟར་ཡང་། ཕྱོགས་གཉིས་སུ་མཚན་གནས་འདྲ་མིན་འོག་ཡོད་པའི་མི་སྣ་ཁ་ཤས་ཤིག་གི་གནང་སྟངས་འདི་བཞིན། དོན་ལ་བོད་སྤྱི་པའི་ཆེད་དུ་རེད་དམ་སོ་སོ་སྒེར་གྱི་ཆེད་དུ་རེད་དམ་ཞེས་མི་རབས་གསར་པ་ཚོས་ཏན་ཏན་དྲི་བ་རྣོ་ངར་ཅན་ཇེ་མང་དུ་གཏོང་ངེས་ཤིང་། རྒྱ་ཆེ་མི་མང་གི་ངོས་ནས་ཀྱང་ཐུགས་བསམ་བཞེས་ཕྱོགས་ལ་གསལ་ཁ་ཞེ་དྲག་ཡོང་དགོས་པ་རེད་ལ། ཡོང་གི་རེད་ཀྱང་སྙམ། གོང་གི་གཏམ་དཔེ་བྱུང་ན་སྒེར་བཟང་སྤྱི་བཟང།། མ་བྱུང་སྤྱི་བཟང་སྒེར་གྱོང་།། ཞེས་པའི་དོན་ནི། བཙན་བྱོལ་བོད་མིའི་ཆབ་སྲིད་དང་འབྲེལ་ནས་ཁོ་བོས་བྲིས་པ་ཞིག་སྟེ། ལམ་འགྲོ་རྒྱུགས་ན་མཐོན་པོ་རྫིག་པོ་ཚོས་དང་པོར་སྒེར་ཚོན་པོ་བཟོས། ཞོར་དུ་སྤྱི་པའི་དར་ཆ་འཕྱར། གཉིས་ཀར་མཉམ་དུ་ཤ་ཚ་མདོག་དྲག་མོ་གནང་། ཕུགས་རང་ཉིད་བརྟན་ཐག་ཆོད་བཟོ་མཁས་པ་མཐོང་གསལ་ལྟར་དང་།། ལམ་འགྲོ་མ་རྒྱུགས་ན། སྒེར་དོན་ལམ་ལྷོང་མ་བྱུང་བ་དེ་སྤྱི་པའི་ཆེད་དུ་སྒེར་གྱོང་ཕྱིན་ཚུལ་བཏང་ཚུལ་དང་། ཐོག་མ་ཉིད་ནས་རང་གི་དབུགས་གཏོང་ལེན་ཚུན་སྤྱི་པའི་དོན་དུ་རང་ཡིན་པ་འདྲ་ཞིག་གནང་ལམ་ཡོད་ཀྱང་། ས་རྒྱུས་རྡོ་ཡིས་ལོན།། ཕ་རྒྱུས་ཨ་མས་ལོན།། ཟེར་པ་ལྟར། དཔལ་ལྡན་སྲིད་སྐྱོང་དང་སྐལ་རྡོར་ལགས་རྣམ་གཉིས་ལ་དེ་དོན་སྤྱི་པའི་ཆེད་དུ་ཡིན་གནས་ཀྱི་འགྲེལ་བཤད་ལས་གཞན་རྒྱུ་མཚན་ལྷག་མེད་སྟབས། བཤད་རྒྱུ་ཕ་བསད་བུ་ལའང་ཡོད་ཅེས་པ་བོད་ཀྱི་གཏམ་དཔེར་ཡོད་ཙང་གང་གསུངས་ཀྱང་ཁྱད་པར་དེ་ཙམ་མེད་པས། ཏག་ཏག་གཏམ་དཔེ་འདི་ནི་ཧ་ཅང་ལན་པོར་མཐོང་།།
གསུམ། སྲིད་སྐྱོང་བློ་བཟང་སེང་གེ་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་རྣམ་གཉིས་ནས་ཨ་རིའི་རོགས་དངུལ་ལེན་ས་གཞན་ཞིག་བཟོ་འཆར་གནང་དོན་ཅི་ཡིན་ནམ།
མུ་འགོད།
ཤ་ཁུར་གྱི་སྐད་ཆའི་ཡི་གེ་དེ་ཀློད་འདོད་ལར་ནས་སྐྱེས་མ་སོང་། དོན་དུ་༧ གོང་ས་མཆོག་ཁྲིམས་ཁང་ནང་དུ་དྲུད་རྩིས་རེད་འདུག སྔོན་མ་ཆོས་རིག་བཀའ་བློན་གྱི་སྡོམ་པ་ཤོར་ཡོད་རེད་ཟེར་ནས། བཤད་མཁན་ངོ་མ་ཚ་ན། ཉན་མཁན་ངོ་ཚ་བ་ག་འདྲ་ལབ་སོང་། ཕམ་པའི་རྫུན་དང་རྫུན་ཕལ་པ་གཉིས་ལ་ཁྱད་པར་ཕྱེ་་མ་ཤེས་པ་་་ད་དུང་་ཁོ་སྔོན་མར་གྲྭ་ཆས་་གོན་མྱོང་བ་ཨེ་་མི་་་་རེད། ཅི་ཞིག་སྲུང་ཡོད་ན་་ཨ་ཁ། ད་དུང་་ཁོས་་བཀའ་སྤྱི་གཉིས་ཀྱིས་ཚུལ་ཁྲིམས་སྲུང་དགོས་ཟེར། ་གད་མོ་རྐུབ་ནས་ཤོར་སོང་ཧཧ
ཁ་བརྡའི་རྩོམ་སྒྲིག་པ་ལགས།
ཁ་བརྡ་འདི་ད་ལྟ་ཆབ་སྲིད་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པའི་རྒྱུད་ལམ་གཙང་མ་ཞིག་ཡིན་མུས། འདིའི་ནང་ཁམས་པ་དང་ཨ་མདོ་གཉིས་ཀས་བེད་སྤྱོད་གཏོང་རུང་བའི་གླེང་སྟེགས་གཅིག་རེད། དེ་མིན་ཁམས་པ་དང་ཨ་མདོ་གཉིས་ཀ་འཛོམས་སའི་ས་ཆ་ཞིག་ས་སྟེང་འདི་རུ་མེད་སྙམ།
རྒྱ་གར་དང་ཕྱི་རྒྱལ་ལ། ཁམས་པ་དང་ཨ་མདོ་དགྲ་ཡ་བྱས་ནས་བསྡད་ཡོད། ཐ་ན་ད་ལྟ་ཁམས་པ་ཚོས་རྒྱལ་བ་རིན་པོ་ཆེ་ལ་ཡང་རང་བཞིན་གྱི་དད་པ་ཇེ་ཆུང་དུ་འགྲོ་གི་འདུག ཨ་མདོ་བ་ཚོས་ཆོལ་ཁའི་འཐེན་འཁྱེར་གྱི་འབྲས་བུ་ཡིན་ཟེར་མཁན་ཇེ་མང་རེད། ཨ་རིའི་ས་གནས་མང་པོར་རྒྱལ་བའི་ཞབས་བརྟན་ལ། ཁམས་པ་འགྲོ་མཁན་ཇེ་ཉུང་རེད། འདི་དངོས་ཡོད་ཡིན། ནེའུ་ཡོག་གི་རྒྱལ་བའི་ཞབས་བརྟན་སྒྲུབ་མཁན་མང་ཆེ་བ་དབུས་གཙང་བ་དང་ཨ་མདོ་རེད། སྦོ་སི་ཀྲོན་ལ་ལྟོས་དང་། ཁམས་པ་ཡོང་མཁན་ཤིན་དུ་ཉུང་ཉུང་རེད། གཙོ་བོ་ཆོལ་ཁའི་གནས་ཚུལ་དེས་རེད། དེ་བཞིན་ཀྲོ་རོན་ཀྲོ་ལ་ཡང་མང་ཆེ་བ་དབུས་གཙང་དང་ཨ་མདོ་རེད། ཁམས་པ་རྣམས་ཨ་མདོ་བ་ཚོས་དྲང་པོ་བྱས་མ་སོང་སྙམ་ནས་སེམས་ནང་ལ་ན་ཚ་ཞིག་འཁུར་ནས་ཡོད།
ད་ལྟ་ཁ་བརྡའི་རྩོམ་སྒྲིག་པ་ཚོས། མིག་ཡ་གཅིག་བཙུམས་ནས། ཤེས་བཞིན་དུ། ཁ་བརྡ་འདི་ཨ་མདོ་བ་ཚོས་ཁམས་པའི་མགོ་རྡུང་བྱེད་ལ་བེད་སྤྱོད་བཏང་ན། ནོར་འཁྲུལ་ཆེན་པོ་རེད།
ཤར་ཁུག་ལགས་ཐུགས་རྗེ་ཆེ་འགན་ཡོད་པའི་སྐད་ཆ་ངོ་མ་དྲང་མོ་བཤད་འདུག
ད་གསལ་བོ་གསལ་རྐྱང་རེད
ཨོ་རྒྱན་སྐྱབས་ལགས་ཁྱོད་ཀྱི་སྐད་ཆ་དེ་སོ་དྲང་མོ་ཡིན་ན་ངོ་མ་སེམས་པ་སྐྱོ་བ་རང་རེད་སྐད་ཆ་གང་ཡིན་རུང་དྲང་མོ་དང་གསལ་བོ་བཤད་རྒྱུ་ཧ་ཅང་གལ་ཆེ་ཤར་ཁུག་གི་བྲིས་གནང་མཛད་པའི་རྩོམ་ཡིག་འདི་ནི་སྤྱི་ཚོགས་ལ་ཧ་ཅང་གི་དགོས་མཁོ་ཡོད་བའི་རྩོམ་ཡིག་ཞིག་ལ་དངོས་འཛིན་ཡོད། དྲང་མོ་བཤད་ན་སྲིད་སྐྱོང་དང་སྤེན་ཚེ་གཉིས་ཀྱི་སྐད་ཆ་རེ་ཟུང་ལ་ག་ཚོད་གསལ་བཤད་གནང་རུང་འཁྱོག་བཤད་རྐྱང་རྐྱང་བྱས་ནས་་སྤྱི་ཚོགས་དཀྲུགས་བསྡད་མཁན་མང་པོ་ཡོད་ཚོད་འདི་རེད་མོད། རྩོམ་ཡིག་འདིའི་རིགས་ཧ་ཅང་ཡག་པོ་རེད་དྲན་གི་ཡོད་བདེན་པ་བདེན་རྐྱང་དྲང་མོ་དྲང་རྐྱང་དཔང་རྟགས་དང་བཅས་ཚང་མ་གསལ་ཐང་ལེར་འཁོད་འདུག་མོད་འདི་དག་སོགས་ལ་བློ་དྲང་བཞག་གི་ཐོག་ནས་ལྟོས་བ་ཡིན་ན་ལས་སྟངས་བྱས་སྟངས་ནོར་འཁྲུལ་སུ་ལ་ཡོད་མེད་ཧ་ཅང་གི་གསལ་བོ་རེད་མོད།
ས་ཡ་1.5 རེད་དམ་ 1.50རེད། 1.5 དང་ 1.50 འདི་གཉིས་ཁྱད་པར་འུ་ཡོད།
ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་ནི་མདོར་བསྡུས་ན། སྤྱི་རྒྱུ་སྒེར་བདག་གི་བཞུར་རྒྱུན་བཅད་པ་ཞིག་རེད། དེར་བརྟེན། སྤེན་པ་ཚེ་རིང་ལ་ཕ་བཟང་བུ་ཞེས་བསྟོད་པར་འོས།
ཁྱེད་རང་གིས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་རྩིས་འགྲོ་ཡོང་ཆེད་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་གླེང་སློང་བྱས་པ་དེ་ནོར་ཡོད་པ་མ་རེད། ཡིན་ནའང་། ཁྱེད་རང་གིས་དེ་གླེང་བ་ལ་བརྟེན་ནས་སྲིད་སྐྱོང་བློ་བཟང་སེང་གེ་དང་སྐལ་རྡོར་གཉིས་ཀྱི་འཆར་གཞི་ཞིག་གི་འགྲོ་ལམ་བཀག་པ་རེད། ཐུགས་རྗེ་ཆེ།
གཞུང་རྒྱུ་སྒེར་ཐིམ་གྱི་ལམ་ཡན་ཞིག་བཅད་པ་རེད། སྤྱི་རྒྱུ་སྒེར་བདག་གི་འཆར་གཞི་ཞིག་ཕམ་པར་བརྒྱབ་པ་རེད། ཕ་བཟང་བུ། བཀའ་དྲིན་ཆེ།
ཁ་མཆུ་ཨང་༢༠ གི་བཅད་ཁྲ་ཁྲིམས་ཁང་གིས་གསལ་བསྒྲགས་
གནང་ཡོང་གི་རེད་འོན་ཀྱང་བོད་མི་མང་གིས་སྐུ་ཚབ་སྤྱི་འཐུས་ཞིག་གིས་བཀའ་མོལ་ལ་སོང་སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་དགོས་
པ་ལས་དྲ་རྒྱ་དང་གསར་ཤོག་སྟེང་བཀོད་ཐུབ་པ་ཙམ་གྱི་གནད་དོན་
ནམ་ཡང་གཙང་སེལ་ཡོང་ཐབས་མེད་ན་རིང་མིན་ཕྱི་ཟླ་༩ པའི་སྤྱི་
འཐུས་གྲོས་ཚོགས་ནང་གླེང་ཐུབ་པའི་འགན་དེ་སྤྱི་ཚོགས་དཀྲུགས་
འདོད་མིན་ན་བཀུར་་འོས་སྤྱི་འཐུས་མཆོག་ནས་གྲོས་འཆར་ཁྱེར་དགོས་
པ་དེ་མང་གཙོ་དང་དྲང་བདེན་ལྐོག་ཟ་རུལ་སྲུང་མེད་པའི་མང་གཙོ་ཡང་
དག་པའི་ལམ་ལུགས་ནང་བོད་མི་མང་འཁྲིད་ཐུབ་པའི་འགན་དེ་མི་མང་གིས་འཐུས་མིའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཞུ་གིས་ཡོད།
ཤར་ཁུག་ཟེར་མཁན་དེ་ནི་་་ཆོས་རིག་བཀའ་བློན་ལ་སྡོམ་པ་ཡོད་མ་རེད་མདོག་བསྟན་རྒྱུ་ལབ་དང་ལབ། ་་་་་བོད་གངས་ཅན་པའི་བསྟན་པའི་སྔ་སྲོལ་འབྱེད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། སློབ་དཔོན་རིན་པོ་ཆེ་ལའང་ཁོས་བཀུར་འདེབས་བཟོས་ཚར་རེད།་་་་་ད་ནི་ཁོ་དང་བསྟན་ོ་ཡར་འཕེལ་གཉིས་་་་ནས་བསྟན་དགྲ་ནག་པོ་ཡིན།ཤར་ཁུག་ཁ་ལ་བྷྱོ་ཟློག་ཅིག་
ཤེས་འབྱོན་བསམ་འཕོད་པ་བཤདའཕོད་པའི་ལྷག་བསམ་ཅན་གྱི་བོད་མི་མང་གི་སྤྱི་འཐུས་བློ་བཟང་ཆོད་འབྱོར་ལགས་ནསདབུས་བོད་མིའི་སྒྲིགས་བཙུགས་འདི་ས་ཞིང་བརྟན་པའི་ཆེད་དང་ཡང་གོས་བོད་མི་མང་གི་སྤྱི་མིའི་་འགན་འཁུར་ལྡན་པའི་བརྩོམས་ཡིགས་་འདིའི་ཚིགས་དཔང་གི་གཟིགས་མ་རེས་ཀྱང་ངན་པ་ཚང་བཏོན་དང་བཟང་པོ་སྤྲོ་བ་འཕེལ་བའི་འོད་སུ་ཕྱེས་བའི་གུད་ནས་སོར་བཅུའི་མདའ་མོ་སྙིང་ཁར་བཏུད་ནས་ཐུག་རྗེ་ཞུ་
ཨོ་རྒྱན་སྐྱབས།
ཁམས་པ་ཚོ་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཆུང་རུ་འགྲོ་བཞིན་འདུག་ཟེར་ནས་བླ་སློབ་བར་ལ་དབྱེན་མ་བྱས་ན་བཟང་པ་རེད། མཚམས་མེད་ཀྱི་ལས་ཟེར་བ་ཞིག་ཡོད་པ་ཤེས་སམ། རྒྱ་ལ་རིན་པོ་ཆེར་མི་དགའ་མཁན་དེ་ཚོ་དོལ་རྒྱལ་རྗེས་འབྲིང་ཉུང་ཙམ་ལས་ཡོད་མ་རེད། དེ་མདོ་དབུས་ཁམས་གསུམ་གྱི་ནང་ཡོད་རེད། ས་ཁུག་འགའ་རེ་མང་ཉུང་ཙམ་མ་གཏོགས་ཨ་མདོའི་ཕྱོགས་སུ་ཡང་སྟག་ཚང་ལྷ་མོའི་ཕྱོགས་སུ་ཡོད་པ་དེ་རེད། གཞན་གནས་འདིར་ཕྱོགས་འཐེན་བྱེད་བཞིན་པ་འགའ་རེ་ཡོད་སྲིད་ཀྱང་དེ་དག་གནས་ལུགས་ལ་མགོ་རྨོང་པ་འགའ་རེ་ལས་གཞན་མདོ་དབུས་ཁམས་གསུམ་གྱི་ཤེས་ལྡན་པ་དང་གཟུར་གནས་ཅན་དག་སུ་ཞིག་གིས་དེར་ཁྲིད་མི་ཐུབ། སྐད་ཆ་འདི་འདྲ་བཤད་ཚེ་དུས་རྒྱུན་དྲ་འབུ་གཟའ་ནད་ཅན་འགའ་སྨྱོ་བ་གདོན་མི་ཟ་མོད། དེ་ཚོ་མི་གྲལ་ཞིག་དང་ཆོལ་གྲལ་ཞིག་ལ་འཇོག་དགོས་དོན་མི་འདུག
བོད་མི་མང་གི་སྤྱི་འཐུས་བློ་བཟང་ཆོས་འབྱོརལགས་ནས་དངོས་ཡོད་གཞིརབཞག་གི་བཙམས་ཆོས་ཡག་པོ་ཞིག་གི་ཚིགད་ཀྱི་གཟིགས་མ་རེས་རྫུནགཏམ་སྲིད་ཀྱི་གསང་བ་གཏོལ་ནས་བཟང་པོ་སྤྲོ་བ་་འཕེལ་བ་ངན་པ་ཚར་གཅོད་་ཨེ་མ་ཧོ
ཤར་ཁུག་ཁོ་རང་རྒྱབས་ལྗོངས་ག་ནས་ཡིན་ནའང་ཁྱད་མེད་མོད། ཅི་སྟེ་ད་ཕྱིན་ཆད་ཁོ་ཇ་ནས་ཆོས་ལུགས་ལ་ཆགས་སྡག་བསླངས་བའི་རིགས་བཤད་ན། དཔེར་ན་སྔོན་སྤྱི་འཐུས་ཚོགས་ཁང་ནང་དུ་སླིབ་དཔོན་རིན་ཆེ་ལ་ཟུར་ཟ་ཞིག་བྱས་འདུག་་་་དེའི་རིགས་ནི་་་འཛམ་གླིང་ནང་གི་ཁྲིམས་དང་འགལ་བ་ཞིག་ཁོས་ཤེས་དགོས། གལ་ཏེ་ཁོས་ད་དུང་མུས་འཐུད་ནས་གནས་ཚུལ་དེ་རུགས་བྱུང་ཚེ། རྒྱལ་ཕྱི་ནང་ངེད་ཨོ་རྒྱན་གུ་རུ་རིན་རིན་པོ་ཆེའི་སློབ་འབངས་ཡོང་ནས་འབྲེལ་མཐུད་བཟོ་ནས་གོམ་པ་གང་འགྲོ་ས་ནེད་ཅོག་བཟོ་རྒྱུ་ཡིན་། བལ་ཡུལ་དུ་རང་རེ་་ཚེས་བཅུ་ཚོགས་པ། ཤར་པ་ཚོགས་པ། ཡོལ་མོ་ཚོགས་པ། རྟ་མང་ཚོགས་པ། ནུབ་རིའི་ཚོགས་གཞན་ཡང་ཚོགས་སྡེ་ཁག་དང་། འབྲུག་ནས་རྒྱལ་ཡོངས་ཆོས་ལུགས་ཆོས་རྒྱལ་རྗེ་མཁན་པོ་གཙོས་མཁན་པོ་འདུས་པ་ཡོངས་དང་། གཞན་ཡང་ཨ་རི་དང་ནུབ་ཕྱོགས་ལུང་པ་ནས་གུ་རུ་རིན་པོ་ཆེའི་དད་འདུན་ཡོངས་ཀྱི་ཆོས་ཚོགས་ཁག་གི་སློབ་བླ་སློབ་ཡིངས་མཚན་རྟགས་བསྡུ་རུབ་བྱས་ནས་ལས་དོན་ངེས་པར་དུ་སྤེལ་ཏེ། ༧གོང་ས་མཆོག་ལ་སྙན་སྒྲོན་ཞུ་ཐབས་སམ། ཁྱེད་རང་ཉིད་ཀྱང་ས་གནས་རྡ་རམ་ས་ལ་གཏོགས་འགྲོ་སྐྱོད་མི་ཆོག་པ་བཟོ་ཐག་གཅོད་ཡིན་ན་དགོངས་མངའ་ཅིས་ཀྱང་གནང་བར་ཞུ།
བློ་སྤེན་གཉིས་ཀྱི་རྩོད་རྙོག་ངོ་མ་དེ་བྱ་སྤུ་གནོད་སྒྲིག་འཛུགས་མ་རེད་ལ། འཇོན་ཐང་ལྷག་བསམ་ཤེས་ཡོན་ཡང་མ་རེད། ཨ་ནེ་སྙིད་མོ་དང་སླ་རམས་པ་ཨ་ཀྲུག་གི་དཀྲུགས་ཤིང་ལ་བརྟེན་ནས་བྱུང་བ་ཡང་མིན་པར། དོན་དག་ཀུན་གྱི་རྩ་བ་དེ་དོན་ཟུར་སྤེན་ཚེས་བློ་སེང་སྐལ་རྡོར་ཚོགས་པའི་ངན་ཇུས་ཀྱི་མཚང་བཏོན་པ་བརྟེན་ནས་བྱུང་མི་འདུག་གམ། ཤེས་ལྡན་ཀུན་དཔྱད་པར་མཛོད། མཇིང་པའི་སྒང་ལ་མགོ་ཡོད་ཀུན་གྱིས་བསམ་པར་མཛོད།
ཨོ་རྒྱན་སྐྱབས་དང་། ཨ་ཤོ་ཀ་གཉིས་ལ་བཤད་རྒྱུར།
དང་པོ། ཨོ་རྒྱན་སྐྱབས་ཀྱིས་བཤད་པའི་སྐད་ཆའི་ཕྱོགས་གཅིག་བདེན་པ་རེད། ཁམས་པ་ཚང་མ་མིན་ཡང་མང་པོ་ཞིག་གིས་ཡུལ་གྲུ་སོ་སོར་འཚོགས་པའི་རྒྱལ་བའི་ཞབས་བརྟན་སོགས་མཆོད་འབུལ་ལ་འགྲོ་ཡི་མི་འདུག
གནས་ཚུལ་དེས་མི་མང་རྣམས་རྒྱལ་དབང་མཆོག་ལ་མ་དད་པ་མ་ཡིན་ཡང་། དེའི་རྒྱབ་ལ་རྒྱལ་དབང་ཕྱོགས་ལ་མ་དད་པའི་གཡོ་ཇུས་ཏན་ཏན་ཡོད། ཁོང་ཚོ་ཚང་མ་བློ་སེང་གིས་ལམ་གང་སྟོན་ཤར། ཞེས་པ་ལྟར་རྒྱུགས་མཁན་རེད། བློ་སེང་འདི་བཀའ་ཁྲིར་སླེབས་པ་བོད་མིའི་བསོད་ནམས་ཐུར་དུ་རྒྱུགས་ཀྱི་ཡོད་པའི་རྟགས་གསལ་པོ་བྱུང་སོང་། ཁྲིམས་གཏུགས་ཀྱི་སྔ་ཕྱིའི་བརྒྱུད་རིམ་ལ་དཔྱད་སྐབས་ཚོགས་ཟུར་སྤེན་ཚེ་ལགས་ཀྱིས་ཇག་ཚང་ཞིག་ཐེར་འདོན་བྱས་སོང་སྙམ་ནས་ང་ནི་ཁོང་ལ་དེ་སྔོན་རྒྱབ་སྐྱོར་དང་བྱེད་མཁན་ཞིག་མིན་ཡང་ད་ནི་ཡི་རངས་དཔག་མེད་སྐྱེས་སོང་། བློ་སེང་ལ་སེམས་པ་རྣམ་དག་གིས་རྒྱབ་སྐྱོར་བྱེད་མཁན་རྣམས་ག་ལེར་གཉིད་སད་ཡོང་གི་རེད། དེ་ང་ལ་ཡིད་ཆེས་ཡོད། དེ་དུས་སུ་བདེན་སུ་རྫུན་གསལ་འབྱེད་ཐུབ་ཀྱི་རེད།
ཨ་ཤོ་ཀ ཁྱོད་ཀྱིས་འཇོན་མདོག་ཁ་པ་ལ་ཨང་། བོད་ནང་ལྷ་སྐུ་རྟེན་གསུམ་གཏོར། བླ་མ་བཀྲོངས། རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་བཟོ་མཁན་རྒྱ་མི་གཅིག་གི་སྤུ་རྐང་ཙམ་ལ་འགུལ་མི་ཐུབ་པར་ཤར་ཁུག་ལ་དེ་འདྲའི་སྡང་དོན་ཅི་ཡིན། ལོ་ཤས་སྔོན་བོད་དུ་གུ་རུ་རིན་པོ་ཆེའི་སྐུ་གཏོར་སོང་། དེ་དུས་ཨ་ཤོ་ཀའི་གྲིབ་ནག་ཙམ་རིག་རྒྱུ་མེད། ཁྱོད་ལྷོ་བལ་འབྲུག་གསུམ་གཙོས་འཛམ་གླིང་གི་རྙིང་མ་ཚང་མ་ར་བདར་སྦྲོན་ནས་ཤར་ཁུག་གི་སྟེང་དུ་དབོག་དང་། ངས་ལྟད་མོ་བལྟའོ།
ལོ་ཤས་སྔོན་གུ་རུ་སྐུ་གཏོར་བ་དེ་ཚོས་གྲས་་་དབྱེན་སྦྱོར་བ་ཚོཤར་ཁུག་ཆོས་རྒྱུད་བྱེད་མཁན་རེད་ཟེར་་་།
བློ་སེང་སྤེན་པ་གཉིས་ག་གང་ཞུས་ཡག་མེད།
སྐུ་ཞབས་ཤར་ཁུག་གིས་གནད་དོན་གླེང་བ་མ་གཏོགས་ཆོལ་ཁའི་མིང་ཟུར་ཙམ་ཡང་སྨྲས་མི་འདུག ཆོལ་ཁའི་དར་ཕྱར་ནས་གནད་དོན་གླེང་དུ་མི་འཇུག་མཁན་ནི་ཨོ་རྒྱན་སྐྱབས་དང་ཨོ་རྒྱན་སྐྱབས་ལྟ་བུ་ཚོ་རེད། སྐྱོན་བརྗོད་བློ་སེང་ལ་བྱས་ན་ཁམས་པ་ལ་བྱས་པར་ལྟ་མཁན་དང་སྤེན་ཚེ་ལ་སྐྱོན་བརྗོད་བྱས་ན་ཨ་མདོ་ལ་བྱས་པར་ལྟ་མཁན་ཚོ་ནི་གནད་དོན་ཐག་གཅོད་དུ་མི་འཇུག་མཁན་གྱི་ཕུང་སྦྱོར་བ་གཏི་མུག་བློ་ཅན་རྣམས་ཡིན་ནོ། །
བརྒྱ་བཤད་སྟོང་བཤད་རྩ་བ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ནི་ཆོལ་གསུམ་གཏོར་བྱེད་ཀྱི་འགད་རྫས་དང་བློ་སངས་དང་སྤེན་ཚེའི་འགལ་རྐྱེན། མ་འོངས་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་དུས་སུ། སྐལ་རྡོར་དང་བློ་སངས་གཉིས་ལ་མ་རྩ་འཐུག་པོ་ཆགས་པ་རེད། སྐབས་དེར་བོད་གཞུང་སྟོང་པར་གྱུར། སྟོང་པས་ངང་ནས་བཙན་བྱོལ་བོད་གཞུང་མིང་ཙམ་ཡང་མེད་པར་སྟོང་པར་གྱུར།
བྱ་སྤུ་གནོན་དང་རྟ་སྤུ་གྱེན་ལངས་ཟེར་བའི་ཐ་སྙད་དེ་ནི་དུས་སྔ་མོ་
རྒྱལ་པོའི་རིང་ལུགས་དང་དཔོན་ངན་ཤུ་ཞོག་གིས་རིང་ལུགས་ནང་
མི་སེར་ལ་གཉའ་གནོན་གཏོང་རྒྱུའི་ཐ་སྙད་ཙམ་ལས་དེང་སྐབས་མང་
གཙོ་ཁྲིམས་ཀྱིས་དབང་བསྒྱུར་འོག་བཙན་བྱོལ་སྤྱི་ཚོགས་འདི་འཚོ་བཞིན་པ་ནས་བྱ་སྤུ་གནོན་ཟེར་བའི་ཐ་སྙད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ལས་བྱེད་བླངས་དོར་སྒྲིག་གཞི་སོགས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་གང་གི་ནང་དུ་ཡང་མཇལ་མ་སོང་ན་བཙན་བྱོལ་སྤྱི་ ཚོགས་འདི་དམངས་གཙོ་གཅིག་བསྡུད་གྲལ་རིམ་དམངས་གཙོ་ལ་ཁ་ཕྱོགས་འདོད་པ་མ་རེད་དམ།
ཨ་སྒོར་ས་ཡ་གཅིག་དེ་སྤེན་པ་ཚེ་རིང་དང་སྲུང་མ་དམར་ནག་ཐུན་མོང་གིས་སྲུང་སྐྱོབ་བྱེད་ཐུབ་པ་ནི་ཧ་ཅང་གི་རླབས་ཆེ་བའི་གྲུབ་འབྲས་རེད་གདའ།
ཁམས་པ་ཨ་མདོ་མ་ཟེར། ཁམས་པའི་ནང་ཇག་པ་ཁ་ཤས་ཤིག་མ་གཏོགས། ཁམས་པ་བྱིངས་ལ་བོད་སྤྱི་དོན་ཧ་ཅང་བློ་དཀར་གཞུང་དྲང་རེད། འཇུ་ཆེན་ཐུབ་བསྟན་བཀུར་མཁན་རྣམས་ལམ་ནོར་བསྡད་ཡོད་རེད། དེ་གྲངས་ཀ་ཧ་ཅང་ཉུང་ཉུང་རེད། དཔེར་ན། སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་རྣམས་འཇུ་ཆེན་ཡག་པོ་མེད་པ་མཁྱེན་མཁན་རེད། ལྡི་ལི་ཆུ་སྒང་གི་རྒྱུན་ལས་ཁ་ཤས་དང་། མདོ་སྟོད་སྤྱི་འཐུས་ཁ་ཤས་ལས་བྱིངས་ལམ་ཡག་པོ་འགྲོ་གི་ཡོད་རེད། ཡིན་ནའང་། མི་ཁ་ཤས་ཀྱིས་ཁམས་པ་མི་མང་ལ་འདས་དང་ད་ལྟ་གཉིས་ཀར་མགོ་སྐོར་བཏང་དྲག མཉམ་དུ་ཁམས་པའི་ཞེན་ཁོག་རྫུན་མ་བསླངས་པས། མང་ཆེ་བ་སློབ་སྦྱོང་མེད་ཙང་། ཁོ་ཚོ་ཁ་ཤས་ཤིག་གི་ཇུས་ངན་ལམ་དུ་འགྲོ་གི་ཡོད་པ་འདྲ་ཡང་། དེང་སང་ཁམས་པ་མང་པོ་སློབ་སྦྱོང་ཡག་ཏུ་དང་དོ་སྣང་ཆེ་རུ་འགྲོ་གི་འདུག་པས། འཇུ་ཆེན་ཐུབ་བསྟན་གྱི་རྗེས་འབྲང་ཁ་ཤས་ཡོད་པ་རྣམས་དང་། དོལ་རྒྱལ་ཚོགས་པའི་ཁམས་པ། རྒྱ་ནག་གཞུང་ཚབ་ཁང་གི་སྐུ་མགྲོན་ཁམས་པ་རྣམས། བོད་གཞུང་དེ་སྔའི་ན་ཚ་རྙིང་པའི་འཁོན་འཛིན་བྱེད་མཁན་ཚང་མ་དུས་ཡུན་ཐུང་ངུའི་ནང་འབོ་ལུག་འགྲོ་གི་རེད། ཁོ་ཚོས་ཁུངས་འཁྱོལ་གི་མ་རེད། ད་ལྟ་ཁམས་པ་མི་མང་མང་ཆེ་བ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལྟ་བུ། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལྟ་བུའི་ཁམས་པ་ཚད་ལྡན། ས་ལ་གྲགས་པ། གནམ་ལྟ་བུ། རྒྱ་མཚོ་ལྟ་བུའི་རླབས་ཆེན་མི་སྣ་དག་གི་རྗེས་སུ་ཡོང་གི་ཡོད་པ་གསལ་བོ་རེད། དེའི་ཆ་ནས་རྫུན་མ་དང་ཁྲམ་ལས། ཞེན་ཁོག་སྡུག་ཅག་གིས་རྒྱུ་བྱས་པའི་ལས་དོན་དེ་དུས་ཡུན་ཐུང་ངུའི་ནང་རྐུབ་བརྡོལ་འགྲོ་གི་རེད། བློ་སེང་ལའང་ཁམས་པ་རྒྱ་ཆེ་མི་མང་ཚང་མས་རྒྱབ་སྐྱོར་ཡོད་པ་མ་རེད། འཇུ་ཆེན་གྱི་ཨ་ཕྲུག་ཚོས་ཀྱང་སོ་སོའི་ངན་འདོད་སྒྲུབ་ཆེད་རྒྱབ་སྐྱོར་བྱེད་པ་ལས། རྒྱབ་སྐྱོར་ངོ་མ་དེ་ཡོད་པ་མ་རེད། ཚུར་ཕྱོགས་འབའ་བ། ལི་ཐང་། ཏྲེ་ཧོར་གྱི་མི་མང་གང་འཚམས་འབའ་བ་དང་ལི་ཐང་གི་མི་སྣ་ཁ་ཤས་ཀྱིས་ཐབས་བྱུས་ལྡན་པའི་ངང་ཟིང་སློང་ཐུབ་གི་ཡོད་རེད། འོས་བསྡུའི་སྐབས་མང་ཆེ་བ་དེ་དག་རེད། ལྷག་པར་ལི་ཐང་གི་ཁ་ཤས་སྨྱོན་པ་ཆགས་གྲབས་བྱས་ཡོད་རེད་མ་གཏོགས། ཁམས་པ་རྒྱ་ཆེ་མི་མང་ཚང་མ་དེ་འདྲ་སྡུག་ཅག སྡིག་པ་མིག་བཙུམ་བྱེད་མཁན་མ་རེད། གཙོ་བོ། མི་མང་གི་གནས་ཚད་ད་དུང་མ་ལོངས་པས། མགོ་སྐོར་འོག་ཚུད་དྲག་པའི་དཀའ་ངལ་རེད། དེ་ཤེས་དགོས་པ་རེད།
གོང་དུ་དྲ་གྲོགས་མང་པོས་དགོངས་ཚུལ་ལེགས་པོ་གསུངས་འདུག་ཐུགས་རྗེ་ཆེ།
ད་སྐབས་བློ་སེང་དང་ཁོ་པའི་རྗེས་འབྲངས་དང་བཅས་པས་ཁམས་པའི་ཞེན་འཁོགས་བསླངས་ནས་གནས་ཚུལ་ཆུང་ངུ་མང་པོ་ཞིག་ཆེན་པོ་བཟོ་ཡི་འདུག
ཆབས་ཅིག་ཚོགས་ཟུར་སྤེན་ཚེ་ལགས་ཀྱི་རྒྱབ་སྐྱོར་དུ་རློམས་པའི་དེ་སྔོན་ཨ་རིའི་བོད་ཀྱི་དོན་གཅོད་དུ་ངན་སྨྲས་བྱེད་མཁན་བུད་མེད་ཅིག་འདུག འགན་འཁུར་མེད་པའི་ཚིག་རྩུབ་བརྗོད་སྟངས་དེ་ཡང་ནོར་འཁྲུལ་ཚབས་ཆེ་རེད། འགོར་སྡོད་མཁན་བློ་སེང་གིས་སྡོད་ཚུགས་མ་སོང་བས་ད་ལྟའི་གནས་སྟངས་འདི་འདྲར་གྱར་པ་རེད། ཁམས་པའི་མི་དམངས་ཀྱིས་ཀྱང་ག་ལེར་གནས་ཚུལ་སྤྱི་ཡོངས་ངོས་འཛིན་བྱེད་ཐུབ་ཀྱི་རེད། ང་ནི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་དོ།། ཁམས་པ་འགའ་ཤས་ཀྱིས་མི་ལེགས་པ་བྱས་པར་ཀུན་ལ་སྐྱོན་བརྗོད་བྱེད་རྒྱུ་མི་འདུག ཁམས་པའི་ནང་ཕྱག་འཚལ་འོས་པའི་མི་མང་པོ་ཡོད།
ཡ་མཚན་བོད་ལའང་ཨ་མདོ་ན་གཞོན་ལ་ལས་་་་ལོ་རྒྱུས་དང་རིག་གནས་ཏོག་ཙམ་སླིབ་མྱོང་ཙམ་གྱིས་་་་་་རྩོམ་ཡིག་ཐར་ཐོར་འདྲ་བྲིས་ཏེ་་་སངས་རྒྱས་ལའང་་་གཤོབ་གྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་མཁན་ཨ་མདོ་བ་བྱུང་རེད། དེ་བཞིན་རྒྱལ་པོ་གླང་དར་མ་་དེ་བཀྲོངས་པ་དེ་ནོར་བ་རེད་ཟེར་མཁན་ཡོད་རེད་མངོ་མེད་ཨ་མདོ་བལ་ལ་བྱུང་ཡོད། གུ་རུ་རིན་པོ་ཆེ་ལའང་ཤར་ཁུག་འཁྱམ་པོ་བ་དེས་ལབ་མཁན་བྱུང་བ་རེད། ཡང་ཁམས་པ་ནང་ལའང་་་གནས་སྐྱོང་ཆོས་སྐྱོང་ལ་་བཀུར་བ་བཏབ་པ་བྱུང་བ་རེད་།སྤྱི་འཐུས་བསྟན་པ་ཡར་འཕེལ་ལྟ་བུ། ཡང་ཤུག་ལྡན་མཆོག་གསུམ་ལྟར་སྐྱབས་སུ་འགྲོ་མཁན་ཁམས་པ་ལ་ལ་བྱུང་ཡོད་རེད། ད་དེ་ཚོ་གྲས་མ་འོངས་པ་ནས་སྤྱ་འཐུས་ནང་དུ་མའདེམས་ན་ལེགས། དོན་ནེད་དཀའ་རྙོག་ཅང་ཅང་བྱེད་མཁན་ས་བོན་ཞིག་རེད་འདུག་གོ།།
ཧ་ཧ། ད་ཡིན་ན། ཁ་མཆུ་ཨང་༢༠ ། ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། ཅེས་པ་ཆི་མ་བདེན་མ། https://youtu.be/jCVNGtopHJU
ད་ནི་ཁྲིམས་ཁང་གི་བཅད་ཁྲ་ལ་སྒུག་འདུག ཆེས་བླ་མ་མེད་པ་ནི་ཁྲིམས་ཁང་ཡིན་པས་ནམ་ཡང་གུས་བརྩི་ཞུ་འོས། ཤེས་དགོས་པ་ཞིག་ལ་འདི་ནི་གཞུང་གི་ལས་ཁུངས་ཤིག་གི་དཔོན་གཡོག་བར་གྱི་འགལ་བ་ཡིན་པ་ལས་ཆོལ་ཁའི་འགལ་ཟླ་མིན། གལ་སྲིད་ཨུ་ཚུགས་ཀྱིས་ཆོལ་ཁའི་འགལ་ཟླར་འཁྱེར་མཁན་ཡོད་ན་དེ་ནི་བོད་ཀྱི་གླུད་དང་རྒྱ་ཡི་ཁྱི་ཡིན་ནོ།
སྤེན་པ་ཚེ་རིང་གིས་ཨ་རིའི་དོན་གཅོད་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དེ་སྒེར་བདག་ཏུ་ཤོར་མ་བཅུག་པ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདོད། བློ་བཟང་སེང་གེ་ལའང་ཁག་ཡོད་པ་མ་རེད། སོ་སོའི་དམིགས་ཡུལ་ཞིག་ཡོད་པ་འཕྲོ་བརླག་ཕྱིན་ཙང་། དེའི་སྙིང་ནད་དང་། གཞུང་རྒྱུ་སྒེར་བདག་བྱེད་རྩིས་བྱས་པ་དེ་འགེབས་ཅི་ཐུབ་བྱེད་དགོས་པ་རེད།
སྲིད་པ་རྫ་རྒན། 🍼🍼🍼དོ་ཁྱེད་རང་ཨོ་མ་འདི་མཐུང་རོག་ ང་སྐད་མ་རྒྱབས་ཧཧཧཇ་རྩེང་མོ་ཡིན
འཚུབ་མ་རྒོད་པོ་ལགས། ཁྱེད་ནས་དཔེ་ཡག་པོ་གསུང་འདུག དེ་ཆོལ་ཁའི་འཐེན་འཁྱེར་མ་བྱེད་ན་ཡག རྙོགས་གླེང་དེ་དག་འགོ་འཁྲིད་དྲང་པོ་བྱུང་དང་མ་བྱུང་གི་རྙོགས་གླེང་རེད་མ་གཏོགས་ཆོལ་ཁའི་རྙོགས་གླེང་མ་རེད། བཀའ་ཤག་གི་ནོར་འཕྲུལ་ཡང་མ་རེད། xxཁ་ཤས་ཀྱི་ཆུང་ཆུང་ཆེན་པོ་བཟོ་བ་ཞིག་རེད། ང་ནི་ཁམས་པ་ཡིན། དྲང་བདེན་ལ་རྒྱབ་སྐྱོར་གཙང་མ་ཡོད། དྲང་པོ་མེད་ན་འགོ་བསྡད་མཁན་སྲིད་སྐྱོང་ཡིན་ཡང་དགོངས་དག་ཞུ་དགོས་ཀྱི་རེད་བསམ་གྱི་འདུག ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་༸གོང་ས་༸སྐྱབས་མགོན་མཆོག་དད་པ་དང་བརྩི་བཀུར་ཞུ་གི་ཡོད། ཁོང་གི་ཆེད་སྲོག་གློད་གཏོང་ཐུབ་མཁན་ཞིག་ཡིན། ང་ཁམས་པ་ཡིན་ཟེར་ནས་ཨོ་རྒྱན་སྐྱབས་ཟེར་བ་ན་ལྟར་རྩ་བ་ནས་མིན། ༸གོང་ས་མཆོག་ཁོང་གི་སྐུ་ཕྱེའི་ཞབས་རིམ་ག་དུས་ཡིན་ཡང་གྲུབ་དང་འགྲུབ་བཞིན་ཡིན། ཨོ་རྒྱན་སྐྱབས་ཁྱོད་དེ་འདྲ་རྩ་ནས་མ་ལབ་ཁྱེད་རང་ཤི་དགོས་མཁན་མི་ཞིག་རེད། སྡིག་པ་ཁུར།
འདི་འདྲ་འབྲི་ཐུབ་མཁན་བརྒྱ་ཡོད་པར་ཤོག་སྟོང་ཡོད་པར་ཤོག་ལྷག་པར་དུ་སྤྱི་མཐུས་མིང་ཅན་ཚོའི་ནང་ནས་ཁ་གསལ་དོན་ལྡན་འདི་འདྲ་འབྲི་ཐུབ་ན་སྤྱི་ཚོགས་ལ་ཕན་ངེས་རེད།
སོད་ནམས་ལགས་ནས་བརྗོད་པར་་་རྒྱབ་སྐྱོར་ཡོད།
འདྲ་མི་འདྲ་བཟོ་མཁན་དེ་ཚོ་བོད་པར་མི་དགའ་བ་ཚོ་རེད།
ཡིད་སྐྱོ་བ་ལ་འདི་ན་ཡང་གོང་ས་མཆོག་རྩེད་ཆས་བྱེད་ཀྱིན་འདུག ཀོ་ཅི་ཁམ་པ་ཚོ་གོང་ས་ཆོག་ལ་དད་པ་ཡོད་མེད་ཟེར་ནས་བླ་སློབ་པར་མ་དཀྲིགས་རོགས།
https://www.youtube.com/watch?v=jCVNGtopHJU&t=44s