བསོད་ནམས་བཟང་པོ།
ཨ་ཨ། ལོ་བཅུ་ཙམ་གྱི་གོང་ལ་ཨ་རི་དང་རྒྱ་གར་བར་དུ་གནམ་གླ་རྒྱ་གར་སྒོར་མོ་ཁྲི་གསུམ་ལྷག་ཙམ་ཡིན། ལོ་ལྔ་ཡི་གོང་ལ་རྒྱ་གར་སྒོར་མོ་ཁྲི་བཞི་ཙམ་ཡིན། ན་ནིང་ཡང་རྒྱ་གར་སྒོར་མོ་ཁྲི་ལྔ་ལྷག་ཙམ་ཡིན། ད་ཡིན་ན་གོང་འཕར་ཡོད་གི། རྒྱ་གར་སྒོར་མོ་འབུམ་གཅིག་ཤོར་ས་རེད་ཡ། རྒྱ་ནག་ལ་ལོ་འདིའི་དབྱར་ཐོག་གི་གནམ་གྲུའི་འཛིན་ཉོས་ན་ཨ་སྒོར་ ༢༥༠༠ ཙམ་རེད་ཟེར། རྒྱ་གར་ལ་ ༡༧༠༠ ཡི་ཡོག་ན་མེད་ཀི འབྱུང་འགྱུར་གྱི་ཟླ་བ་དྲུག་གི་ནང་ཚུད་ལ་བལྟས་པ་ཡིན་མོད། ཨ་རི་དང་རྒྱ་གར་དབར་གྱི་ཕར་ལམ་ཚུར་ལམ་གཉིས་ལ་གོང་ཆུང་ཤོས་དེ་ཨ་སྒོར་ ༡༥༠༠ ཙམ་རེད། གནམ་གྲུ་དེ་ཚོ་ཡང་ཡུ་རོབ་བརྒྱུད་ནས་འགྲོ་ནི་རྐྱང་རྐྱང་རེད། ཤ་ཚེ་འགྲོ་ནི་བོ་དེ་ད་ཨ་སྒོར་ཉིས་སྟོང་ལྷག་ཅིག་རེད། ཨ་ཧ་བོ། གནམ་གྲུའི་འཛིན་གོང་ཆེ་གི་ཡ།
འོ་ན་ཁྱེད་ཨ་རི་ལ་མ་འགྲོ་བསྡད་བཞག་ན་ག་འདྲ་འདུག
་ཨ་རི་ནས་ཨ་རབ་བརྒྱུད་པ་ཀིས་ཏན་བརྒྱུད་ནས་རྒྱ་གར་ལ་ཡོང་ན་རིན་པ་ཨ་སྒོར་༡༣༠༠་ལས་ཐོབ་ཀྱི་འདུག་དྲ་རྒྱ་ནས་གཟིགས་ན་ཁེ་བ་རེད་འདུག
ཨ་རི་ལ་ཨ་སྒོར་ཆེད་དུ་མི་འགྲོ་ཀ་མེད་རེད།
ཨ་རབ་ཨ་རབ་མ་གསུངས་རོགས། འདི་ཕྱོགས་ཤིག་ན་མོ་ཐོབ་ན་མོ། ཕོ་ཐོབ་ན་ཕོ། གང་ཐོབ་ཐོབ་འགྲིག་རབས་འདུག མ་ཚད་༢༠༡༡ ནང་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་སྒར་ཁག་ནས་བུ་བུ་མོ་དྲུག་གམ་ཞིག་ཨ་རབ་བརྒྱུད་ན་ཨ་རིར་འགྲོ་ཐབས་བྱས་མོད། ཁ་ལ་ཟས་མ་རགས། ལག་པ་སྟོང་པར་ལུས། བུ་གཅིག་གི་རྐང་པ་ཆག བུ་མོ་ཞིག་སྦྲུམ་མར་གྱུར། སྐྱབས་མེད་མགོན་མེད་དུ་གྱུར་རབས་འདུག་གོ།
ཁྱོད་ཚོ་ཨ་རི་ལ་མ་ཐར་བར་འདུག ང་ནི་ཨ་རི་ནས་བོད་ལ་མ་ཐར་བར་ཡོད། ཐར་པ་ཐོབ་དུས་ཤིག་མི་འདུག
མེ་དཀར་ལགས།
མཐོང་ཆེན་རྫུན་མ་མ་ཡིན་པར་མི་འགྲོ་ལུགས་བྱས་ན་གནམ་ཐང་ནང་དུ་དེ་འདྲ་བྱེད་མཁན་མི་གཅིག་ཀྱང་མི་འདུག ང་ཐེང་མང་འགྲོ་མྱོངས། ཐུགས་ཁྲལ་མི་དགོས། མི་འགྲོ་ལུགས་མིན་པར་གསང་ཡིབ་བྱེད་དེ་འགྲོ་ན་དེ་ལྟར་ལོས་ཡོང།
གནམ་གྲུའི་གསང་སྤྱོད་ཁང་དུ་འདུག་ས་རག་ན་གོང་ཨའོ་ཙམ་མིན་འགྲོ ་་་་་་་་་་་ང་ལ་ཨ་རི་ཝི་ཟ་ཡོད་ཀྱང་ད་གནམ་གླ་མེད་པས་ཅི་དྲག་་་་་་་་་་་་་་་་་་་་་དཀོན་མཆོག་མཁྱེན་་་་་་་་་་་་་་་་་་་བུ་ལོན་གཡར་ན་སུ་ལ་གཡར་་་་་་་་་་ད་ཕར་སླེབས་སོང་ན་་་་་་་་་་་་་་་་་་ལས་ཀ་་་་་་་་་་་་་་་་་ཡང་སྐྱབས་བཅོལ་རྫུན་མ་་་་་་་་་་་་་་་་་་་་་་ཡང་བོད་ལ་འགྲོ་རྒྱུ་་་་་་་་་་་་་་་་་་ཨ་ཨ་་་་་་་་་་་་་་་་ད་ཡིན་ན་བྲག་ཁུག་ནང་འགྲོ་ན་དངོས་གནས་སྐྱིད་པོ་ཡིན་ས་རེད་་་་་་་་་་་་་རི་ཁྲོད་ནགས་ཁྲོད་གངས་ཁྲོད་སོགས། །ཕུན་སུམ་ཚོགས་པའི་གནས་ཉིད་དུ། །་་་་་་་་་་་་་་་་་་་་་་་གསུངས་པ་དངོས་གནས་བདེན་པ་རེད།
ཨ་མདོའི་བག་ལེབ་བཙོང་ནས་གནམ་གླ་ཐོབ་ཀྱི་རེད། སེམས་ཁྲལ་མི་དགོས།
ངས་བག་ལེབ་བརྒྱ་ཙམ་ཅིག་ཉོ་མཁོ་ཐག་ཡིན།
ཁྱོད་སྡུག་གྱོང་རེད་གནམ་གྲུ་གོང་ཆེ་ན། མ་འགྲོ་ན་མི་ཆོག་ཟེར་མཁན་སུ་རེད།
ལ་སྟོད་བུ་་་་་་་་་་་་་་་་་་་་་་་་བག་ལེབ་ལེན་ཁ་ཤོག
ཨ་རི་བ་རྒྱུ་ཡོད་དུས། ཁ་བརྡ་ཚང་ག་རེ་ལབ་ལབ་དང་ག་རེ་བྱས་བྱས་ཡིན་པ་འདྲ། གཞན་སྐད་དེ་ཆོ་ཟིག་མ་མཐོང། ཨ་རི་བ་ཡིན་པ་དང་དུང་ཏོག་ཙམ་ཡོད་པའི་གོ་རྒྱུ་བཏང་པ་འདྲ་པོ་བྱུང།
༡༽ཚན་རིགས་དང་མི་དམངས་ཀྱི་འཚོ་བ་དབྱར་མཚོ་གྱི་མཚོ་རླབས་འཕྱུར་བ་བཞིན་ཡར་རྒྱས་ཕྱིན་པའི་རྟགས་མཚན་གསལ་པོ་བསྟན་པ་རེད།།
༢༽ཨ་རི་སོགས་རིམ་འདས་རྒྱལ་ཁབ་ཁག་གིས་དམག་ཤུགས་ཀྱི་འགྲོ་གྲོན་གསོག་
འཇོག་མང་ཙམ་བྱ་ཆེད་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་མྱུར་ཙམ་བཏང་ནས་ཁྲལ་
འབབ་གོང་མཐོར་བཏང་བ་ཞིག་ཡིན་པས། དེ་ལ་ཧ་ལས་པ་དང་ཧང་ཡང་སང་དགོས་དོན་མེད་ལ། རི་བོང་གནམ་སྡིབ་ཀྱི་སྡུག་བསྔལ་དེ་བས་ཀྱང་བྱེད་མི་དགོས།།
ཆོས་ཕྱོགས་ནས་བཤད་ན་ངེས་པ་མེད་པའི་ཉེས་པའམ་ཡིད་བརྟན་མི་རུང་བའི་སྲིད་པའི་
ཕུན་ཚོགས་ཙམ་ཡིན་པས་རྒུད་པའི་རང་བཞིན་ལས་མ་འདས་སོ།།
ཧཧ། ངས་དེ་སྔོན་ནས་ཀླུ་སྨྱོན་བོད་ལ་འགྲོ་འདོད་ཡོད་པ་ཤེས་ཡོད། རྒྱུ་མཚན་ནི་ཁོང་གིས་ཆབ་སྲིད་རྩོམ་ཡིག་དེ་ཙམ་མི་འབྲི་མ་ཟད། དབུ་མ་བསྙད་ནས་རང་བཙན་ལ་ངོ་རྒོལ་བྱེད་པས་རེད། དེ་ནི་ཀླུ་སྨྱོན་ལ་ཁག་མེད། ཕ་ཡུལ་བྲལ་ནས་རྒྱུན་རུང་ཕྱིན་པའི་མི་ཀུན་ཕ་ཡུལ་ལ་འགྲོ་འདོད་ཡོད། རྒྱ་ནག་གིས་གནས་ཚུལ་དེ་གསལ་པོ་རྟོགས་ཤིང་བེད་སྤྱོད་ཀྱིས་བོད་མིའི་རྒྱ་རྒོལ་གྱི་ནུས་བ་ཆུང་དུ་བཏང་བཞིན་ཡོད།
གོང་ཅིག་དཀའ་རུང་ཡོང་སྒོ་ཡང་དེའི་ཚོད་ཀི་སྲལ་འི་མོ། གཅིག་ག་གཅིག་འདྲ་ཟིག་མ་རེད་ནེ། སྒོ་མོ་འདི་འགྱོ་ས་མང་ན་དེའི་ཚོད་ཀིས་འཇིག་རྟེན་འདི་ནས་འཕག་འཚག་རྒྱག་ན་འདོད་ནི་ཟིག་རེད། སྒོར་མོའི་འགྱོ་སྒོ་མེད་ན་ང་ནི་ཉོབ་ནིས་ཤི་འགྱོ་ས་རེད། མ་གཞི།
མྱི་ཤ་དམར་རོ་བཀོལ་ན་བཟང་།།
བཀོལ་འི་བཀོལ་འི་ཇེ་ཐང་རེད།།
སྒོར་མོའི་ཁུག་མ་ཇེ་གང་རེད།།
འགྱོ་ས་འདུག་ས་ཇེ་མང་རེད།།
སྙིང་རྗེ། ཉམས་ཆུང་ནུས་མེད་ཀྱི་དབུལ་པོ་རྣམས་ལ་དགྱེལ་བའི་སྒང་ལ་རྡོག་བརྫིས་དང་མུ་གེའི་སྒང་ལ་ཟླ་ལྷག་རང་རེད། འབྱོར་ལྡན་དབང་ཡོད་རྣམས་སྣང་དག་མེད། ཁོང་རྣམ་པའི་་ནང་མི་ཉེ་འབྲེལ་དང་བཅས་པ་གནས་སྤོ་ཟིན།