གཡག་འཕྲིན།
གཡག་འཕྲིན་ནི། ལྕགས་ཡོས་མཐུན་ཚོགས་ཀྱི་ངོས་ནས་བཟོས་པའི་ཨན་ཌོ་མ་ལག་ནང་བཀོལ་ཆོག་པའི་འཕྲིན་ཐུང་ཉེར་སྤྱོད་མ་ལག་ཅིག་ཡིན་ལ། གཡག་འཕྲིན་གྱིས་ཁྱེད་ཀྱི་ཁ་པར་སྟེང་གི་གཏན་འཇགས་འཕྲིན་ཐུང་མ་ལག་དེ་བརྗེ་གི་ཡོད། དེ་ཡིས། ཁྱོད་ལ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་སོགས་སྐད་ཡིག་མང་པོའི་ནང་དུ་འཕྲིན་ཐུང་གཏོང་གི་འཇུག ད་དུང་། གཡག་འཕྲིན་ལ་བོད་རང་གི་ཁྱད་ཆོས་ལྡན་པའི་རྟགས་རིས་ཀྱང་ཡོད།
★ ངོ་མཚར་བ་ཡོད། བལྟ་སྣང་དོད་པའི་རྟགས་རིས་དག་ལ་ལྟོས།
★ བདེ་འཇགས་ཨང་དང་པོ། ཁྱོད་ཀྱི་ཁ་པར་བོར་བརླགས་དང་རྐུ་འཁྱེར་སོགས་ཅི་ཞིག་བྱུང་རུང་། འཕྲིན་ཐུང་ཚང་མ་བདེ་འཇགས་ཡིན།
★ གང་བེད་སྤྱོད་བཏང་བ་དེ་ལ་རིན་པ་སྤྲོད། སྔོན་ཚུན་ནས་ཅི་ཡང་སྤྲོད་མི་དགོས། སྤྲོད་དགོས་བ་དེ་ནི། ཁྱེད་ཀྱི་ཁ་པར་བཟོ་ཚོང་ཁང་གིས་འཕྲིན་ཐུང་ལ་རིན་ཅི་ཞིག་ཕབ་པ་དེར་ཡིན།
★ ཁྱབ་བསྒྲགས་མི་ལེན། ང་ཚོར་ཁྱོད་ཀྱི་བརྩེ་བ་དགོས། དངུལ་མི་དགོས།
★ ང་ཚོས་ཁྱོད་ཀྱི་སྐད་དེ་བཤད། སོགས་ནི་གཡག་འཕྲིན་གྱི་དམིགས་བསལ་ཁྱད་ཆོས་དེ་རེད།
གཡག་འཕྲིན་ནི། བོད་ཡིག་དང་དབྱིན་ཡིག རྒྱ་ཡིག ཧྥ་ཡིག འཇར་པན་ཡི་གེ འཇར་མན་ཡི་གེ རོ་མན་ཡི་གེ སི་བས་རྡེའི་ཡི་གེ སི་པེན་ཡི་གེ་ སི་ལོ་བེས་ནེའི་ཡི་གེ ཕོར་ཆུའུ་རྒེས་ཡི་གེ ནོར་བེའི་ཡི་གེ་བཅས་ཚང་མའི་ཁོངས་སུ་བེད་སྤྱོད་གཏོང་ཐུབ།
བོད་ཡིག་མཐེབ་གཞོང་།
བོད་ཡིག་མཐེབ་གཞོང་འདི་ནི་༼བོད༽་ངོས་ནས་རིན་མེད་ཐོག་མཁོ་སྤྲོད་བྱེད་པའི་ལས་འཆར་གྱི་ཨན་ཌོ་མ་ལག་ནང་གི་མཐེབ་གཞོང་ཞིག་ཡིན། འདི་ལ་rootམཆོག་མཆན་ལེན་དགོས་ཀྱི་མེད་ལ། དམིགས་བསལ་གྱི་ཡིག་གཟུགས་དེ་འདྲ་ཡང་མི་དགོས། མཉེན་ཆས་འདི་ལྕགས་ཡོས་མཐུན་ཚོགས་ཀྱི་མཉེན་ཆས་གཞན སྨོན་ལམ་ཚིག་མཛོད་དང་།གཡག་འཕྲིན་སོགས་དང་མཉམ་དུ་བེད་སྤྱོད་གཏོང་རོགས། མཉེན་ཆས་འདིའི་བཟོ་བཀོད་གསར་བ་དེ་དྲ་ཐག་http://digitaltibetan.org/index.php/Tibetan_Input_Method_for_Apple_iOS_4.2_devices_(iPhone,_iPad,_iPod_touch)་འདིའི་ནང་གསལ་བའི་་ཀུ་ཤུ་ཁ་པར་གྱི་IOS་མ་ལག་ནང་གི་སྒྲིག་བཀོད་དང་གཅིག་མཚུངས་ཡིན།
མཉེན་ཆས་འདི་གཉིས་ཨན་ཌོ་མ་ལག་ནང་གི་མཉེན་ཆས་ཕབ་ལེན་བྱེད་སའི་མཛོད་ play store རྒྱ་སྐད་དུ་ play 商店 ཟེར་བ་ནས་གཡག་འཕྲིན་ལ་དབྱིན་ཡིག་yakchat དང་བོད་ཡིག་མཐེབ་གཞོང་ལ་དབྱིན་ཡིག་་་tibetan keyboard ཞེས་གཏགས་ཚེ། ཐད་ཀར་ཕབ་ལེན་བྱེད་ཐུབ་ལ། བོད་ཆོལ་ཁ་གསུམ་ན་གནས་པའི་གཞིས་བཞུགས་བོད་མི་ཚོས་དྲ་གནས་ http://pan.baidu.com/s/1ntDJnNN འདིར་ཕེབས་ནས་ཕབ་ལེན་བྱེད་རོགས། དྲ་གནས་འདིར་བོད་ཡིག་མཐེབ་གཞོང་དང་གཡག་འཕྲིན་གཉིས་ཀ་ཡིག་ཆའི་སྒམ་གཅིག་གི་ནང་ལ་མཉམ་དུ་བླུགས་ནས་བཞག་ཡོད།
དོགས་འདྲི་རིགས་ཡོད་ཚེ། གློག་འཕྲིན་་tenzinlhamo2013@gmail.com ལ་ཐད་ཀར་འབྲེལ་བ་བྱས་ན་འགྲིག
Apple ལ་བེད་སྤྱོད་ནུས་སམ། ནུས་ན་གང་འདྲ་བྱེད་ནས་ཕབ་ལེན་དགོས།
འདི་གཉིས་ཨན་ཌོ་མ་ལག་གི་ཆེད་དུ་བཟོས་པའི་མཉེན་ཆས་གཉིས་ཡིན་པས། ཀུ་ཤུ་ཁ་པར་ནང་བེད་སྤྱོད་གཏོང་མི་ནུས་ཟེར།
ཡ་ལགས་སོ་་བཀའ་དྲིན་ཆེ་ལགས།
གུས་པའི་གཡག་ཕྲིན་དེ་ཕབ་ལེན་བྱས་ཟིན་ཀྱང་ད་དུང་ལས་ཀ་བྱེད་ཀྱི་མིན་འདུག ཇི་ལྟར་བྱ་དགོས་ཡིན་མིན་གསུངས་གནང་ཡོད་པ་ཞུས། མིང་དང་གསང་ཨང་སོགས་དེབ་སྐྱེལ་ཇི་ལྟར་བྱ་དགོས་མིན་ནག་ཁུང་རེད་ཤག གལ་ཏེ་དེ་ལྟར་བྱ་ཐུབ་ཚེ། ཉིན་དེ་རིང་ནས་བཟུང་Wechat དང་Kakaotalk བེད་སྤྱོད་ཁྱོན་ནས་བྱ་རྒྱུ་མིན།