ཁྲོ་གཏུམ།
འབུ་སྨན་རྩ་ད་ལྟའི་འབྱོར་ཕྱུག་རེད།།
དེ་མི་རྩོད་ཟེར་ན་སྟོང་བསམ་རེད།།
དེ་མི་དགོས་ཟེར་ན་གླེན་པ་རེད།།
རྒྱ་ནག་པོ་ཚང་ང་ཁྲིམས་མེད་ཀི།
བོད་གངས་ཅན་ཁ་རྒྱ་མགོ་རྒྱ་རེད།།
ལུགས་གང་བཟང་མ་ཤེས་བསམ་མེད་རེད།།
མི་རྒྱུ་ཡིས་སྨྱོ་བ་ཁ་དཔེརེད།།
འདི་དགོས་ཀི་དགོས་རབས་ཟེར་ནི་ཟོ།།
ཁ་མ་ཎི་འདོན་དང་གཅིག་པ་རེད།།
དུས་ཉེར་གཅིག་ཚོང་རའི་བྲན་རྒྱུག་རེད།།
བོད་མགོ་ནག་ནོར་གྱི་བདག་པོ་རེད།།
རྒྱ་དམར་པོས་ཚང་མ་བདག་བཟུང་རེད།།
གཅིག་དབང་ནོ་དབྱར་རྩྭ་དགུན་འབུ་རེད།།
དེའི་སྤྲད་ནོ་ནང་དམེ་དམར་གསོད་རེད།།
འདི་ཚང་མ་སྤྱི་ཚོགས་འཕེལ་རྒྱས་རེད།།
ཡང་མིན་ན་སྤྱི་ཚོགས་ཉམ་མྱོང་རེད།།
མྱི་གསད་ནོ་གླིང་ལ་གྲགས་ཐལ།།
བོའུ་རྒྱབ་ནོ་ཀུན་གིས་གོ་ཐལ།།
རྩྭ་རྩ་ཆེན་ཡིན་ནི་མིན་ན།།
མི་སེམས་ཅན་ཡིན་ནོ་བརྗེད་ཐལ།།
འབུ་རྐོ་ས་ཡོད་ནི་ཟིག་གིས།།
མྱི་འགྲོ་ས་མེད་ནི་བཅའ་ཀི།།
ཁོག་དབུགས་ཀྱིས་ཀང་ནས་ཡོང་ངེ་།།
མྱི་དབུགས་ཅན་དམྱལ་བ་རྫོང་གི།།
རི་སྡེ་བ་དབང་ནོ་རི་ལུང་།།
ས་མགོ་རས་ཁྲིམས་མེད་ལུགས་མེད།།
མི་བསམ་མེད་ཟོག་གི་རྫི་བོ།།
སེམས་འདོད་པའི་ཧེབ་ཁུག་གཡུགས་ནས།།
སྡེ་ཡར་ནང་མར་ནང་ཐུག་གི
མྱི་གསད་ལས་སྟོང་འཇལ་རྒྱག་གི
རྒྱུ་ཡོད་ནི་རྡོག་གོ་མིན་ན།།
མྱི་གསོད་ནི་རྡོག་གོ་སྙིང་རྗེ།།
སྡེ་འཚོ་བའི་དཔའ་རྒོད་ཡིན་རུང་།།
བསོན་དེད་ན་ཧུ་ནུའི་བར་རེད།།
འདང་རྒྱབ་ན་རིགས་རྒྱུད་གཅིག་རེད།།
སྡེ་ཡར་ནང་མར་ནང་བོད་རེད།།
མྱི་གསད་ན་མྱི་ཁ་གླེང་རེད།།
གླིང་ཆེ་ཆུང་ཀུན་ཐོན་དུས།།
བོད་མགོ་ནག་སྐྱོབས་ཀི་རེ་ས།།
ས་ཟླུམ་པོའི་མི་སྡེ་རེ་རེར།།
གངས་དཀར་པོའི་ལས་དབང་གླེང་མཁན།།
བོད་ཞི་བདེ་ཡིན་པའི་དཔང་རྟགས།།
འབུ་རྩ་ཆེན་གྱུར་དུས་བརླགས་ཐལ།།
འ་ཤུ་རེ་འདང་རེ་རྒྱོབ་ར།།
སྲོག་འཇོག་ས་གང་རེད་ལྟོས་ར།།
བོད་ཟེར་བ་ཅི་རེད་སོམས་ར །།
ས་ཆུང་ཆུང་ལག་མཐིལ་འདྲ་བོ།།
དགྲ་སུ་ཡིས་ཁུར་ནས་ཤེས་ཡ།།
ངོ་མ་དོན་སྙིང་ཡོད་ནི་ཟིག་རེད་ཀོ
འབུ་འཐུ་རྒྱུ་ཁོང་ཚོ་འདོད་རེད།། ལག་སྒོར་མོ་འདོད་པའི་དཀྱིལ།། ས་རྩོད་རྒྱུ་ཁོང་ཚོ་དཔེ་རེད།། དཔེ་འཇོག་ས་གངས་ཅན་བོད་རེད་་་་་་་ཨ་ལ་་་་་་འགྲིག་གི་མེད་ནོ་བཤད་ཁུལ་ཅན་པོ་རེད་ཧཧཧཧ
ཡག་པོ་བྲིས་འདུག
ངོ་མ་ཡག་པོ་བྲིས་འདུག
ལྟ་ཚད་དགའ་ནས་མིན། །ཟེར་ཚད་བསམས་ནས་མིན། །མཐོང་ཚད་བདེན་པ་མིན། །ངུ་ཚད་སྐྱོ་ནས་མིན།།
ལྟས་ཚད།
ངུས་ཚད།
བལྟ་བྱ་ལྟ་བྱེད་བལྟས་ལྟོས་ཤིག ངུ་བ་ནི་ད་ལྟ་བའི་བྱ་ཚིག་སྟེ། སུམ་ཅུ་པའི་རྩ་བ་ནང་ལྟར། དེ་ཕྱིར་དུས་གསུམ་དབྱེ་བས་ནི། །བྱེད་ལས་དང་འབྲེལ་ངག་གིས་ནི། །སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །
ཚད་ཀྱི་སྔོན་དུ་འདས་མ་འོང་ད་ལྟ་བ་གང་ཞིག་སྦྱར་ཡང་སྐྱོན་ཞིག་མི་འདུག་སྙམ། ཡིན་ཡང་སྐུལ་ཚིག་ལ་མི་ཆོག་སྙམ། ལྟས་ཀྱི་མཐའ་རྟེན་ས་དེ་ལ་སྐུ་ཉིད་ཀྱི་དགོངས་པ་དེ་གང་ཡིན་གསལ་བཤད་ཅིག་གནང་རོགས།