དེ་རིང་ ཨི་ཇིབ་མི་དམངས་སྟོང་ཕྲག་དང་ཁྲི་ཕྲག་གིས་ ངོ་རྒོལ་སྐད་འབོད་བྱས་ཏེ་ ཉིན་་༡༨ ཕྱིན་པའི་སྐབས་འདིར། སྲིད་འཛིན་ མུའུ་བྷ་རག་ སྲིད་འཛིན་ནས་ཕྱིར་འབུད་བཏང་ཡོད་འདུག སྐབས་དེར་མི་དམངས་ཀྱིས། “ང་ཚོས་སྲིད་འཛིན་མཐར་སྐྲོད་བཏང་བ་ཡིན།”སོགས་ཀྱི་སྐད་འབོད་དང་བཅས་དགའ་བའི་གླུ་དབྱངས་ལེན་བཞིན་ཡོད་འདུག ཁ་སང་དགོང་མོར་སྲིད་འཛིན་དེས་རྩ་དགོངས་ཞུ་རྒྱུ་མིན་པའི་གཏམ་བཤད་བྱས་མོད། མི་དམངས་ཀྱི་ངོ་རྒོལ་ཤུགས་ཆེ་རུ་ཕྱིན་པའི་རྒྱུ་རྐྱེན་ལ་བརྟེན་ནས། དམག་མིས་ཁོང་དགོངས་ཞུ་བྱེད་བཅུག་ཡོད་པ་རེད་ཟེར།
རྒྱ་ནག་ལའང་མགྱོགས་མྱུར་དེ་ལྟར་ཡོང་བའི་རེ་བ་ཡོད་
འདི་ན་་་་་་་་་རང་གི་རང་དབང་དང་བདེ་སྐྱིད་ཆེད་སོ་སོ་རང་ཉིད་ནས་དཀའ་ལས་རྒྱབ་གཅིག་སྒྲིལ་དང་འཐབ་རྩོད་བྱས་ད་འབྲས་བུ་ཐོན་འདུག་་་་ཧཧཧཧཧཧ་་་ཨི་ཇིབ་མི་དམངས་གི་བསམ་དོན་སྒྲུབ་པར་བཀྲིས་བདེ་ལེགས་ཁྲི་འབུམ་མང་པོ་ཞུ།།།།།།།
བོད་མི་ཚོ། བོད་མི་ཚོ། སུད་ཀྲན་ལྷོ་ཕྱོགས་ལ་རང་བཙན་ཐོབ་འདུག། ད་རིང་ཨི་ཇིབ་མི་དམངས་གི་བསམ་དོན་སྒྲུབ་འདུག། དེ་ཚོ་ཚང་མ་སོ་སོ་རང་ཉིད་ནས་དཀའ་ལས་རྒྱབ་ནས་བྱུང་བ་ཤ་ལྟག་རེད། དེ་ནི་གཅིག་སྒྲིལ་གི་སྟོབས་ཤུགས་རེད།
ཨེ་ཇིབ་ཀྱི་མི་དམངས་སྲིད་དབང་སྒེར་འཛིན་གྱི་འོག་ནས་ཐར་བ་བརྟེན་འབྲེལ་ཞུ། ཨེ་ཇིབ་མི་དམངས་ཀྱིས་སྲིད་གཞུང་ཟེར་བ་དེ་མི་དམངས་ལ་དབང་བ་གསལ་བོ་བྱས་སོང་། ད་རེས་ཨེ་ཇིབ་མི་དམངས་ཀྱིས་རྒྱ་ནག་གི་སྙིང་ལ་ཚ་ཤར་རྒྱག་གི་བཅུག་ཡོད་པ་ཐག་ཆོད་ཡིན།
གོང་དུ་གྲོགས་རྣམས་ཀྱིས་གསུངས་པ་བཞིན་འདི་ནི་ཤིན་ཏུ་འོས་ཤིང་འཚམས་པའི་གནད་དོན་ཞིག་ལེགས་འགྲུབ་འབྱུང་ལ་ཉེ་བ་ཡིན་དུས་དགའ་བསུ་ལོས་ཞུ། ང་ཚོས་ཀྱང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་མཐུལ་བསྒྲིལ་ལག་པ་གཅིག་ཏུ་སྒྲིལ་ཏེ་བརྩོན་པ་བྱས་ན་མི་འགྲུབ་པ་ཞིག་རྩ་བ་ནས་མིན། དེ་བཞིན་རྒྱ་རིགས་དུང་ཕྱུང་མང་པོ་ཞིག་གི་དམར་པོའི་གཞུང་གི་གཉའ་གནོན་དང་བཙན་དབང་འོག་ཏུ་མྱོང་དང་མྱོང་བཞིན་པ་ཡིན་དུས། ང་ཚོའི་ཁོང་ཚོ་གཉིད་སད་དུ་བཅུག་ནས་དམར་པོ་རིང་ལུགས་ཀྱི་ངན་སྤྱོད་ངོ་མ་མཐོང་ཐུབ་པ་བཟོ་དགོས་འདུག
དྲ་གྲོགས་ཚོས་ཡག་པོ་བྲིས་འདུག་ལྷག་པར་མཐོང་གྲོལ་ལགས་ཀྱིས་གནད་ལ་འཁེལ་པོ་གསུངས་སོང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་དུང་མུ་མཐུད་ནས་ཨེ་ཅབ་དང་རྒྱ་ནག་བར་འདྲ་བའི་ཆ་དང་མི་འདྲ་བའི་ཆ།
ངོ་རྒོལ་གྱི་འབྱུང་རྐྱེན།
དེང་སྐབས་རྒྱ་ནག་ནང་དེ་འདྲ་བྱུང་སྲིད་དམ།འབྱུང་རྒྱུའི་གོ་སྐབས་ཡོད་རེད་དམ།
ངས་ཐེངས་འདིར་སྲིད་འཛིན་མུའུ་བྷ་རག་མཆོག་ལ་བསྔགས་བརྗོད་ཞུ་རྒྱུར།དོན་རྐྱེན་བྱུང་བའི་སྔ་ཕྱི་བར་གསུམ་དུ་རྒྱ་ནག་ནང་བཞིན་གྱི་དྲག་གནོན་མ་བྱས་དང་།གནད་དོན་ཚང་མ་དྲག་པོའི་ཐོག་ནས་ཐག་གཅོད་མ་བྱས་པ་དེ་ཡིན།དེ་ནི་ཁོང་གི་དགེ་མཚན་གལ་ཆེ་ཤོས་ཤིག་རེད།རྒྱ་ནག་ལྟ་བུ་ཡིན་ན་འབོར་ཙམ་བྱས་ན་འབོར་རྡུང་བཏང་ནས་མི་མང་ལ་བསྟུད་མར་ངོ་རྒོལ་བྱ་རྒྱུའི་གོ་སྐབས་ཐོབ་ཁག་པོ་རེད་སྙམ།
སྲིད་འཛིན་མུའུ་བྷ་རག་དང་རྒྱ་དམར་གྱི་དཔོན་རིགས་དེ་དག་བསྡུར་བ་བྱས་ན་ལྡབ་མང་པོས་སྲིད་འཛིན་མུའུ་བྷ་རག་ཚད་མཐོ་བ་དང་།བསམ་བློ་ཕུགས་རྒྱང་ཆེ་བ་ཡོད།
དེ་སྔ་རྒྱ་ནག་གི་དྲུག་བཞིན་དོན་རྐྱེན་སྐབས་པེ་ཅིང་གི་རྒྱལ་སའི་དམག་མིས་མི་མང་ལ་དྲག་གནོན་བྱ་རྒྱུར་ཐེ་ཚོམ་སྐྱེས་ནས་ཕྱིར་འཐེན་བྱེད་སྐབས་མཐའ་མཚམས་ཀྱིས་དམག་མི་འབོད་ནས་དྲག་བྱེད་བཅུག་པ་རེད།
སྲིད་འཛིན་མུའུ་བྷ་རག་ལ་དེ་འདྲ་བྱ་རྒྱུའི་གོ་སྐབས་ཡོད་ཀྱང་ཁོང་གིས་མ་འོངས་པར་ལོ་རྒྱུས་ཀྱི་ཉེན་ཅན་ཞིག་བྱེད་འདོད་མེད་ཀྱང་ཐག་གཅོད་ཡང་དག་པ་ཞིག་གནང་བ་རེད།དེ་ནི་བསྔགས་བརྗོད་འོས་པ་ཞིག་རེད།
ཨེབ་ཇེབ་མི་མང་ལ་མཚོན་ལ་དེ་རིང་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉི་མ་ཞིག་རེད་ལ། མི་ལོ་༣༠ རིང་གི་མོ་པ་ར་ཁུའི་སྲིད་དབང་སྒེར་འཛིན་དེ་ཉིན་༡༨ ནང་མགོ་རྟིང་བསློགས་ཏེ་རང་དབང་གི་ཉི་འོད་བསུས་བ་རེད། ངའི་རེ་བའམ་ཡང་ན་ང་ལ་རྨི་ལམ་ཞིག་ཡོད་པ་ནི་ཨེབ་ཇིབ་མི་མང་གི་གསར་བརྗེ་སྙིང་སྟོབས་དེ་རྒྱ་ནག་གི་མི་མང་ལ་རྒྱས་ནས་མི་ལོ་༦༢རིང་དབང་སྒྱུར་བྱེད་བཞིན་པའི་དམར་པོའི་གཞུང་མགོ་རྟིང་བསློག་ཏེ་རང་དབང་མྱུར་ཏུ་ཐོབ་པར་སྨོན།
ཨེབ་ཇེབ་མི་མང་ལ་རྟེན་འབྲེལ་ཞུ།
དྲ་གྲོགས་ལ་རྒྱའི་བདག་པོས་ཡག་པོ་བྲིས་འདུག མཐུན་སྒྲིལ་དང་ནུས་ཤུགས་གཅིག་བསྡུས་ནི་ཇི་འདྲའི་སྟོབས་དང་ལྡན། ཨ་ཤུ་རེ་ཁོ།
ཨ་ལ་ལ་་་་་མ་བོས་གཅིག་མཐུན་གྱིས་འཛོམས་ཡོང་བའི་མི་དམངས་འདི་ཚོའི་གཟི་བརྗིད་ལ་ལྟོས་དང་ཡ་མཚན་རེད་ལགས། ང་ཚོ་བོད་ལ་འདི་འདྲའི་གཅིག་མཐུན་གྱི་སེམས་ཤུགས་ཡོད་རྒྱུ་ན་ད་་་་་སྟོན་མོ་ཡོད་ཀི་ཡ།
འོ་་་་་ང་ཚོས་འདི་འདྲ་གཞི་རྒྱ་ཆེ་བའི་སྐད་འབོད་བྱས་ན་ཟམ་གདོང་བླ་མའི་དགོངས་པ་དང་མཐུན་གྱི་མ་རེད་པ།
ཨི་ཇེབ་ཀྱི་མི་མང་ལ་བཀྲ་ཤིས་བདེ་ལེགས་ཞུ། ད་ལོ་དཀྱིལ་ཤར་ཁ་ཆེའི་ཡུལ་གྲུ་ཐོ་ནི་ཤི་ཡ་ནས་འགོ་བཙུག་སྟེ་མི་གཅིག་དབང་ཆར་ངོ་རྒོལ་བྱས་ནས་གྲུབ་འབྲས་ཐོན་པ་བྱུང་ཡོད། ད་དུང་ཇོར་ལྡན་དང་། སོ་ཌི་ཨ་ར་བི་ཡ། སོགས་ནང་མི་མང་གི་ངོ་རྒོལ་ཐོན་བཞིན་ཡོད། དེས་དབང་ཆ་གཅིག་བསྡུས་པ་རྣམས་སྙིང་བརྡར་བ་བཟོས་ཡོད། ད་རྒྱ་ནག་གི་འགོ་འཁྲིད་རྣམས་གཉིད་སྐྱིད་པོ་ཁུགས་ཀྱི་ཨེ་ཡོད། རྒྱ་ནག་ནང་གི་མང་གཙོའི་ལས་འགུལ་བ་རྣམས་དང་རང་ཅག་བོད་པ་ཚང་མ་གཅིག་བསྒྲིལ་གྱིས་རིག་པ་འགྲིམས་ན་གྲུབ་འབྲས་ཐོན་པར་ཐེ་ཚོམ་མེད་ད་ཟབ་ཟབ་བྱོས་ཤོག་ཨ།
སུད་ཌེན་ལྷོ་ཕྱོགས་ལྟར་མ་བྱུང་ན་ཡང་། ཨི་ཇིབ་ལྟར་ལས་འགུལ་རྩོམས་དགོས་མི་འདུག་གེ ཅིག་སོམས་དང་།
འདིའི་སྐོར་རྒྱ་ནག་གསར་འགྱུར་སྒང་ལ་མཚོན་ཙམ་ལས་སྟོན་གྱིས་མི་འདུག ལྷག་པར་པར་དང་བགྲོ་གླེང་རིགས་རྩད་འགོག་བྱས་འདུག་དྲ་བ་ཉུལ་ནས་སྙེད་པའི་པར་དག་ཀྱང་གྲོགས་པོ་རྣམས་ཀྱི་དྲ་བར་འཇོག་མི་ཆོག་པའི་བཀའ་ཕེབས་ཟེར། འདིའི་བརྒྱུད་རིམ་རྣམས་ཞིབ་མོ་ཤེས་ན་ཤིན་ཏུ་ལེགས།
ཨེ་ཇིབ་ཀྱི་ལས་འགུལ་དེར་དམག་མི་རྣམས་ནས་ལྷག་བསམ་རྣམ་དག་བྱས་ཡོད། ཁོང་ཚོས་སྲིད་འཛིན་སྡུག་པ་ཅན་དེའི་ཁ་ལ་མ་ཉན་པར་མི་མང་གི་རྒྱབ་ཏུ་ལངས་པ་དེས་མི་མང་ལ་རྒྱལ་ཁ་ཐོབ་ཡོད། གལ་སྲིད་རྒྱ་ནག་ཏུ་ཟིང་ཆ་ལངས་ན་དམག་མིས་གཞུང་དེའི་ཕྱོགས་སུ་མ་ལངས་པར་དཀྱིལ་དུ་སྡོད་ཀྱི་རེད་དམ། དམག་མི་ནི་རྒྱལ་སྲུང་བའི་མིང་ཡོད་པར་བརྟེན་དྲང་བདེན་གྱི་ཕྱོགས་སུ་ལངས་དགོས། འོ་ན་རྒྱ་ནག་གི་དམག་མི་ལ་དེ་འདྲའི་ལྷག་བསམ་ཡོད་དམ།