སྙན་བཟང་གཡུང་དྲུང་ཚེ་རིང་།
ཁ་སང་ཁེ་ཉིན་ཧྥ་རན་སིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེ་བའི་གནས་ཚུལ་གཅིག་ནི་ཕེ་རེ་སིའི་འཕགས་མའི་ལྷ་ཁང་ལ་མེ་སྐྱོན་ཤོར་བའི་སྐོར་དེ་རེད། ལྷ་ཁང་བསྐྱར་གསོ་དང་འབྲེལ་བའི་ཐད་ལ་བགྲོ་གླེང་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད།
དེ་རིང་། ཚེ་རིང་གིས་ལྷ་ཁང་དང་འབྲེལ་བའི་གནས་ཚུལ་ཉན་འདོད་མེད་ནའང་། གོམས་ལོབས་ཀྱི་དབང་གིས་ཆེད་སྒྲིག་ལེ་ཚན་ཞིག་ཡོད་པ་དེར་བལྟ་འདོད་ཀྱིས་བརྙན་འཕྲིན་གྱི་གློག་སྒོ་ཕྱེས།
‘‘ད་དུང་མོག་མོག་བཟོ་རྒྱུ་མིན་ནམ། དུས་ཚོད་དྲུག་པར་ཟིན་གྲབས་འདུག’’ ཆུང་མས་དེ་ལྟར་བཤད་ཞོར་ཁོང་གི་ལག་ཏུ་འཚིག་ཇ་ཤེལ་ཕོར་ཆུང་ཆུང་ཞིག་བཞག ཚེ་རིང་གི་མིག་བརྙན་འཕྲིན་ངོས་ལ་ཕྱོགས་བཞིན‘‘འཚིག་ཇའི་ནང་ལ་བྱེ་མ་ཀ་ར་བླུགས་ཡོད་དམ།’’ཞེས་དྲིས། ལན་རྒྱག་མཁན་མ་བྱུང་བས། ཁོང་གིས་གཡས་གཡོན་དུ་བལྟས་པ་ན་ཆུང་མ་ཕྱིན་ཡོད་པ་ཤེས།
ཚེ་རིང་གིས་ཡང་སྐྱར་བརྙན་འཕྲིན་ལ་བལྟས། སྐབས་དེར་ལོ་རྒྱུས་སྨྲ་བ་ཞིག་གིས‘‘གལ་སྲིད་བལ་ཁྲོལ ཨེས་གྷོས(Victor Hugo 1882-1885)ཕེ་རེ་སིའི་འཕགས་མའི་ལྷ་ཁང་ཞེས་པའི་རྟོག་སྒྲུང་གྲགས་ཅན་དེ་བྲིས་མེད་ཚེ་དེང་སང་ལྷ་ཁང་འདིའི་རྗེས་ཤུལ་ཙམ་ལས་མེད་སྲིད། ་་་ ’’ གསར་འགོད་པས་བརྗོད་གཞི་དེ་ཉན་འདོད་སྐྱེས་ཏེ་ཚིག་མཚམས་གཅོད་ཞོར‘‘མུ་མཐུད་དེ་གསུངས་རོགས། བལ་ཁྲོལ ཨེས་གྷོས་ཀྱི་སྐོར་གསུངས་དང་། ་་་ ’’
‘‘དུས་རབས་བཅུ་དགུ་པའི་ནང་ལྷ་ཁང་འདི་བདག་མེད་ལྟ་བུར་ལུས་ཏེ་ཉམས་བཞིན་པའི་སྐབས་དེར། བལ་ཁྲོལ ཨེས་གྷོས་ཀྱིས་ལྷ་ཁང་འདི་ཉམས་བཞིན་པ་དགོངས་ནས་ཐབས་ཤེས་ཤིག་དྲན་པ་རེད། དེ་ནི་ལྷ་ཁང་འདི་བརྗོད་བྱ་བྱས་ཏེ་སྒྲུང་ཞིག་འབྲི་དགོས་སྙམ་པ་དེ་རེད།’’ཅེས་བརྗོད་དེ་བགྲོ་གླེང་མཉམ་ཞུགས་པ་ཚོའི་གདོང་ལ་བལྟས།
‘‘འཕགས་མའི་ལྷ་ཁང་ཞེས་པའི་རྟོག་སྒྲུང་དེ་པར་སྐྲུན་བྱས་རྗེས། དེབ་འདིས་ཧྥ་རན་སིའི་སྲིད་དོན་པ་དང་ཡོན་ཏན་པའི་སྡེ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཤིང་། འབྲེལ་ཡོད་ཀྱི་མི་རྣམས་ལ་ལྷ་ཁང་འདི་ཞིག་གསོ་བྱེད་དགོས་པར་སྐུལ་མ་བཏང་བ་རེད། ལྷག་པར་དུ་རྒྱལ་ཁབ་གཞན་གྱིས་ཐོག་མར་རྟོག་སྒྲུང་འདིའི་འགྱུར་བཀླགས་ནས་འཕགས་མའི་ལྷ་ཁང་ངོ་ཤེས་ཤིང་། འཕགས་མའི་ལྷ་ཁང་གི་རྟོག་སྒྲུང་ལ་བརྟེན་ནས་ལྷ་ཁང་འདི་འཛམ་གླིང་ལ་སྐད་གྲགས་བྱུང་བ་རེད།’’ཟེར།
གསར་འགོད་པས་གཟུགས་མཐོང་པར་ཆས་ལ་ལྟ་བཞིན‘‘དེབ་ཅིག་གི་ནུས་པ་ལ་དགོངས་པ་བཞེས་དང་། ་་་ ’’
‘‘དོ་དགོང་གི་འགྲུལ་པ་མ་བརྗེད་རོགས། འོག་གི་ས་དོང(cave)ནང་ལ་སོང་ནས་རྒུན་ཆང་ཡག་པོ་ཞིག་འཁྱེར་ཤོག ངས་ཅོག་ཙེ་གྲ་སྒྲིག་བྱེད་ཀྱི་ཡིན།’’ རྒྱབ་ནས་ཚེ་རིང་གི་ཆུང་མས་གློ་བུར་དུ་དེ་ལྟར་བཤད་དེ་གསར་འགོད་པའི་སྐད་ཆ་ཆ་ཚང་ཉན་དབང་མ་བཅུག
དེ་མ་ཐག་ཚེ་རིང་ལའང་བྲེལ་བ་ཞིག་ལངས་ཏེ་མིག་གཉིས་བརྙན་འཕྲིན་ལ་ཕྱོགས་ཏེ་ཕྱི་ནུར་གྱིས་ཐབ་ཚང་དུ་འགྲོ་སྐབས་ཆུང་མ་ལ་ཐོ་ཐུག་ཅིག་བརྒྱབ། ཁོང་གི་ཁ་ནས་རང་དབང་མེད་པར‘‘དགོངས་དག དགོངས་དག’’ཅེས་ཤོར།
ཚེ་རིང་ཐབ་ཚང་དུ་འགྲོ་རྩིས་བྱས་པ་ན། ཆུང་མས་གོམ་ཁ་བཀག་བྱུང་། ‘‘དེང་སང་ཁྱོད་ཀྱིས་ང་ལ་ལག་པས་རེག་པ་ཕར་ཞོག མིག་གིས་ཀྱང་ལྟ་ཙམ་མི་བྱེད་པ་ཅི་རེད།’’ཅེས་བཤད་རྗེས་དངན་པ་འཐེན།
སྐབས་འདིར་ཁོང་གིས་རང་གི་ཆུང་མར་ཞིབ་ལྟ་ཞིག་བྱས། སེར་པོ་གསེར་གྱི་སྐྲ་ལོ་རྦབ་ཆུ་བཞིན་ཕྲག་སྟེང་ལ་བཞུར་ཞིང་། རི་དྭགས་སྐྲག་བྱེད་ཀྱི་མིག་གི་རྒྱལ་མོ་གཉིས་ལས་སྐར་ཕྲན་ལྟར་འཚེར་བར་བྱེད། དབུགས་ཀྱི་འབྱིན་རྔུབ་དང་བསྟུན་ནས་ནང་འབྱར་གློ་ཁ་དེའི་འོག་ན་མངོན་པར་སྒེག་པའི་ནུ་འབུར་གཉིས་ཀྱང་འདར་བར་བྱེད་ཅིང་། དམར་ཚོས་ཅུང་ཟད་བྱུགས་པའི་མཆུ་སྒྲོས་སོགས་ལ་བལྟས་ན། རང་གི་ཆུང་མ་ནི་ཕེ་རེ་སིའི་འཕགས་མའི་ལྷ་ཁང་ཞེས་པའི་རྟོག་སྒྲུང་དུ་འབྱུང་བའི་བུད་མེད་གཞོན་ནུ་མ་ཨིས་ཟི་མས་ཝ་ཌམ(Esmeralda)དང་གཉིས་སུ་མེད་པར་སྙམ།
ཚེ་རིང་གིས་ཆུང་མའི་ལག་ཟུང་བསྡམས་ཤིང་། འོ་ཞིམ་པོ་ཞིག་བྱས་རྗེས། མཁྱེན་རབ་ཀྱི་ཀློང་བརྡོལ་བའི་ཧྥ་རན་སིའི་སྨྲ་བའི་དབང་ཕྱུག་བལ་ཁྲོལ ཨེས་གྷོ་ལགས་ཨིས་ཟི་མས་ཝ་ཌམ་ལྟ་བུའི་བུད་མེད་ལ་ཡིད་དབང་ཤོར་དོན་གཞི་ནས་ཤེས།
‘‘ངའི་ཨིས་ཟི་མས་ཝ་ཌམ། ཨིས་ཟི་མས་ཝ་ཌམ།’’ ཚེ་རིང་གིས་ཆུང་མའི་གདོང་ལ་བལྟས་ནས་དེ་ལྟར་བཤད་ཅིང་། ཆུང་མས་ཧ་མ་གོ་བའི་ཚུལ་གྱིས་ཚེ་རིང་གིས་གདོང་ལ་ལྟ་བཞིན་འདུག
སྐབས་དེར“ཏིར། ཏིར། ་་་” ཚེ་རིང་གི་ཆུང་མའི་ཁ་པར་གྱི་སྒྲ་གྲགས།
ཚེ་རིང་གིས་ཅི་ཞིག་དྲན་པའི་ཚུལ་གྱིས་ཐབ་ཚང་དུ་ཕྱིན་ཏེ་མོག་མོག་བཟོ་བའི་སྟ་གོན་ལ་ཞུགས་ཤིང་། ‘‘མོག་མོག་འདི་ལས་དགོས་ན་དུས་ཚོད་ཁ་ཤས་ཀྱི་ལས་ཀ་ཡིན་མོད། ཟོས་ན་སྐར་མ་ཁ་ཤས་རེད།’’ཅེས་ཁེར་བཤད་ཅིག་བྱས་ཏེ་རྒྱང་སྲིང་རླུང་འཕྲིན་གྱི་སྒོ་ཕྱེས།
རླུང་འཕྲིན་ཁང་དེའི་བརྗོད་གཞིའང་ཕེ་རེ་སིའི་འཕགས་མའི་ལྷ་ཁང་གི་སྐོར་རེད། ཁོང་གིས་རླུང་འཕྲིན་གྱི་སྒོ་གཏན་རྩིས་བྱེད་སྐབས། གདན་འདྲེན་པ་ཞིག་གིས་བལ་ཁྲོལ ཨེས་གྷོའི་སྐོར་གླེང་བྱུང་བས། ཁོང་གིས་གདན་འདྲེན་པའི་གཏམ་ལ་ཉན་འདོད་སྐྱེས། བལ་ཁྲོལ ཨེས་གྷོ་དང་ཁོང་གི་རྟོག་སྒྲུང་གི་སྐོར་ཉན་བཞིན་ཉན་བཞིན་སེམས་ལ་འཆར་སྣང་སྣ་ཚོགས་ཀྱིས་ཁེངས།
དུས་ཚོད་ཅི་ཙམ་འགོར་བ་མི་ཤེས་མོད། ཚེ་རིང་གིས་མོག་མོག་བཟོ་བཞིན་རྟོག་སྒྲུང་ཞིག་ལ་བློས་བསླངས་བྱེད་བཞིན་པའི་སྐབས་དེར། ‘‘ཚེ་རིང་། ་་་ ” ཆུང་མས་ཁོང་གི་མིང་ནས་བོས་ཏེ་ཐབ་ཚང་གི་སྒོ་ཕྱེ་ནས་སླེབས།
ཁོང་གིས་ཡང་སྐྱར་ཆུང་མ་མཐོང་བ་དང་མཉམ་དུ་ཨིས་ཟི་མས་ཝ་ཌམ་དྲན་པར་གྱུར་ཅིང་། ཁོང་གིས་བློས་བསླངས་བྱས་པའི་རྟོག་སྒྲུང་གི་བརྗོད་བྱའང་ཨིས་ཟི་མས་ཝ་ཌམ་ཡིན་ན་བསམ་བྱུང་།
སྐུ་འཆམ་མ་རེད། མགུལ་འཆམ་རེད་་འཆམ་པ་ལ་མགུལ་འཆམ་ཞེས་ས་བརྗོད་ལ།
བསམ་ཚུལ་རང་ཞིག་ཞུས་ན། ཧྥ་རན་སི་ཡི་ཧྥ་འདི་རྒྱ་སྐད་ཀྱི་གདངས་ལ་མཁོ་བའི་ཧ་སྒྲ་ཞིག་ཡིན་པ་ལས། F ཨེཕ་གྱི་སྒྲ་ཞིག་ཐོན་རྒྱུ་མེད། France ཡི་སྐད་གདངས་བོད་ཡིག་ཏུ། ཕི་རཱན་སི། ཞེས་མགྱོགས་ཙམ་བཀླག་ན་སྒྲ་ཧ་ཅང་ཉེ་བོ་སླེབས་ཀྱི་ཡོད།
འཆམ་མ་རེད་ཆམ་རེད། ཞུ་དག་པས་ཀྱང་ནོར་འདུག ཧ་ཧ་ཧ
ཁེ་ཉིན། ཞག་བཟང་པོ་ཞིག་ལ་བརྩི་དགོས། ཁེ་དང་། ཁས་གཉིས་ལ་གོ་དོན་སོ་སོ་ཡོད་པ་སོགས་སྦྱངས་ན། བོད་གཞུང་སྲ་བརྟན་ཆགས་པ་ལ་ཚང་མས་འགན་ལེན་དགོས་པ་མ་ཡིན་ནམ།
ཨ་ཁུ་འབྲོག་པ་འདི་གླེན་པ་ཞིག་ཡིན་པ་སྔོན་ནས་ཚོར་ཡོད། དེང་དུས་ཀྱི་སྒྲ་གདངས་གསར་བཏོད་ཧའི་འོག་ལ་ཕ་བཞག་པ་དེ་ཧ་ཅང་ཡག་པོ་ཞིག་རེད། France སྒྲ་གདངས་ལ་ ཧྥུ་རན་སི་ཟེར་ན་ཕལ་ཆེར་ཇི་མ་ཇི་བཞིན་ཐོན་ཐུབ་པ་ལྟ་བུ་རེད། ཕུ་རན་སི་ཟེར་ན་སྒྲ་གདངས་ཐག་ཇེ་རིང་དུ་འགྲོ་བ་ལས་ཇེ་ཉེར་འགྲོ་ཡི་མི་འདུག་གོ ཡང་གཅིག་བྱས་ནས་ཁྱོད་ཀྱིས་དབྱིན་སྐད་ཤེས་ཀྱི་མེད་ཚོད་རེད། མི་ཤེས་ན་སོ་སོའི་ཁུ་སིམ་མེར་སྡོད་ན་བཟང་ངོ་། སོ་སོར་གདེང་ཚད་མེད་ན་གཞན་ལ་ཞུ་དག་མ་གཏོང་ཟེར་བ་དེ་ཡིན། །
F འདིའི་སྒྲ་གདངས་ལ་བོད་ཡིག་ཧའི་འོག་ཏུ་ཕ་ཡོད་པ་ཧྥ་འདི་ཧ་ཅང་མཁོ།
དཔེན་ན་དབྱིན་སྐད་དུ། Father and family སོགས་ཀྱི་སྒྲ་ལ་ཧྥ་འདི་ངེས་པར་དུ་དགོས་མཁོ་ཆེ། །
སུ་གླེན་པ་ཡིན་མིན་མཁས་པས་ཤེས། ཁྱོད་རང་ཁ་གོག་བཙུམ། སྙན་བཟང་གཡུང་དྲུང་ལ་བསམ་ཚུལ་ཞུས་པ་ཙམ་ཡིན། ཁྱོད་ཧྥུ་རན་འབྲི་ནའང་བྲིས། ཁྱད་པར་སྤུ་ཙམ་མེད།
ཨ་ཁུ་འབྲོག་པ་ལགས། ང་ཁྱོད་ལ་མ་དགའ་བ་གཏན་ནས་མིན། སྐབས་རེར་ཁྱོད་ཀྱིས་མི་ཤེས་ཤེས་ཁུལ་གྱི་བྱ་སྤྱོད་དེར་ལན་མ་རྒྱབ་རང་རྒྱབ་བྱུང་སོང་། སྔོན་མར་ཞིག་ལའང་ཁྱོད་ཀྱིས་ཞུ་དག་ལོག་པར་བྱས་པ་ཞིག་དྲན། རེད་ཡ། ཁྱེད་ཀྱིས་ཞུ་དག་བཏང་བའི་ཡི་གེ་ཧྥའི་ཚབ་ཏུ་ཕུ་རེད་ཅེས་པ་དེ་འོས་མིན་ལས་སླ་བོ་ཤེས་ཀྱི་རེད། ཁྱེད་རང་Google ནང་ལ་ལྟོས་དང་ཚང་མས་ཧྥ་རན་སི་ཞེས་བྲིས་ཡོད་པ་ལས་ཕུ་རན་སི་ཟེར་བ་ཞིག་གཏན་ནས་མི་རྙེད། ཨ་རིའི་སྒྲ་གདངས་ལ་ཧྥུ་རན་སི་ཞེས་བྲིས་ན་སྒྲ་གདངས་ཕལ་ཆེར་ཇི་མ་ཇི་བཞིན་ཐོན་ཐུབ་ཀི་རེད། །
ཨ་ཁ་སྙིང་རྗེ་ཁྱོད་ཞར་གོག་ཅིག་ཡིན་པ་འདྲ། ཆེ་ཤེལ་ཞིག་གྱོན་ཏེ་ལྟོས་དང་ངས་ཕུ་རན་སི་བྲིས་མེད། ཧྥུ་རན་སི་བྲི་མཁན་ཁྱོད་རེད། ལར་ནས་ཧའི་འོག་ལ་ཕ་བཞག་པ་དེ་ཧ་ཅང་ཡག་པོ་ཡིན་ན། དེ་གསར་གཏོད་གནང་མཁན་རྒྱལ་མཆོག་ངཉལ་པ་ཆེན་པོ་རེད། ཁོང་གི་མཛད་པ་ལ་ཧ་ཅང་ཡག་པོ་རེད་ཟེར་ཕོད་པ་འདུག་གམ།
རྒྱལ་མཆོག་ལྔ་པ་ཆེན་པོ་ཞེས་བཅོས།
ཨ་ཁུ་འབྲོག་རྒན་ལགས། ངས་ཁྱེད་ཀྱིས་ཕ་དེ་ལ་ཀི་ཀུ་དང་ཞབས་ཀྱུ་གང་བཏགས་ཀྱང་དགག་པ་རྒྱག་གི་མེད། རའི་འོག་གི་འ་ཆུང་ལའང་དགག་པ་རྒྱག་གི་མེད། གང་ལྟར་ཀྱང་སྒྲ་གདངས་གཅིག་པ་རེད་འདུག ངས་བཤད་རྒྱུ་ནི་ཧྥ་ཡིན་ཧའི་འོག་ཏུ་ཕ་བཏགས་པ་དགོས་ཀྱི་འདུག་ཟེར་གྱི་ཡོད། །
ཁྱོད་ལ་དགོས་ཚད་གཞན་གྱིས་ཉན་ལེ་མ་རེད། དེང་སང་བོད་དུ་སློབ་སྦྱོང་བྱས་པའི་སྒེར་པ་མང་ཤོས་ཀྱིས་ France ལ། ཧྥ་རན་སི་འབྲི་ཡི་ཡོད་པ་ངས་ཤེས། འོན་ཀྱང་རྒྱ་གར་ནང་སློབ་སྦྱོང་བྱས་པ་དང་། ལྷག་པར་བཙན་བྱོལ་གཞུང་འབྲེལ་ཡིག་ཆ་ཚང་མའི་ནང་ཕ་རན་སི་ཞེས་བྲིས་པ་ལས་ཧྥ་རན་སི་འབྲི་ཡི་མེད་པས་རྩོད་པ་ཅན་ཡིན།
ཨ་ཁུ་འབྲོག་པ་ལགས། ངས་བཤད་རྒྱུ་ནི། ཁྱོད་ཀྱིས་ France ལ༼ཕི་རཱན་སི། ཞེས་མགྱོགས་ཙམ་བཀླག་ན་སྒྲ་ཧ་ཅང་ཉེ་བོ་སླེབས་ཀྱི་ཡོད༽ ཟེར་བ་དེར་དགག་པ་ཡིན། དེ་མིན་རྩོད་དགོས་དོན་མི་འདུག སྒྲ་གདངས་ཐག་ཉེ་བོ་དགོས་ན་ཧྥ་དགོས་པ་རེད། དེ་མིན་སོའི་འདོད་པ་ལྟར་རེད། །
རྫ་ཚེ་རི་རིང་བཀྲིན་ཆེ། ངས་ད་རིང་ཐེངས་དང་པོ་ཤེས་སོང་རྫོང་སར་མཁྱེན་བརྩེས་ཕྱག་བྲིས་དེ་འདྲ་གནང་ཡོད་པ།
རྣམ་པ་ཚོ། ད་དེ་ལ་རྩོད་པ་རྒྱག་ཡ་མི་ཡདུག