གནས་ཚུལ་མཁོ་གཏོང་བ་ཀརྨ་བསྟན་འཛིན།
དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ཀྱི་ལོ་ལྟར་གསུང་ཆོས་གོ་སྒྲིག་ཞུ་བཞིན་པ་ལྟར་འདི་ལོའི་ཕྱི་ཟླ་༧ཚེས་༢༥ ནས་བཟུང་བྷོ་རེ་ཡ་ཐུའི་མངའ་ཁུལ་བྷེ་གལ་ཞེས་པའི་མཚོ་འགྲན་གྱི་ཆོས་ཚོགས་སུ་ཉིན་གྲངས་བཅུ་གཅིག་རིང་ལམ་རིམ་དང་། ཞི་གནས་སོགས་ཀྱི་གསུང་ཆོས་གནང་ཡོད་པ་དང་། གསུང་ཆོས་ཉིན་ཐ་མའི་སྐབས་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་མཆོག་དང་། རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་སོགས་གདན་ཞུས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཞབས་པད་བརྟན་པ་དང་། གཞིས་བྱེས་བོད་མིའི་དཀའ་ངལ་གང་མགྱོགས་སེལ་ཐབས། རང་ལུས་མེ་བསྲེགས་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་སོགས་ཀྱི་ཆེད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་བྱས་པའི་འཁྲིས་སུ་གསང་གསོལ་གཞི་རྒྱ་ཆེ་བ་ཞིག་གནང་སྟེ་གསོལ་འདེབས་སྨོན་ལམ་ཞུས་ཡོད་པ་རེད། གསུང་ཆོས་ཀྱི་མཇུག་བསྡོམས་མཛད་སྒོའི་སྐབས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། ཐེངས་འདིའི་གསུང་ཆོས་འདུ་འཛོམས་སྐབས་རྒྱལ་ས་མོ་སུ་ཁོ་སོགས་གྲོང་ཁྱེར་ཆེ་ཁག་༢༠་ནས་འབྱོར་བའི་རྒན་གཞོན་ཕོ་མོ་གཅིག་སྟོང་ལྷག་འཛོམས་ཡོད་པ་དང་། དེ་བཞིན་ཁལ་མིག་དང་། ཐུ་བ། བྷོ་རེ་ཡ་ཐུ་སོགས་མངའ་སྡེ་དང་། གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་གི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་འཐུས་མི་སོགས་ཀྱང་ཕེབས་ཡོད་པ་རེད། སྤྱི་འཐུས་རྨོག་རུ་བསྟན་པས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་དམིགས་བསལ་གྱི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་དང་། འབྱུང་འགྱུར་བོད་དང་བོད་དོན་ནམ་ཡང་མི་བརྗེད་པའི་རེ་སྐུལ་ཀྱང་ཞུས་ཡོད་པ་རེད།
རྨོག་རུས་གནམ་ཐང་ནས་མགྱོགས་བྲིས་རྗེས་ར་ཤི་ལ་སླེབས་འདུག་ག
ཕོ་ཁྱོ་ཀ་རེད། ཡོན་ཏན་དང་རྣམ་དཔྱོད། ཤེས་རབ་ལག་ཏུ་བཟུང་ནས། ཕ་ཡུལ་གྱི་རི་བརྒལ་ནས། ལུང་པ་གཞན་གྱི་ནང་ལ་རང་གི་རིག་གཞུང་སྤེལ་ཐུབ་ན་དེ་ཚོ་ལ་ཕོ་ཁྱོ་ཀ་ཟེར། ཁྱེད་ཚོ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད།
ལུས་ལ་གྲྭ་ཆས་གྱོན་ནས་་་་་འཛམ་གླིང་གང་སར་ཆབ་སྲིད་ཀྱི་ལས་འགུལ་རྩོམ་པ་དེ་ཧ་ཅང་གི་ཞབས་འདྲེན་ཆེན་པོ་་རེད།
ང་ཡི་མཐོང་མི་འདོད་པ་དེ་ནི་་་་་གྲྭ་པ་ཚོ་ཆབ་སྲིད་ཀྱི་ལམ་ཁར་འཚང་ག་བརྒྱབ་དང་རྒྱོག་བཞིན་པ་དེ་རེད།།
རང་གི་འདོད་པ་མ་ཁེང་པའི་རྒྱུ་མཚན་གྱིས་ཡོད་ཚད་ལ་སྐྱོན་བརྗོད་མཁན་དེ་ལས་སྡུག་པ་ཞིག་གང་ན་ཡོད།
ཡོང་མ་དགོས་རང་དབང་ཨ་རྡུ་སླེབས།།
བཤད་མི་དགོས་ཀུན་ལ་སྐྱོན་བརྗོད་བྱས།།
སྐྱེས་མི་དགོས་ཞེ་སྡང་རབ་ཏུ་འབར།།
བླངས་མི་དགོས་ཁོང་ཁྲོ་གཏིང་ནས་སྐྱེས།།
རང་དབང་གི་ཨ་རྡུ་མན་འདི། ། འཛམ་གླིང་གི་མི་ཚོགས་ཁྲོད་ནས། །དྲང་བདེན་གྱི་དཔང་པོ་ཡིན་པས། །
ཡོང་མི་དགོས་ཟེར་ན་མི་འགྲིག །ལར་ཁྱོད་ཀྱིས་ཉན་འདོད་མེད་ན། །རང་མོས་ཀྱི་དགོངས་པ་ཞུ་དང་། །
དགའ་པོའི་ངང་དགོངས་པ་སྤྲོད་ཆོག །དེ་ནས་བཟུང་རང་དང་ལུས་བྲལ། །
རང་དབང་དང་་་་་ཞེས་བཅོལ་རོགས།