ཞོ་ར་བསྟན་པ། (ཨོ་གླིང་།)
ཕ་མ་འབྱོར་ལྡན་ཞིག་གི་ངོ་སོ་དང་།།
འཁོར་གཡོག་དད་ཅན་རྣམས་ཀྱིས་དག་སྣང་གིས།།
བཟང་ངན་གང་ཡིན་མེད་པའི་སྤྲུལ་མིང་འདི།།
རང་ལ་ཇི་ལྟར་བཏགས་སམ་ཨུ་སྟོབས་པ།།
འདུལ་བའི་ཆོ་གར་ཞུགས་ནས་བསླབ་པ་བླངས།།
འདོད་པའི་གདུང་བས་གཟིར་ནས་སྐྱ་སར་བབས།།
སོ་ཐར་སྡོམ་པ་ཐལ་སྤུང་བཞིན་དུ་བོར།།
ཆགས་པའི་སྲེད་པ་རྒྱས་སམ་ཨུ་སྟོབས་པ།།
ནག་མོ་རོལ་དུ་ཁྲིད་པའི་བླ་ལོག་ཁྱོད།།
བསླབ་པའི་ལྷག་མ་རྒྱུད་ལ་མེད་ན་ཡང་།།
སྟོན་པའི་ན་བཟའ་བློ་ཡིས་མ་ཐོངས་པ།།
ཁ་དང་གྲོད་པས་བདས་སམ་ཨུ་སྟོབས་པ།།
སྔོན་ཆད་སྦིར་རིའི་སློབ་གྲྭའི་ནང་ཁུལ་དུ།།
མདོ་ཁམས་བར་ལ་ནང་འཁྲུག་ས་བོན་བཏབ།།
རྒྱུ་དངོས་མཚོན་ཆའི་བརྒྱབ་སྐྱོར་རོཊ་འདེཊ་བྱས།།
ཞེ་བློ་གཏིང་ནས་བདེ་འམ་ཨུ་སྟོབས་པ།།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་བུམ་གྱི།།
རྐང་རྩེད་འགྲན་ཞུགས་ཁྱོད་ཀྱི་ཨབ་ཕྲུག་ཚོའི།།
ཁོག་པ་རྒྱང་ནས་གཏོར་བཤིག་འཇིཊ་སྐུལ་བསླངས།།
བསམ་པའི་རེ་བ་རྫོགས་སམ་ཨུ་སྟོབས་པ།།
སྔ་འགྱུར་བསྟན་པའི་དབུ་འཛིན་བསྐོ་བཞག་དང་།།
གདན་ས་སྨིན་གྲོལ་གླིང་དང་རྣམ་གྲོལ་གླིང་།།
འགལ་ཟླར་སྒྲུབ་པའི་དགེ་འདུན་འཁོར་ལོའི་དབྱེན།།
བློ་ཡིས་བཟོད་པར་འདུག་གམ་ཨུ་སྟོབས་པ།།
ཞྭ་དམར་སི་ཏུའི་བར་ལ་དཀྲུག་ཤིང་བརྒྱབ།།
ལྡི་ལིའི་ཀརྨ་དགོན་དུ་དམངས་དམག་ཁྲིད།།
སེར་གཟུགས་རྒད་པོ་དམག་གི་འགོ་བ་ཁྱོས།།
རྟིང་མ་དགུང་ལ་མཉམ་མམ་ཨུ་སྟོབས་པ།།
སི་ཏུའི་ཡིག་ཆ་རྫུན་བཟོ་ཡིན་སྐད་བསྒྲགས།།
རྫོང་གསར་དཔལ་སྤུང་བར་ལ་རྩོད་གཞི་བསླངས།།
ཁ་ཕྱོགས་ངེས་པ་མེད་པའི་དབྱེན་སྤྱོ་བ།།
རང་ཞལ་རང་གིས་མཇལ་ལམ་ཨུ་སྟོབས་པ།།
དམ་སྲི་དོལ་རྒྱལ་ཚོགས་པར་རྒྱབ་བསྐྱོར་གྱིས།།
ཆོལ་ཁར་ཞེན་ཁོག་ཡོད་པའི་བརྡ་ཞིག་བསྟན།།
དགེ་ལྡན་ནང་འཁྲུག་བྱེད་པའི་རེ་བ་བཟུང་།།
འདོད་པ་ཐོག་ཏུ་ཁེལ་ལམ་ཨུ་སྟོབས་པ།།
སྔ་ཕྱི་ཀུན་ཏུ་་གྲོས་ཚོགས་ར་བ་རུ།།
དོན་མེད་དཀྲོག་གཏམ་བྱུང་རྒྱལ་སྨྲ་བ་ཡི།།
ཧམ་པ་རི་ཙམ་བཤད་པའི་ལག་རྗེས་ལ།།
ཁེ་བཟང་ཏོག་ཙམ་བྱུང་ངམ་ཨུ་སྟོབས་པ།།
སྲིད་སྐྱོང་འོས་བསྡུའི་ཐོག་མཐའ་བར་གསུམ་དུ།།
རྒྱུ་དངོས་དཔུང་གི་ཤེད་མོང་ངོམས་བཞིན་དུ།།
ཆོལ་ཁ་ཆོས་བརྒྱུད་ཞེན་ཁོག་བསླངས་དྲཊ་པས།།
ལུས་ལ་ཨ་ཐང་ཆད་དམ་ཨུ་སྟོབས་པ།།
ཆུ་བཞི་སྒང་དྲུག་ཚོགས་པ་གསར་རྙིང་དང་།།
རྒྱ་རི་ཀུན་བཟང་བླ་མའི་ཉོག་དྲ་སོགས།།
ཁྱོད་ཉིད་མ་ཐེ་བ་ཞིག་མེད་པ་འདི།།
སྔོན་ལས་ཅི་ཡིས་ནོངས་སམ་ཨུ་སྟོབས་པ།།
དབུ་མ་རང་བཙན་དགྲ་གཉེན་འགལ་ཟླར་བཟུང་།།
རང་བཙན་ཁ་འཁྱེར་དམ་སྲིའི་རྒྱབ་རྩར་ལངས།།
གཞོན་ནུའི་ཆིག་སྒྲིལ་ནུས་པར་ཉམས་རྨས་བཟོས།།
རྩ་དོན་རྩེད་མོར་རྩེས་སམ་ཨུ་སྟོབས་པ།།
སྐྱབས་རྗེ་ས་སྐྱ་བདག་ཆེན་རིན་པོ་ཆེ།།
རྡོ་རྗེ་སློབ་དཔོན་ཡིན་ཚུལ་རང་གིས་སྨྲ།།
དྲ་ལམ་གསུང་ཆོས་ཁོང་གིས་གནང་བའི་སྐབས།།
བླ་མ་བདུད་དུ་མཇལ་ལམ་ཨུ་སྟོབས་པ།།
གོང་ས་༧ཡིད་བཞིན་ནོར་བུའི་སྐུ་མདུན་ནས།།
གུ་རུའི་བཀའ་དབང་ཁྱོད་ཀྱིས་ཞུས་ན་ཡང་།།
རྡོ་རྗེ་སློབ་དཔོན་མིན་པ་ངོ་མཚར་ཆེ།།
ཌཱ་ཀིས་ལུང་བསྟན་བྱུང་ངམ་ཨུ་སྟོབས་པ།།
གྲུ་འཛིན་མགོན་པོའི་ཐུགས་རྗེའི་འོད་སྣང་ལ།།
མིག་ལ་མུན་པས་བཟུང་བ་སྲིན་པོའི་བྱ།།
རྣ་བར་གཟན་པའི་ཐན་སྐད་མ་བསྒྲགས་ན།།
འགྲམ་པར་འདྲེ་ཡིས་གཞུ་འམ་ཨུ་སྟོབས་པ།།
གངས་ཅན་མགོན་པོའི་ལུཊ་གཉིས་མཛད་འཕྲིན་ལ།།
ལོག་པར་འཁུ་བའི་སྔོན་ལས་ཚན་པོ་ཆེས།།
ལྷས་བྱིན་གསོན་པོར་གནས་འདིར་རྒྱུ་བ་ལ།།
རང་ལ་དོགས་པ་ཟོས་སམ་ཨུ་སྟོབས་པ།།
ཕྱི་ལོ་ ༢༠༢༠/༥/༢༩ ཉིན་ཨོ་གླིང་ནས་བྲིས།
ཨ་ཡོ་ཤུ། ཞོ་ར་བསྟན་པ་ཏ་ངོ་མ་ཞོ་རེད་ཡ། ཨུ་སྟོབས་ཀྱི་པ་ལགས་སྤྲུལ་སྐུ་རེད། ཨུ་སྟོབས་ཀྱི་ཞི་ལི་རྐྱལ་སྟོང་དེ་སྤྲུལ་སྐུ་རེད། ཁོ་ཚོ་གི་མྱི་རྒྱུད་དེ་ཚོའི་མཇེ་ཡི་ནང་ནས་བཞུར་འོངས་པ་དེའི་ནང་ལ་སྤྲུལ་སྐུའི་DNAཡོད་རེད་ཏ། ཁོ་ཚ་གི་ཁྱིམ་རྒྱུད་ལ་སྤྲུལ་སྐུའི་རྒྱུན་ཆད་ནི་མ་རེད།
ནག་མོ་རོལ་དུ་ཁྲིད་པའི་བླ་ལོག་ཁྱོད།།
བསླབ་པའི་ལྷག་མ་རྒྱུད་ལ་མེད་ན་ཡང་།།
སྟོན་པའི་ན་བཟའ་བློ་ཡིས་མ་ཐོངས་པ།།
ཁ་དང་གྲོད་པས་བདས་སམ་ཨུ་སྟོབས་པ།།
ནག་མོ་གཡབ་ནས་མཇེ་མགོ་ཟད་སོང་བའི།།
བན་ལོག་ཨུ་སྟོབས་པ་འདི་བསྟན་པའི་དགྲ།།
སྟོན་པའི་ན་བཟའ་རྒྱབ་ལ་གོན་གོན་ནས།།
བཟའ་ཉོག་འཁོར་གྱིས་བསྐོར་བའི་ཨུ་སྟོབས་པ།།
དི་ཟི་རྫོ་ཁ་ཡེད་ཤོག
ཕྱེད་བདེན་མདོག་ཁ་བོ་བྲིས་འདུག སྤྱིར་བཏང་ཨོ་སྟོབས་འདི་རྙོག་གླེང་གང་ཡོད་ལ་འཛུལ་དགོས་མཁན་གྱི་མི་བྱབ་ཆུང་ཞིག་རེད།
ཡིན་ནའང་འདིའི་ནང་ལ་གསལ་བཤད་དགོས་ཡ་ཁ་ཤས་ཤིག་འདུག དེ་རང་གཅིག་པུ་ལ་ཅི་མིན་དྲ་ཐོག་ནས་སྐྱོན་བརྗོད་བྱེད་མཁན་མང་ཤོས་གླེང་ཡ་དེ་རང་རེད་འདུག དེ་ལ་གསལ་བཤད་ཙམ་ཡིན།
ཨོ་སྟོབས་ཀྱི་སྤྲུལ་མིང་གང་འདྲ་ཡིན་མིན་དང་། གྲྭ་ཆས་གྱོན་ནས་སྐྱེས་དམན་ཉར་ཡ་དེའི་སྐོར་དེ་རེད། ཁོང་ལོ་རྒྱུས་རིང་བའི་རྙིང་མའི་གཏེར་ཆེན་མཆོག་གླིང་གི་གདུང་རྒྱུད་རྩོད་མེད་རེད། གདུང་རྒྱུད་དེ་ནི་ས་སྐྱའི་གདུང་རྒྱུད་བཞིན་དུ་སྤྱི་ཚོགས་ཐོག་ཏུ་གོ་ཐོབ་དམིགས་བསལ་ཡོད་མཁན་ཞིག་རེད། གདུང་བརྒྱུད་ཡིན་ནས་བཟུང་བླ་བཟུང་འཆང་མཁན་དག་སྤྲུལ་སྐུའི་ཁྲི་ཁར་སྡོད་མཁན་དེ་འདྲ་ཞིག་རེད། དེ་ཁོ་རང་སྒེར་ངོས་ནས་བཟོས་པ་མ་ཡིན་པར་རྨོངས་གཉིད་ལས་སད་མྱོང་མེད་པའི་བོད་པའི་རུལ་སུངས་ཀྱི་སྤྱི་ཚོགས་འདིས་བཟོས་པ་རེད། དེའི་མཚོན་ནས་སྤྲུལ་སྐུ་ལམ་ལུགས་དང་གདུང་རྒྱུད་ལམ་ལུགས་གཅིག་མཚུངས་ཡིན་པ་ལས། མོ་ཡག་བཙོག་གིས་བྱིས་པ་སྣབས་ལྷུག་ཅིག་ཁྲི་ཁར་བཀོད་ནས་ཀུན་གྱིས་ལུས་ངག་ཡིད་གསུམ་དེའི་བྲན་དུ་བཀོལ་དགོས་པའི་དངོས་པོའི་གནས་ལུགས་ལ་ཡོད་མ་རེད། དད་པ་གཅིག་པུའི་དབང་དུ་བཏང་ན་གདུང་རྒྱུད་ལམ་ལུགས་ལ་རྒྱུ་མཚན་མང་པོ་བཤད་ཡ་ཡོད་རེད། དཔེར་ན་ས་སྐྱའི་གདུང་བརྒྱུད་ཚོ་མ་ཡི་མངལ་ནས་འཁྲུངས་མ་ཐག་ས་སྐྱའི་བླ་ཆེན་ཀུན་གྱི་གོང་དུ་བཀུར་དགོས་པའི་རྒྱུ་མཚན་བཤད་པ་ལྟ་བུ་རེད།
ཨོ་སྟོབས་ཁོས་སྐྱེས་དམན་ཉར་ ཡ་དེའི་ཐད་དུ་བཤད་ན། གསང་སྔགས་ཀྱི་དབང་དུ་བཏང་ན་རིག་མ་བརྟེན་དགོས་ཡ་དེ་བླང་བྱ་ཞིག་རེད་ལ་ཁོ་གདུང་བརྒྱུད་ཡིན་པའི་ཆ་ནས་འོས་འགན་ལྟ་བུ་རེད། ཁོས་ལུས་ལ་གོན་པའི་རས་དམར་པོ་དེ་ཚོ་དགེ་བསྙེན་གྱི་གོན་པ་ཙམ་ལས་དགེ་ཚུལ་སློང་གི་ན་བཟའ་ཆོས་གོས་རྣམ་གསུམ་གང་ཡང་གོན་སྲོལ་མེད་པས་དེའང་ཤེས་དགོས་ཡ་ཞིག་རེད། རྒྱང་ནས་བལྟས་ན་རབ་བྱུང་གི་ཆས་འདྲ་བོ་ཡིན་ཡང་རྩར་བཅར་ནས་བལྟས་ན་དེ་མིན་པར་རྫོང་སར་མཁྱེན་བརྩེའི་གསལ་བཤད་གནང་བ་ལྟ་བུ་རེད། ཁོང་གིས་རྫོང་སར་མཁྱེན་བརྩེ་ལས་དབང་ལུང་ཞུས་ཤིང་དེའི་བཀའ་ལ་ཉན་པ་ཡིན་ལབ་འདུག་པ་དང་། གལ་སྲིད་གོང་ས་མཆོག་གིས་དགོངས་དག་ཞུ་དགོས་གསུང་ཡོང་ན་ཁོས་ཞུ་ཡ་ཡིན་ཟེར་ནས་བཤད་པ་དེ་གཉིས་གནད་གཅིག་རེད་འདུག་པས་དེ་ལ་འགལ་བ་མི་འདུག་བསམ། དེས་ན་གྲྭ་ཆས་གྱོན་ནས་སྐྱེས་དམན་ཉར་ཟེར་བ་འདི་ཆོས་ལུགས་ཕྱོགས་རེ་བའི་ལྟ་ཚུལ་ཡིན་པས། བོད་ནང་ཁུལ་ལ་མཐུན་སྒྲིལ་བསམ་མཁན་ཞིག་ཡོད་ན། ཆོས་ལུགས་ཀུན་ལ་རྒྱུས་ལོན་བྱས་ཏེ་སྐད་ཆ་བཤད་དགོས་པར་སེམས། དེ་མ་གཏོགས་ཕྱོགས་གཅིག་མ་གཏོགས་མི་མཐོང་བའི་དྲ་འབུ་ཁག་གིས་བཤད་པ་ལྟར་བཤད་བསྡད་ན་བོད་ནང་ལོགས་ནས་འཁྲུགས་ཆེན་པོ་ཐེབ་ས་རེད་དྲན།
དེ་ལས་གཞན་རྙོག་གླེང་དེ་ཚོའི་སྐོར་ལ་ཨོ་སྟོབས་འཛུལ་བ་དེ་ཚོ་ཕྱེད་བདེན་ཡང་ཕྱེད་རྫུན་མ་རེད། མཇུག་མཐར་ལབ་ཡ་ལ་ཨོ་སྟོབས་ཁྱོས་རྙིང་བསྟན་ལ་བསམ་ན་ད་ནས་བཟུང་སྡུག་ཁ་དེ་བཟུང་རོགས་ཞུ་ཡ་ཡིན།

སྐྱག་པ་ལྡག་གི་སྡོད་ཨ། གཏེར་ཆེན་མཆོག་གླིང་གི་གདུང་རྒྱུད་རྩོད་མེད་རེད་ཡིན་ན་ཆི་རེད། བདུད་ལྷས་སྦྱིན་དང་རྒྱལ་པོ་གླང་དར་མ་སོགས་ལ་ལྟོས་དང་། རྔ་མོང་མཐོ་ན་རིལ་མ་མཐོ་དགོས་སྤྱད་ཅང་ཡོད་ནི་རེད། ཙན་དན་ཤུལ་ལ་ཆུ་རྡིག་རེད།
ཨུ་སྟོབས་ཟེར་ལེ་མི་དེ་སུ་རེད། རྩོམ་ཡག་མོ་རེད་འགི མི་སུ་ཡིན་ཧ་གོ་ཡ་མི་གདའ།
རྩོམ་ཞོ་ར་བསྟན་པ་ལགས་ནས་་་་ཨུ་སྟོབས་ལ་རྩོམ་དཔེ་ཡག་པོ་ཞིག་བྲིས་གནང་བར་
བཀྲིས་བདེ་ལེགས་དང། ཐུགས་རྗེ་ཆེ་ཞུ།
དེ་བཞིན་དུ་བྱེད་རྒྱུ་སྤུ་ཙམ་མེད་པར་་་ཁ་ཚོད་མ་ཟིན་པ་་་ཀླུ་གར་བྱམས་ཞེས་དེ་ལ་་་ཆེད་རྩོམ་གཅིག་
འབྲི་གནང་རོགས།
ཨོ་རྒྱན་སྟོབས་རྒྱལ་གྱི་ལྡི་ལི་ཀརྨ་པའིནདགོན་པར་དམག་རྒྱབ་པ་དེ་ནག་ཉེས་ཆེ་ཤོས་རེད། མ་གཞི་ཁོ་དཀྲུགས་ཤིང་ཅན་ཞིག་རེད།