ཨེ་མ་ཧོ།
རབ་འབྱམས་སྲས་བཅས་རྒྱལ་བའི་སྤྱན་སྔ་རུ།།
རབ་འབྱམས་ཚོགས་གཉིས་བསགས་པ་མཐར་ཕྱིན་པའི།།
རབ་འབྱམས་མཁྱེན་བརྩེ་ནུས་པའི་མངའ་བདག་མཆོག །
རབ་འབྱམས་ཕྲིན་ལས་ཀུན་ཁྱབ་རྒྱལ་གྱུར་ཅིག །
ཀ་མ་ལ་ལྟར་ལྷག་བསམ་བྱང་སེམས་ལྡན།།
ཁ་ཙམ་མིན་པར་ཕྱིན་དྲུག་སྤྱོད་པ་ཅན།།
ག་ས་གང་དུ་ཕན་བདེ་སྤེལ་བའི་མགོན།།
ང་ཡི་བླ་མ་ཞེ་ཆེན་རབ་འབྱམས་རྒྱལ།།
ཅ་ཅོའི་འུར་སྒྲོག་བསྟོད་སྨད་གཏམ་མིན་པར།།
ཆ་བཞག་བློ་ཐུབ་གཏན་པའི་རིག་འཛིན་རྗེར།།
ཇ་ཆང་འདོད་ཡོན་ཀུན་བཟང་ཚོགས་འཁོར་རིགས།།
ཉ་གང་ཟླ་བཞིན་བླ་མ་ཁྱེད་ལ་འབུལ།།
ཏ་ཐྰ་ག་ཏྰའི་བསྟན་པར་བཤད་སྒྲུབ་མཛད།།
ཐ་སྙེད་ཤེས་བྱའི་གནས་ལ་གཟིགས་པ་ཡངས།།
ད་ལྟའི་དུས་འདིར་མཁས་གྲུབ་རྒྱལ་བའི་སྲས།།
ན་མོ་རྒྱལ་སྲས་དམ་པར་གུས་པས་འདུད།།
པ་མེས་དིལ་མཁྱེན་རྒྱལ་བས་རྗེས་སུ་བཟུང་།།
ཕ་ཆོས་བུ་ཡིས་འཛིན་སྐྱོང་སྤེལ་མཁས་པའི།།
བ་ཀུ་ལ་ལྟར་གནས་བརྟན་འདུལ་འཛིན་མཆོག །
མ་ལུས་འགྲོ་བའི་མགོན་པོར་དད་ཕྱག་འབུལ།།
ཙྭ་རི་སྦས་ཡུལ་གནས་བསྐོར་བྱིན་རླབས་དང་།།
ཚ་གྲང་དཀའ་སྤྱད་དམ་པའི་ཆོས་ལ་གནང་།།
ཛ་ཡ་སྔ་འགྱུར་བསྟན་པའི་རྒྱལ་མཚན་མཆོག །
ཝ་ལེར་སྣང་བའི་ཞེ་ཆེན་རབ་འབྱམས་མཁྱེན།།
ཞྭ་ལྷམ་རབ་འབྱམས་སྤྲུལ་སྐུ་འཁྲུལ་བྲལ་བ།།
ཟ་ཧོར་མཁན་ཆེན་ཕྲིན་ལས་རྒྱུད་འཛིན་རྗེ།།
འ་ཅག་སྐྱབས་གནས་བསླུ་མེད་ཞེ་ཆེན་པ།།
ཡ་མཚན་རྨད་བྱུང་དམ་པས་དགེ་ལེགས་སྩོལ།།
ར་བ་གངས་དཀར་མུ་འཁྱུད་རི་བོའི་དཀྱིལ།།
ལ་རྒྱའི་དམ་ཆོས་སྒྲུབ་པའི་སྐྱབས་མགོན་མཆོག །
ཤ་ཞེན་བསྟན་སྲིད་སྤེལ་བའི་དགེ་བའི་བཤེས།།
ས་སྟེང་འགྲོ་བའི་མགོན་པོར་གུས་ཕྱག་འབུལ།།
ཧ་ཅང་དྲིན་ཆེན་བཀའ་གཏེར་བརྒྱུད་གསུམ་མཛོད།།
ཨ་ཏིའི་བསྟན་འཛིན་སྐུ་གསུམ་གླིང་པ་ལ།།
ཨི་ལྡན་དབྱངས་གསལ་མཆོད་འབུལ་བྱས་པའི་མཐུས།།
ཨུ་ཏྲ་ཡ་ནའི་བསྟན་པ་རྒྱས་གྱུར་ཅིག །
ཨེ་མ་རྨད་བྱུང་མཁྱེན་བརྩེ་རྡོ་རྗེ་འཆང་།།
ཨོ་རྒྱན་པདྨའི་རྒྱལ་ཚབ་དམ་པ་ཡིས།།
གདམས་པའི་མཛོད་འཛིན་རྒྱལ་བ་ཞེ་ཆེན་པའི།།
སྐུ་ཕྲེང་བདུན་པ་འཇིག་རྟེན་རྒྱན་ཏུ་མཛེས།།
ཉམས་ཐག་དབུལ་འཕོང་སེལ་བའི་ཡིད་བཞིན་ནོར།།
ནད་མུག་རྒུད་པ་བསལ་བའི་དེད་དཔོན་རྗེ།།
བཤད་སྒྲུབ་ཕྲིན་ལས་མཛད་པའི་བཀའ་དྲིན་ཅན།།
སྔ་འགྱུར་བསྟན་པའི་དབུ་འཛིན་མངའ་གསོལ་ལོ།།
འབྱུང་བྱ་འུག་པའི་མིག་ལ་གཟན་ཀྱང་རུང་།།
དམ་ཅན་ཆོས་སྐྱོང་དགྱེས་པའི་སྤྲུལ་པའི་སྐུ།།
མཁྱེན་བརྩེ་འོད་སྣང་བརྒྱ་བའི་རབ་འབྱམས་པ།།
ཕྱོགས་དུས་སྲས་བཅས་རྒྱལ་བས་རྟག་སྲུང་མཛོད།།
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་གྲོ་བཞིན་ཟླ་བའི་ཚེས་གཅིག་ལ་རང་སྣང་གང་ཤར་གླུ་རུ་འགུགས་པར་མཁས་པའི་རིག་བྱེད་པའི་མིང་ལ་མཚོ་བྱུང་དགྱེས་པའི་པདྨ་གེ་སར་རུ་འབོད་པས་ཡོ་རོབ་ཨེ་ཝྃ་ནང་བསྟན་སློབ་གླིང་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །
ཨ་ཕྱི་ཆོས་སྒྲོན་ནམ་པདྨ་གེ་སར་དཔལ་དགྱེས་པ་རྡོར་རྗེ་ས་སྒོ་བསམ་གཏན་སྒྲོན་མས་དུས་ལ་བབ་པའི་ཞེ་ཆེན་རབ་འབྱམས་པ་མཆོག་ལ་འགྱུར་ཁུག་སྟོང་ལྡན་གྱི་གླུ་ཞིག་བླངས་འདུག
ཐ་སྙད་ཐ་སྙེད་འགྲེང་བུ་ལྷག་པོ་འདི། །
ཨེ་མ་རྨད་བྱུང་མཁྱེན་བརྩེ་རྡོ་རྗེ་འཆང་། །
ཨོ་རྒྱན་པདྨའི་རྒྱལ་ཚབ་དམ་པ་ཡིས། །
བྱིན་བརླབས་མཚོ་འབྱུང་དགྱེས་པ་པདྨས་བྲིས། །
ད་ཨོ་རྒྱན་ཉི་མ་སླེབས་ན་རྙོགས་དྲ་ཡོད། ལྟོས་ཨ།
ང་ཡོང་གི་མིན། ཧཧཧཧཧཧཧཧཧཧ
མཁན་ཆེན་བླ་མས་བསྟོད་ས་ལ་གཏད་སོ་ཞིག་ཡོད་ནི་མ་རེད། གང་དྲན་དྲན་རེད།
ཨ་ཕྱི་ཆོས་སྒྲོན་ནམ་པདྨ་གེ་སར་དཔལ་དགྱེས་པ་རྡོར་རྗེ་ས་སྒོ་བསམ་གཏན་སྒྲོན་མ་ཞེས་མི་བཞི་ལྔ་ཙམ་ཨེ།
བོན་པོ་ཆོས་འཁོར་ཉི་མ་འོད་ཟེར་འདི་སྐད་ཆ་བཤད་སྟངས་ལ་ཉན་ན་བོད་སྐད་ལ་པུ་གུའི་དིག་ཆོ་འདྲ་ཞིག་བཤད་ཀི་འདུག་ཀྱང་། ལྟ་བ་དེ་དམར་ཕྱོགས་སུ་གྱུར་པ་སྙིང་རེ་རྗེ། དམར་ཕྱོགས་ཚང་གིས་སྐྱོན་ཚང་མ་ཏྰ་ལའི་བླ་མ་རེད་ཟེར་ནས་ཚང་མ་༧གོང་ས་མཆོག་མི་གཅིག་གི་དབུ་ལ་དཀྲུ་རྐྱང་བྱེད་པ་དེ་བཞིན་མཁན་ཆེན་བླ་མ་སང་གི་རྩོམ་ལ་སྐད་ངན་ཤོར་འདུག་ག གང་ལྟར་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ལ་དད་གུས་བྱས་པ་ནོར་མི་འདུག དེ་ཙམ་ཡིན།
ང་ཡང་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ལ་རེ་བ་དང་། ཡིད་ཆེས་བྱེད་མཁན་ཅིག་ཡིན་ན་ཡང་། ཨེ་མ་ཧོས། བསྟོད་ཚད་ཀྱི་ཡོན་ཏན་ནི། གང་ཤེས། འོནད་ཀྱང་། ཁོང་རང་གཉིས་བླ་སློབ་ཡིན་ན། དེ་གས་འགྲིགས།
ཀ་ཁ་ག་ང་རྩེད་བྱེད་མ་རེད།།
ཁ་བ་བོད་པའི་གཅེས་པའི་སྲོག་རེད།།
ག་ཤད་ཅིག་ལ་བསྟོད་དགོས་བྱུང་ན།།
ང་དང་ཁྱོད་ལས་ལྷག་ཅིག་ཡིན་དགོས།།