མི་གསོན་པོ།
ནེའུ་ཡོག་ནི་ཨ་རི་ཁུལ་གྱི་བོད་མི་སྐྱབས་བཅོལ་བའི་བསྟི་གནས་ཆེ་ཤོས་ཤིག་ཡིན་ལ་བོད་དོན་ལས་འགུལ་སྤེལ་བ་དང་། འཁྲུངས་སྐར་དང་ལོ་གསར་མཉམ་དུ་གཏོང་བ། དེ་བཞིན་ཆང་ས་དང་སྐྱེས་སྐར་སོགས་དམིགས་བསལ་སྒེར་གྱི་འདུ་འཛོམས་རྣམས་ལའང་གཉེན་གྲོགས་སོགས་མགྲོན་དུ་བསུ་བར་ཧ་ཅང་སྟབས་བདེ། ས་གནས་འདིར་བོད་མི་ལྷན་འཛོམས་བགྱི་བའི་གོ་སྐབས་བཟང་བའི་རྒྱུ་མཚན་གྱིས་བོད་རིགས་ལོ་ཆུང་ཕལ་ཆེ་བས་བོད་སྐད་བཤད་ཤེས་པར་མ་ཟད་བོད་ཀྱི་གོམས་གཤིས་ཀྱང་ལྡན།
འོན་ཏེ་བོད་རིགས་འདུ་འཛོམས་ཁྲོད་ནས་ཆེས་འཇིགས་སུ་རུང་བའི་གནད་དོན་ཞིག་གིས་སྐྱེ་བོ་ཕོ་མོ་མང་པོའི་ཚེ་སྲོག་ལ་བར་ཆད་གཏོང་བཞིན་ཡོད། བར་ཆད་དེ་ནི་གསང་བའི་ཐོག་ནས་འཇབ་རྒྱུགས་བྱེད་ཀྱི་ཡོད་ལ། ངོ་ཚ་ཆེ་ཞིང་ངོ་པགས་སྲབ་པའི་བོད་མི་ལ་ལྟོས་ན་བར་ཆད་ཀྱི་གདོན་བགེགས་འདི་ཉིད་ལས་སླ་བོའི་ཐོག་ནས་བོད་ཀྱི་སྤྱི་ཚོགས་ནང་དུ་འཛུལ་ཐུབ་ཀྱི་ཡོད། བར་ཆད་ཀྱི་གདོན་བགེགས་འདིའི་མིང་དུ་ཨེ་ཛིའི་ནད་ཟེར་ལ་ཁོ་རང་མི་ཡི་སྤྱི་ཚོགས་སུ་སླེབས་ནས་མི་ལོ་སུམ་ཅུ་ལྷག་ཙམ་ལས་ཕྱིན་མེད་ཀྱང་། མི་བྱེ་བ་དྲུག་ལྷག་ཙམ་གྱི་ལུས་ཁམས་དང་ཚེ་སྲོག་ལ་ཉེན་ཁ་བཟོས་ཡོད། དེ་དག་ལས་མི་བྱེ་བ་གཉིས་དང་འབུམ་ལྔ་ལྷག་འཇིག་རྟེན་འདི་ནས་གཏན་དུ་ཕྱིར་ཡོང་མེད་པའི་འཇིག་རྟེན་གཞན་ཞིག་ལ་གདོན་བགེགས་འདིས་བསྐྱལ་ཚར། དེ་ལྟར་གདོན་བགེགས་ངོ་མ་ཨེ་ཛི་[AIDS]ཟེར་བ་འདི་ཉིད་བརྒྱུད་ལམ་མང་ཡང་། གཙོ་བོ་མངལ་གྱི་སྲིན་བུ་བཞིན་དུ་གསང་གནས་ལ་གབ་ཅིང་ཆགས་སྤྱོད་ནས་འགོས་པས་གཏན་འཇགས་ཀྱི་བཟའ་ཟླ་མེད་ཅིང་ཆགས་སྤྱོད་ལ་དགའ་བ་དག་ལ་ཉེན་ཁ་ཧ་ཅང་ཆེ།
ནེའུ་ཡོག་ཏུ་རྟེན་གཞི་བྱེད་པའི་བོད་རིགས་མང་ཆེ་བ་ནི་གྲྭ་ཟུར་དང་ཇོ་ཟུར། ད་དུང་བཟའ་ཟླ་རྒྱ་བོད་བལ་གསུམ་ཅི་རིགས་ཡོད་མཁན་ཡིན་སྟབས། ཁོང་ཅག་ལ་གཏན་འཇགས་ཀྱི་བཟའ་ཟླ་ཡོད་མཁན་ཧ་ཅང་ཉུང་། དེས་ན་ཁོ་ཚོས་གནས་སྐབས་ཀྱི་འདོད་པ་ཚིམས་ཆེད་ལུས་འབྲེལ་ལས་སླ་བོ་ངང་ནས་བྱེད་ཀྱི་ཡོད་ལ་ལུས་འབྲེལ་བྱེད་ཡུལ་གྱི་མི་སྣ་མང་ཆེ་བ་ནི་བོད་པ་ནང་ཁུལ་རེད། ལོ་སྔོན་མ་སྨན་ཁང་ཞིག་ནས་བོད་པའི་བུ་མོ་ཨེ་ནད་ཀྱིས་ཟིན་པ་ཞིག་སྨན་པས་ནད་ངོས་ཟིན་ནས་བདེ་འཇགས་མི་སྣས་འདྲི་དཔྱོད་བྱས་པའི་ལན་དུ། མོས་ཟླ་བ་གཅིག་གི་རིང་བུ་༢༣ ལ་ལུས་འབྲེལ་བྱས་ཡོད་པའི་ངོས་ལེན་བྱས།
བུ་མང་ཆེ་བ་ནི་བོད་པ་རེད་འདུག་ལ་བུ་དེ་དག་གིས་བོད་པའི་བུ་མོ་གཞན་ག་ཚོད་ཙམ་ལ་ལུས་འབྲེལ་བྱས་ཡོད་ན་ཆ་ཚང་ལ་ནད་འདི་འགོས་ཡོད་ངེས།
འདི་ལྟར་བསམ་གཞིག་བྱས་ན་གདུག་རྩུབ་ཅན་གྱི་བསྟན་དགྲ་དམར་དམག་གིས་ཀྱང་རྩ་མེད་བཏང་མ་ཐུབ་པའི་བོད་པ་ཚང་འདི་གདོན་བགེགས་འདིས་གཏན་མེད་བཟོ་ངེས་རེད། ང་ཚོ་བོད་པ་ཚང་ནི་ངོ་ཚ་སྨིན་པོ་དང་ངོ་པགས་སྲབ་པས་ནད་འདི་ཡོད་པ་རང་གིས་ཤེས་ཀྱང་གཞན་ལ་བཤད་པའི་སྤོབས་པ་དང་བློ་ཁོག་གིས་འདང་གི་མེད། རྒྱུ་མཚན་དེས་ནད་གདོན་འདི་གཞན་ལ་འགོ་བའི་བརྒྱུད་ལམ་བསྐྲུན་གྱི་ཡོད་ལ། ཁུ་སིམ་པོའི་ངང་གཞན་གྱི་ཚེ་སྲོག་ལ་རྩེད་སྤྱད་བྱེད་པ་མ་ཟད་མི་རབས་བུ་རྒྱུད་སྟོང་བའི་ལས་ངན་ཡང་བསགས་ཀྱི་ཡོད་པས། གནའ་སྔ་མོར་ཤ་འཁོན་རྩོད་རེས་བྱས་པ་ལས་ཀྱང་སྡུག་པའི་མི་ཡི་ཚེ་སྲོག་ལ་དོ་ཕོག་གཏོང་གི་ཡོད།
བོད་རིགས་སྨན་པ་ཞིག་གིས་ཨེ་ནད་ཕོག་མཁན་གྱི་ཨི་ཏྲ་ལི་བུ་ཞིག་གི་ལོ་རྒྱུས་སེམས་འགུལ་ཐེབས་པ་ཤིག་བཤད་བྱུང་བས། ཨེ་ནད་ཕོག་མཁན་དག་གིས་ངེས་པར་དུ་ཁོང་ལ་སློབ་སྦྱོང་བྱེད་དགོས་པ་འདུག ཨི་ཏྲ་ལིའི་ཕོ་གཞོན་ཡིད་འོང་ཞིག་སྨན་པ་ཁོང་གི་ཨེ་ཏྲ་ལིའི་སྐད་ཡིག་དགེ་རྒན་རེད་འདུག ཕོ་གཞོན་དེས་ཉིན་ཞིག་ཁོང་ལ་ཨེ་ནད་ཕོག་ཡོད་ཚུལ་གྱི་ཁ་བརྡ་བྱས་འདུག་པ་མ་ཟད། ཕྱི་ལུགས་སྨན་པས་བཅོས་ཐབས་བྲལ་བས་ད་ལྟ་བོད་བརྒྱུད་ནང་ཆོས་ལ་ཉམས་ལེན་བྱེད་ཀྱི་ཡོད་རབས་དང་བོད་སྨན་གྱིས་ཁོ་ཡི་ནད་དེ་བཅོས་ཐབས་ཡོད་མེད་དྲིས། སྨན་པས་ཀྱང་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཙམ་ལས་ཐབས་ཤེས་གཞན་ཅི་ཡོད།
ཉིན་ཞིག་སྨན་པ་ཁོང་གི་ངོ་ཤེས་པའི་ཀོ་རི་ཡའི་བུ་མོ་ཧ་ཅང་མཛེས་མ་ཞིག་གིས་བུ་དེ་མོ་ལ་ངོ་སྤྲོད་བྱེད་རོགས་ཞེས་ཁོང་ལ་རེ་བ་ཞུས་འདུག སྨན་པས་ཀོ་རི་ཡའི་བུ་མོ་ལ་རྒྱུ་མཚན་གང་གི་ཕྱིར་ཁྱོད་ཀྱིས་ཁོ་ངོ་ཤེས་དགོས་སམ་དྲིས་སྐབས། མོས་ལས་དོན་ཞིག་གི་ཆེད་དུ་ཡིན་ཞེས་ལན་བཏབས་འདུག སྨན་པས་ཀྱང་ངོ་ཤེས་ཡོང་ཆེད་ཟ་ཁང་ཞིག་ནང་ལྷན་དུ་སྐད་བཏང་ནས་ངོ་སྤྲོད་བྱས་འདུག སྐབས་དེར་ཀོ་རི་ཡའི་བུ་མོ་དེས་སྨན་པར་ངས་ཁོ་ལ་ལས་དོན་ཞིག་གི་ཆེད་དུ་དྲི་བ་ཞུ་རྒྱུ་ཡོད་པས་ཁྱེད་ཏོག་ཙམ་གཟུར་རོགས་ཞེས་བརྗོད་འདུག
སྨན་པ་དེ་ཕྱི་ལ་སོང་ནས་དུས་ཡུན་གང་འཚམས་རྗེས་སུ་བུ་མོ་དེ་ངུ་བཞིན་ཕྱི་ལ་ཐོན་འདུག སྨན་པས་མོ་ལ་སྐད་ཆ་དྲིས་དུས་མོས་ང་ཁོང་ལ་དགའ་ཡང་ཁོང་ལ་ཨེ་ནད་ཕོག་ཚར་འདུག་ཅེས་བརྗོད་འདུག བུ་དེས་བློ་ཁོག་ཆེན་པོ་དང་གཞན་ལ་སེམས་ཁུར་གྱིས་དྲང་གཏམ་བཤད་པས་བུ་མོ་དེའི་ཚེ་སྲོག་ལ་ཉེན་ཁ་འཕྲད་མེད། ཨེ་ནད་ཕོག་མཁན་གྱི་མི་ཚང་མ་ལ་ཁོང་ལྟ་བུའི་ཐུགས་རྒྱུད་དང་རང་གཤིས་ཡོད་ན་མི་ཡིས་ཨེ་ནད་ཕར་མེད་པར་བཟོ་ཐུབ་ངེས།
རྒྱུ་མཚན་དེ་དག་གིས་མི་ཚོགས་འདུ་ལོང་ཆེ་བའི་ནེའུ་ཡོག་ལྟ་བུ་ནས་བོད་པ་རྣམས་ཀྱིས་ངོ་ཚ་སྨིན་པོས་གདོང་ལྤགས་ཧྲལ་ནས་རང་གི་ཚེ་སྲོག་གི་བདེ་འཇགས་ཆེད་དུ་དེང་རབས་ཀྱི་ཐབས་ལམ་དག་བསྟེན་རྒྱུ་དང་། གཞན་གྱི་ཚེ་སྲོག་གི་ཆེད་རང་གི་གནས་ཚུལ་གསལ་པོ་བརྗོད་དགོས་རྒྱུ་ཤིན་ཏུ་གལ་ཆེ། སྨན་པ་ཞིག་དང་ཁ་བརྡ་བྱས་རྗེས་བྲིས།
ེནེའུ་ཡོག་ཏུ་ཡོད་པ་མང་ཆེ་བ་གྲྭ་ལོག་དང་ཇོ་ལོག་རེད་དམ། བོད་ཀྱི་ལུགས་ལ་གྲྭ་བ་དང་ཇོ་མོ་ཟུར་སྲོལ་མེད་པས། གྲྭ་ལོག་དང་ཇོ་ལོག་ཅེས་འབོད་ན་འཐད། ཐེ་ལན་ཏི་ལུགས་ལ་གྲྭ་བ་དང་ཇོ་མོ་ཚོར་མི་ཚེ་གང་བོར་བྱེད་པའམ་ཡང་ན་ལོ་རེ་གཉིས་ལ་བྱེད་པ་སོགས་ཀྱི་གདམ་ཀ་ཡོད་པས། ཁོང་ཚོར་གྲྭ་ཟུར་དང་ཇོ་ཟུར་ཞེས་འབོད་ན་འགྲིག ཁོང་ཚོས་ཕན་ཚུན་ནང་ལ་དགའ་རོགས་སྒྲིགས་ན་ཅིས་མི་ལེགས། ཨ་ཁ་ཁ། ཆགས་སྤྱོད་ལ་བརྟེན་ནས་ན་ཚ་གཞན་ཡང་མང་བོ་ཡོད་པ་རེད། འཇིག་ཤུབས་གོན་ན་རེག་དུག་འགོག་ཐུབ་མོད། གཞན་པ་དག་འཇིག་ཤུབས་ཀྱིས་འགོག་ཐུབ་ཀྱི་ཡོད་པ་མ་རེད། ད་ཚང་མས་ཆགས་སྤྱོད་སྤང་ན་མི་ལགས་སམ། །ཧ་ཧ་ཧ་ཧ།
བུ་མོ་དེའི་མིང་དང་ལོ་རྒྱུས་བསྡུས་ཙམ་ཞིག་འདིར་འགོད་ཐུབ་ན་ཕན་ཐོག་ཆེ་ངེས་རེད།
གང་ཡིན་ཟེར་ན་ནེའུ་ཡོག་གི་གྲྭ་ཟུར་མང་ཆེ་བའི་ཁ་བརྡ་དྲྭ་བར་བལྟ་ཀློག་བྱེད་ཀྱི་ཡོད་ངེས་པའི་བུ་མོ་
དེ་ལ་ལུས་འབྲེལ་སྔོན་བྱས་ཡོད་མེད་ཤེས་པ་དང་རྗེས་སུ་དེ་དང་འབྲེལ་མི་བྱེད་ཆེད་ཕན་ཐོག་འབྱུང་ངེས་རེད
ང་ནད་འདི་ལ་སྐྲག། ངའི་མགོ་རིལ་འདི་ལ་རྩ་ནས་མི་སྐྲག། བླ་མ་དཀོན་མཆོག་གིས་ཅིག་མ་སྲུང་དུས། ང་དང་ངའི་མགོ་རིལ་ལམ་འདི་ལ་འབུད་དགོས་ན་སྐྱོ་བ་ལ།
བསླབ་བྱ་རེད། དངོས་ཡོད་གནས་ཚུལ་ཡིན་ན། བོད་མོ་དེའི་མིང་གཅིག་པོ་རང་ངོ་སྤྲད་ན་ཡག་པོ་ཡོད་པ་འདྲ། མང་པོ་ཞུ་དགོས་ཡ་ཡོད་པ་མ་རེད། ཆགས་འབྲེལ་ཡོད་པ་ཞིག་ཡིན་དུས་མིང་གཅིག་པོ་གོ་ན། སོ་སོས་སུ་ཡིན་ཧ་གོ་ནས། གཞན་ལ་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། དེ་མིན་འདི་སྤྱི་ཚོགས་ནང་གི་ཨད་སེའི་སྲོག་ཆད་གི་སྒང་ལ་མི་མང་གིས་ཁ་རྡུང་འདྲ་མིན་བྱས་ན་མི་བཟང་ངོ།
ད་རིང་གནམ་ལགས་ཀྱིས་བཟང་མི་བཟང་ཅིག་གསུང་འདུག་པ་ནི་དགའ་འོས་པ་ཅིག་རེད། ནམ་ཞར་རྒྱུན་དུ་ཡིན་མིན་གཙོ་འདོན་གནང་མཁན་རེད་མོ། ཁ་བརྡའི་དཀྱུས་སུ་སོང་ན་འདི་འདྲ་རེད། གནམ་རང་ལ་ནད་འདི་ཡོད་ན་མི་ལ་ཞུ་ཐུབ་ས་རེད་དམ་མ་རེད། ང་ནི་སེམས་བཟང་ཅིག་ཡིན་མོད་ལབ་ཐུབ་ས་མ་རེད། ཅི་ལྕོགས་གང་ནུས་ཀྱིས་མི་ལ་མ་བགོས་པ་བྱེད་ས་རེད། ངའི་ལྟར་ན། འདི་ནི་སྤྱི་ཚོགས་ཀྱི་དཀའ་ངལ་ཅིག་རེད། གཙོ་བོ་མགོ་རིལ་ལ་གཟབ་གཟབ་གནང་རོགས། ག་ལེར་བསམ་བློ་གཏོང་ན་ཤེས་ནི་རེད། གལ་སྲིད་ནད་འདི་ཡོད་པར་དོགས་པ་བྱུང་ན་སྨན་ཁང་དུ་ཡང་འགྲོ་གི་མ་རེད།
ཁེ་ཕན་གྱི་ཆ་ནས་བཤད་ན་ནད་འདི་ཡོད་པ་ངོས་ལེན་གནང་བའི་མི་ལ་ང་ཚོས་སྤྲུལ་སྐུ་བཞིན་དུ་ས་དེ་དང་དེ་རུ་ལུང་ཞེན་བརྟན་པོས་བཀུར་སྟི་ཞུ་འོས་པ་ཅིག་རེད། འདི་ཡང་འུར་རྒྱབ་པ་མིན་པར་ང་ཚོ་ཚང་མ་འཆི་མི་འདོད་པར་ཐུག་ཡོད་པ་མཁྱེན་པ་གནང་རོགས།
ལྟོས་དང་གོང་ནས་ཅུང་ཙམ་གླེང་ཡོང་བ་ནི་སྨན་པ་དང་འབྲེལ་བ་འདུག་ག དེ་འདྲ་རེད་དོ། མགོ་རིལ་ལ་བདག་བྱོས་གཟབ།
(དྲན)་ཚད་ཚང་མ་(དཀར)་པོའི་ཆོས་ཡིན་པ། དེ་ལ་ཕུན་སུམ་ཚོགས་པའི་(དཔལ)ལྡན་པའི་སྒང་ལ(ཡོན)་ཏན་སྣ་མང་གི་རྒྱན་ཡོད་པའི་མཁས་པ་ཞིག་དངོས་གནས་ཡིན་ན། ཁོ་རེ། ལབ་མ་ཐུབ་པར་འདུག་གི་ཡིན་ཟེར་ན། མིང་དོན་གཉིས་གོ་ཟློག་པ་རེད་དོ།
དྲན་ནག་དཔལ་མེད་ལགས། ཧ་ཧ།
གནམ་ལགས་ཀྱིས་ཡག་པོ་གསུང་འདུག དཀར་པོ་ལ་གོ་བ་གཉིས་ཡོད། རང་ཉིད་དཀར་ཙམ་དང་གཞན་དཀར་པོར་བྱེད་པ་སོགས་རེད། ཆོས་ལ་གོ་བ་མང་ནི་རེད། དོན་བཅུ་ལ་འཇུག་པ་ཚིག་མཛོད་དུ་གསལ། མ་མཐར་ཡང་རང་ཉིད་ཕན་ཞིང་གཞན་ལ་མི་གནོད་པ་དང་། གཞན་ཕན་གཙོ་བོར་བྱེད་པ་གཉིས་ངེས་དགོས་ནི་རེད་གནམ་ལགས།
གཞན་ཕན་གཙོ་བོར་བྱེད་པ་ནི། གྱོང་ཁ་རང་ལ་རག་ཏུ་བཅུག་པ་ཡིན་པས། ང་ནི་གཏན་ནས་ལྟ་བ་དེ་ལ་མི་དགའ་འོ།
དེ་བས་ན་གནམ་རང་གིས་དྲིས་ཀྱང་གཞན་གྱིས་བཤད་མི་སྲིད་པར་འགྱུར་རོ། རང་ཉིད་ཀྱིས་གཞན་ཕན་བྱེད་པ་ལ་མི་དགའ།
གཞན་ལ་གཞན་ཕན་བྱེད་རོགས་ཟེར་བ་ལྟར་འགྱུར་པས་དྲིས་ཀྱང་མི་བཤད་པ་མཁྱེན་པ་གནོངས་རོགས།
ཀློའི་རྒན་གནམ་ལགས། ཨེ་གོ་ཐ།
དགོངས་དག་ཀློའི་རྒན་ཟེར་བ་ང་ནོར་སོང་། སྐུ་མཁྱེན་ཐུགས་ལ་འཛིན་ཨ།
མི་གསོན་པོ་དགོངས་སུ་གསོལ། བདག་མེ་ཏོག་དཀར་པོ་ཞེས་བྱ་བ་དུས་དེ་རིང་ནས་བཟུང་སྟེ་ཇི་སྲིད་མཇེ་རྒོད་འདིའི་ངར་ཤུགས་མ་ཟད་བར་ནིའུ་ཡོག་གི་བོད་མོ་དང་འཁྲིག་པར་མི་བྱའོ།།
ཨ་ཁ་ཁ། བོད་པ་ལས་ངན་འདི་ཚོ་རྒྱ་གཞུང་གིས་རྩ་མེད་བཟོས་སྔོན་ལ་ནད་འདིས་རྩ་མེད་བཟོ་བ་འདུག
་་་་་ ལོ་སྔོན་མ་སྨན་ཁང་ཞིག་ནས་བོད་པའི་བུ་མོ་ཨེ་ནད་ཀྱིས་ཟིན་པ་ཞིག་སྨན་པས་ནད་ངོས་ཟིན་ནས་བདེ་འཇགས་མི་སྣས་འདྲི་དཔྱོད་བྱས་པའི་ལན་དུ། མོས་ཟླ་བ་གཅིག་གི་རིང་བུ་༢༣ ལ་ལུས་འབྲེལ་བྱས་ཡོད་པའི་ངོས་ལེན་བྱས། བུ་མང་ཆེ་བ་ནི་བོད་པ་རེད་འདུག་ལ་བུ་དེ་དག་གིས་བོད་པའི་བུ་མོ་གཞན་ག་ཚོད་ཙམ་ལ་ལུས་འབྲེལ་བྱས་ཡོད་ན་ཆ་ཚང་ལ་ནད་འདི་འགོས་ཡོད་ངེས། ་་་་་ཟེར།
་་་་ ཁུ་སིམ་པོའི་ངང་གཞན་གྱི་ཚེ་སྲོག་ལ་རྩེད་སྤྱད་བྱེད་པ་མ་ཟད་མི་རབས་བུ་རྒྱུད་སྟོང་བའི་ལས་ངན་ཡང་བསགས་ཀྱི་ཡོད་པས། གནའ་སྔ་མོར་ཤ་འཁོན་རྩོད་རེས་བྱས་པ་ལས་ཀྱང་སྡུག་པའི་མི་ཡི་ཚེ་སྲོག་ལ་དོ་ཕོག་གཏོང་གི་ཡོད། ་་་་ཟེར།
བག་ཡོད་བདུ་རྩིའི་གནས་ཡིན་ཏེ། །
བག་མེད་པ་ནི་འཆི་བའི་གནས། །
དྲན་དཀར་ཁོ། བློང་སུ་ཡིན་ནི་སུས་ཤེས།
མྱི་ཁྱོད་འདྲ་མོ་ལ་ལམ་གཉིས་མ་གཏོགས་ཡོད་པ་མ་རེད། ཡང་མིན་ན་ནག་པོ་དང་། དེ་མིན་ན་དཀར་པོ་ཡིན་དགོས་བ་རེད། ཡང་མིན་ན་ལྷ་ཡིན་དགོས་རེད། དེ་མིན་མ་འདྲེ་ཡིན་དགོས་རེད། གཞན་རྒྱལ་དགོས་བ་རེད། རང་གྱོང་དགོས་བ་རེད། འདི་ནི་ཁྱེད་ལྟ་བུའི་སྤྱང་པོ་ཚོས་གཟིགས་པའི་འཇིག་རྟེན་སྐྱོང་སྟངས་ཞིག་ཡིན་མདོག་བཤད་ཀི་ཡོད་པ་རེད། ད་དེ་དོན་དུ་གནས་མི་གནས་ཚང་མས་འོ་ཙམ་ཤེས་ནི་རེད། ཕན་འདེགས་ཀི་ཕྱོགས་ལ་གང་ཙམ་ཡོད་མེད་འུ་ཚོ་བོད་པས་བོད་པ་གསལ་གསལ་ལྷང་ལྷང་ངང་ཤེས་ནི་རེད། ཁྱོས་ཁྱོད་ཅིག་བྱང་ཆུབ་སེམས་དཔའ་རློན་པ་ཞིག་ཡིན་མདོག་མ་ཤོད་ན་དགའ།
ང་ནི་རང་ཕན་གཞན་ཕན་གྱི་ལམ་དོ་མཉམ་པ་ཞིག་གི་སྒང་ན་ཡོད་པས། ཁྱོས་ཡིད་ཚོད་ཀྱིས་ང་ཁྱོའི་ལམ་དེ་གཉིས་ལས་ཐར་ས་མེད་པ་ཞིག་དུ་མ་འདོད། མ་གཞི་དབུ་མའི་ལམ་ལ་ཆ་རྒྱུས་དེ་ཙམ་མེད་པ་འདྲ།
དྲན་དཀར། བསམ་བློ་གཏོང་མ་ཤེས་བར་སྐད་ཆ་བཤད་ཤེས་བ་འདི་མྱི་ཟིག་གི་མཚན་ཉིད་ཆ་ཚང་བ་ཞིག་ཚང་ཡོད་མེད་མི་ཤེས་བས། ང་དང་ཁྱོད་གཉིས་ཁྱི་དང་ར། ཆུ་དང་མྱེ་ཡིན་པ་འདྲ། ཧ་ཧ།
གནམ་ལགས། གུས་ཞབས་དང་བཅས་ཞུ་བགྱིར། བློང་སུ་ཡིན་མིན་ང་དངོས་གནས་རྩོད་འདོད་མེད། ཚིག་གཅིག་གིས་ནུས་པ་ཞེ་དྲག་འདོན་ཐུབ་ཀྱིན་ཡང་མ་རེད། དེ་ལས་ཨེ་ནད་ཐོག་ངའི་དྲི་བར་སྐུ་ཉིད་ཀྱིས་ལན་གནང་མེད་པ་ཡང་མ་བརྗེད་པར་ཁ་བརྡའི་དཀྱུས་སུ་ཕེབས་རོགས
གྲྭ་ཟུར་དང་ཇོ་ཟུར་ཚོ་ནས་དགེ་ཚུལ་སློང་གི་བསྡམ་པ་སྲུང་མ་ཐུབ་ཀྱང་ སྤྱང་ལྟོག་ལུག་ཚང་དུ་སླེབ་པ་ལྟར་མ་ཡིན་པ་ ངེས་པ་དུ་དགེ་བསྙེན་གྱིས་བསྡམ་པ་སྲུང་ཐུབ་ན་འགོས་ནད་འདི་ལ་ཞེད་སྣང་མི་དགོས་པ་ཁོ་ཐག་ཡིན།
ཕོ་མཚན་རྣམས་གཅོད། མོ་མཚན་རྣམས་གཅིན་པ་གཏོང་ཐུབ་ཙམ་ལས་འཚེམས་བུ་རྒྱག་ན་ནད་དུག་དང་རྙོག་གླེང་མང་ཆེ་བ་འགོག་ཐུབ།
ཕོ་མོའི་མཚན་མ་གཅོད་འཚེམས་བྱས་ཚེ་འཇིགས་བརྟེན་འདི་རུ་མི་རྒྱུད་སྟོང་འགྲོ་གི་མ་རེད་བས་ དེ་ལས་མི་ཚང་མ་གྲྭ་པ་ཨ་ནེ་གཟོ་བཞག་ན་མགྱོག་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་སོང་ན་འཕན་ཐོག་ཆེ་ས་རེད་ཡ།
མི་འབོར་བྲི་སྟངས།
ཕོ་མོའི་མཚན་མ་གཅོད་དོན་མེད། །
གྲྭ་པ་མ་ནི་བྱ་དགོས་མེད། །
ཆང་ས་ཉུང་ལ་ཕྲུ་གུ་ཉུང་། །
ཕོ་ཧྲང་མོ་ཧྲང་མང་ཙམ་སྡོད། །
འདོད་པ་བསྟེན་སྟངས།
གྲྭ་པ་ཨ་ནི་མ་ཡིན་ལ། །
ཕྲུ་གུའི་ཕ་མའང་མ་ཡིན་ལ། །
ཆང་ས་མ་བརྒྱབ་སྡོད་ཚུགས་དང་། །
འདོད་པ་བསྟེན་སྟངས་ཐབས་མཁས་གྱིས། །
Aids ནད་པ་ཨ་རི་བ་Timothy Brown ཟེར་བ་2008 ལོར་Germany རྒྱལ་ས་Berlin དུ་འཛམ་གླིང་ནང་ཐེངས་དང་པོ་Bone marrow transplant བརྒྱུད་ནས་ན་ཚ་སངས་དྲག་བཅོས་པ་རེད། དེ་དང་མཉམ་དུ་Cancer ཡང་བཅོས་པ་རེད། དེའི་རྗེས་སུ་Boston ལ་མི་གཉིས་དེ་བཞིན་དུ་བཅོས་པ་རེད། ད་དུང་ Mississippi ལ་བྱིས་པ་ཞིག་ཀྱང་བཅོས་པ་རེད། ཡིན་ནའང་ད་དུང་ཡོངས་གྲགས་སུ་Aids ན་ཚ་བཅོས་པ་ཡོད་མ་རེད། ཡིན་ནའང་ལོ་ཤས་ནང་ཚན་རིག་གི་ཐོག་ནས་མགྱོགས་མྱུར་བཅོས་ཐུབ་པའི་རེ་བ་འདུག