ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
འཕགས་པའི་ཡུལ་དུ་འཇམ་དཔལ་བཤེས་གཉེན་རྗེ།།
ཞིང་འདིར་གནུབས་ཆེན་སངས་རྒྱས་ཡེ་ཤེས་རྩལ།།
པདྨ་དྲག་སྔགས་གླིང་པའི་ཕྲིན་ལས་གར།།
བཀའ་གཏེར་དུས་ཀྱི་འཁོར་ལོ་རྒྱལ་གྱུར་ཅིག།
འཛམ་གླིང་གོ་ལ་ཟླུམ་པོའི་འཁོར་ཡུག་གི།
ཞི་བདེའི་གཏམ་གླིང་འདྲ་མཉམ་དོ་ར་རུ།།
ཕ་མེས་རིག་གཞུང་འཛིན་སྐྱོང་སྤེལ་བའི་ཕྱིར།།
གྲོགས་ཀུན་གླིང་འདིར་ཕེབས་པར་དགའ་བསུ་ཞུ།།
ད་གཅིག་གསོན་དང་སྐྱེན་པོའི་རྗེ་འབངས་ཀུན།།
སྙན་དབང་པདྨ་གེ་སར་བཞད་པའི་དབུས།།
སྙིང་གཏམ་དཔའ་བེའུའི་དབྱངས་གསལ་གཤིས་སུ་འགོད།།
ཕན་བདེའི་གདུགས་དཀར་མཛེས་པའི་རྒྱན་ཏུ་ཕུལ།།
བསྟན་སྲིད་རྒྱལ་བའི་རྒྱལ་མཚན་ལེགས་བསྒྲེང་པའི།།
བདེན་ཚིག་དྲང་སྲོང་དུང་བརྡ་རབ་དཀྲོལ་བས།།
ཨེ་ཝྃ་གསེར་ཉའི་སྤྱན་ཡངས་རྣམ་པར་བཀྲ།།
བཤད་སྒྲུབ་ཕྲིན་ལས་ཆོས་འཁོར་དར་རྒྱས་འགྱུར།།
བློ་གྲོས་དྲི་མེད་བདུད་རྩིའི་བུམ་བཟང་ཉིད།།
མདུན་ལམ་བརྟག་དཔྱད་མཁས་པའི་གླང་ཆེན་རྩལ།།
གུས་རྟག་བརྩོན་འགྲུས་འབད་པའི་ཅང་ཤེས་རྟར།།
དྲན་ཤེས་བག་ཡོད་བཙུན་མོའི་དཔལ་མཛངས་དགོས།།
ངེས་དོན་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་བཞིན།།
གྲོས་འདེབས་བློན་པོས་ཕྱག་ལེན་ཡོངས་འདེབས་ན།།
ཉེས་ཀུན་གཡུལ་ལས་རྒྱལ་བའི་དམག་དཔོན་མཆོག།
རྗེ་འབངས་འཁོར་ཚོགས་དགྱེས་པའི་དཔལ་དུ་ཤར།།
ཐུགས་མཐུན་ལྷ་དར་དཀར་པོའི་རང་མདངས་ལ།།
ཁྲིམས་གཙང་རྟགས་བརྒྱད་དགེ་ལེགས་གཡུང་དྲུང་འཁྱིལ།།
ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་འབྲས་བཟང་སྨིན།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར།།
ཞེས་པ་འདི་ཡང་རྒྱུད་ལུགས་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་ཚེས་བཅུ་ཉིན་མཆོག་སྤྲུལ་དམ་པ་ཨ་འགྱུར་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་དང་སྐྱེན་པོའི་སྡེ་དགོན་གྱི་མཁན་སྤྲུལ་མི་དམངས་འདུ་བའི་འཕྲིན་ཕྲན་ཨེ་མ་ཧོའི་གླིང་ཁའི་ཚོགས་འདུ་ལ་གང་དྲན་དུ་ཤྲྰི་ཨེ་མ་ཧོས་གང་དྲན་དུ་དབྱིན་ཡུལ་རྒྱལ་ས་ལན་དྲོན་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ནས་གུས་ཕུལ།།
ད་ཅིག་གསོན་དང་སློབ་དཔོན་པདྨའི་རྗེས། །
བདག་གི་གསོལ་སྙིང་དཔལ་བེའུ་རང་གཤིས་ནི། །
ལུང་རྟོགས་བཤད་སྒྲུབ་རྒྱས་ལ་བོད་འབངས་བདེ། །
བོད་ཀྱི་སྐད་ཡིག་རིག་གཞུང་དར་རྒྱས་མཛོད། །
སློབ་དཔོན་པདྨའི་རྗེས་ཞེས་པ་དོན་དག་གང་ཡིན་ནམ། མདོར་ན་བོད་འབངས་ཡོངས་རྫོགས་པདྨའི་རྗེས་འཇུག་ཏུ་འདོད་པར་བྱིན་རླབས་ཡིན་པར་བཤད་ན་འགྲིག་གི་མེད་པར་འདྲ། ད་ལོ་རྡར་ས་ནས་གུ་རུའི་ཐོབ་ཐང་གཙང་ལེན་ཚར་བ་མ་གོ་འམ། བར་ལམ་ལི་ཐང་དགོན་ཆེན་དང་། གསེར་རྟ་བླ་རུང་ཆོས་སྒར། རྒྱལ་ཐང་བཅས་པར་སྔ་རྗེས་སུ་མེ་སྐྱོན་ཚབས་ཆེ་བྱུང་སྟེ་རྩ་ཆེའི་རིག་དངོས་ཀྱིས་མཚོན་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བར་བློ་ཕམ་ཅི་ཆེ་བྱུང་ཡང་། མཆོག་གསུམ་༧རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་ལས་གཞན་བྱ་ཐབས་དབེན།ད་དུང་ཡང་ས་ཁུལ་གཞན་ལ་དེ་ལྟའི་གནས་ཚུལ་མི་ཡོང་བའི་ངེས་པ་མེད་པས་གཙོ་ཆེར་སེར་སྐྱ་མང་ཚོགས་ཚང་མ་འཆམ་མཐུན་ཕུ་ནུའི་འདུ་ཤེས་ཀྱིས་ནང་རྩོད་དམེ་འཁྲུག་རིགས་ནམ་ཡང་མི་བྱེད་ངོས། ཕྱིའི་ཞབས་རིམ་ཡུལ་ཁག་སོ་སོའི་ཡུལ་དགོན་སྤྱི་ནས་ཐུབ་པའི་མཚན་སྔགས་དང་། ཡིག་དྲུག སྒྲོལ་མའི་གཟུངས་སྔགས། སྒྲོལ་བསྟོད། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་འཇིགས་པ་བརྒྱད་སྐྱོབ་ཀྱི་གསོལ་འདེབས་འབད་སྒྲུབ་ཐོག ཅེས་བཤད་པ་འགྱུར་བ་ཆེན་པོར་ཕྱིན་ཡོད་པར་ཀརྡོས་དཔྱོད།
རྒྱ་གར་༸པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །
པདྨ་འབྱུང་གནས་༸སྐུ་ལ་འདས་འཁྲུངས་མེད། །
ད་ལྟ་ལྷོ་ནུབ་སྲིན་པའི་ཁ་གནོན་མཛད། །
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །
པདྨ་ལགས་ཀྱི་སེམས་འཚོར་ངས་ལོན་ཐུབ་མ་སོང་། བོད་ཀྱི་ཡུལ་ལུང་དེ་དག་གི་ནང་ལ་རྙིང་མ་པ་ཉུང་བའི་རྐྱེན་གྱིས་ཡིན་སྲིད་པས། ཉིད་ཀྱིས་ཀྱང་དཔྱད་པར་འཚལ།