བོད་ཀྱི་དུས་བབ་ནས་བཏུས།
བོད་ཀྱི་བདུན་ཕྲག་དུས་སྟོན་ཞེས་པ་དེ་ཉིན་ ༦ རིང་ཨ་རིའི་ཨ་ཊི་ལན་ཊ་གྲོང་ཁྱེར་ཉེ་འདབས་ཀྱི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་འཚོགས་ཡོད་པ་རེད།
ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༢ ནས་ ༢༧ བར་ཨ་རིའི་ཨ་ཊི་ལན་ཊ་གྲོང་ཁྱེར་ཉེ་འདབས་ཀྱི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་བདུན་ཕྲག་ཐེངས་བཅུ་བའི་དུས་སྟོན་དེ་གོ་སྒྲིག་ཞུས་འདུག་ཅིང་། དུས་སྟོན་ཀྱི་ཉིན་དྲུག་རིང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་རྣམ་གཉིས་ཀྱིས་༼སྤྱི་ནོར་ ༧ གོང་ས་བཅུ་བཞི་བ་མཆོག་གི་དགོངས་གཞི་དེ་འགན་ཁུར་གསུམ་༽གྱི་སྐོར་ངོ་སྤྲོད་གསུང་བཤད། འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པས་དཀྱིལ་འཁོར་བཞེངས་སྟོན་དང་གར་འཆམ་འཁྲབ་སྟོན། ནོར་བུ་གླིང་གའི་ལྷ་བྲིས་པས་ཐང་ག་འབྲི་སྟོན་ངོ་སྤྲོད། བོད་རང་དབང་སློབ་ཕྲུག་ཚོགས་པས་བོད་སྐོར་གློག་བརྙན་སྟོན་འབུལ། དགེ་འདུན་པ་དང་སྒོམ་སྒྲུབ་ཉམས་ལེན་པས་བློ་སྦྱོང་སྒོམ་སྒྲུབ་སྐོར་ངོ་སྤྲོད། ཉིག་ཡོག་གྲོང་ཁྱེར་དུ་ཡོད་པའི་རུ་སྤན་འགྲེམ་སྟོན་ཁང་གི་ལས་བྱེད་ཀྱིས་ ༼༧ གོང་ས་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་༽བརྙན་པར་ལམ་ནས་ངོ་སྤྲོད་གཏམ་བཤད། ཨེ་མོ་རི་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་ཚན་རིག་ལས་རིམ་གྱི་དགེ་རྒན་རྣམ་པས་ཚན་རིག་ལས་རིམ་སྐོར་ངོ་སྤྲོད་དང་བོད་ཀྱི་དགོན་སྡེ་ཁག་ལ་ཚན་རིག་སློབ་ཁྲིད་བྱེད་པའི་དཀའ་ངལ་དང་དགེ་ཕན་སྐོར་ལ་བགྲོ་གླེང་། ཚན་རིག་དང་ནང་ཆོས་མཉམ་འབྲེལ་ཐོག་ཤེས་ཡོན་སྤེལ་ཐབས། ཀོ་ལུམ་སྦི་ཡ་སློབ་གྲྭ་ཆེན་མོའི་ནང་ཆོས་མཁས་པ་རོ་སྦིར་ ཐུར་རྨན་གྱིས་༼ཏཱ་ལའི་བླ་མ་སྔར་ལས་གནད་འགག་ཆེ་༽ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་གྱིས་༼དཀྱིལ་འཁོར་གྱི་མཚོན་རྟགས་༽ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད་བཅས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་ལས་རིམ་མང་པོ་སྤེལ་འདུག་པར། དུས་སྟོན་འདིར་ཨེ་མོ་རི་དང་བློ་གསལ་གླིང་དགོན་པའི་དགེ་སློབ་ལས་བྱེད་གཙོས་པའི་ས་དེ་གའི་ཡུལ་མི་སྟོང་ཕྲག་མང་པོ་ཆེད་བཅར་མཉམ་ཞུགས་བྱས་ཡོད།
བློ་གསལ་གླིང་དགེ་འདུན་པས་སྨོན་ལམ་གསུང་བའམ་དཀྱིལ་འཁོར་བཞེངས་བཞིན་པ།
གནས་ཚུལ་མཁོ་གཏོང་བ་གཡང་འབུམ་རྒྱལ།
ལས་དོན་འདིའི་གོ་སྒྲིག་པ་དང་ལས་སྣེ་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
དགེ་བཤེས་བློ་བཟང་བསྟན་འཛིན་སྦུ་གྲོ་ལགས། ༧སྐུ་འདུན་གྱི་ཕྱག་གཡོན་ཕྱོགས་ཀྱི་བུད་མེད་མིག་ཤེལ་ཅན་དེ་སུ་རེད།
ཨི་མོ་རིའི་མཐོ་སློབ་ཀྱིས་བོད་དོན་དང་འབྲེལ་པའི་ལས་འགུལ་འདེ་འདྲ་སྤེལ་བར་ཐུགས་རྗེ་ཆེ་གྲངས་མེད་དང་ལས་འགུལ་འདི་ལ་མཉམ་ཞུགས་གནང་ཡོང་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ།
ཀརྨ་རྡོ་རྗེ་ལགས། ཨ་ཅག་དེའི་མཚན་ལ་ཧོ་ལི། སེ་མེཊ་ཀོ་ཟེར། ཁོང་ཨེ་མོ་རི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་བ་དྲག་ཅན་ཞིག་རེད། ཁོང་གི་མཚན་དང་ཕྱག་ལས་དབྱིན་ཡིག་ཏུ་འདི་ལྟར་ཡིན།
Holli A. Semetko, Professor, Vice Provost for International Affairs and Director of The Claus M. Halle Institute for Global Learning
སྐུ་དཔར་དེ་བཞིན་ ༢༠༠༧ ཕྱི་ཟླ་ ༡ ནང་༧གོང་ས་མཆོག་གིས་ཨེ་མོ་རི་གཙུག་ལག་སློབ་གྲྭའི་གཙོ་འཛིན་ཁྱད་འཕགས་ཀྱི་སློབ་དགེ་ཆེན་མོ་གནང་རྒྱུར་ཞལ་བཞེས་གནང་སྐབས་བསྒྲོན་པ་ཞིག་རེད་འདུག ད་དུང་ཡང་གནས་ཚུལ་མང་བ་མཁྱེན་འདོད་ན་འདིར་གཟིགས་རོགས། http://www.tibet.emory.edu/academics/index.html
བསམ་འཕེལ་ལགས་ཀྱི། ངོ་སྤྲོད་ལ། ཐུགས་རྗེ་ཆེ།
བསམ་འཕེལ་ལགས་ནས་ངོ་སྤྲོད་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ།