བདེ་སྐྱིད་སྒྲོལ་དཀར།
གུས་མོས་བོད་ཡིག་མ་གཏོགས་ཡིག་རིགས་གཞན་པ་ཤེས་ཀྱི་མེད། བོད་ཡིག་ཐོག་ཏུ་ཨེ་ཙི་ན་ཚའི་སྐོར་ཧ་ཅང་ཞིབ་ཚགས་བཤད་ཡོད་ས་ཞིག་ད་བར་མ་མཐོང་བས་འདིར་དྲ་གྲོགས་ཚོ་ལ་གླེན་འདྲི་ཁ་ཤས་བྱེད་འདོད་བྱུང་། ད་སྔོན་བོད་པའི་སྤྱི་ཚོགས་ནང་དུ་ཨེ་ཙི་ན་ཚའི་སྐོར་གྱི་སློབ་གསོ་གཏོང་མཁན་བོད་མི་འགའ་རེ་དང་ཐུག་སྐབས་དྲི་བ་རེ་ཟུང་བྱས་ཀྱང་། ད་གཟབ ་གཟབ་བྱེད་དགོས་པ་རེད་ཟེར་བ་ཙམ་ལས་ལན་ཞིབ་པོར་གནང་མ་སོང་། དེས་ན་དྲི་བ་དངོས་ནི།
༡༽ ཨེ་ཙི་ན་ཚ་ཡོད་མཁན་གྱི་མི་དང་སོ་ཁྲུས་གཅིག་པ་བྱས་ན་ནད་འགོས་སམ།
༢༽ ཨེ་ཙི་ན་ཚ་ཡོད་མཁན་གྱི་མི་གཟུགས་པོ་རྨ་ཅན་སོགས་དང་ཁྲུས་རས་གཅིག་པ་བྱས་ན་ནད་འགོས་སམ།
༣༽ ལུས་པོའི་རླན་གཤེར་བརྒྱུད་ནས་ནད་འགོ་བར་བཤད་པ་ལྟར་ན་རྔུལ་ནག་བརྒྱུད་ནས་ནད་འགོས་སམ།
༤༽ ཨེ་ཙི་ན་ཚ་ཡོད་མཁན་གྱི་མི་དང་མཉམ་དུ་འོ་བྱེད་པ་དང་ལྕེ་འཇིབ་པ་སོགས་བྱས་ན་མཆིལ་མ་བརྒྱུད་ནས་ནད་འགོས་སམ།
༥༽ འགྱིག་ཤུབ་བེད་སྤྱོད་བྱས་ཀྱང་བུད་མེད་ཀྱི་འདོམ་གྱི་རྩ་བར་སླེབས་པའི་བརླན་གཤེར་སྐྱེས་པའི་པགས་པར་རེག་པ་སོགས་ལས་ནད་འགོས་སམ།
༦༽ ཨེ་ཙི་ན་ཚ་ལ་འཛེམས་མཁན་སྐོར་ཞིག་གིས་མཚན་མ་འཇིབ་ལྡག་དང་། བུད་མེད་ཀྱི་ནུ་མ་འཇིབ་པ་སོགས་བྱས་ནས། མཚན་མ་འཇུག་འདོན་ཀྱི་སྐབས་གཅིག་པོས་འགྱིག་ཤུབ་གྱོན་གྱི་འདུག་པ་ལ་རྒྱུ་མཚན་ཇི་ཞིག་ཡོད་དམ།
༧ ༽ དུག་སྦྲང་བརྒྱུད་ནས་ནད་འགོས་ཀྱི་མེད་ན་འདྲེ་ཤིག་སོགས་བརྒྱུད་ནས་འགོས་སམ།
༨༽ སྐྲ་གྲི་སོགས་ལས་ནད་འགོས་པར་བཤད་པ་དེ། སྐྲ་གྲི་ཁྲག་ཅན་དེ་ཕ་རོལ་པོའི་རྨ་ཁ་ལྟ་བུ་ལ་ཁེལ་དགོས་ཀྱི་ཡོད་དམ། ཡང་ན་རྨ་ཁ་ལྟ་བ་ལ་མ་ཁེལ་ཀྱང་སྐྱི་སྤགས་ཀྱི་ཐོག་ཏུ་རེག་པ་ཙམ་གྱིས་འགོས་ཀྱི་ཡོད།
གུས་མོ་ནི་རིག་གནས་མེད་མཁན་ཞིག་ཡིན་པས་གླེན་འདྲི་རེད་མ་དགོངས་པར་ཤེས་མཁན་ཚོས་འདི་དག་ལ་ལན་རེ་གནང་རོགས།
ནད་འགོས་སྟངས་ཡོངས་གྲགས་ནི།
ཀ འགོས་ནད་ཡོད་པའི་སྐྲ་གྲིས་བཅད་པའི་གཞན་གྱི་རྨ་ཁའི་བརྒྱུད་ནས་ཁྲག་དང་འདྲེས་དགོས།
ཁ ནད་རོའི་སྨན་ཁབ་སླར་ཡང་གཞན་ཅིག་ལ་བེད་སྤྱད་ན་དང་།
ག ནད་པས་འཁྲིག་སྤྱོད་བྱས་ཚེ་མཚན་མའི་གཡས་གཡོན་གྱི་འབུ་རུ་ཁ་རྡོལ་བའི་བརྒྱུད་ནས་རེད་སྙམ།
ང ཕ་མ་ནད་ཅན་ཡིན་ན་ཕྲུ་གུ་ཡང་ནད་པར་སྐྱེས།
གཞན་པ་ཁྱེད་ཀྱི་འདྲི་བ་རྣམས་ལ་ནི་ང་ལ་ལན་མེད་དོ།
མཁས་པའི་ལན།
༡༽ ཨེ་ཙི་ན་ཚ་ཡོད་མཁན་གྱི་མི་དང་སོ་ཁྲུས་གཅིག་པ་བྱས་ན་ནད་འགོས་སམ། ནད་པའི་ཁ་ལ་རྨ་མེད་ན་འགོས་ཀི་མ་རེད།
༢༽ ཨེ་ཙི་ན་ཚ་ཡོད་མཁན་གྱི་མི་གཟུགས་པོ་རྨ་ཅན་སོགས་དང་ཁྲུས་རས་གཅིག་པ་བྱས་ན་ནད་འགོས་སམ། འགོས་ཉེན་ཡོད།
༣༽ ལུས་པོའི་རླན་གཤེར་བརྒྱུད་ནས་ནད་འགོ་བར་བཤད་པ་ལྟར་ན་རྔུལ་ནག་བརྒྱུད་ནས་ནད་འགོས་སམ། ལུས་རྨ་ཅན་ནས་མ་གཏོགས་རྔུལ་ནག་ནས་འགོས་ཀི་མ་རེད།
༤༽ ཨེ་ཙི་ན་ཚ་ཡོད་མཁན་གྱི་མི་དང་མཉམ་དུ་འོ་བྱེད་པ་དང་ལྕེ་འཇིབ་པ་སོགས་བྱས་ན་མཆིལ་མ་བརྒྱུད་ནས་ནད་འགོས་སམ། ནད་པའི་ཁ་ལ་རྨ་ཡོད་ན་འགོས་སྲིད།
༥༽ འགྱིག་ཤུབ་བེད་སྤྱོད་བྱས་ཀྱང་བུད་མེད་ཀྱི་འདོམ་གྱི་རྩ་བར་སླེབས་པའི་བརླན་གཤེར་སྐྱེས་པའི་པགས་པར་རེག་པ་སོགས་ལས་ནད་འགོས་སམ། སྤྱིར་བཏང་འགོས་ཀྱི་མ་རེད།
ན་ཚ་འདི་ནད་པའི་ཁྲག་ལམ་བརྒྱུད་དེ་ནད་འགོ་ཡུལ་གྱི་ཁྲག་ལམ་ལ་ཁྲག་གམ་ཁྲག་འདྲེས་པའི་གཤེར་ཁུ་སོང་ན་འགོས་ཀྱི་ཡོད། སྤྱིར་བཏང་ནད་འབུ་འདི་ཁྲག་དང་བྲལ་ཏེ་གནས་མི་ཐུབ་པས། མཆིལ་མ་སོགས་ལས་མི་འགོ་བའང་གནད་དེར་ཐུག
༦༽ ཨེ་ཙི་ན་ཚ་ལ་འཛེམས་མཁན་སྐོར་ཞིག་གིས་མཚན་མ་འཇིབ་ལྡག་དང་། བུད་མེད་ཀྱི་ནུ་མ་འཇིབ་པ་སོགས་བྱས་ནས། མཚན་མ་འཇུག་འདོན་ཀྱི་སྐབས་གཅིག་པོས་འགྱིག་ཤུབ་གྱོན་གྱི་འདུག་པ་ལ་རྒྱུ་མཚན་ཇི་ཞིག་ཡོད་དམ།
༧ ༽ དུག་སྦྲང་བརྒྱུད་ནས་ནད་འགོས་ཀྱི་མེད་ན་འདྲེ་ཤིག་སོགས་བརྒྱུད་ནས་འགོས་སམ།
༨༽ སྐྲ་གྲི་སོགས་ལས་ནད་འགོས་པར་བཤད་པ་དེ། སྐྲ་གྲི་ཁྲག་ཅན་དེ་ཕ་རོལ་པོའི་རྨ་ཁ་ལྟ་བུ་ལ་ཁེལ་དགོས་ཀྱི་ཡོད་དམ། ཡང་ན་རྨ་ཁ་ལྟ་བ་ལ་མ་ཁེལ་ཀྱང་སྐྱི་སྤགས་ཀྱི་ཐོག་ཏུ་རེག་པ་ཙམ་གྱིས་འགོས་ཀྱི་ཡོད།
བདེ་སྐྱིད་སྒྲོལ་དཀར་ལགས།
སྤྱིར་བཏང་ཨེ་ཙི་ཡི་ནད་འབུ་དེ་གཟུགས་པོར་གནོད་ཚབས་བཟོ་བར་ཤུགས་ཆུང་ཆུང་ཡིན། འོན་ཀྱང་ནད་འབུ་དེ་གསོད་ཐབས་མི་ཤེས་སྟབས་དྲག་ཐབས་མེད་པའི་ནད་ཅིག་ཏུ་འགྱུར་བ་རེད།
ཚན་རིག་པ་དག་གིས་གསུང་ན། འབུ་དེ་ཁྲག་གི་ནང་དུ་སྡོད་ཀྱི་ཡོད་པ་ལས། ཕྱི་རོལ་དུ་གསོན་ཐུབ་ཀྱི་མེད། དེ་ཁྲག་མེད་སར་ཕྱི་རོལ་གྱི་སྲོག་རླུང་་ oxygen དང་འཕྲད་ཚེ་ལམ་སེང་ཤི་འགྲོ་བར་གྲགས།
འགྱིག་ཤུབས་བེད་སྤྱོད་བྱས་ན། ཕོ་མོ་གཉིས་ཀར་འགོས་ཉེན་ཆུང་བ་ཡོད། མི་འགོས་པའི་ངེས་པ་གང་ཡང་མེད། འགྱིག་ཤུབས་བེད་སྤྱོད་མ་བྱས་ན། ཕོ་རྣམས་ལ་མ་འགོས་པར་ཐར་མཁན་ཡོད་ཀྱང་། བུ་མོ་ལ་མ་འགོས་པར་ཐར་མཁན་མེད་པ་ཡིན། ཕོ་ལ་ནད་དེ་ཡོད་ན་མོ་ལ་འགོས་ཉེན་ཆེ་བ་ཡོད། མོ་ལ་ཡོད་ན་ཕོ་ལ་ནད་དེ་སྐབས་རེ་མ་འགོས་པར་ཐར་སྲིད་པ་དེ་འདྲ་ཡོད། འོན་ཀྱང་ཧ་ཅང་ཉུང་ཉུང་རེད།
ནད་ཕོག་མཁན་ལ་སྐྲ་གྲི་བེད་སྤྱད་ནས་སྐྲ་གྲི་དེ་རྒྱུན་རིང་སྐམ་པོར་བཞག་པ་དེ་འདྲ་ཡིན་ན། ནད་འབུ་དེ་ཤི་ཚར་བར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་སྐྲ་གྲི་རྙིང་པ་བེད་སྤྱོད་མ་བྱས་ན་ཡག་ཤོས་རེད། གང་ཡིན་ཟེར་ན་ནད་གཞན་པ་དེ་འདྲ་འགོས་ཉེན་ཡོད་པས་ཡིན།
སུ་བཀྲུ་དང་ཨ་ཅོར་མཉམ་སྤྱོད་བྱ་རྒྱུ་དེ་སྤྱིར་བཏང་ནས་ནོར་འཁྲུལ་རེད། ནད་རིགས་གཞན་འགོས་སྲིད། ཨེ་ཙི་ནད་དེ་ཁྲག་བརྒྱུད་ནས་འགོས་ཀྱི་ཡོད་པ་དེ་ངོ་མ་རེད། ཁ་ཆུ་དང་མཆིལ་མ། རྔུལ་ནག་སོགས་བརྒྱུད་ནས་འགོས་ཀྱི་རེད་དམ་ཟེར་ན། བརྒྱ་ཆ་བརྒྱ་ནས་བརྒྱ་འགོས་པའི་ངེས་པ་མེད། འོན་ཀྱང་འགོས་རྒྱུ་ཉེན་ཁ་ཡོད།
མཚན་མ་འཇིབས་ལྡག་མ་བྱས་གོང་ཕོ་མོ་གཉིས་ཀའི་མཚན་མ་ལེགས་པར་འཁྲུ་ན་ཡག་པོ་ཡོད། དེས་ན་ཚ་གཞན་མ་འགོས་པར་ཅུང་ཟད་ཕན་སྲིད། འཇིབ་ལྡག་བྱེད་པའི་སྐབས་སུ་མཚན་མའི་ནང་ནས་ཁུ་བ་དེ་འདྲ་ཁ་ནང་དུ་ཤོར་ན། ནད་འགོ་རྒྱུ་ཡིན་པར་ཕལ་ཆེར་ངེས། ཁུ་བ་ནི་ཁྲག་དང་ཐད་ཀར་འབྲེལ་བ་ཡོད་པས་ཡིན།
དུག་སྦྲང་བརྒྱུད་ནས་འགོས་པ་རེད་ཟེར་མཁན་དེ་འདྲའི་གནས་ཚུལ་གོ་ཐོས་མ་བྱུང༌། འོན་ཀྱང་ནད་རིགས་གཞན་དགོས་ཀྱི་ཡོད།
མདོར་བསྡུ་ན། ནད་དེ་བུ་ལས་བུ་མོར་འགོས་སླ་བ་ཡོད། འགྱིག་ཤུབས་ཀྱིས་བརྒྱ་ཆ་བརྒྱད་ཅུ་སྲུང་སྐྱོབ་བྱེད་པར་བཤད།
ཐབས་ལམ་གཅིག་ཡོད་པ་ནི། ཁ་གསང་ནས་ནད་དེ་ཡོད་མེད་དྲིས་དགོས་པ་དང༌། སྦས་སྐུང་ཚ་དྲགས་ནས་ཁུག་ཁུག་ཏུ་འདྲ་མིན་བྱས་ན་འགོས་ཉེན་དེ་བས་ཆེ།
དྲི་བ་འདི་དང་དྲི་ལན་དེ་དག་ང་ཚོའི་སྤྱི་ཚོགས་ལ་གོ་རྒོགས་སྤེལ་བར་ཕན་རླབས་ཆེ་བས་འདི་ཧ་ཅང་བཟང་། ཡིན་ཡང་དྲ་ཐོག་བརྒྱུད་ནས་ཀློག་མཁན་ཅུང་ཉུང་བས་ད་ནས་བཟུང་། འདི་ཕྱོགས་ལའང་ཨེ་ཙི་བཞིན་ཁྱབ་བརྡལ་དུ་གཏོང་དགོས་པ་འདུག
གྲོགས་པོ་ཚོ་བདེ་སྐྱིད་སྒྲོལ་དཀར་གྱིས་[བོད་ཡིག་ཐོག་ཏུ་ཨེ་ཙི་ན་ཚའི་སྐོར་ཧ་ཅང་ཞིབ་ཚགས་བཤད་ཡོད་ས་ཞིག་ད་བར་མ་མཐོང་བས] གསུངས་བ་ནང་བཞིན་རེད། དངོས་གནས་ང་ཚོ་མི་རིགས་འདི་ལ་ནད་ངན་འདིའི་བསྐོར་གྱི་ཡི་གེ་སོགས་གང་འགྱོགས་ཀྱིས་དགོས་ཀྱི་འདུག
ངའི་གྲོགས་པོ་རྫོགས་ཆེན་སྤྲུལ་སྐུ་དགེ་གྲགས་ཀྱིས་ནད་ངན་འདིའི་བསྐོར་གྱི་དེབ་ཞིག་ཚར་ཁྲི་བཅུ་ནས་ཉི་ཤུ་བར་པར་སྐྲུན་བྱེད་འཆར་འདུག འོན་ཀྱང་ཡིག་ཆས་དཀའ་ངལ་ཆེ་སྟབས། ངས་ཨེ་ཙི་ནད་ངན་འདིའི་བསྐོར་གྱི་ཡིག་ཆ་འཚོལ་སྒྲུབ་ཆེད། དྲ་ལམ་རྒྱུད་ནས་གྲོགས་པོ་རྣམས་ལ་རེ་ཞུས་ཡི་གེ་ཐེངས་གསུམ་ཕུལ་ཡང་། ཡིག་འབྲུ་གཅིག་ལག་སོན་མ་བྱུང་།
བོད་ཕྱི་ནང་ལ་བཞུགས་པའི་གྲོགས་པོ་ཚོ་ལགས། ངས་ཡང་བསྐྱར་འདི་ནས་རེ་ཞུས་ཐེངས་གཅིག་ཞུ། ཁྱེད་རྣམས་ཀྱིས་ནད་ངན་འདིའི་བསྐོར་གྱི་པར་དང་། རི་མོ། ཡིག་གེ་སོགས་ཡོད་ན་རང་མི་རིགས་འདིའི་ཆེད་དུ། གུས་ཀྱི་ཡིག་འཕྲིན་ཁ་བྱང་འདིའི་ཐོག་ལ་བཏང་རོགས་ཞུ། padamba@gmail.com ཐུགས་རྗེ་ཆེ།
I hope we understand
དངོས་གནས་ང་ཚོ་མི་རིགས་འདི་ལ་ནད་ངན་འདིའི་བསྐོར་གྱི་ཡི་གེ་སོགས་གང་འགྱོགས་ཀྱིས་དགོས་ཀྱི་འདུག
བདེ་ སྐྱིད་ སྒྲོལ་ དཀར་
བདེ་སྐྱིད་དགོས་ན་ནད་འགོས་མི་དང་མ་འབྲེལ་ཅིག །
སྐྱིད་པོ་དགོས་ན་ནད་འབུ་འདི་དང་ཐག་བསྲིངས་དགོས། །
སྒྲོལ་མས་བུད་མེད་རིགས་རྣམས་ནད་འདི་འགོག་སྲུང་དང་། །
དཀར་པོ་དགེ་བས་སྐྱེས་ཕོའི་ལུས་ལའང་འགོས་ནད་སྲུངས། །