ཨེ་མ་ཧོ།
ཨེ་ཝཾ་ཐབས་ཤེས་འཛམ་གླིང་རྒྱན་དུ་ཤར།།
ཁོར་ཡུག་རྣམ་དག་གདོད་མའི་ཞིང་དུ་སྣང་།།
སྲུང་སྐྱོབ་དུས་སུ་སྨིན་པའི་དགེ་མཚན་དཔལ།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །
ཡུལ་གངས་ཅན་གྱི་ཇོ་བོ་ཞལ་དཀར་གྱི་རི་རྒྱུད། མཛངས་ཆེན་གསེར་གཤིས་ཁོག་གི་ཉེ་ཆར། གེ་སར་སྨན་རིའི་འདབས་འཁོར་ན་གནས་པའི་ཨེ་ཝཾ་ཆོས་སྨན་སྤྱི་མཐུན་དང་མཛངས་ཆེན་དགུ་བ་དང་དཔལ་ལྡན་ཟེར་དཀར་དགོན་པ་སོགས་ནང་པའི་ཆོས་རིག་གི་གཞུང་དང་ཁོར་ཡུག་གཅེས་སྐྱོང་སྒྲུབ་པར་འགན་བཞེས་པ་ནས་བཟུང་ནས་ཕྱི་སྣོད་ཀྱི་ཁོར་ཡུག་དང༌ནང་བཅུད་ཀྱི་སེམས་ཅན་བར་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་ཀྱི་འབྲེལ་བ་ཇེ་ཟབ་དང་དམ་ལ་བཟོ་བའི་བཀའ་གྲོས་བསྡུས། གཙོ་འགན་པ་ཨེ་ཝཾ་ཆོས་སྨན་ཁང་གི་སློབ་སྤྱི་མཁན་པོ་འོད་གསལ་མཐའ་ཡས་དང་། ཨ་འགྱུར་སྐུ་ཕྲེང་ལྔ་བ་སྤྲུལ་སྐུ་པདྨ་རྡོ་རྗེ་སོགས་ཕྲན་གྱི་གྲོགས་པོ་ཁ་ཤས་ནས་ནང་གྲོས་ནས་ཕ་ཡུལ་གངས་ལྗོངས་ཕྱུག་མོར་གནས་པའི་འགྲོ་བ་མིའི་རིགས་ཡོངས་ལ་དྲང་བདེན་འབོད་སྐུལ་དུ་མར་བྱས་པར་ཤུགས་རྐྱེན་ཆེན་པོ་ཐེབས་འདུག འདི་དག་ངས་གསར་དུ་དྲན་པ་ཞིག་མིན་པར་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དང་། སློབ་དཔོན་བཀའ་དྲིན་ཅན་སོགས་ཤིང་དྲུང་དང་བྲག་ཕུག་ཏུ་བཞུགས་ནས་འགྲོ་དོན་སྐྱོང་བ་དགོས་འདི་བཞིན་རེད། དེ་དུས་གངས་སེང་དཀར་པོ་དང་གཡུ་འབྲུག་སྔོན་མོ། བྱ་རྒྱལ་ཁྱུང་ཆེན་དང་།ཅང་ཤེས་རྟ་མཆོག་དང་རྒྱ་སྟག་དམར་པོ་སོགས་རི་དྭགས་དང་གཡང་དྭགས་གཤིས་རྒྱུད་བྱམས་བརྩེ་དང་དྲག་རྩུབ་ཅན་དག་ཕལ་ཆེར་དང་སྟག་མ་གཏོགས་ཕལ་ཆེར་མིང་གི་ལྷག་མ་ཙམ་དུ་སོང་བ་རྒྱུ་མཚན་ཆེན་པོ་འདུག གཞན་དག་ཕལ་མོ་ཆེས་མོས་མཐུན་ མེད་རུང་གནས་ལུགས་དེ་འདྲ་རེད།།
སྟག་དང་འདམ་སེང་ལ་སོགས་པའི་གཅན་གཟན་དེ་ཚོ་ནིལྷན་སྐྱེས་སུ་རྣོ་དབལ་ལྡན་པའི་མཆེ་སྡེར་ཅན་སྲོག་ཆགས་སྙོམས་ཆུང་རྣམས་བསད་ནས་དེ་ཚོའི་ཤ་ཁྲག་ལོངས་སྤྱད་ནས་འཚོ་གནས་བྱེད་ཀྱི་ཡོད།རི་དྭགས་སྙོམས་ཆུང་བ་རི་བོང་དང་ཤྭ་བ་ལྟ་བུ་ལ་མཚོན་ན་རྩ་དང་རྩི་ཤིང་ལ་རོལ་བའི་རི་དྭགས་དང་གཡང་དྭགས་སུ་གྲགས། ང་ཚོ་འགྲོ་བ་མི་ལ་མཚོན་ན་སྨྲ་ཤེས་ཞིང་དོན་གོ་བའི་སྲོག་ཆགས་གཞན་དང་མི་འདྲ་ས་ནི་དུད་འགྲོ་དང་འགྲོ་བ་མི་ལུས་ཞེས་གཞན་ས་ཁྱད་དུ་འཕགས་པ་ཞིག་ཡིན་པ་སྨྲོས་མེད་དགོས་ཀྱང་།རང་བཞིན་གནས་པའི་བྱམས་དང་སྙིང་རྗེ་ཤེས་རབ་བེད་མེད་བཏང་ནས་འདོད་རྔམས་སུ་སོང་བ་མི་ལས་སྡུག་ཅིག་མེད།མི་ལུས་བཟང་པོ་ཆ་ནས་བཤད་ན་ནི་ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྲོ་བ་མིའི་ལུས་རྟེན་འདི་རེད། རྒྱུ་མཚན་དེས་ན་ང་ཚོས་བྱམས་པ་དང་། སྙིང་རྗེ་དང་ལྡན་པ་ཞིག་ཅི་ནས་ཀྱང་དགོས། ང་ཚོ་ལ་ཕན་གནོད་ཤེས་པའི་ཤེས་རབ་དགོས། བྱམས་སྐྱོང་སྣོད་བཅུད་ལ་དགོས། སྙིང་རྗེ་རང་གཞན་ལ་དགོས། ཕན་ཀུན་ཡོངས་ལ་དགོས། ཁྱད་པར་དུ་ཁོར་ཡུག་འདི་ཤིན་ཏུ་གལ་ཆེན་པོ་ཡིན་པས་བདག་སྐྱོང་གནང་རོགས་ཞུ་ཞུ། ང་ཚོ་ཁོར་ཡུག་འདི་དང་ཁ་བྲལ་ན་འཇིག་རྟེན་གཞན་ཞིག་ཏུ་འགྲོ་དགོས།
བར་དོ་འམ། འགྲོ་བ་མིའི་རིགས་ཀྱི་གནས་སྟངས་ཐད་ནས་བརྗོད་ན། དཔེར་ན་གོ་ལ་འདི་དང་། ང་ཚོ་ཁ་བྲལ་ན་ཉ་མོ་ཆུ་དང་བྲལ་བ་བཞིན་དུ་འཛམ་གླིང་འདིའི་ཐོག་འཚོ་གནས་མི་ཐུབ།ཞི་བདེ་དང་རང་དབང་ཞེས་པ་གཞན་ཞིག་གི་ལག་ན་མེད་པར་སོ་སོའི་ངོས་ནས་ལོངས་སུ་སྤྱོད་དགོས། ལས་རྒྱུ་འབྲས་དང་དྲང་བདེན་ལ་ཕུག་བཅོལ་ན་མཐའ་དཀར། གཡོ་རྫུན་དང་རྐུ་འཕྲོག་ལ་ཕུག་བཅོལ་ན་རང་གིས་རང་མགོ་སྐོར་བ་ཡིན་པས་གཟབ་དགོས། དམ་པའི་ཆོས་དང་མཐུན་ན་ཁོར་ཡུག་སྲུང་སྐྱོབ་ལ་འབད་པ་ངམ་ངམ་ཤུགས་ཀྱིས་འབྱུང་། གོང་དུ་ཞུས་པ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་པའི་སྤྱོད་པ་དང་གཞན་ཕན་སྒྲུབ་པ་དག་ལ་བསམ་ན་གོ་བ་གཏིང་ཚུགས་པ་ལན་རྒྱུ་ཡོད། སྔོན་མ་ཐོས་བསམ་སྒོམ་པ་ལ་སྙིང་པོ་བྱས་ནས་ཆོས་རྒྱལ་དམ་པ་དག་གིས་མི་ཆོས་གཙང་མ་བཅུ་དྲུག་ལ་གཞི་བཅོལ།རབ་བྱུང་དང་སྔགས་པའི་སྡེ་ཚུགས།ཁྱིམ་པ་དགེ་བསྙེན་སོགས་ཆོས་བཞིན་མཛད་པས་ཆོས་རིག་ནི་འཛམ་གླིང་གི་དམིགས་བལྟ་འོས་པ་ཞིག་བསྐྲུན་ཡོད། དེ་དག་ཕ་མེས་ཀྱིས་བཞགས་པ་བཟང་པོ་རེད།ད་ང་ཚོས་རྒྱུན་མ་སྐྱོང་ནས་གཏོར་བཤིག་ཏུ་གཏོང་ནས་དེ་ལས་བཟློག་ནས་བྱ་བ་བྱས་ན་རྟེན་འབྲེལ་ལོག་པར་སྨིན་པས་གཟབ་དགོས། གངས་ལྗོངས་སྤྱིའི་ཁོར་ཡུག་འདི་ལ་བསམ་ན་ཤར་གླིང་གི་སྙིང་སྲོག་ཏུ་གནས་ཡོད། ང་ཚོའི་འབྱུང་འགྱུར་གྱི་མི་རབས་འཚོ་ཐབས་ལ་སོམས་དང་ཧ་ཅང་གལ་ཆེན་པོ་ཡིན།
བོད་ལ་མཚོན་ན་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ང་བརྒྱད་ནས་ས་བརྐོ་རྡོ་བྲག་གཏོར་བ་དང་། དེང་དུས་ཁང་གཞི་གསར་བསྐྱེད་མང་དྲག་ནས་ཁོར་ཡུག་ལ་གནོད་སྐྱོན་ཚབ་ཆེན་ཐེབས་ཟིན། དེར་བརྟེན་མི་ངན་ཧམ་སེམས་ཅན་ཚོས་ཕྱི་སྣོད་ཀྱི་ཐོན་ཁུངས་གནོད་པ་ཚབ་ཆེན་བྱས་ཡོད། སྒེར་དོན་ཆེད་བཤུ་གཞོག་སྒོར་མོ་ཁ་ཤས་ཀྱི་ཁེ་ཕན་ཕྱིར་གསེར་དངུལ་ཟངས་ལྕགས་སོགས་ས་འོག་ནས་ལེན་པ་དང་གང་བྱུང་དུ་གཏོར་བཤིག་གིས་ཕུགས་མདུན་མེད་པའི་ལས་ཀ་འདིས་མི་རབས་ཕྱི་མ་ལ་གྱོང་རྒུད་ཚབས་ཆེན་དང་།ཁྱད་པར་འཕྲོད་བརྟེན་ལ་དཀའ་ངལ་ཆེན་པོ་གཟོ་ཚར་བ་རེད། དེས་ན་འབྱུང་འགྱུར་གྱི་མི་རབས་ལ་བསམ་ནས་ཁོར་ཡུག་སྲུང་སྐྱོབ་གནང་རོགས། འདི་ལ་ཐོབ་དང་གོ་ས་གྲུབ་མཐའ་དང་ཆོས་ལུགས་ལ་ཁྱད་པར་མེད་ཚང་མས་འགན་བཞེས་ནས་ཆབ་སྲིད་ངན་པའི་གཡོ་འཕྲུལ་ལྟར་མིན་པར་འབྱུང་འགྱུར་བདེ་བའི་དག་གཙང་ལ་འབད་རོགས།
དེ་ལྟར་མིན་པར་དུད་འགྲོ་ལས་སྡུག་གིས་འགྲོ་བ་མིས་རང་བྱུང་ཕྱིའི་སྣོད་ལ་བརྩི་མཐོང་མི་བྱེད་པ་ཤིན་ཏུ་ཐབས་སྐྱོ་བོ་རེད། གལ་ཏེ་མ་ཤེས་ན་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་དུས་རབས་ཉེར་པའི་གསུང་དང་། ༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་པའི་ཁོར་ཡུག་སྐོར་གྱི་སློབ་སྦྱོང་ངོ་སྤྲོད་གནང་བ་དག་ལ་གཟིགས་ནས་མཁན་པོ་དང་སྤྲུལ་སྐུ་དགེ་རྒན་ཚོས་ལས་འགན་རེད། དེ་ཡང་སོ་སོའི་ཁ་བཤད་ཙམ་མིན་པར་དངོས་སུ་ཞུགས་ནས་སྒྲུབ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། སྤྱི་འཛམ་གླིང་དང་། དགོས་གངས་ཅན་ལྗོངས། ཡང་དགོས་རང་ཡུལ་དང་རང་གནས། ཁྱད་པར་སྲོག་ལྡན་ཀུན་གྱི་འཚོ་བའི་རྟེན་གཞི་ལ་ཕན་པ་ལས་གནོད་པར་གཏོང་མི་ཉན།
ཁོར་ཡུག་སྲུབ་སྐྱོབ་འབད་པ་ལ་གལ་ཆེན་པོ་གསུམ་ཡོད།
གཅིག
གད་སྙིགས་གང་སར་མི་གཏོར་བར་གཙང་སྦྲ་རྒྱུན་པར་འབད་དགོས།
གཉིས།
ཆུ་མིག་གསོ་སྐྱོང་དང་རྩི་ཤིང་དར་རྒྱས་གཏོང་བའི་འཛུགས་བསྐྲུན་དགོས།
གསུམ།
གནས་དང་མཐུན་པར་སྲིད་གཞུང་དང་འབྲེལ་ནས་ལས་འགུལ་ཚད་ལྡན་སྤེལ་དགོས།
སྣང་སྲིད་རྣམ་དག་གངས་ལྗོངས་ཆོས་ཀྱི་ཞིང་།།
བསྟན་སྲིད་མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེངས།།
ཨེ་ཝཾ་ཆོས་སྨན་བཤད་སྒྲུབ་ཕྲིན་ལས་ཀུན།།
ཀུན་བཟང་རྫོགས་ལྡན་ཀུན་གྱིས་ལོངས་སྤྱོད་སྨོན།།
ཞེས་པ་རབ་གནས་ཤིང་ལུག་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ཨེ་ཝཾ་རིག་པ་དང་བཀའ་མོལ་བྱས་པའི་མོད་ལ་གང་དྲན་དུ་སྐད་འཕྲིན་བཤད་པ་དག་དབྱིན་ཡུལ་ཛྙྰ་ན་གུ་རུའི་ལྷ་ཁང་དུ་ཤྲྰི་ཨེ་མ་ཧོས་བྲིས་པར་སྣོད་བཅུད་བདེའི་རྒྱུ་རུ་གྱུར་ཅིག་གུ།།
་་་་་ དེ་དུས་གངས་སེང་དཀར་པོ་དང་གཡུ་འབྲུག་སྔོན་མོ། བྱ་རྒྱལ་ཁྱུང་ཆེན་དང་།ཅང་ཤེས་རྟ་མཆོག་་་་་་་་་་
སེམས་ཅན་དེ་ཚོ་དིང་སང་ག་བ་བཞུགས་ཡོད་དམ། ལགས།
གངས་སེང་དཀར་མོའམ། གཡུ་རལ་སྔོན་མོ། ལྷ་སིའི་ཨོ་ཕྲུག་གེ་སར་སྨན་རིའི་འདབས་ཁོག་ན་བཞག་ཡོད་ས་རེད། གཞན་གང་ནའང་མེད་དོ།
ཏི་སི་ཁྱོད་དང་པདྨ་ང་ལ་ཨེ་མ་ཧོས་འདི་འདྲའི་གདམས་ངག་ཟབ་མོ་ཞིག་གསུངས་གནང་བཞག
༄༅།།རྒྱུན་དུ་སེམས་ལ་གཟུང་དགོས་རྒྱུ་དགུ་ཡོད།
ཨེ་མ་ཧོས
༡ ཁྱོད་ཀྱིས་གཞན་ཀྱི་སྐྱོན་མི་གླེང་རོགས། ཁྱོད་རང་གཞན་གྱི་སྐྱོན་ལ་གཏན་ནས་འབྲེལ་བ་མེད་པས་སོ།།
༢ ཁྱོད་ཀྱིས་གཞན་ལ་ཕྲག་དོག་མི་བྱེད་རོགས། ཁྱོད་ཀྱི་ཕྲག་དོག་གིས་གཞན་གྱི་ཕུན་ཚོགས་ལ་ཁབ་རྩེ་ཙམ་ཡང་གནོད་མི་ཐུབ་པས་སོ།།
༣ ཁྱོད་ཀྱིས་གཞན་ལ་རྫུན་མི་བཤད་རོགས། རྫུན་གཅིག་གིས་མི་ཚེ་གང་བོར་ཁྱོད་ཀྱི་མིང་ཡིག་ནག་པོར་གཏོང་ཐུབ་པས་སོ།།
༤ ཁྱོད་ཀྱིས་གཞན་ལ་རྩོད་པ་མི་སློང་རོགས།
རྩོད་པ་གཅིག་གིས་ཁྱོད་ཀྱི་མཐུན་པ་བརྒྱ་ལ་གནོད་པས་སོ།།
༥ ཁྱོད་ཀྱིས་གཞན་ལ་ངན་ཁག་མི་བཀྲི་རོགས། དེ་ནི་ཁྱོད་རང་ཉིད་ལ་ནུས་པ་མེད་པ་ཙམ་མཚོན་བྱེད་དོ།།
༦ ཁྱོད་ཀྱིས་གཞན་ལ་དམའ་མི་འབེབ་རོགས། གཞན་ལ་དམའ་ཇི་ལྟར་ཕབས་ཀྱང་ཕོག་ས་ནི་རང་ཉིད་ཀྱི་མི་གཞི་ཡིན་པས་སོ།།
༧ ཁྱོད་ཀྱིས་གཞན་ལ་འགྲན་སེམས་མི་སྐྱེ་རོགས། འཇིག་རྟེན་འདིར་ཁྱོད་ཀྱི་འགྲན་ཡ་གྲངས་ཀྱིས་མི་ཟིན་པས་སོ།།
༨ ཁྱོད་ཀྱིས་གཞན་ལ་ངན་སེམས་མི་འཆང་རོགས། ངན་སེམས་ཀྱིས་རང་རྒྱུད་ཀྱི་དགེ་རྩ་བརླག་པར་འགྱུར་བས་སོ།།
༩ ཁྱོད་ཀྱིས་གཞན་གྱི་མགོ་མི་གཡོགས་རོགས།
གཞན་གྱི་མགོ་ཐེངས་གཅིག་གཡོགས་པས་ནི་ཁྱོད་ལ་ཡིད་མི་ཆེས་པའི་མི་བརྒྱ་འབྱུང་བས་སོ།།
བོན་ཏི་སི་དང་བན་པདྨ་ལ་ཨེ་མ་ཧོས་ཕུལ་ཞེས་བཤད་འདུག་གོ། ཧ ཧ ད་ཅི་འདྲ་ཀི་གྲོགས་པོ།
འདི་ནི་ཁྱོད་རང་ཉིད་ལ་ཁ་ནང་ལ་ལྟོས་ན་ཤུན་ཏུ་ལེགས། ངས་ཁ་སང་ནས་བཤད་ཁྱོད་འབྲི་རྩོམ་འདི་ནི་ཁྱོད་རང་སྨྱུག་གུ་བྲན་རོག
དང་། དུས་ཚོད་ཆུང་ཟོས་ལས་གཞན་ཅི། སུས་ངོས་མི་ལེན་ཁོ་ཐག་ཡིན། ཁྱོད་ནི་བན་བོན་གཉིས་ཀ་མ་ཡིན་ཏེ། གཉིས་ཀའི་བསྟན་འཛིན་གྱི་སྐྱེས་བུ་ལ་བགྲོ་བཀུར་ཁོ་ན་བཏབ་པའི་གང་ཟག་ཡིན་པའི་ཕྱིར། ཁྱོད་ནི་ཀླ་ཀློ་ཁ་ཆེའི་གྲས་སུ་གཏོགས་པར་བརྗོད་ན་མི་འགྲིག་པ་མེད་པའི་ཕྱིར། ད་བར་ལོ་ངོ་དུ་མ་རིང་ནང་བསྟན་དང་བོན་གཉིས་ལས་ལོག་པའི་ཁ་ཆེའི་ཆོས་ལ་བགྲོ་བཀུར་མ་བཏབ་པའི་ཕྱིར། དོན་གྱི་ཁ་ཆེ་ཆོས་ལུགས་པ་བརྗོད་ནའང་ཆོག
ད་ཁྱོད་དོལ་ཚོགས་དང་། བོན་གཉིས་གཅིག་པ་འདྲ་རེད་བསམ་མབསྡས་མ། ང་བསམ་ན་བོན་པ་ནི་དོལ་ཚོགས་མཉམ་སྦྱར་མི་ཉེན་། འགྲན་བཟོད་མི་ཐུབ། ད་ཕན་བོན་དང་ནང་བསྟན་ལ་མ་སྨད་། དོལ་ཚོགས་འདྲེ་རྒོད་ལ་ཁྱོད་ག་ཚད་བརྟུལ་ཐུབ་ན་ངས་ཁྱོད་རང་ལ་དེ་ནས་ཁ་བརྡ་ནང་ཁ་སང་མིང་བཏགས་ཡོད་པ་དེ་ཕྱིར་འཐེན་བྱ་ཆོག