ཀླུ་སྨྱོན་ཧེ་རུ་ཀས་ཚིག་བརྩམས།
སངས་རྒྱས་སྨན་བླའི་བྱིན་རླབས་བདུད་རྩིའི་མཛོད། །
རྒྱལ་དབང་པདྨའི་གཟི་བྱིན་ཉི་མའི་འོད། །
མཁན་ཆེན་བླ་མའི་ཐུགས་རྗེ་འོ་མའི་མཚོ། །
ལྷན་ཅིག་འཁྱིལ་བ་ཨེ་ཝཾ་ཆོས་སྨན་གླིང་། །
འདི་ན་འཚོ་བྱེད་གཞོན་ནུའི་ཕྱག་རིས་ཡོད། །
འདི་ན་གཡུ་ཐོག་རྣམ་གཉིས་ཞབས་རྗེས་ཡོད། །
འདི་ན་བྱང་ཟུར་མཁས་པའི་བཞེད་རྒྱུན་ཡོད། །
འདི་ན་བཅུ་ཕྲག་རིག་པའི་སློབ་གྲྭ་ཡོད། །
ལུས་སེམས་བདེ་ན་འདི་ཕྱིའི་དོན་ཆེན་འགྲུབ། །
ལུས་སེམས་བདེ་ན་འཛམ་གླིང་ཞི་བདེ་འཕེལ། །
ལུས་སེམས་བདེ་ན་གངས་ལྗོངས་བོད་ལ་ཕན། །
ལུས་སེམས་བདེ་ན་རང་གཞན་གཉིས་ལ་ཕན། །
ཁྱེད་ཀྱི་ཕྱག་རིས་དཀར་པོར་སྙིང་ནས་བསྟོད། །
ཁྱེད་ཀྱི་ལྷག་བསམ་གཙང་མར་གླུ་ཡིས་མཆོད། །
ཁྱེད་ཀྱི་ཐུགས་བཞེད་བཟང་པོར་བཀའ་དྲིན་ཞུ། །
ཁྱེད་དང་ངེད་ཅག་ནམ་ཡང་འབྲལ་བ་མེད། །
Sent from ཨེ་ཝྃ་ཆོས་སྨན་གྱི་གླུ།
ཀླུ་སྨྱོན་ཧེ་རུ་ཀས་ཚིག་བརྩམས།
སངས་རྒྱས་སྨན་བླའི་བྱིན་རླབས་བདུད་རྩིའི་མཛོད། །
རྒྱལ་དབང་པདྨའི་གཟི་བྱིན་ཉི་མའི་འོད། །
མཁན་ཆེན་བླ་མའི་ཐུགས་རྗེ་འོ་མའི་མཚོ། །
ལྷན་ཅིག་འཁྱིལ་བ་ཨེ་ཝཾ་ཆོས་སྨན་གླིང་། །
འདི་ན་འཚོ་བྱེད་གཞོན་ནུའི་ཕྱག་རིས་ཡོད། །
འདི་ན་གཡུ་ཐོག་རྣམ་གཉིས་ཞབས་རྗེས་ཡོད། །
འདི་ན་བྱང་ཟུར་མཁས་པའི་བཞེད་རྒྱུན་ཡོད། །
འདི་ན་བཅུ་ཕྲག་རིག་པའི་སློབ་གྲྭ་ཡོད། །
ལུས་སེམས་བདེ་ན་འདི་ཕྱིའི་དོན་ཆེན་འགྲུབ། །
ལུས་སེམས་བདེ་ན་འཛམ་གླིང་ཞི་བདེ་འཕེལ། །
ལུས་སེམས་བདེ་ན་གངས་ལྗོངས་བོད་ལ་ཕན། །
ལུས་སེམས་བདེ་ན་རང་གཞན་གཉིས་ལ་ཕན། །
ཁྱེད་ཀྱི་ཕྱག་རིས་དཀར་པོར་སྙིང་ནས་བསྟོད། །
ཁྱེད་ཀྱི་ལྷག་བསམ་གཙང་མར་གླུ་ཡིས་མཆོད། །
ཁྱེད་ཀྱི་ཐུགས་བཞེད་བཟང་པོར་བཀའ་དྲིན་ཞུ། །
ཁྱེད་དང་ངེད་ཅག་ནམ་ཡང་འབྲལ་བ་མེད། །