ཨེ་མ་ཧོ།
སྐྱབས་གནས་རྒྱལ་བའི་སྤྱི་གཟུགས།།
གསང་ཆེན་བསྟན་པའི་བདག་པོ།།
ཡབ་མེས་གོས་དཀར་ཚོགས་པའི།།
འཕྲིན་ལས་རྒྱས་པའི་རྟེན་འབྲེལ།།
ཆོས་བརྒྱུད་བསྟན་པ་འཛིན་ཅིང་།།
རིགས་བརྒྱུད་རྩ་ལེགས་སྐྱོང་ནས།།
གསང་ཆེན་དར་རྒྱས་སྤེལ་བའི།།
སྔགས་འཆང་རྣལ་འབྱོར་རྒྱལ་ལོ།།
ཕ་མེས་རྒྱུད་པའི་རྣལ་འབྱོར།།
ཡང་མེས་བྱོན་པའི་རིག་འཛིན།།
གནའ་དེང་མཁས་གྲུབ་རྒྱལ་པོ།།
གསང་ཆེན་བསྟན་པའི་ཁྱད་ཆོས།།
བླ་མ་ཡིད་བཞིན་ནོར་བུ།།
ཡིད་དམ་རྒྱལ་བ་རྒྱ་མཚོ།།
མཁའ་འགྲོ་དམ་ཅན་ལྷ་ཚོགས།།
གོས་དཀར་སྡེ་ཀུན་རྒྱལ་ལོ།།
ཨེ་ཝྃ་རིག་པའི་ངོར་ཤྲཱིས་སོ།།