བསོད་ནམས་ནོར་བུ།
མུན་པ་ཟག་པའི་མཚོ་མཐའ་འདི་ན།།
མི་སྙིང་དམར་པོ་མེ་ཞིག་ཨེ་རེད།།
སྐར་མདའ་ལྷུང་བའི་ཚོར་བ་རེ་རེས།།
བྱང་ཁོག་གཞོབ་དྲི་ཕ་ལེར་བསྲེག་ཡོང་།།
ན་བུན་འཐིབས་པའི་ཉག་ཁ་འདི་ན།།
མི་སེམས་ཡང་པོ་རླུང་ཞིག་ཨེ་རེད།།
ཤིང་ལོ་འཕུར་བའི་དྲན་པ་རེ་རེས།།
རྒྱལ་ཁམས་ག་ས་ག་ནས་བསྐོར་ཡོང་།།
ལྷགས་རླུང་རྒོད་པའི་རི་རྩེ་འདི་ན།།
མི་སེམས་གྲང་མོ་ཆུ་ཞིག་ཨེ་རེད།།
འཁྱཊ་རོམ་ཐུག་པའི་ཟུག་རྔུ་རེ་རེས།།
རུས་པའི་རྐང་ནས་འདར་སིག་རྒྱག་ཡོང་།།
8/ 7/ 2016