ཨེ་རླུང་ཚང་། ཕ་གསོད་ཀྱི་ལག་དམར་ལ་ཞེ་ས་དགོས་སམ།
༡ ཧུའུ་ཅིན་ཐའོ་ཨ་རིའི་ནང་རྒྱལ་དོན་གཟིགས་སྐོར་ལ་ཕེབས་པ།
༢ རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཕྱག་ལས་མང་པོ་ཞིག་གནང་གི་ཡོད་པ་རེད།
༣ དེའི་འཕྲོར། ཧུའུ་ཅིན་ཐོས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱལ་དོན་དྲུང་ཆེ་ཧིས་ལི་རེས་གཉིས་མཉམ་དུ་མཇལ་འཕྲད་བྱས་ནས།
ཨེ་རླུང་ཚང་། ཕ་གསོད་ཀྱི་ལག་དམར་ལ་ཞེ་ས་དགོས་སམ།
ཁ་བརྡ་ཚང་ལགས།
ཁྱེད་ཀྱིས་ཁ་བརྡའི་གཞུང་འབྲེལ་གྱི་མིང་ཁྱེར་ནས། གསར་འགོད་པ་སྒེར་པ་ཞིག་ལ་སྙོན་འཛུགས་ཆེན་པོ་འདི་ལྟར་བྱེད་དགོས་དོན་ཅི། ད་ལྟ་བར་ལ། དབུས་གཙང་དང་ཨ་མདོ་བ་གསར་འགོད་པ་མང་པོ་ཞིག་གིས་རྒྱའི་འགོ་ཁྲིད་ལ་གུས་ཚིག་སྤྱད་པ་འདིར་སྣང་མེད་ཐོག འདིར་ཁམས་ཀྱི་བུད་མེད་ཞིག་གིས་གསར་འགྱུར་ལས་ཀ་སྒྲུབ་སྐབས། ཁ་བརྡ་ཚང་མཆོངས་ཡོང་ནས་མོའི་སྟེང་ལ་ཤོར་བ་ལྟ་བུ་འདི་འདྲ་བྱས་ན་མཛེས་པོ་མིན་འདུག ལྷག་པར་དུ་རྩོམ་འདི་གང་ཟག་སྒེར་པ་ཞིག་གི་ཡིན་ན། ངེས་པར་དུ་གང་ཟག་འདིའི་མིང་བྲིས་ན་ལེགས།
ད་རེས་རྩོམ་ཡིག་འདིས་ཡང་བསྐྱར་དྭོགས་པ་འདི་སླེབས་སོང་།
ཧུ་ཅིན་ཐོའོ་ལ་ཞེ་ས་བརྒྱབ་ན་ཡག་པོ་རེད། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གི་ཡོད་མ་རེད་དམ།
སྤྱིར་ན་ཞེ་ས་རྒྱག་པ་འདི་བཙན་བྱོལ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པ་འདྲ། བཙན་བྱོལ་སྒྲིག་འཛུགས་ཀྱི་བོད་ཀྱི་དྲ་གནས་སོགས་ན་འདི་འདྲ་མང་པོ་མཐོང་རྒྱུ་ཡོད་པས་དེ་ཚོར་ཡང་ཅང་བཤད་འདོད་ཡོད་ན་ཐེར་འདོན་གནང་རོགས།
བསམ་ཤེས་འདི་བསམ་ཤེས་ཤིག་ཡིན་ས་མ་རེད། ལམ་སང་ཁམས་དང་ཨ་མདོ་ཞེས་གླེང་ཡོང་ནས་ཅི་བྱེད། དེ་འདྲ་མ་གསུང་ཡ། དྲ་ངོས་སུ་ཡི་གེ་འབྲི་དུས་ལམ་སང་འདི་འདྲ་ནས་མགོ་བཙུགས་ཡག་པོ་ཡོད་པ་མ་རེད། ཕྱོགས་ཞེན་འདུག་མདོག་མདོག་མ་གསུངས་རོགས་ཐུགས་རྗེས་གཟིགས།
གསར་འགོད་པས་ས་གནས་ནས་གནས་ཚུལ་མཁོ་གཏོང་གནས་བར་བཀའ་དྲིན་ཆེ་ཞུ། ཞོར་ནས་ལས་འགུལ་སྤེལ་མཁན་ཡོངས་ལའང་ཐུགས་རྗེ་ཆེ་ཞུ།
རྒྱ་དཔོན་དེ་ཚོར་ཞེ་ས་རྒྱག་ཡ་མང་དྲག་ནའང་ཡག་པོ་ཞིག་མི་འདུག་སྙམ།
ང་ཚོའི་སྨྱུ་གུ་ཐོགས་པ་ཚོས་རང་ཉིད་ཀྱི་སྐད་ཆར་ས་མཚམས་ཤིག་དགོས་པར་སྙམ། གོང་གི་ལུང་ཚན་གླེང་བ་དེ་འདྲ་དངོས་གནས་བྱ་མི་རུང་། ང་ཚོ་སྤྱི་ཚོགས་ཆུང་ཆུང་ཞིག་ལ་དེ་འདྲ་བཤད་པས་ཕན་ལས་གནོད་ཆེ་ངེས།
དགྲ་བོ་ལ་ཞེ་ས་རྒྱབ་རྒྱུ་འདི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་སྲོལ་རེད། ཡང་གཅིག་བཤད་ན་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཡང་རེད། གཞན་ཞིག་བཤད་ན་ཁམས་སྐད་ཀྱི་གསར་འགོད་པ་ཞིག་གིས་ཞེ་ས་རྒྱབ་པ་དེ་ལེན་པོ་མི་འདུག། ཞེ་ས་རྒྱབ་ཡ་དེ་ཁམས་ཕྱོགས་ལ་ལུགས་སྲོལ་མེད། ཁོ་མོས་ཁམས་སྐད་དག་མ་ཞིག་ཤེས་ཀྱི་མེད་པའི་རྟགས་རེད། ཡིན་ན་ཡང་ཨེ་རླུང་ནང་དགྲ་བོ་ལ་ཞེ་ས་རྒྱབ་མཁན་ཁོ་མོ་གཅིག་པུ་ལས་མེད་པ་འདྲ།
དེ་འདྲ་ཡིན་ན་ཁག་ཅི་ཡོད་ཡ།
དགྲ་ལ་ཞེ་ས་རྒྱག་མཁན་མོ་གཅིག་པུ་མ་རེད།ཨེ་རླུང་དང་།ཨ་རིའི་བོད་སྐད་གཉིས་ཆ་ན་མང་པོ་རེད།གསར་ཁང་འདི་གཉིས་ཀྱི་མདུན་ན་ཐོན་མཁན་ཚོ་མདོག་ནི་ཁྱོད་ངན་ཁོ་ངན་རེད།ཆོལ་གསུམ་སུའི་སྐད་གདངས་སུ་བཤད་ན་ཡང་ཤར་ཤར་བཤད་མི་ཐུབ་པ་འདི་ཅི་རེད།ཡང་ན་ཁ་ཆུང་དྲགས་ལྕེ་ཆེ་དྲགས་ཡིན་ས་རེད།དེ་མིན་ན་ཁ་ཆེ་དྲགས་ལྕེ་ཆུང་དྲགས་ཡིན་ས་རེད།
nothing bad nothing good .it is very normally.please do not say amdo kham and o_ tsang. we are tibetans. our country is tibet. we must think big.
བོད་ཡིག་གཙང་མའི་དྲ་བ་འདིས་གཞན་སྐད་གང་ལ་ཡང་དགའ་གསུ་མེད།
ང་ནི་བཟོད་པ་རྒྱ་མཚོས་ཤོད་ཟིན་པ་ཤོད་འདོད་པ་ལས་དམིགས་གསལ་བའི་བསམ་འཆར་གསར་པ་མེད།
ང་ནི་བཟོད་པ་རྒྱ་མཚོས་ཤོད་ཟིན་པ་ཤོད་འདོད་པ་ལས་དམིགས་གསལ་བའི་བསམ་འཆར་གསར་པ་མེད།
བླ་མ་ཚེ་བརྟན་ལགས། ཁྱེད་རང་གི་སྦྱིན་བདག་རྒྱ་མི་དེ་ཚོར་ཞེ་ས་རྒྱག་ན་འགྲིག་གི་རེད།
འདིར་ང་ཚོས་ཆབ་སྲིད་ཀྱི་གནད་འགག་ཐོག་ནས་སྐད་ཆ་ཤོད་གི་ཡོད། ཤེར་སྙིང་བདུད་ཟློག་དང་རླུང་རྟ་གཏོང་རྒྱུ། ཉ་ཚེ་ཐར་གཏོང་བ་སོགས་ཆོས་ཕྱོགས་ཀྱི་སྦྱིན་བདག་རྒྱ་མིའི་ཚོའི་ཆེད་དུ་སྐད་ཆ་ཤོད་གི་མེད་པས་སེམས་ཁྲལ་མ་གནང་རོགས།
ཕ་བསད་དགྲ་བོར་བཞེས་ས་བརྒྱབས་པ་དང་དགྲ་རྒྱ་ནག་གི་མཁས་དབང་ཚོའི་རྐུབ་ཏུ་ཁྱི་བཞིན་རྒྱུགས་མཁན་ཚོ་ལ་བོད་མི་རྒྱལ་ཞེན་པ་ཚོས་དུས་ནམ་ཡང་དགའ་བསུ་མི་ཞུ།
མ་ཟད་བོད་ཀྱི་རྒྱལ་གངས་སེང་ཁ་སྤྲོད་མིག་ལ་སྡང་བའི་མི་དང་བོད་རྒྱལ་ཁབ་སེམས་ནས་བོར་བའི་སྤྲང་ཕྲུག་ཚོ་ལ་དུས་རྟག་ཏུ་ངོ་རྒོལ་བྱེད་དགོས།
བོད་མི་རིགས་འདི་ཤ་ཞེན་དང་རུས་ཞེན་རྒྱལ་ཞེན་གྱི་འདུ་ཤེས་ཀྱི་ཐོག་ནས་ཆིག་སྒྲིལ་ཡོང་དགོས་པ་ཡིན་དུས་རྒྱལ་ཞེན་མེད་པའི་སྤྲང་ཕྲུག་ཚོ་ནི་བོད་མི་རིགས་ཞབས་འདྲེན་པ་ངོ་མ་དེ་ཡིན།
གོང་གི་བུ་མོ་གསར་འགོད་པ་དེས་ཁ་ནས་ཤོར་བའི་ཕེབས་ཞེས་པའི་བཞེས་ས་འདི་ཆུང་ཆུང་རེད། དེ་ལས་ལྷག་པའི་རྒྱ་རྐུབ་བལྡགས་མཁན་ཡོད་པར་མཐོང་ཆོས་སུ་ཡོད།
བོད་མིའི་སེམས་སུ་རྒྱལ་ཞེན་སྐྱེས་བ་ཤོག
བོད་མིའི་སེམས་ཀྱིས་དགྲ་ངོ་ཤེས་པ་ཤོག
བོད་མིའི་སེམས་སུ་རྒྱལ་དར་དུང་བ་ཤོག
བོད་མིའི་སེམས་སུ་རང་བཙན་ཡོད་པ་ཤོག
བོད་རྒྱལ་ལོ།
འཛམ་གླིང་དབུ་ཁྲིད་ཀུན་གྱི་གཙུག་རྒྱན་ཨ་ཞང་ཧུའུ་ཅིན་ཐོའོ་ལ་ཞུ་རྒྱུ།
ཁྱེད་ཀྱིས་ཞབས་སོར་ཕོ་བྲང་དཀར་པོའི་མདུན་ཐང་དུ་བཀོད་སྐབས་བོད་པ་ཚང་གི་མི་བུ་ཁ་ཤས་ཤིག་གིས་མི་དགའ་བའི་རྣམ་འགྱུར་སྟོན་གྱིན་འདུག་མོད། ཁོ་ཚོའི་བཟོ་ལྟ་ལ་བལྟས་ན་ཁྲལ་ལས་ཤིག་གི་དོན་དུ་ཡོང་བ་དང་གཅིག་མཚུངས་རེད། ཧ་ལམ་ཁྱེད་ལ་དགའ་བསུ་ཞུ་མཁན་དང་ངོ་རྒོལ་བྱེད་མཁན་གཉིས་ཀྱི་རྣམ་འགྱུར་ལ་ཁབ་རྩེ་ཙམ་ལས་ཧེ་བག་མི་འདུག ཕྲན་ཆུང་ངས་གསལ་བཤད་མི་དགོས་པར་ཁྱེད་ཀྱིས་སྔོན་ནས་ཐུགས་ལ་དགོངས་ཚར་ཡོད་ཀྱི་རེད། སྒང་བ་བོད་པ་ཚང་གི་མི་རབས་རྗེས་མ་ཡང་དེ་ལས་འགོང་མི་སྲིད། དབུས་པ་ཚང་རྒྱ་སྒོར་གྱི་བང་རིམ་ན་ཏིང་ངེས་འཛིན་སྒོམ་འདུག ཁམས་པ་ཚང་ཨ་སྒོར་གྱི་ཞིང་ཁམས་ཉུལ་ནས་ཧམ་སེམས་ཀྱི་མགྱོགས་འགྲོ་དལ་མེད་རེད། ཨ་མདོ་བ་ཚང་གཡོག་ལས་ལ་བྲེལ་ལས་མགོ་བོ་དགྱེ་ཁོམ་མི་འདུག ཐུགས་སེམས་ལྷོད་པོར་བཞུགས་རོགས།
ཁྱེད་ཀྱི་ཁྱད་འཕགས་མཛད་སྤྱོད་ཀྱིས་སྲིད་གསུམ་དབང་དུ་བསྡུ་བར་སྨོན།
ཞེ་ས་རྒྱག་དང་རྒྱག ཨ་རིའི་གཞུང་གིས་དངུལ་བཏང་ནས་བོད་སྐད་ཐོག་རླུང་འཕྲིན་ཁང་གཉིས་བཙུགས་པ་ནི་་ང་ཚོས་བོད་ཀྱི་ཡིན་མདོག་མདོག་བྱེད་པ་ནི་ནོར་བ་རེད། ཡང་གསར་འགྱུར་ནི་ཕྱོགས་ཞེན་མེད་པ་ཞིག་ཡིན་དགོས་ནའང་བོད་པ་ཚོས་གསར་འགྱུར་སྤེལ་བ་ནི་རྒྱ་ནག་གཞུང་གི་གསར་འགྱུར་བཞིན་སྒྲོ་བཏགས་དང་ཕྱོགས་ཞེན་ཁོ་ན་རེད། དེ་ལྟར་བྱུང་ན་གསར་འགྱུར་གི་རིན་ཐང་མི་འདུག་ལ། བོད་པའི་གནས་ལུགས་གི་རིན་ཐང་ཡང་དམའ་རུ་འགྲོ་གི་རེད།
ཆོས་སྐྱིད་ནི་ཁམས་སྐད་སྡེ་ཚན་ནང་ཁམས་སྐད་གཙང་མ་བཤད་མཁན་གཅིག་བུ་དེ་ཡིན། ཁོ་མོས་མཚོ་སྔོན་ནས་སློབ་ཆེན་འགྲིམས་ནས་བོད་ཡིག་དང་རྒྱ། དབྱིན་ཡིག་ཅེས་རང་རྐྱ་ཐུབ་པ་ཞིག་ཡོད། ཁོ་མོ་བཙན་བྱོལ་ནང་གི་ཆོལ་ཞེན་པ་ཚོ་ནང་བཞིན་མ་ཡིན་པར་ཨ་མདོའི་མནའ་མ་ཡང་རེད་ཟེར།
རྒྱ་ནག་གི་སྲིད་འཛིན་ཧུའུ་ཆིན་ཐའོ་ཕོ་བྲང་དཀར་པོར་”ཕེབས་པའི་”མདུན་དུ་། ་་་་་་་་་ཁྱེད་རང་འདིར་”སྐད་རྒྱག་”དོན་གང་ཡིན་ནམ། ཞེ་ས་བྱས་ན་གཉིས་ཀ་ལ་བྱེད་ཤེས་པ་གྱིས། དེ་མིན་ན་གཉིས་ཀ་ལ་ཞེ་ས་བྱེད་རྒྱུ་ཞོག།
ཞེ་ས་བརྒྱབ་ས་དེ་རང་དང་ཉེ་འདྲིས་ཤིག་དགོས་སམ།
ཡང་ན་རང་ཉིད་དགའ་ས་ཞིག་དགོས་སམ།
ཡང་ན་རང་ཕྱོགས་ཤིག་དགོས་སམ།
གུས་བཀུར་དང་རྩི་འཇོག་བྱེད་དགོས་སའམ་བྱེད་འོས་པ་ཞིག་ལ་ཞེ་ས་རྒྱབ་ན་འགྲིག་པར་བདག་སྙམ། དེ་མིན་ཁྱི་ཕག་སོགས་ལ་ཞེ་ས་རྒྱབ་པ་ཡོད་ལ། དེར་ལྟ་ཚུལ་ལམ་བསམ་ཚུལ་འདྲ་མིན་ཡང་བརྗོད་མྱོང་བ་མ་ཡིན་ནམ།
གཅན་རྒྱམ་བ་་་་་ཁྱེད་ཀྱི་རྒྱལ་ཞེན་གྱི་སེམས་མཆོག་དེར་གུས་ཞབས་ཡོད། དེར་ཉམ་བཅུག་མི་ཉན་ཨ། ངས་བསམ་ཚུལ་བྱས་ན་བོད་མི་རིགས་འདི་དད་པ་དང་དམ་ཚིག་གི་ཐོག་ནས་སྤྱི་ཚོགས་གནས་མི་ཐུབ་པ་འདི་ཡང་དངོས་ཡོད་རེད་འདོད་ཀྱི་ཡོད།
བོད་མི་རིགས་འདི་མི་རབས་ནས་མི་རབས་གནས་དགོས་དུས་རྒྱལ་ཞེན་དང་ཤ་ཞེན་རུས་ཞེན་གྱི་འདུ་ཤེས་ཀྱི་ཐོག་ནས་བོད་མི་རིགས་ཆིག་སྒྲིལ་ཡོང་དགོས་པར་འདོད་ཀྱི་ཡོད་པས་ཁྱེད་ཀྱིས་གཅིག་གསུང་དང། དེ་འདྲ་རེད་པས།
རང་ཅག་བོད་པ་ཚང་ལ་ཕར་ཕྱོགས་ལ་དམའ་འབེབས་གཏོང་དུས་ཞེ་ས་རྒྱག་སྟངས་ཤིག་པ་ཡོད་པཱ། དེ་ནས་རང་ཉིད་དཀྱེལ་ཆེ་གུ་ཡངས་ཀྱིས་ཕར་ཕྱོགས་ལ་རན་མིན་ཅི་ལྟར་ཡང་ཞེ་ས་རྒྱག་སྟངས་ཤིག་ཡོད་པ་རེད།
ཡང་དགོད་བྲོ་བ་ཞིག་ལ། ཁྱིའི་བཞེས་ལག་མཆོད་འཕྲོ་དེ་ཞི་མིར་ཕུལ་ཚར་བ་ཡིན་ཟེར་བ་ལྟ་བུའི་ཞེ་ས་ཡང་ཡོད་པར་གོ དེ་ན་ཚང་མས་དགོངས་བཞེས་གནང་ནས་བཀའ་མོལ་གནང་ན་མ་གཏོགས། ཆུང་ཧོར་གཉིས་ཀ་སྐད་བཏང་གི་ཡིན་དཱ། ཧཧཧཧཧ
ང་ཚོས་དགྲ་ལ་ཞེ་ས་སྤྱོད་ཐུབ་ནི་མེད་པར། ཅིའི་ཕྱིར་རང་རིགས་སྤུན་ལ་ཚིག་ངན་བརྗོད་དམ།
གཤམ་ལ་ངའི་ཞེ་སའི་ཚིག་འགྲེལ་འདིར་གཟིགས་རོགས།
ཁ་བརྡ་ཚང་ལ། ཞལ་བརྡ་གཟིམ་ཤག་ལགས།
ཀླུ་སྨྱོན་ཚང་ལ། ཀླུ་ཐུགས་འཁྲུག་པ་ལགས།
དོལ་རྒྱལ་བསྟེན་མཁན། དོལ་རྒྱལ་སྐུ་གསོལ་མཁན་ལགས།
རྒྱ་མིའི་གསོ་བ། དཔལ་རྒྱ་ནག་གཞུང་གི་སྙན་གསོལ་མཁན་པོ་མཆོག
བོད་དོན་རྩ་མེད་གཏོང་མཁན་ལ། སྐུ་ཉིད་ཀྱི་རིགས་རྒྱུད་ཐལ་བའི་རྡུལ་དུ་རློག་མཁན་ལགས།
རྒྱ་མིར་ཞེ་ས་བྱས་དྲག་་པ་ནི་ཏོག་རྩམ་གོ་མ་བདེ་བ་ཞིག་འདུག་་ རྩ་བའི་ང་ཚོ་མདོ་དབུས་ཁམས་གསུམ་ཚང་མས་སྐད་ཆ་ཤོད་སྐབས་ཞེ་ས་བྱེད་དགོས་ས་ཞིག་ལ་ཞེ་སའི་ཐོག་ནས་བཤད་ཀྱི་རེད་ འོན་ཀྱང་དབུས་ཕྱོགས་སུ་ཞེ་ས་མང་བ་བྱེད་ཀྱི་རེད་ དིང་སྐབས་ང་ཚོར་སྤྱི་སྐད་ཞིག་རང་བཞིན་གྱི་ཆགས་ཡོང་དུས་ཕན་ཚུན་གུས་ཞབས་མཚོན་མཆེད་ཞེ་ས་ཏོག་རྩམ་བྱས་ན་ཡག་པོ་འདུག་ དཔེ་ན་རང་ཉིད་ཀྱི་ཟ་ཟླའི་སྐོར་ཤོད་སྐབས་ ཁོ་ མོ་ ཟེར་ན་ཕན་ཚུན་གུས་ཞབས་མི་མཚོན་ལ་སྙན་པོ་ཡང་མིན་འདུག་ ་ལྷག་པར་དུ་རང་གི་བུ་ཕྲུག་རྣམས་ལ་བོད་སྐད་སྐློབ་པའི་ཞོར་ལ་ཞེ་ས་ཏོག་རྩམ་བསླབས་ན་ཕྲུ་གུ་གོ་རྒྱ་ཆེ་རུ་འགྲོ་ཡི་རེད་ལ་མི་གཞན་གི་ལྟད་ནའང་ཡ་རབས་ཞིག་མཐོང་ཀྱི་རེད་ དེ་ང་རང་གྱི་བསམ་ཚུལ་ཡིན་
གསར་འགོད་པ་ལ་དགྲ་གྲོགས་ཟེར་བ་ཡོད་མ་རེད། གསར་འགྱུར་འགོད་མཁན་རེད། རྒྱལ་ཁབ་གཅིག་གི་འགོ་ཁྲིད་ལ་ཞེ་ས་བརྒྱབ། རྒྱལ་ཁབ་གཞན་ཞིག་གི་འགོ་ཁྲིད་ལ་ཞེ་ས་མ་བརྒྱབ་ན་ཕྱོགས་སུ་ལྷུང་པ་རེད། དེ་རིགས་ལ་གསར་འགོད་ཀྱི་ཆ་རྐྱེན་མ་ཚང་པ་རེད།
ཞེ་ས་རྒྱག་མཁན་བུ་མོ་དེ་གཅིག་པུ་མ་རེད། དཔལ་ལྡན་རྒྱལ་གྱིས་ཀྱང་ཞེ་ས་རྒྱག་གི་འདུག་ག དེའི་སྐོར་ལ་ཕལ་ཆེར་ཨེ་རླུང་ཚང་ལའང་འགྲོ་སྟངས་ཤིག་མེད་འགྲོ གལ་སྲིད་མེད་པ་ཡིན་ན་ཞབས་འདྲེན་རེད། འགའ་རེ་ལ་ཞེ་ས་བརྒྱབ། འགའ་རེ་ལ་མ་བརྒྱབ་དེ་འདྲ་བྱས་ན་རླུང་འཕྲིན་ཁང་ཡག་པོ་ཞིག་གི་མཚན་ཉིད་མ་ཚང་པ་རེད། འགའ་རེས་སྐུ་ངོ་བེད་སྤྱོད་བཏང་། འགའ་རེས་མ་བཏང་དེ་འདྲ་བྱེད་གི་འདུག་བསམ་སོང་ད། དེའི་སྐོར་ལ་ཁྱེད་ཚོར་ཡང་གཏན་འཁེལ་བའི་འགྲོ་སྟངས་ཤིག་ཡོད་ན་ཡག་པོ་རེད་འདོད།
རྣམ་རྒྱལ་ཤ་གསས་བྱེད་ཀྱི་སྟ་རེ་ཡིན་ནམ་དེ། ཁ་བོ་ཆེ་ཁ་ནང་ལ་བླུགས་ཚད་ཁྱུར་མིད་བཏང་འགྲོ་ས་རེད་བསམ་བསམ་དེས། འགའ་རེར་སྐུ་ངོ་ཡིན་ན་ཅིག་ལབ། འགའ་རེར་མ་ལབ་དེ་འདྲ་བྱེད་ཀྱི་འདུག