ཆཱལྶ་ལིནྜ་བརྒ་
Charles A. Lindbergh
ད་སྔ་བོད་ཡིག་འདི་བོད་ཁམས་ཡོངས་སུ་འབྲི་སྟངས་གཅིག་གྱུར་པ་ཞིག་གི་འོག་ཏུ་གནས་ནས་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཕྱིན་པའི་རིང་ལ་འདི་འདྲའི་འབྲི་སྟངས་ཤིག་བྱུང་མེད་ལ། བོད་ནང་རིག་གནས་གསར་བརྗེའི་སྐབས་སུ་ཡང་འདི་འདྲའི་བོད་ཡིག་འབྲི་སྟངས་ཤིག་རྩ་བ་ནས་བྱུང་མྱོང་མེད། ཡིན་ན་ཡང་ལོ་ཤས་གོང་ནས་བཟུང་ཝ་ཤིང་ཁྲོན་སྒྲེ་སེ་ལ་ཡོད་པའི་གསར་འགྱུར་ལས་ཁུངས་ཤིག་གི་ལས་བྱེད་ཅིག་གིས་བོད་ཡིག་འབྲི་སྟངས་ལ་གསར་བཟོ་བྱས་ནས་སྔོན་ཡོད་སློབ་དཔོན་ཐོན་མིའི་བོད་ཡིག་འབྲི་སྟངས་དེར་རྩི་མེད་རྡོག་རོལ་གཏོང་རྐྱང་བྱེད་བཞིན་ཡོད་པ་དང་། ཤེས་ལྡན་པ་སྐོར་ཞིག་གིས་དེ་འདྲ་བྱས་ན་མི་ལེགས་པའི་ཁ་ཏ་སློབ་གསོ་ཇི་ལྟར་བྱས་ཀྱང་ཉན་འཇོག་རྩ་བ་ནས་མེད་པར་རང་སྣང་གང་ཤར་གྱིས་བོད་ཡིག་འབྲི་སྟངས་འདི་ལ་གསར་བཟོ་བྱས་དང་བྱེད་བཞིན་པ་འདིར་ཤེས་ལྡན་པ་ཚོར་བསམ་འཆར་ཅི་ཞིག་ཡོད་གསུང་རོགས་ཞུ། ཆབ་སྲིད་བཤད་དུས་རིག་གཞུང་ལ་གཏོར་བརླག་བྱས་ན་ཆོག་པའི་རྩ་འཛིན་ཡིག་ཆ་ཞིག་ཁྱོད་ཚོར་སྟོན་རྒྱུ་ཡོད་དམ། ལེགས་སྦྱར་གྱི་ཡི་གེ་བོད་ཡིག་ཏུ་འབྲི་དུས་འབྲི་སྟངས་ལོགས་ཀ་ཞིག་ཡོད་པ་རེད། ཡིན་ན་ཡང་དབྱིན་ཡིག་སོགས་ཡིག་རིགས་གཞན་པ་འབྲི་དུས་ས་མགོ་ར་མགོ་ལ་མགོ་དང་ར་བཏགས་ལ་བཏགས་སོགས་བོད་ཡིག་རང་གི་ལམ་ནས་འབྲི་སྟངས་ཤིག་གནའ་ནས་ཡོད་པ་དེ་བེད་སྤྱོད་གཏོང་མི་ཐུབ་པའི་རྒྱུ་མཚན་གང་ལ་ཐུག ཝ་ར་ཎ་་སི་ནས་ཡོང་པའི་ཤེས་རློམ་པ་སྐོར་ཞིག་གིས་བོད་ཡིག་འབྲི་སྟངས་གཅིག་གྱུར་ཅན་འདི་ལ་བཙན་གཡེམ་བྱས་དང་བྱེད་བཞིན་ཡོད་པས། ངོ་མ་བོད་ཡུལ་ལ་གཞན་གྱིས་འཕྲོག་བཅོམ་བྱེད། བོད་ཡིག་ལ་རང་གིས་བཙན་གཡེམ་བྱེད་པ་འདིར་བལྟས་ནས་འདུག་མི་ཐུབ་པའི་ཚོད་དུ་ལྷུང་འདུག
རྩོམ་པ་པོ་ལགས།
བོད་ཡིག་ལ་བཙན་གཡེམ་བྱེད་ལུགས་བྱེད་སྟངས་སྐོར་གསལ་ཙམ་ཞིག་དཔེ་མཚོན་དང་བཅས་ཏེ་གསུངས་ཐུབ་ན་ཡག་པོ་འདུག མ་ཟད་ཁོང་ཅག་ལ་དྲ་རྒྱ་སོགས་ཀྱང་ཡོད་མེད་གསུང་རོགས།
ཆཱལྶ་ལིནྜ་བརྒ་
འབྲི་སྟངས་འདི་ལ་ཟེར་བ་ཡིན་ལགས། སྒོམ་སྡེ་ལགས་ཡང་སྐྱར་མཇལ་བར་དགའ་བོ་བྱུང་། ཁ་ཡག་མིན། ཁྱོའི་སྐེ།
དེ་རིང་ཁ་བརྡ་དྲན་ནས་འདུག་མ་ཐུབ་པར་ཡོང་བ་ཡིན། བོད་ཡིག་འདི་ལས་ངན་རེད། དེ་སྔོན་དབྱིན་ཡིག་ཤེས་མཁན་འགའ་ཞིག་གིས་བོད་ཡིག་ཀློག་བདེ་བོ་མི་འདུག་པས་ཚེག་ཐིག་གི་ཚབ་ལ་བར་སྟོང་བཞག་ནས་འབྲི་ཐབས་བྱས་པ་རེད། དཔེར་ན་ “ང ནོར བུ ཡིན ཨ རི ན ཡོད” ལྟ་བུ་བཟོས་པ་རེད། འདི་དབྱིན་ཡིག་འབྲི་ལུགས་ལ་དཔེ་བྱས་པ་རེད། བྱས་ཙང་བོད་ཡིག་ལ་བཙན་གཡེམ་བྱེད་ལུགས་མི་འདྲ་བ་མང་པོ་བྱས་ཡོད་པ་རེད། དབྱིན་ཡིག་ཤེས་མཁན་ཚོས་དབྱིན་ཇིའི་འཛག་ལུགས་བྱས་ནས་བཙན་གཡེམ་བྱས་པ་དང་། ལེགས་སྦྱར་ཕྲན་བུ་སྦྱོང་མྱོང་མཁན་གྱི་ཝ་ར་ན་ཟུག་གི་སློབ་མ་ཚོས་ལེགས་པར་སྦྱར་བ་ལྷའི་འཛག་ལུགས་བྱས་ནས་བཙན་གཡེམ་བྱས་པ་རེད།
ཀླུ་སྨྱོན་ལགས།
བཀྲ་ཤིས་བདེ་ལེགས། འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ།
ངེད་ནས་དེའི་ཐོག་བསམ་བློ་མང་པོ་ཞིག་བཏང་མྱོང་། དེ་ནི་དངོས་འབྲེལ་གྱི་བོད་པར་འཕྲད་པའི་དཀའ་རྙོག་ཞིག་རེད། འདི་ལ་བོད་ཡིག་གསར་བཟོ་མ་བྱས་ཚེ་ད་ཡོད་ཀྱི་ཀ་མད་སུམ་ཅུ་སོགས་ཀྱིས་ལྡེང་གི་མེད་པ་ནི་དངོས་ཡོད་གནས་ཚུལ་རེད། ལེགས་སྦྱར་བོད་ཡིག་ཏུ་བསྒྱུར་བའི་ཚེ་ཡང་། བོད་ཡིག་གིས་མ་ལྡེང་ནས་ལོག་ཡིག་གསར་བཟོ་བྱ་དགོས་བྱུང་བ་རེད།
དཔེར་ན་ལེགས་སྦྱར་གྱི་वाराणसी འབྲི་དགོས་ན་“ཝཱ་རཱ་ཎ་སཱི” ཞེས་བྲིས་ན་ཏག་ཏག་འབྲི་ཐུབ་པ་ནང་བཞིན་ཞིག་དབྱིན་ཡིག་ལའང་དགོས་ཀྱི་འདུག
དེ་མིན་དབྱིན་སྐད་དུ་George འབྲི་དགོས་ན་ཁག་པོ་ཡོད་པ་ཚང་མས་མཁྱེན་གསལ་རེད།
མདོར་བསྡུས་ན། ང་ཚོ་ལ་དབྱིན་ཡིག་བོད་སྐད་ཐོག་འབྲི་དུས་ངེས་པར་ཚད་གཞི་ལྡན་པའི་ཡི་གེ་གསར་པ་ཞིག་དགོས་འདུག་སྙམ་ལགས།
ངས་ནི་ཝ་ར་ན་སི་དང་ལྗོར་ལྗེ་ཞེས་འབྲི་རྐྱང་བྱེད་ཀི་ཡོད། ཁ་ནང་ལ་ཡང་བདེ་བོ་འདུག ཡིག་རིགས་གཞན་པའི་སྒྲ་གདངས་བརྒྱ་ཆའི་བརྒྱ་བོད་ཡིག་ཏུ་འབྲི་གི་ཡིན་ཟེར་ན་ཡོང་ཐབས་ཨེ་ཡོད་དམ།
ཀླུ་སྨྱོན་ལགས།
“ཝཱ་རཱ་ཎ་སཱི” वाराणसी ལ་ “ཝ་ར་ན་སི” བྲིས་ན་ཏན་ཏན་ནོར་བ་རེད།
ལེགས་སྦྱར་ལྟ་བུ་ཕལ་ཆེར་བརྒྱ་ཆ་བརྒྱ་བོད་ཡིག་ཏུ་འབྲི་ཐུབ་ཅེས་སྨྲས་ཀྱང་སྨྲ་ནུས་སྙམ།
ལེགས་སྦྱར་བོད་ཡིག་ཐོག་འབྲི་བར་ཕན་པའི་ཆེད་དུ་སྔ་མོ་ནས་འབྲི་སྲོལ་ཡོད་པ་དེ་གཤམ་དུ་བཀོད་ཡོད།
དབྱངས་བཞི།
इ उ ऍ ओ
ཨི། ཨུ། ཨེ། ཨོ།
(འགྱུར་བཅོས། དབྱིངས་བཞིའི་ཚབ་ཏུ་བཅུ་དྲུག་འབྲི་དགོས)
क ख ग घ ङा
ཀ་ ཁ་ ག་ གྷ་ ང་།
च छ ज झ ञा ा
ཙ་ ཚ་ ཛ་ ཛྷ་ ཉ།
ट ठ ड ढ ण ा
ཊ་ ཋ་ ཌ་ ཌྷ་ ཎ།
त थ द ध न ा
ཏ་ ཐ་ ད་ དྷ་ ན།
प फ ब भ म ा
པ་ ཕ་ བ་ བྷ་ མ།
य र ल व ा
ཡ་ ར་ ལ་ ཝ།
श ष स ह ा
ཤ་ ཥ་ ས་ ཧ།
क्ष
ཀྵ།
क+ष=क्ष
ཀ+ཥ=ཀྵ།
ལོག་ཡིག་དྲུག ལོག་ཡིག་དྲུག་པོ་འདི་རྣམས་ནི་ལེགས་སྦྱར་བོད་ཡིག་ཏུ་འབྲི་བའི་ཚེ་དེའི་དོད་དམ་
ཚབ་ཡིན།
ट ठ ड ण ष क्ष ा
ཊ་ ཋ་ ཌ་ ཎ་ ཥ་ ཀྵ།
म् क् र्
མ् ཀ् ར्
གལ་ཏེ་ཚིག་མཇུག་གི་གསལ་བྱེད་ལ་དབྱངས་ཡིག་མེད་ན། དེ་མཚོན་པའི་ཕྱིར་
ཟུར་རྟགས་“ཝི་ར་མ”ཟེར་བ་དེ་རྒྱག་དགོས།
ཝི་ར་མ། རྣམ་བཅད། cessation, termination, end”
When a consonant ends a word, it is necessary to indicated that the last letter has no vowel. To do so, a diagonal line, called virama, is drawn under the letter. Letters with the virama are called halanta letters.
ངེད་ནས་ཀླུ་སྨྱོན་ལགས་དང་། ཡེ་ཤེས་གཉིས་མི་གཅིག་ཡིན་པ་ཤེས་མ་བྱུང་། བྱས་ཙང་། གོང་དུ་ངེད་ནས་རྩོམ་པ་པོ་ལགས་ཞེས་ལབ་པ་ཡིན།
ཝར་ཎའི་བོད་པའི་མཁས་པ་སྐོར་ཞིག་གིས་ལེགས་སྦྱར་གྱི་སྐད་བོད་སྐད་ལ་འབེབས་སྟངས་དེ་ལ་ཡིད་ཆེས་ཚད་ལས་འདས་པ་བྱེད་ཀྱི་འདུག ཐེངས་གཅིག་ཝར་ནའི་ལེགས་སྦྱར་སྐད་ཀྱི་མཁས་པ་ཞིག་གི་མཁས་གཏམ་ལ་ཉན་དུ་ཕྱིན་པ་ཡིན། ཁོས་གསུང་གསལ་ལ། མཁས་པ་འགའ་རེས་(སྣར་སྐྱིད་ངག་དོན་སྟོན་གྱི་ཡོད་པ་འདྲ།)དབྱིན་ཡིག་གི་སྒྲ་འབེབས་ལུགས་གསར་པ་ཞིག་གཏན་ལ་འབེབས་རྩིས་བྱེད་ཀྱང་། དེ་ནི་དོན་མེད་དེ། ལོ་བརྒྱ་ཕྲག་དུ་མའི་སྔོན་ནས་བོད་ཡིག་གི་སྒྲ་འབེབས་སྟངས་གཏན་ལ་ཕབ་ཚར་ཡོད་པ་(ལེགས་སྦྱར་གྱི་སྒྲ་འབེབས་སྟངས་དེ་ཡིན་འོས་ཆེ།)དེས་ཕྱི་རྒྱལ་གྱི་སྐད་གང་ཞིག་གི་སྒྲ་ཡང་བོད་སྒྲར་འབེབས་མི་ཐུབ་པ་ཡོད་པ་མ་རེད་ཟེར།
སྣར་སྐྱིད་ལྟར་པ་ཡིག་ལ་ཙ་ལག་སྦྱར་ནས་སྒྲ་འབེབས་བྱེད་པ་ལ་མོས་མཐུན་བྱེད་མི་ཐུབ་མོད། ལེགས་སྦྱར་གྱི་སྒྲ་འབེབས་སྟངས་དེས་ཕྱི་རྒྱལ་གྱི་སྐད་ཡིག་ཚང་མའི་སྒྲ་བོད་སྐད་ལ་འབེབས་ཐུབ་ཟེར་བ་འདི་ཡང་ཐལ་ཆ་ཆེ་བའི་མཁས་གཏམ་མ་ཡིན་ནམ། ཕྱི་རྒྱལ་གྱི་སྐད་རིགས་མང་པོ་ཕར་ཞོག བོད་སྐད་ནང་ཁུལ་དུ་དབུས་གཙང་པ་ཞིག་གིས་ཨ་མདོའི་སྐད་ཀྱི་ཤ་སྒྲ་ཅི་བཞིན་མི་ཐོན་ལ། ཨ་མདོ་བ་ཞིག་གིས་དབུས་གཙང་པའི་ངག་གི་དབྱངས་ཀྱི་ཁྱད་པར་མི་ཐོན་ན། ཕྱི་རྒྱལ་གྱི་སྐད་ཡིག་གི་སྒྲ་ཅི་བཞིན་ཐོན་པའི་གདེངས་ཚོད་ཇི་ལྟར་ཡོད་དམ།
མ་གཞི་གོང་ནས་ཀླུ་སྨྱོན་སོགས་ནས་གསུང་བ་ལྟར། བོད་སྐད་རང་གི་སྒྲའི་སྦྱོར་ལུགས་ལྟར་སྒྲ་གཞན་པ་ཞིག་གང་ཐོན་ཐོན་བྱེད་རྒྱུ་མ་གཏོགས། མི་རིགས་གཞན་པ་རྣམས་ཀྱི་སྐད་ཡིག་གི་སྒྲ་ཇི་བཞིན་འབེབས་ཀྱི་ཡིན་ཟེར་ནས་ལེགས་སྦྱར་གྱི་སྒྲ་འབེབས་ལུགས་ལྟར་བྱས་ན་བོད་ཡིག་ལ་གསལ་བྱེད་བརྒྱ་ཕྲག་ཅི་ཙམ་དགོས་སམ། སྒྲའི་སྦྱོར་ལུགས་ཅི་ཙམ་སྦྱང་དགོས་སམ།
ཐུགས་རྗེ་ཆེ། གོང་ནས་ལབ་པ་བཞིན་ལེགས་སྦྱར་གྱི་ཡི་གེ་དག་སྔོན་མ་ནས་ཁོ་ཚོའི་བརྡ་དག་གི་འགྲོ་སྟངས་བཞིན་བོད་ཡིག་ལ་སྦྱོར་ཏུ་བཏུབ་པ་ཡོད་ཡོད་པ་རེད། ཡིན་ཡང་དབྱིན་ཡིག་སོགས་ཡིག་གཞན་པ་དག་ལ་ལེགས་སྦྱར་ནང་བཞིན་འ་ཡིག་གིས་རིང་ཆ་སྟེར་ལུགས་ཀྱི་འགྲོས་དེས་བཀབ་ན་བོད་མི་མང་ཤོས་ཀྱིས་སྤྱིར་ན་བོད་ཡིག་ཀློག་མི་ཤེས་པ་དེའི་སྒང་ལ་ཀློག་མི་ཤེས་པ་འཕར་མ་ཞིག་བསྣན་པ་རེད། སྐུ་ཞབས་སྒོམ་སྡེ་བ་ལགས་བོད་ཧིན་དབྱིན་གསུམ་ལ་ནང་བྱན་ཆུད་པ་ཞིག་ཡིན་པ་འདྲ་བས་ངོ་མ་གློ་བ་དགའ། དྲ་ངོས་འདི་ནས་ང་དང་ང་ལྟ་བུ་རིག་རིག་ཐུག་ཐུག་རེ་བཀླགས་ན་ཡང་དོན་གནད་ངོ་མ་དེའི་སྟེང་དུ་མིག་ཡས་ཞ་ར་དང་རྣ་ཡས་འོན་པ་ཡིན་པ་དག་ལ་རོགས་རམ་རེ་གནང་བའི་རེ་བ་ཞུ་གིན་ཡོད། ཚང་མ་མི་ཡུལ་ས་མཐར་འཁྱམས། ཞིང་ཆེན་རེ་རེའི་ནང་དུ་བོད་མི་བརྒྱ་སྐོར་རེ་བཀྲམས། བོད་པ་ཤེས་ལྡན་པ་ཞིག་ཕར་ཟད་ཀ་ངོ་ཡིག་ངོ་ཆོད་པ་རེ་འཚོལ་དགོས་ན་ཡང་དང་པོར་ཁ་བྱང་དང་ཁ་པར་ཨང་གྲངས་རྩད་གཅོད་བཏང་། དེ་ནས་ངོ་ཤེས་བསྒྲིགས། དེ་ནས་དུས་ཚོད་བསྒྲིགས། དེ་ནས་ཐུག་གི་འགྲོ་དགོས་པ་སོགས་སྐྱེ་བ་སྔ་ཕྱིའི་བར་ནས་མི་ཞིག་འཚོལ་གི་ཡོད་པ་འདྲ་བོ་རེད། གང་ལྟར་དྲ་ངོས་འདི་ནས་ཉིད་ལྟ་བུའི་ཤེས་ལྡན་པ་རེར་མཇལ་རྒྱུ་བྱུང་བར་དགའ་སྐྱོ་གཉིས་ཀ་འཕེལ།
Charles A. Lindbergh
འདི་ཡང་། ཆར་ལེ་སི་ ཨེ་ ལིན་སྒྲ་སྦེར་སྒུ་ལྟ་བུ་བྲིས་ན་མི་ཆོག་གམ།
ད་སོ་མ་ཁ་བརྡའི་ཐོག་སྐོར་ཞིག་བརྒྱབ་དུས་ཁྱོད་ཚོ་འདི་ན་འུར་ལངས་འདུག ངས་ཀྱང་འུར་རྡོ་ཞིག་འཕེན་གི་ཡིན་དཱ། ཕྱི་རྒྱལ་གྱི་མིང་འབྲི་དུས་ལེགས་སྦྱར་དཔེ་མི་རུང་ན། རྒྱ་སྐད་དེ་ལས་ཀྱང་དཔེ་མི་རུང་ཐག་ཆོད་རེད། New York ལ་ཉིག་ཡོར་ཞེས་འབྲི་བ་ལྟ་བུ་ནི་ངོ་མ་མི་མཛེས་པ་དང་མི་དག་པ་གཉིས་ཀ་རེད་དྲན། སྒྲ་གདངས་དེ་སྐད་ངོ་མའི་སྒྲ་གདངས་ལ་ཅི་ཙམ་ཐག་ཉེ་ན་བཟང་བར་དྲན། ང་ཚོའི་བོད་མིའི་མི་ཐོག་གཉིས་ཀྱིས་ཕྱི་མིང་རང་སྐད་དུ་འབྲི་ཚུལ་ལ་རྩོད་པ་བྱེད་དགོས་པའི་རྒྱུ་མཚན་ངོ་མ་ཞིག་ང་ལ་རྙེད་བྱུང་། ད་ནི་ངའི་རྒྱུ་མཚན་འདི་ཇེ་གསལ་ཇེ་གསལ་རེད་དྲན། ང་ཚོ་ལ་བོད་ཡིག་འདི་བེད་སྤྱོད་བྱེད་ས་དེ་ཡིག་ཐོག་དང་འཛིན་གྲྭའི་མདུན་ཅོག་ནས་བརྒལ་མ་ཐུབ་པའི་རྐྱེན་གྱིས་ ཕྱི་མིང་རང་སྐད་དུ་འབྲི་ཚུལ་ཡང་དག་པ་གང་འདྲ་ཞིག་ཐོན་ན་ཡང་། དེ་ཡིག་ཐོག་དང་འཛིན་གྲྭའི་མདུན་ཅོག་བརྒལ་འགྲོ་མི་ཐུབ་པ་རེད། འབྲུག་པ་ལ་གཟིགས་དང་། ཅ་ལག་དེ་ཚོ་དང་མིང་དེ་ཚོ་ གང་ས་གང་ན་མཐོང་རྒྱུ་འདུག ཉོ་རྒྱུ་འདུག ལྟ་རྒྱུ་འདུག ང་ཚོ་ལ་དེ་འདྲ་མེད། ཡང་དབྱིན་ཡིག་ལ་ཆ་འཇོག་ཅིག་བྱེད། དེང་སང་ཟིན་བྲིས་སམ་དྲ་དེབ་ཏུ་འབོད་པའི་མིང་ཚིག་ blog འདི་དར་ནས་ཡུན་རིང་པོ་སོང་མེད། དེ་ཡང་ཚིག་གི་ཡོང་ཁུངས་དེ་ web དང་ log གཉིས་རེད། དེ་སྦྱར་ནས་ web ཝེབ་ཅེས་པ་ B བྷི་ ལ་དྲངས་ནས་ blog ཚིག་འདི་བྱུང་བ་རེད། དེང་སང་ཚིག་འདི་ནི་ཉོ་རྒྱུ་དང་སྤྱོད་རྒྱུ། བཤད་རྒྱུ། ལྟ་རྒྱུ་ཚང་མ་ཡོད་པའི་མིང་ཚིག་ཡོངས་གྲགས་ཤིག་རེད།
དབྱིན་ཇིས་ཀྱི་ཡེ་གེ་ལ། ལ་ཏན་དང་། ཕི་རིན་ཆི། ཇར་མིན་སོགས་ཀྱི་ཡིག་གེས་བཙན་གཡེམ་བྱས་ནས་ད་སྐབས་ཐ་སྙད་ཕྱུག་ཤོས་གྲས་སུ་ཆགས་ཡོད། སྔོན་མ་གུང་ཁྲན་གྱིས་བོད་ཡིག་ཧྥུ་ཟེར་བའི་ཡེ་གེ་གསར་བཟོ་བྱས་པ་དེས་རྒྱ་སྐད་ཚིག་ཁ་ཤས་བོད་ཡིག་གིས་བྲིས་ཤིང་ཀློག་ནའང་སྒྲ་འདངས་ཇི་བཞིན་ཡོང་ཐུབ་པ་ཞིག་ཆགས་ཀྱིན་འདུག་ཡིན་ནའང་དེང་དུས་བོད་ཕྱི་ནང་གང་དུ་ཕལ་ཆེར་ཡེ་གེ་འདི་བེད་སྤྱོད་བྱེད་མཁན་མི་འདུག ངས་བསམ་ན་ཡི་གེ་འདི་བེད་སྤྱད་གཏོང་ཡོད་ན། F སྐོར་ཀྱི་དབྱིན་སྐད་མིང་བོད་ཡིག་ནང་བྲིས་ན་སྒྲ་འདངས་ཇི་བཞིན་ཡོང་ཐུབ་པ་འདུག་སྙམས།
ལེགས་སྦྱར་སྐད་དེའང་བོད་ཡིག་ནང་དུ་བོད་ཡིག་གི་སྒྲ་དག་མི་མཚུངས་པ་བྲིས་ཡོད་པ་གསལ་པོ་རེད་དཔེར་ན་ཎ་ཌ་བོད་ཡིག་ཐོག་ནས་གསལ་བྱེད་གསར་བ་ཞིག་ཀྱང་བཟོས་མི་འདུག་བས། སྐད་ཡིག་གཞན་ལ་དེ་ལྟར་བཟོས་ན་མི་འགྲིགས་པའི་རྒྱུ་མཚན་གང་ཡིན་ནམ།
ལེགས་སྦྱར་སྐད་དུ་ཙ་ཚ་ཛ་གཏན་ནས་མི་འདུག བོད་པ་རྣམས་ཀྱིས་གང་བྱེད་ནས་ཙ་ཚ་ཛ་ཛྷ་བཅས་བྲིས་པ་རེད། ལེགས་སྦྱར་སྐད་དུ། ཅ་ཆ་ཇ་རང་རེད་མི་འདུག་གས། ཁྱེད་རྣམ་པ་ལེགས་སྦྱར་ཤེས་ཀྱི་ཡོད་པ་འདྲ་བོ་འདུག་པས་དྲི་བ་ཞུས་པ་ཡིན།
འ་ཁ་ཁ དེ་རིང་ད་རིག་པའི་རལ་གྲི་ཡིན་ན་འདི་ཡང་ཚོད་ཚོད་ཅིག་ཡིན་པ་ཤེས་སོང་། སྔོན་མ་གུང་ཁྲན་གྱིས་བོད་ཡིག་ཧྥུ་ཟེར་བའི་ཡེ་གེ་གསར་བཟོ་བྱས་པ་ཟེར་འདུག འདི་ནི་སྔོན་མ་གུང་ཁྲན་མ་ཡོང་སྔོན་ཕལ་ཆེར་རྒྱལ་དབང་ལྔ་བ་ཡིན་ན་ཅིག་གི་སྐབས་ནས་སྨན་པ་མགོན་པོ་སྐྱབས་ཡིན་ན་ཅིག་གིས་སྨན་གཞུང་ལ་བཀོད་ཡོད་པ་ཅིག་སྔར་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་ཚོགས་འདུ་ཤིག་བསྡུ་བའི་སྐབས་ལ་སྟོན་རྒྱུ་འདུག
ཡང་འདིས། དེས་རྒྱ་སྐད་ཚིག་ཁ་ཤས་བོད་ཡིག་གིས་བྲིས་ཤིང་ཀློག་ནའང་སྒྲ་འདངས་ཇི་བཞིན་ཡོང་ཐུབ་པ་ཞིག་ཆགས་ཀྱིན་འདུག་ཡིན་ནའང་དེང་དུས་བོད་ཕྱི་ནང་གང་དུ་ཕལ་ཆེར་ཡེ་གེ་འདི་བེད་སྤྱོད་བྱེད་མཁན་མི་འདུག འདི་གནའ་རབས་གཏན་འབེབས་བྱས་པའི་ཡི་གེ་ཕྷ་འདི་དང་ཁྱད་པར་གང་ཡང་མི་འདུག་པས་བཟོ་མི་དགོས་པ་ཅིག་གསར་བཟོ་བྱས་པ་རེད་ཅེས་མཁས་པ་ཁ་ཅིག་གིས་བཤད། དེའི་ཆ་ནས་ཡིན་རྒྱུ་རེད།
ལར་ནས་བློ་མཐུན་ཧྥ་གོ་ཧྥིན་ཤི་སོང་ནི་རེད། ཧྥེ་ཅི་དེ་གནམ་གྲུ་ཆགས་སོང་ནི་རེད། ད་ཧྥ་དེ་བེད་སྤྱོད་མེད་པ་ཆགས་སོང་ནི་རེད། གལ་ཏེ་དགོས་ན་ཨ་ཧྥི་གྷ་ནི་སི་ཐན་ཅེས་པར་བེད་སྤྱོད་བཏང་ན་འགྲིག་མོད། དེ་ཡང་ཨོ་རྒྱན་སི་ཐན་ཅེས་འབྲི་གི་ཡིན་ཟེར་གི་ཡ།
ཀླུ་སྨྱོན་ལགས།
རྩོམ་གྱི་ཁ་བྱང་བཙན་པོ་ཞིག་འཁྱེར་ནས་ཡོང་འདུག བྲེལ་འཚུབ་ཡིན་རུང་སྡོད་མ་ཚུགས་ནས་ཐེངས་གཅིག་བཀླགས་པ་ཡིན།
ངེད་ལ་མཚོན་ན་བོད་ཡིག་ཀློག་པ་དང་འབྲི་བ་ནི་ངལ་གསོ་བ་དང་གཅིག་མཚུངས་རེད། རྒྱུ་མཚན། དགའ་སྣང་ཞིག་དང་མཉམ་དུ་ཀློག་བཞིན་ཡོད།
སྤོབས་པ་ཞིག་དང་མཉམ་དུ་འབྲི་བཞིན་ཡོད། (Washington DC)ན་ཡོད་པའི་གསར་འགྱུར་ལས་ཁུངས་ཤིག་གི་ལས་བྱེད་ཅིག་གིས་བོད་ཡིག་འབྲི་སྟངས་གསར་བཟོ་བྱེད་ཀྱི་ཡོད་ཚུལ་དང་ཐོན་མིའི་འབྲི་སྟངས་ལ་བརྩི་མེད་རྡོག་རོལ་བྱེད་ཀྱི་ཡོད་ཚུལ། ཤེས་ལྡན་པ་ཁག་ཅིག་གི་བསམ་ཚུལ་ལ་ཉན་འཇོག་མ་བྱས་པར་རང་སྣང་གང་དྲན་བྱེད་ཀྱི་ཡོད་ཚུལ་སོགས་སྐུ་ཉིད་ནས་གསུངས་འདུག
(Washington DC)ན་བོད་སྐད་ཀྱི་གསར་འགྱུར་ལས་ཁུངས་གཉིས་མ་གཏོགས་མེད་བསམ། དེ་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཀུན་གླེང་གཉིས་རེད། ལས་བྱེད་དེ་ཡང་ཏན་ཏན་དེ་གཉིས་ཀྱི་གཅིག་ནས་ཡིན་རྒྱུ་རེད། ལས་བྱེད་དེ་སུ་རེད།ལས་བྱེད་དེས་བྲིས་བའི་བོད་ཡིག་འབྲི་ཚུལ་གསར་བ་དེ་གང་ན་འདུག ཆ་ཚང་ཞིག་འདི་རུ་འཇོག་རོགས།
དེ་ནས༌། ང་ཚོས་བསམ་ཚུལ་ཞིབ་ཚགས་བཤད་པ་ཡིན་ན། ལས་བྱེད་དེ་ལ་ཐད་ཀར་ཕན་མ་ཐོགས་རུང་བརྒྱུད་ནས་ལན་སྤྲོད་ཐུབ་ཀྱི་རེད།
ད་དུང་ལས་བྱེད་གཞན་ཚོ་ལ་ཡང་ཏན་ཏན་ཕན་ཐོགས་ཡོང་སྲིད། བཤད་ཀྱི་རང་གིས་བཟོས་ན། བཤད་མཁན་སྡེ་བ་ཡིན་ཟེར་བ་ལྟར༌། གནད་དོན་འདིའི་རིགས་ནི་ཅིས་ཀྱང་གླེང་དགོས་ངེས་ཀྱི་རིགས་རེད། ཨོ། ལས་བྱེད་དེའི་འབྲི་སྟངས་གསར་བ་སྒང་གི་(ཆཱལྶ་ལིནྜ་བརྒ་)
གཅིག་པོ་མ་གཏོགས་སྐུ་ཉིད་ལ་གཞན་པ་སྟོན་རྒྱུ་མེད་དམ།
རིག་རལ་ལགས།
སྤྱིར་བཏང་ཁྱེད་རང་གིས་གསུངས་པ་དེ་བདེན་པ་ལྟར་འདུག འོན་ཀྱང་ཅ་ལ་ཙ་འབོད་མཁན་སྔ་མོ་ཡོད་པ་མ་ཟད་དེ་སང་ཡང་འདུག དཔེར་ན་སྲན་མ་चणकः ལ་ “ཅ་ཎ་ཀཿ”མི་ཟེར་བར། “ཙ་ཎ་ཀཿ”འམ། ཙ་ན་ཟེར་མཁན་ནི་ད་ལྟ་ཡང་འདུག དེ་ལ་བལྟས་ན་སྔ་མོ་རྒྱ་གར་གྱི་མཁས་པ་མང་པོས་ཅ་ལ་ཙ་ཞེས་འབོད་ཀྱི་ཡོད་པ་དཔོག་ནུས་པས་དེ་ལ་གཞི་བཅོལ་བར་སེམས།
དེ་ནི་ངེད་ཀྱི་རྨོངས་འཆར་ཡིན། ལེགས་སྦྱར་མཁྱེན་མཁན་ཡོད་ན་བློ་སྐྱེད་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།
ཀླུ་སྨྱོན་ལགས་ཀྱིས་༼བོད་ཡིག་ལ་བཙན་གཡེམ་བྱས་འདུག༽ཅེས་པའི་འགོ་བརྗོད་ཚབས་ཆེན་པོ་ཞིག་བྲིས་པ་མཐོང་དུས། འཚབ་འཚུབ་ངང་ལམ་སེང་དཔུང་པ་བརྫེས་ནས་ཡོང་ཁ་བྱས་པ་ཡིན། ཡག་པོ་བལྟ་དུས་བཙན་གཡེམ་རང་རེད་མི་འདུག དེ་ནི་ཚང་མས་དོ་སྣང་བྱ་འོས་པ་ཞིག་ཏུ་སྣང་ངོ་། །
སྒོམ་སྡེ་ལགས་ཉིད་ཀྱི་གསུང་པ་ནང་བཞིན་གུས་པས་ཀྱང་འགྲེལ་བཤད་བྱས་པ་ཡིན། སྔོན་པ་ཨ་རིས་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་གི་དགེ་རྒན་ཞིག་གིས། chakra ལ་བོད་པས་ཙཀྲ་ཀློག་པ་དེ་འབྲི་ཀློག་གཉིས་ཆར་ནོར་བ་རེད་ཟེར་བྱུང་། གུས་པས་ལེགས་སྦྱར་སྐད་ཤེས་ཀྱི་མེད་ཀྱང་། སྔོན་ཀྱི་བོད་ཀྱི་ལོ་ཙཱ་བ་དེ་རྣམས་དེང་དུས་ཀྱི་ཕྱི་རྒྱལ་བས་ལོ་ཙཱ་སྦྱོང་བ་ནང་བཞིན་མ་རེད། མི་ལོ་ཉེ་ཤུ་རྩ་ལྔ་དང་། བཅུ་བདུན་ལ་སོགས་པར་ན་ལཎྜ་དང་བིར་ཀྲ་མ་ཤྲིའི་གཙུག་ལག་སློབ་གྲྭ་ཆེན་མོ་དེ་རྣམས་ལ་སློབ་སྦྱོང་བྱས་པ་རེད། དེ་རྣམས་ཀྱིས་chakra ཙཀྲ་ཞེས་པ་འདི་འབྲི་ཀློག་ནོར་ཡོད་རྒྱུ་མ་རེད། སྐད་དང་སྒྲ་མདངས་ནི་དུས་ཚོད་ཀྱི་འགྱུར་རིམ་ལྟར་འགྱུར་གྱིན་ཡོད་པ་མཐོང་གསལ་ལྟར་ལེགས་སྦྱར་ཀྱི་སྐད་ཡིག་དེ་རྣམས་ཀློག་ཚུལ་འགྱུར་བ་ཡིན་འགྲོ། བལ་ཡུལ་གྱི་སྐད་དེ་ཧིན་དྷུའི་སྐད་ལས་ཀྱང་ལེགས་སྦྱར་གྱི་སྐད་ལ་ཉེ་རབ་རེད། བལ་བོ་རྣམས་ཀྱིས chakra road ལ་ཅ་ཀར་བྷ་ཌོ་མི་ཟེར་ནས། ཙཀྲ་བྷ་ཌོ་ཟེར་གྱིན་འདུག་པ་འདིས་མཚོན་གྱིན་རེད་བྱས་པ་ཡིན། དགེ་རྒན་དེས་ལེགས་སྦྱར་སྐད་ཤེས་འདུག་རུང་ང་ལ་དེ་འདྲ་བོ་འདུག་ཟེར་གྱིན་འདུག
གཞོན་ནུ་ལགས་ཁ་སེང་ང་ལ་ཨོ་ཙམ་འདུག་པ་བསམ་ཡོད་ས་རེད། ང་ཀླད་རྙིང་ཉིད་དང་ལྟ་བ་མཚུངས་པ་ཞིག་འདུག་བསམ་པས་ཡིན་འགྲོ ཧ་ཧ་ཧ་་ཧ ་ང་ཀླད་རྙིང་ལོ་ཆུང་ཞིག་ཡིན་རུང་། ཀླད་རྙིང་མཁྲེགས་བཟུང་ཅན་ཞིག་མིན། རྒྱུ་མཚན་དང་དགོས་པ་ཆེན་པོ་འདུག་ན། རང་རེ་བོད་ཀྱི་གྲ་ཆས་ལ་ཡང་འགྱུར་བ་ཞིག་གཏོང་དགོས་ས་བསམ་མཁན་ཞིག་དང་། མ་ཟད་སྐྱ་སེར་སུ་ཡིན་རུང་། མང་གཙོའི་འགྲོས་དང་མཐུན་པའི་སྒོ་ནས་ཆབ་སྲིད་ཀྱི་གོ་སྐབས་ལེན་དགོས་ངེས་ཅན་རེད་དེ། རང་རེའི་གཞུང་གི་ཆབ་སྲིད་བ་སྐྱ་སེར་སུ་ཡིན་རུང་བུ་ཡིན་ན་བོད་པའི་སྐྱ་བོའི་བོད་གོས་དང་བུ་མེད་ཡིན་ན་སྐྱེ་དམན་གྱི་ཆུ་བ་དེ་གྱོན་དགོས་ས་རེད་བསམ་མཁན་ཞིག་ཡིན། གྲྭ་ཆས་ཞིག་གྱོན་ནས་ཆབ་སྲིད་ཀྱི་ཕྱག་ལས་གནང་རྒྱུ་དེ་ལ་ཡག་པོ་ཞིག་མཐོང་གིན་མེད།
ང་ཀླད་གསར་ཆོས་ལ་དུག་དུ་ལྟ་བའི་མདོ་མེད་ཀླད་སྟོང་ཞིག་ཀྱང་ལར་ནས་མིན། རང་རེ་བོད་ལ་ངོམ་རིན་ཆོག་པ་དེ་བོད་ཀྱི་ཆོས་ཀྱི་རིགས་གཞུང་འདི་གཅིག་པུ་ཡོད། འདིའི་རིན་ཐང་མ་རླག་པ་ཞིག་བཟོ་ཡ་དེ་གནད་འགག་ཆེན་པོ་མཐོང་གི་ཡོད།
ཨ་ཁུ་ཀླུ་སྨྱོན་མེད་དུས། ཁ་བརྡར་འཁྲུགས་ཆ་མི་འདུག
སྒོམ་སྡེ་ལྷ་རམ་མེད་དུས། དགག་གཞག་གཡུལ་འགྱེད་མི་འདུག
མིའུ་ཕྲུག་རྩོད་དགའ་མེད་དུས། ། འཐབ་རྩོད་འཁྲུག་ལོང་མི་འདུག
ཁ་བརྡ་དྲ་ཚིགས་འདི་རུ། ཁྱོད་གསུམ་རིགས་གསུམ་མགོན་ཡིན།
ལེགས་སྦྱར་འབྲི་ལུགས་བྱས་ནས། ལོ་ངོ་སྟོང་ཕྲག་འགོར་ཡང་།
San-s-krit ཟེར་བར། ། སམ་ཀྲི་ཊ་ལ་ཀློག་གི།
མི་རིགས་གཞན་གྱི་མིང་དག རང་སྐད་རང་ཡིག་འགོད་པར།
དབྱངས་གསལ་གསར་བཟོ་དགོས་ན། ད་ནས་བོད་ཡིག་མི་སྦྱངས།
ལེགས་སྦྱར་འབྲི་ལུགས་དེ་ལ། ལོ་མང་བསམ་གཞིགས་བྱས་ཀྱང་།
དགེ་མཚན་ཡོད་ནི་འདུག་མོད། ཞོར་སྐྱོན་གཡག་ནས་ཆེ་བ།
ཕྱི་མིང་འབྲི་བའི་སྐབས་ཀྱི། ། དཀའ་བའི་གནད་ཀྱི་ཐུག་ས།
སྒྲ་ཕྱེད་འདོན་པ་མེད་པའི། བོད་པའི་སྐད་ཀྱི་གཤིས་རེད།
སྲོག་མེད་རྟགས་དེ་བཀོད་རུང་། གློག་ཀླད་ནང་དུ་མི་བཏུབ།
བཏུབ་ཀྱང་དམངས་ཀྱིས་མི་གོ སློབ་མའི་མགོ་བོ་ལོས་ན།
France ཕྲྰནྶ།
Europ ཡྰུརོཔ།
London ལནྡན།
New york ནྱུ་ ཡོརྐ།
Moscow མོསཀོ།
Greece གྲྰིས།
Tokyo ཊོཀྱོ།
George ཇོརྫ།
st peter སེཎྟ་ པིཊར།
གོང་གསལ་རྣམས་༧གོང་ས་མཆོག་གི་མཛད་རྣམ་ ༼ ཕྱི་ཡུལ་གྱི་རང་དབང་ ༽ཞེས་པར་དབྱིན་ཡིག་ནས་བོད་ཡིག་ནང་ཕབ་པའི་རྒྱལ་ཁབ་དང་། ས་གནས། མི་མིང་བཅས་རེད། སྒྱུར་བ་པོ་ལྷ་ལུང་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་༼ དེ་བཞིན་དབྱིན་སྐད་སོགས་ཀྱི་མིང་ཚིག་རྣམས་ཀྱང་ནྰ་ག་རྰིའི་ཡིག་ཐོག་རྒྱ་གར་དུ་རྒྱུན་སྤྱོད་འབྲི་སྟངས་ལ་གཞི་བཅོལ་ཏེ་སྔོན་མའི་བོད་ཀྱི་སྒྲ་ཡིག་འབྲི་སྟངས་དང་མཐུན་པའི་ལུགས་སུ་ཡངྒ་ཧས་བེཎྡ་ལྟ་བུ་བྱས་ཤིང་། ཚིག་ཕྲེང་ལྷན་ཐབས་སུ་ཟུར་འགོད་ཞུས་ཡོད་། ༽ ཅེས་གསལ་བཤད་གནང་འདུག ལྷན་ཐབས། ཕྱི་རྒྱལ་གྱི་མི་མིང་ས་མིང་བོད་ཡིག་ནང་ཕབ་སྟངས་ཞེས་པ་དེར་ཤོག་ངོས་བདུན་ཙམ་འདུག་ལ། བོད་ཡིག་ནང་ཕབ་སྟངས་ནི་གོང་གསལ་ལྟར་རེད། དྲ་གྲོགས་ཚོས་བསམ་ན་༼ལྷན་ཐབས་༽འདིས་བོད་ཡིག་ལ་བཙན་གཡེམ་བྱས་འདུག་གམ།
ལྷན་རྒྱས་ནས་ཡོད་པ་ཇེ་བརྟན་དང་། མེད་པ་གསར་བཟོ་གི་ཕྱོགས་སུ་ཐུགས་དགོངས་གཏད་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་གཞན་མི་འདུག
France ཧྥུ་རན་སུ
Europ ཡུ་རོབ།
London ལན་སྒྲན།
New york ནེའུ་ཡོར་ཁུ།
Moscow མོ་སུ་ཁོ།
Greece སྒི་རིག་སི།
Tokyo ཀྲོ་ཁྱོ།
George ཇོར་ལྗེ།
st peter སེ་ཀྲི། ཕིས་ཀྲར།
འདིའི་སྐོར་ན་ནིང་ཞིག་ལ་ཡང་ང་ཚོས་བགྲོ་གླེང་བྱས་ནས་ང་རང་གིས་བསམ་ཚུལ་བརྗོད་ཟིན་པ་ཡིན། ས་མིང་ཆུ་མིང་སོགས་ལ་སྔགས་ཡིག་བརྩེགས་མ་ཅན་མང་པོ་ཞིག་བྲིས་ཡོང་བ་འདི་བོད་མིའི་ནང་ཀློག་ཤེས་མི་ཤེས་ལ་བརྒྱ་ཆ་ཞིག་བཀུག་པ་ཡིན་ན་ཕལ་ཆེར་བརྒྱ་ཆའི་དགུ་བཅུ་གོ་དགུས་གོ་གི་མ་རེད། ང་མཁས་པ་ཡིན་ཟེར་མཁན་དེ་ཚོའི་ནང་ཡང་ཀློག་མི་ཤེས་མཁན་མང་པོ་ཡོད་རྒྱུ་རེད།
ང་རང་གིས་ཀྱང་བོད་ནང་དུ་སྒྲའི་ནང་གི་་མཚམས་སྦྱོར་ལྔ་བ་དང་སྔགས་ཀློག་ཐབས་སོགས་སྦྱངས་པ་ཡིན། རྗེས་སུ་རྒྱ་གར་ལ་སླེབས་ནས་ལེགས་སྦྱར་སྐད་བཤད་མཁན་འགའ་རེའི་ཀློག་སྟངས་གོ་དུས་བོད་ནང་དུ་མཁས་དབང་གི་མིང་གིས་འབོད་འོས་པའི་དགེ་རྒན་དམ་པ་སོགས་མཁས་དབང་མང་པོ་ཞིག་གི་ཀློག་བསླབ་སྟངས་ལ་ནོར་འཁྲུལ་འདུག་བསམས་སོང་། ང་རང་ལ་མཚོན་ནའང་འདི་ཚོ་ཡག་པོ་ཀློག་མི་ཤེས་གི ན་ནིང་ངས་འདི་ལྟར་བཤད་དུས་དྲ་གྲོགས་ཤིག་གིས་ཁྱེད་རང་བློ་རྟུལ་དྲགས་པ་རེད་ཟེར་ནས་ང་ལ་གཤེ་གཤེ་བཏང་སོང་། ངས་བདེན་པ་རེད། ང་འདྲ་བོ་སྔགས་སྦྱངས་མྱོང་མཁན་བློ་རྟུལ་བོ་ཞིག་གིས་མི་ཤེས་ས་ནས་སྦྱོང་མ་མ་མྱོང་མཁན་བོད་མི་མང་ཆེ་བས་ཀློག་ཤེས་གི་མ་རེད་ཅེས་ལན་བཏབ་པ་ཡིན།
དེ་རིང་དགའ་འོས་པ་ཞིག་ལ་སྔོན་ངའི་ཁ་གཏད་ལངས་མཁན་དེ་འདྲའི་བསམ་བློར་འགྱུར་བ་ཐེབས་འདུག་པ་དེ་རེད། མུ་མཐུད་དུ་འདིའི་སྐོར་གླེང་ན་ང་ཚོས་ཕལ་ཆེར་མི་ཨུ་ཚུགས་ཅན་སྤྱི་ཚོགས་དང་དངོས་ཡོད་ལ་ལྟ་མི་ཤེས་པའི་ཞར་ཁོག་འགའ་ཤས་ཡོད་པ་དེ་ཚོའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཞིག་གཏོང་ཐུབ་གི་རེད། ངས་བལྟས་ན་འདི་ལྟར་འབྲི་བ་དེ་བླུན་རྟགས་ཤིག་ལས་མཁས་རྟགས་གང་ཡང་མ་རེད། ཁྱེད་ཚོ་ཁྱེད་ཚོ་རེད་དེ། ང་ཚོའི་བོད་ཡིག་སློབ་པར་དགའ་མོས་ཡོད་ལ་མེད་བྱས་སྡོད་མཁན་གྱི་ལོ་ཆུང་བྱིས་པ་དེ་ཚོ་སྙིང་མ་གསུམ་གི་ཅིག་མ་རྗེ། བོད་ཡིག་ལས་སླ་རུ་དང་གོ་བདེ་རུ་གཏོང་མ་ཐུབ་ནའང་ཇེ་མཁྲེགས་ཇེ་མཁྲེགས་ལ་གཏོང་བ་འདི་ཡ་ཆ། འདི་འདྲ་གོ་ན་ཉིན་གསུམ་མ་ཟས་མི་དྲན་གི ཞག་གསུམ་མ་གཉིད་མི་ཁུག་གི
བོད་སྐད་བོད་སྐད་རེད། ཅིའི་ཕྱིར་ཡིན་གཅིག་མིན་གཅིག་གཞན་སྐད་ཀྱི་སྒྲ་ཡོང་ཐབས་ལ་འབད་དགོས་པ་རེད། དཔེ་བཞག་ན། ཧྥ་རན་སིའི་སྐད་ནང་མིང་ཚིག་གསར་བ་ཕལ་ཆེ་བ་དབྱིན་སྐད་དང་གཅིག་པ་ཡིན་པ་མ་ཟད་དག་ཆ་འབྲི་སྟངས་ཡང་ཕལ་ཆེ་བ་ཞིག་གཅིག་པ་རེད། ཡིན་ན་ཡང་། ཁོ་རང་ཚོས་ཁོ་རང་ཚོར་མི་འདྲ་བའི་སྒྲ་ཞིག་ཡོད་པ་དེ་ལྟར་ཀློག་གི་རེད། དེ་ལྟར་ཀློག་པས་རང་གི་སྐད་ཀྱི་ངོ་བོ་ཞིག་འཛིན་ཐུབ་གི་ཡོད་པ་རེད་སྙམ། དེ་ནས་ཕར་ཕྱོགས་ཀྱི་རྒྱ་མི་ལ་ཅིག་ལྟོས། ཁོ་རང་ཚོའི་སྐད་ཀྱི་སྒྲ་གདངས་སོར་གང་ཡང་གཏོང་གི་མ་རེད། ངོ་མ་བཤད་ན། ཁོ་ཚོས་གཞན་གྱི་སྒྲ་གདངས་ཡོང་ཡོང་གི་མ་རེད།
གཞན་སྐད་ཅི་བཞིན་ཡོང་ཐབས་ལ་འབད་པ་འདི་རང་སྐད་གཞན་སྐད་དུ་འགྱུར་བར་གོམ་པ་གང་སྔོན་དུ་སྤོས་པ་རེད། ཐུན་མོང་མ་ཡིན་པའི་རང་སྐད་ལ་དེ་ལས་ལྷག་པའི་གཏོར་བཤིག་གཏོང་རྒྱུ་ཞིག་གང་ན་ཡོད།
ཐག་རིང་རྣ་བས་གོ་ཚོད་ཡིན་ན་སྔོན་མ་ཞིག་ལ་ཤེས་རིག་ལས་ཁུངས་ཀྱིས་གཞན་སྐད་བོད་སྐད་ནང་སྒྲ་ཇི་བཞིན་ཐོན་པར་གཞི་འཛིན་སའི་ཚིག་མཛོད་འདྲ་བོ་ཞིག་བཟོ་གི་ཡོད་པ་གོ་སོང་། དང་པོ་ཚིག་མཛོད་དེ་ཕྱིར་འཐེན་བྱས་ནས་བོད་མི་མང་ལ་དགོངས་དག་ཞུས་ཤོག གལ་སྲིད་ཚིག་མཛོད་བཟོ་མཁན་ནང་ཀརྨ་སྨོན་ལམ་ཡོད་པ་ཡིན་ན་ཚར་ཚར་བ་རེད། ཡི་གེ་སུམ་བརྩེགས་ཀྱིས་མི་ཚད་པར་དགུ་བརྩེགས་ཀྱང་བྲིས་ཡོང་གི་རེད། དེ་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་ཀློག་སྟངས་མ་ཤེས་པར་ཉམས་ཞིབ་ཚོགས་ཆུང་ཞིག་ཀྱང་འཛུགས་དགོས་ཐུག་གི་རེད།
ང་རང་གིས་ཀྱང་སྔོན་མ་ཞིག་ལ་བསམ་བློ་མ་བཏང་བར་གླེན་རྟགས་ཆེན་པོ་ཞིག་བསྟན་པ་ཡིན། ལྡུམ་རྭར་བསྐུར་བའི་རྩོམ་ཞིག་གི་ཐོག་ ནྰ་ཐ་ཛི་ཝ་ཏྲྰིར་ཀ ཡིན་ན་ཅིག་ཟེར་ནས་བཏང་བ་ཡིན། དེ་རིང་ཁྱེད་ཚོའི་མདུན་ནས་ངས་བོད་སྐད་དྭངས་མའི་ནང་ཆུ་རྙོགས་ཕོར་གང་བླུགས་པ་དེར་དགོངས་དག་ཞུ་རྒྱུ་ཡིན། དེ་མིན་མཐུག་པོའི་ཡི་གེ་ལྔ་དང་ལོག་ཡིག་དྲུག་དེ་སློབ་ཆུང་གི་སློབ་དེབ་ནང་ཡོད་པའི་རྒྱུ་མཚན་གྱིས་ས་མིང་ཆུ་མིང་སོགས་ལ་ གྷ་དྷ་བྷ་དང་ཊ་ཋ་ཌ་ཎ་སོགས་ད་རུང་ཡིན་ན་ཡང་བེད་སྤྱོད་གཏོང་གི་ཡོད། ཁྱེད་ཚོས་བགྲོ་གླེང་གནང་དང་བོད་མི་བྱིངས་ཀྱི་འདོད་པར་མ་བབས་ན་འདི་ཚོ་ཡང་རྩིས་མེད་བཏང་ནས་ཁྱེད་ཚོར་དགོངས་སེལ་ཐེངས་གཉིས་པ་ཞིག་ཞུ་རྒྱུའི་གྲ་སྒྲིག་བྱེད་གི་ཡིན།
སྤྱིར་བཏང་མང་པོ་ཞིག་འབྲི་ན་མི་འདོད་གི མཚམས་རེར་ངར་རེ་ལངས་དུས་ངེད་ཚང་གི་རྟ་ཕོ་ཁ་ཤེད་ཅན་རྐྱང་ཕྲུག་གིས་ཁུར་བ་བཞིན་ཁ་མི་ཐུབ་བ་ཤོར་འགྲོ་གི དགོངས་དག
མགོན་པོས་གསུངས་པ་དེ་རང་རེད། ཤེས་རིག་གི་དེབ་དེའི་མིང་ལ་སྒྲ་སྒྱུར་ལག་དེབ་ཟེར་བ་རེད། མི་ཚེ་འདིའི་ནང་ལ་དེབ་དེ་ལས་སྡུག་པ་ཞིག་མིག་གིས་མཐོང་མྱོང་མེད། དེབ་དེ་ཀརྨ་སྨོན་ལམ་གཙོ་བོ་བྱས་ཏེ་བྱས་ཏེ་ཉོག་སྒྲིག་བྱས་པ་ཞིག་ཡོད་ཚོད་ཡོད། དེབ་དེ་ཝ་ར་ན་སི་རུ་ལྟ་མཁན་གཉིས་གསུམ་རེ་མེད་འགྲོ གངས་སྐྱིད་ལས་བྱེད་ཝར་ན་ནས་ཡོང་བ་རེ་ཟུང་གིས་མགོ་ཚོས་ལ་མ་ཚོས་པའི་སྒོ་ནས་ཨ་གསར་ཚ་བའི་ངང་ལྟ་ཙམ་རེ་བྱེད་སྲིད། དེ་མིན་དེབ་དེའི་ནང་ན་ང་ཚོར་དགོས་པའི་སྒྲ་སྒྱུར་ཐ་སྙད་ཅང་མཐོང་མ་སོང་། གཅིག་བྱས་ན་ང་ལྐུགས་དྲགས་པས་མིན་འགྲོ
དྷ་རམ་ས་ལ་ན་དཔེ་ཆ་ཡག་པོ་མེད་ན་ཁྱི་ཡི་རྔ་མར་འདོགས་སྲོལ་ཞིག་ཡོད་པ་རེད་ཟེར་ནས་གོ་མྱོང་། དེ་འདྲ་ཡིན་ན་ཕྱི་རྒྱལ་གྱི་མི་མིང་ས་མིང་བོད་ཡིག་ནང་ཕབ་སྟངས་ཀྱི་ལྷན་ཐབས་དེ་ཁྱི་མོ་ཞིག་གི་རྔ་མ་བཏགས་ཤོག ཨ་བུ་རྒོད་པོ། གསར་བརྗེ་སྐྱབས།
གསལ་བཤད་བྱེད་རྒྱུ་ཞིག་ལ་ངས་ཁྱི་མོ་ཟེར་ནས་མོ་རིགས་ལ་དམའ་འབེབས་བྱས་པ་མིན་ད། ཁྱི་མོ་ཞིག་གི་རྔ་མར་བཏགས་ན་ཆགས་པས་གཟིར་བའི་ཁྱི་རྒན་ཚོས་ཁྱི་མོ་དེ་ལ་དེད་ལུང་དེད་བྱས་ནས་མི་མང་པོ་ཞིག་གིས་མཐོང་བའི་ཁྱད་ཡིན།
ཀླུ་སྨྱོན་དང་མགོན་ཕྱག་གཉིས་བདེན། སྒྲ་སྒྱུར་ལག་དེབ་ལ་བལྟས་མྱོང་ཡོད། དེ་ནི་ཕན་ཐོགས་པ་ཞིག་མ་རེད། ཡིན་ནའང་། གཞུང་གི་ལས་ཁུངས་ཤིག་ནས་བཏོན་པས་ཡིན་ནམ་ཅི། དེང་སང་ཁ་ཤས་ནས་དེ་ལ་གཞི་བྱས་ནས་བཀོད་ཅེས་བྲིས་ནས་ཡོང་མཁན་ཡང་འདུག་སྟེ། དེའི་ནང་ན་ཕན་ཐོགས་པ་ཞིག་ཧ་ལམ་མེད་པ་རེད། སྒྲ་སྒྱུར་ལག་དེབ་འཁྲུངས་ནས་རིང་པོ་མ་ཕྱིན་པར་གཤེགས་སོང་བའང་གནད་འདིས་རེད། ད་ནི་དེ་ཁྱི་རྔར་འདོགས་རྒྱུ་ཡིན་ན། ཁྱི་རོ་ཞིག་གི་མཇུག་མ་ལ་བཏགས་ན་ལས་གཞན་གྱི་འོས་མེད། རྡ་རམ་ས་ལ་ནས་ཁྱི་རྔར་བཏགས་པའི་དེབ་བྱུང་བ་རེད་ལ། ཁྱི་རྔར་འདོགས་རྒྱུར་ལྷག་བསྡད་ཡོད་པའི་སྙན་ངག་གི་དེབ་ཁ་ཤས་དེའི་རྗེས་ནས་སྒྲ་སྒྱུར་ལབ་དེབ་ཡིན་དཱ། རྡ་རམ་ས་ལའི་ཀློག་མཁན་ཚོ།
ཁྱི་རྔར་འདོག་དགོས་མིན་མི་ཤེས་ཏེ་དེབ་དེ་འདྲ་མང་དྲགས་ན་བོད་ཡིག་འབྲི་སྟངས་གཅིག་གྱུར་ཅན་གྱི་བསྟན་པ་དེ་ནུབ་པར་འགྱུར་བ་གདོན་མི་ཟ།
ཡ་ཡ་བོད་ཀྱི་སྲོལ་རྒྱུན་དུ་མེད་པ་གསར་བཟོ་བྱས་ཚད་དེ། ཁྱི་རྔར་འདོགས་དགོས་ཀྱི་ཡོད་ན། རང་མོས་སྙན་ངག་ཟེར་བ་དེ་ལ་ཡང་དེ་འདྲ་ཞིག་མི་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། བོད་ཡིག་འབྲི་སྟངས་གཅིག་གྱུར་དུ་མི་ཡོང་བ་ནི་གཅིག་པ་རེད་མི་འདུག་གམ། རྒྱན་སྦྱོར་སྟངས་སོགས་ཐ་དད་ཙམ་དུ་མ་ཟད། མཁས་དབང་མང་པོ་ཞིག་གིས་གཙོས་བོད་མི་བརྒྱ་ཆ་དགུ་བཅུ་ཙམ་གྱིས་ནང་དོན་གོ་ཐུབ་ཀྱི་མི་འདུག་པས་ཁྱི་རྔ་ལ་འདོགས་པའི་རྒྱུ་མཚན་ཕྱག་གཉིས་པས་་བཀོད་པ་དེ་ཚང་མི་འདུག་གམ།
ཨ་ཁུ་ཀླུ་སྨྱོན་ཨ་རི་ནས་རྒས་རུང་། ཨ་སྐད་ཡག་པོ་རང་རྒྱག་གི་མེད་ཚོད་འདུག ཧ ཧ ཧ ཀུ་རེ་ཡིན། གོང་དུ་ཉིད་ཀྱིས་བཀོད་པའི་ས་མིང་དེ་ཚོ་བོད་རང་གི་སྐད་དུ་་་་སྒྲ་གདངས་ཐག་གང་ཉེ་ཞིག་གི་ཚུལ་དུ་བྲིས་ན་འདི་འདྲ་རེད་བསམ་པ་ཞིག་དྲན་སོང་བས། གཟིགས་རོགས་ཞུ།
སྤྱིར་ན། བོད་པའི་སྐད་གཅིག་པུར་དཀའ་ངལ་འདི་ཡོད་པ་ཞིག་མ་རེད། འདི་སྐད་རིགས་སྤྱིར་ཡོད་པའི་དཀའ་ངལ་ཞིག་རེད་འདོད། ང་ཚོས་ནམ་རྒྱུན་ནས་མི་མིང་དང་ས་མིང་སྐད་སོར་བཞག་བྱེད་དུས། (འདི་ལ་མང་པོ་ཞིག་གིས་་་་་ སྒྲ་སྒྱུར་་་་ཟེར་བཞིན་འདུག་མོད། གནའ་བོའི་བོད་ཀྱི་་་་སྒྲ་སྦྱོར་བམ་གཉིས་པ་་་་སོགས་སུ་གསལ་བའི་་་་་སྒྲ་་་་་ཞེས་པ་དང་། སྒྲ་བཞིན་དུ་བསྒྱུར་བར་རིགས་་་་སོགས་འབྱུང་བ་དེར་གོ་བ་ལེན་ཁུལ་གྱིས་ཡིན་ན་ནི་ནོར་བ་རེད། སྐབས་དེའི་སྒྲ་ཞེས་པ་ནི་་་སྒྲ་རིག་པའམ་་་་ མི་རིགས་རང་རང་གི་་་བརྡ་སྤྲོད་རིག་པ་དང་མཐུན་པའི་སྒོ་ནས་སྒྱུར་བར་རིགས་་་་་ ཞེས་པའི་དོན་ཡིན་པར་འདོད།) ང་ཚོས་བོད་ཆོལ་ཁ་གསུམ་སོ་སོའི་དབྱངས་གསལ་གྱི་སྒྲ་འདོན་ལུགས་ལ་ཡང་བསམ་གཞིགས་ངེས་པར་དུ་བྱེད་དགོས་འདུག དཔེར་ན། David ཟེར་བའི་མི་མིང་འདི་ལ་མཚོན་ན། དབྱིན་སྐད་དང་ཧིན་སྐད་སོགས་སུ་སྒྲ་ཕྱེད་འདོན་ལུགས་ཡོད་པ་གོང་གི་དཔེར་མཚོན་འདི་དང་། བོད་སྐད་ལ་དེ་མེད་པས་བསྒྱུར་གཞིའི་སྐད་ཀྱི་གདངས་ཇི་བཞིན་ཐོན་མི་ཐོན་ཅི་རིགས་བྱུང་བ་རེད། གལ་ཏེ་འདི་ལ། ཌེ་ཝིཌི་་་་་་ སྒྲེ་བི་སྒྲི་་་་་ གང་རུང་དུ་སྒྱུར་ན། མདོ་ཁམས་པའི་ཀློག་ལྟར་ན་ཏག་ཏག་ཐོན་པ་གང་ཞིག་ལ། དབུས་སྐད་དུ་་་ Davidi ལྟ་བུའི་གདངས་ཐོན་པ་རེད། གང་ལྟར། འདི་ལ་་་་ ཁྲི་སྲོང་ལྡེ་བཙན་སྔོན་གྱི་ལུགས་ལྟར་་་་ བོད་རང་གི་སྒྲ་སྦྱོར་ཇི་བཞིན་བྲི་བར་རིགས་མོད་ཀྱི། དེ་ལ་ཡང་གཏན་ཆགས་ཀྱི་བྲི་སྲོལ་ཞིག་ཆགས་ཐུབ་དགོས་འདུག
France ཧྥུ་རན་སུ// ཧྥ་རན་སི།
Europ ཡུ་རོབ།//ཡུ་རོབཉ
London ལན་སྒྲན།//ལོན་ཌོན
New york ནེའུ་ཡོར་ཁུ།//ནིའུ་ཡོག
Moscow མོ་སུ་ཁོ།//མོ་སུ་ཁོ
Greece སྒི་རིག་སི།//གྷི་རི་ས། གྷི་རིཀ
Tokyo ཀྲོ་ཁྱོ།//ཊོག་ཡོ
George ཇོར་ལྗེ།//རྗོར་རྗི།
st peter སེ་ཀྲི། ཕིས་ཀྲར།// སན་ཊི ཕེ་ཊར།
སྙན་ངག་འབྲི་སྟངས་ནི་ཅི་ཙམ་སྟབས་བདེ་ན་དེ་ཙམ་མི་རབས་རྗེས་མས་དེ་ལྟར་དང་ལེན་བྱེད་བདེ། དེ་བཞིན་ཡི་གེ་འབྲི་སྟངས་ཀྱང་ཅི་ཙམ་སྟབས་བདེ་ན་མི་རབས་ཕྱི་མས་དང་ལེན་བྱེད་རྒྱུར་ཕན། ཀརྨ་སྨོན་ལམ་སོགས་ཀྱི་འབྲི་སྟངས་དེ་ནི་ད་ཡོད་བོད་ཡིག་འབྲི་སྟངས་སྟབས་བདེ་དེ་ལས་ལྡབས་ཀྱིས་མགོ་རྙོག་ཚ་བོ་ཞིག་རེད།
དྲང་མོར་བཤད་ན་ཀརྨ་སྨོན་ལམ་སོགས་ཀྱི་འབྲི་སྟངས་དེ་ནི་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་འབྲི་སྟངས་བདེ་བོ་དེར་གཏོར་བཤིག་གིས་སྐད་གསར་མ་བྱས་གོང་གི་འབྲི་སྟངས་མགོ་རྙོགས་ཚ་བོ་དེའི་དུས་རབས་སུ་ཕྱིར་ལོག་བྱས་པ་རང་རེད། དྲ་གྲོགས་ཚོས་གཟིགས་ན་དེ་ལྟར་མ་རེད་དམ། སྐད་གསར་བཅད་མ་བྱས་གོང་དུ་ལ་སྩོགས་པ་ཞེས་འབྲི་སྟངས་ཤིག་ཡོད་པ་དེ་ཡང་སྐད་གསར་བཅད་ཀྱི་དུས་སུ་ལ་སོགས་པ་ཞེས་སྟབས་བདེ་རུ་བཏང་བ་རེད། ཡིན་ན་ཡང་མཁས་རློམ་པ་ཀརྨ་སྨོན་ལམ་སོགས་དེའི་ཡར་སྔོན་གྱི་ལ་སྩོགས་པ་ཞེས་པའི་འབྲི་སྟངས་དེའི་ནང་དུ་རང་འཇགས་ལོག་རྩིས་རང་རེད།
ཆད་པ།
སྐད་གསར་
སྐད་གསར་བཅད་་་་་
དེ་བཞིན་སྐད་གསར་བཅད་མ་གོང་དུ་རྗེས་འཇུག་འ་ཡིག་འདི་ཐ་སྙད་ཀུན་དང་མཉམ་པོར་ཡོད་པའི་ལུགས་སྲོལ་དེ་ཤེས་པའི་ཆེད་དུ་ངའ་ཚོའ་ཟའ་མཟ་ཉོའ་རུའ་འགྲོའ། ཞེས་པའི་འ་ཡིག་དེ་སྐད་གསར་བཅད་ཀྱིས་མེད་པར་བཟོས་པ་དེར་ངོ་ལོག་རྒྱག་པའི་ཆེད་དུ། འ་ཡིག་སོགས་བརྩེགས་མ་མང་དུ་བཏང་ནས་འབྲི་གི་ཡིན་ཟེར་གི་ཡོད་པ་རེད།
མི་རབས་རྗེས་མར་སྟབས་བདེན་མིན་གྱིས་བཤད་ཀྱི་ཡོད་ན། སྙན་ངག་གིས་མ་རྒྱན་ནས་བྲིས་ན་ཡག་ཤོས་དང་། ད་ལྟའི་དུས་ཀྱི་འགྱུར་འགྲོས་ལ་བལྟས་ན། དབྱིན་ཇིས་ཀྱི་ཡི་གེ་རང་བེད་སྤྱོད་བྱས་ནས་བོད་ཡིག་ནང་ལ་བྲིས་ན་མི་རབས་རྗེས་མར་བོད་ཡིག་ཐོག་ཏུ་བྲིས་པ་ལས་ཀྱང་སྟབས་བདེ་ཙམ་ཡོང་བ་འདྲ། ལྷག་པར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་རྣམས་ཀྱི་བུ་རམ་དུ་འགྱུར་བ་ནི་ངེས།
མ་གོང་
མ་བྱས་གོང་་་་
སྙན་ངག་འབྲི་སྟངས་འདི་ནི་རྒྱན་གྱིས་དེ་ཙམ་མ་སྤྲས་པའི་སྒོ་ནས་དར་ཁྱབ་ཆེ་རུ་འགྲོ་རྒྱུ་ཡིན་པ་ནི་ང་ཚོས་ཤེས་གསལ་རེད། ཡིན་ན་ཡང་ཡི་གེ་འབྲི་སྟངས་ནི་ཀརྨ་ཅན་སོགས་ལྟར་བཞི་བརྩེགས་ལྔ་བརྩེགས་དང་ལེགས་སྦྱར་ཡི་གེ་འབྲི་སྟངས་དེ་རང་གི་རྔ་མར་འཇུས་ནས་སོང་ན་ཚད་གང་ཞིག་ཏུ་བསླེབ་རྒྱུ་རེད་འདོད།
སྔོན་མར་ཨ་རིའི་གསར་ཁང་ཆེ་ཤོས་ཉིག་ཉོར་ཁུ་དུས་བབ་ཚང་གིས་ཐ་སྙད་གོ་བདེ་བོ་དག་བེད་སྤྱོད་ཀྱི་གསར་བརྗེ་བྱས་པ་བཞིན་ང་ཚོས་ཀྱང་གསར་ཤོག་དང་དུས་དེབ་སོགས་སུ་དེང་སྐབས་རྒྱུགས་ཆེ་བའི་ཐ་སྙད་རིགས་བེད་སྤྱོད་བྱེད་དགོས་པ་མ་གཏོགས། གནའ་སྔ་མོའི་ཨ་རིང་༁་ཐུང་ཅན་དང་བརྩེགས་མ་མང་བའི་ཐ་སྙད་རིགས་བེད་སྤྱོད་གཏོང་དགོས་དོན་གང་ཡིན་ནམ།
སྤྱིར་གུས་པས་འདི་ལ་ཉེན་ཁ་ཆེན་པོ་གང་ཡང་མཐོང་གི་མེད། གང་ཡིན་ཞུས་ན། སྔོན་ནས་ལེགས་སྦྱར་ཀྱི་སྐད་ཡིག་དེ་བོད་ཡིག་ནང་དུ་དེ་བཞིན་བྲིས་པ་དེ། ཐོན་མི་ཚུན་ཡོད་པར་ངེས་ཀྱང་དེས་ཤུགས་རྐྱེན་ཐེབ་ནས་སྐྱོན་འདི་འདྲ་ཞིག་བྱུང་འདུག་ཟེར་བ་ལར་ནས་མེད།
ངས་ཉེས་ཁ་ཆེ་ཤོས་དེ་རང་མོས་སྙན་ངག་འདི་མཐོང་གི་ཡོད། འབྲི་དུས་སྟབས་བདེ་བོ་ཡོད་འགྲོ། སྙན་ངག་ཡིན་དང་མ་ཡིན་ཟེར་བའི་བདེན་དཔང་བྱེད་པའི་གཞུང་ནི་མེད་པས་རང་མོས་གང་ཤར་དུ་འབྲི་ཆོག་པས་རེད། ཡིན་ནའང་སྟབས་བདེ་བ་དེ་ལ་དགའ་མོས་བྱས་དྲག་ན། རང་རེའི་རིགས་གནས་ལྔའི་གཞུང་ལུགས་རྒྱན་གྱིས་བརྒྱན་པ་རྣམས་གྱི་གོ་དོན་དེ་ལོན་ཡ་དཀའ་ཞིང་དཀའ་ལ་འགྲོ་བྱེད་། རང་མོས་གང་ཤར་འབྲི་ཡ་དེ་སླ་རུ་སླ་རུ་འགྲོ་ངེས།
ཡེ་གེ་བརྩེགས་ནས་བྲིས་པ་དེ་རྣམས་སྔོན་གྱི་མཁས་པ་པཎྜི་ཏ་རྣམས་ཀྱིས་སྲོལ་གཏོད་ཟིན་པ་རེད། རང་མོས་སྙན་ངག་འདི་ནི། སོ་སོའི་སེམས་ཀྱི་དཀའ་སྡུག་དེ་ཚིགས་ཐོག་ནས་ཇི་བཞིན་བཤད་ན་རྒྱ་གཞུང་གིས་མནར་བཅོད་གཏོང་བའི་འཇིགས་སྣང་གིས་ཇི་བཞིན་འབྲི་མ་ནུས་ནས། ཕྱི་རྒྱལ་གྱི་ལུགས་ཀྱི་འབྲི་སྲོལ་ཞིག་སྙན་ངག་ཏུ་བཏགས་ནས་རྒྱ་ཆབ་ཆེ་རུ་སོང་བ་རེད།
འདིས་གནས་སྐབས་སེམས་ཀྱི་འཚོར་བ་དེ་ཅུང་ཟད་ཕྱི་རུ་གཏོན་ནསགཞན་གྱིས་དོན་རྟོགས་རུང་མ་རྟོགས་རུང་སོ་སོས་གཅིག་ལབ་བཞག་ཡོད་བསམ་པའི་སེམས་ལ་ཅུང་་ཕན་པ་འདྲ་ཡོང་གི་ཡོད་ས་འདུག་ཡིན་ནའང། སྙན་ངག་འདི་སྲོལ་རྒྱུན་གཏོར་གཤིགས་ཚབ་ཆེན་བྱེད་པའི་ཐོ་བ་ཞིག་རེད་འདུག་སྙམས།
ཨ་རོགས་མགོན་ཕྱག ཁྱོས་བཤད་རག་བར་དུ་ངས་དྲན་མ་སོང་། ཁྱི་རྔ་ལ་འདོགས་དགོས་བསམ་ནས་འགྲོ་སྐབས་སྐུ་མདུན་གྱི་མཛད་རྣམ་དང་ལྷན་ཐབས་སུ་བཀོད་འདུག་པས་སྤོབས་པས་འདང་མ་སོང་། ཡར་བཞག་ན་ཁྱི་རྔ་ལ་འདོགས་དགོས་པ་དེ་འདྲ་འདུག མར་གཡུགས་དགོས་བསམ་ན་སྐུ་མདུན་གྱི་མཛད་རྣམ་རེད། ད་ཅི་དྲག ཨ་ལ་སྐུ་རྩེད་ཞུ་བ་ཡིན།
ད་དུང་ཀླུ་རིན་པོ་ཆེ་ཉིད་ཀྱིས་གསུངས་ཚུལ་ལྟར་ན། རྗེས་མར་དེ་ལས་ཀྱང་མགོ་བརྙོགས་ཆེ་ཙམ་ཆགས་པའི་ཉེས་ཁ་འདུག དཔེར་ན་བྷོ་ཌ་། ལ་རྦོ་འདྲ་ཟེར་བྲིས་པ་ཡིན་ན། བོད་མི་ཕལ་ཆེ་བ་རྣམས་ཀྱིས་ཚིགས་འདི་ལེགས་སྦྱར་ཀྱི་སྐད་ཡིན་ནམ། བོད་ཡིག་སྐད་ཡིན་ཁྱོན་ནས་དབྱེ་བ་འབྱེད་ཤེས་ཀྱི་མ་རེད། གལ་སྲིད་ཉིད་ཀྱིས། བྷོ་ཌ་ཞེས་བྲིས་པ་ཡིན་ན། བོད་སྐད་མིན་པ་བོད་ཡིག་ཀློག་ཤེས་མཁན་ཚུན་གྱིས་རྟོགས་ཐུབ་ཀྱི་རེད། གལ་སྲིད་བརྩེགས་མ་སོགས་བོད་ཡིག་གིས་ཕྱི་རྒྱལ་གྱི་སྐད་རིགས་བྲིས་པ་རྣམས་ཁྱི་རྔ་ལ་ནག་ཉེས་ཅུང་ཟད་ལ་བརྟེན་ནས་འདོགས་དགོས་ཀྱི་ཡོད་ན། བོད་ཡིག་སུམ་བརྟགས་དག་གསུམ་གྱིས་འགྲོ་སྟངས་དང་མཐུན་པར་བེད་སྤྱོད་བྱས་ནས་ཕྱི་རྒྱལ་གྱི་མིང་ཚིག་བྲིས་ན་དེ་ལས་ཀྱང་འདོགས་དགོས་པར་ངེས། གང་ཡིན་ཞུས་ན་ནག་ཉེས་དེ་ལས་ཆེ་བའི་ཕྱིར།
རིག་པའི་ག་རེ་ཡིན་ན་ཅིག་ཟེར་བ་འདི་ཡང་ཀླད་རྙིང་ཟེར་ན་ང་ཡིན་ཟེར་མཁན་ཞིག་རེད།
དྲྭ་གྲོགས་མང་པོས་བསམ་ཚུལ་ལ་བོད་ཡིག་བཀོལ་སྤྱོད་བྱེད་དེ་དབྱིན་སྐད་ཀྱི་སྒྲ་གང་ཐོན་བྲིས་ན་མི་འགྲིག་ཟེར་བ་དེ་རེད། རྒྱུ་མཚན་གཙོ་བོ་དེ་ནི་གལ་ཏེ་དེ་འདྲ་བྱས་ནས་བྲིས་ན་ངས་ཀློག་ཐུབ་ས་མ་རེད་ཟེར་བ་དེ་ལས་རྒྱུ་མཚན་ཡག་ག་ཞིག་གཏན་ནས་བཤད་ཡག་མི་འདུག་་་་་་་་་་་་་་་
གཅིག་བྱས་ན་ལྷན་རྒྱས་ཚོའི་ནང་ནས་ཀླུ་སྨྱོན་ལྟ་བུ་ཞིག་ལོ་མང་རིང་ཕྱི་རྒྱལ་ལ་བསྡད་བསྡན་ནས་དབྱིན་སྐད་ཡག་པོ་འདྲ་ཆགས་སོང་ན་ཁོ་རང་གིས་ཧྥ་རན་སི་ལབ་རྒྱུ་ལྟ་ཞོག་མི་ཞིག་གིས་དེ་འདྲ་ལབ་ནའང་བློ་མི་བདེ་བ་ཞིག་ངང་གིས་ཡོང་རྒྱུ་རེད་་་་་་་་་་་་་་་
ང་རང་གཞིས་ཆགས་སུ་སྐྱེས་པ་ཞིག་ཡིན་པས་གཞིས་ཆགས་ཀྱི་སྐད་དང་ཀྲི་སི་ཝི་ཡི་སྐད་དེ་གཉིས་ཡག་ཐག་ཆོད་ཤེས་ཀྱི་ཡོད་ཀྱང་བོད་སྐད་ཡག་པོ་ཤེས་པའི་རྗེས་སུ་དེ་ཚོ་རང་གིས་རྒྱབ་རྒྱུ་ལྟ་ཞོག་གོ་ནའང་བློ་མ་བདེ་བ་ཞིག་ངང་གིས་ཡོང་གི་འདུག་་་་་་་་་་་་་་་་་་་་་་་་་་་་
དཔེར་ན་མནའ་བསྐྱལ་དུས་ཡི་ཞེ་དང་སྡིགས་ར་བསྐུལ་དུས་ཨ་མས་དང་འཕྱ་དུས་བྱང་ཐང་ལོག་རྒྱུག་དང་ཆ་ཚང་ལ་པུ་ར་དང་ཐ་ན་གདངས་ཐེན་སྟངས་ཚུན་ཆད་སྐྱུག་དྲོ་བ་ཞིག་རེད་འདུག་་་་་་་་་་་་་
ཤེས་ཡོན་ཡོད་ཟེར་བའི་ཁྲོད་དུའང་དབྱིན་སྐད་ཀྱི་ཤུགས་རྐྱེན་དར་རྒྱས་སུ་འགྲོ་བཞིན་པ་དཔེར་ན་ཆ་ཤེས་ལེན་ take part ལ་སོགས་པ་མང་པོ་ཆོམ་རྐུན་བཞིན་དུ་རྐང་འཇབ་ལག་འཇབ་བྱས་ནས་ཡོང་བ་འདི་དག་ལ་དོ་སྣང་ཆེ་ཙམ་བྱེད་འོས་པ་དང་དགོས་པ་ཞིག་ཡིན་མོད་་་་་་་་་་་་་་་་
དེ་མིན་རྩོད་པ་འདི་ལྟ་བུ་དེ་ཚོ་དེ་སྔའི་ངང་པ་མ་རེད་ངང་བ་རེད་ཟེར་བ་དང་གཅིག་མཚུངས་སུ་མཐོང་སོང་་་་་་་་་ ཨ་མདོ་བ་ཚོ་ལ་ཟུར་ཟ་རྩ་ནས་མིན་འདི་རང་ལ་གྲགས་མ་གྲགས་དང་ཆ་རྒྱུས་ཡོད་མེད་ཀྱི་སྐད་ཆ་ཞིག་ལས་གནད་འགག་ཆེ་བ་ཞིག་ཅང་རེད་འདུག་གམ་་?
ང་ཚོས་མི་ཕར་ཕྱོགས་ཀྱི་བསམ་བློའི་འཆར་ཡན་ལ་གོ་འདོད་གཏན་ནས་མེད་པར་རང་གི་བསམ་དོན་ཁོ་ན་བཙིགས་ཆེ་བར་བྱས་ཏེ་བདེན་སྙམ་པ་འདི་གང་ནས་བལྟས་ཀྱང་ཡར་རྒྱས་ཀྱི་འགག་རྡོ་ཞིག་མ་རེད་དམ་སྙམ་་་་་་་་་་་་་་་་་
སྙན་ངག་ལ་རིག་གསར་གྱིས་ཅི་ཙམ་ཤན་ཤུགས་ཐེབས་ན་ཡང་སྙན་ངག་དེ་བརྒྱ་ཆ་མི་ཟིན་པའི་བོད་མི་ཧ་ཅང་ཉུང་ཉུང་གི་མ་གཏོགས་སྤྱོད་ཡུལ་མིན་པས་སེམས་ཁྲལ་ཆེན་པོ་ཞིག་བྱེད་དགོས་དོན་མེད། ཡི་གེ་འབྲི་སྟངས་ཟེར་དུས་བརྒྱ་ཆའི་ཚད་དགའ་རབ་ཅིག་ཟིན་པའི་བོད་ཡིག་འབྲི་ཀློག་འཕེར་བ་ཆ་ཚང་གི་དོན་ཞིག་ཡིན་པས། འདི་གཉིས་ཉ་ཉུང་མ་བསྲེ་རོགས།
དཔེ་དེབ་ཁྱི་རྔར་འདོག་པའི་ཚད་དེ་པད་མ་བཀའ་ཐང་ན་ཧ་ཅང་གསལ་བོ་ཞིག་ཡོད། ངས་དེ་ཉིན་འགའི་སྔོན་མཐོང་སོང་། རྙེད་མ་ཐག་སྤྱན་བསྟར་ཞུ་རྒྱུ་ཡིན།
དཔེ་དེབ་ཁྱི་རྔར་འདོག་པ་ཙམ་ཞིག་གིས་མི་ཚད་པར། རྩོམ་པ་པོའི་ལག་པ་ཡང་གཅོད་ཀི་ཡོད་བསམས་སོང་།
ཕྱི་རྒྱལ་གྱི་མིང་གང་ཞིག་བསྒྱུར་ནའང་གཞན་སྐད་ཀྱི་སྒྲར་བསྟུན་དགོས་པ་གལ་ཆེན་རེད་དྲན། དེ་བཞིན་བོད་ཕྱི་ལོགས་ཀྱི་བོད་པ་ཚོས་ཕྱི་རྒྱལ་གྱི་ས་མིང་ཆུ་མིང་སོགས་བསྒྱུར་དུས། ཕྱི་རྒྱལ་གྱི་སྒྲ་གདངས་ལྟར་ཏག་ཏག་ཅིག་ཡོང་གི་མེད་པའི་དབང་དུ་བཏང་ནའང༌། དེ་དང་འདྲ་པོ་ཞིག་དང་ཐག་ཉེ་བོ་ཞིག་འབྲི་གིན་ཡོད་པ་ནི་དོགས་པ་རྩ་བྲལ་རེད། ང་རང་གིས་བཤད་འདོད་པ་ནི་བོད་ནང་ཡིན། བོད་ནང་གི་བོད་མི་ཚོས་ཕྱི་རྒྱལ་གྱི་མིང་སོགས་འབྲི་དུས་རྒྱ་སྐད་ཀྱི་གདངས་ཁོ་ནར་གཞི་བཅོལ་ཏེ་འབྲི་གིན་འདུག་སྟབས། མིང་གང་ཞིག་གི་ཟུར་དུ་གུག་རྟགས་ཤིག་གི་ནང་དུ་ཕྱི་རྒྱལ་གྱི་མིང་ངོ་མ་དེ་མེད་ཚེ། ཤེས་ཁག་པོ་རེད། ཅི་ལྟར་ྋཐྲྤཀློག་ནའང་ྋཐྲྤཀླད་པའི་རྫོང་མཐུག་ས་ཞིག་ཏུ་མུན་པ་སྟུག་པོ་ཞིག་འཁྱིལ་བ་ལས་གཅིག་ྋཐྲྤཀློག་ཀུན་གྲོལ་དེ་འདྲ་མ་རེད། དཔེར་ན། ཉེ་ཆར་བོད་ནང་གི་གྲོགས་པོ་ཞིག་གིས་བཤད་དོན། ཁོས་ནུབ་ཕྱོགས་རྩོམ་རིག་ལ་སློབ་སྦྱོང་བྱེད་གི་ཡོད་ཟེར། ནུབ་ཕྱོགས་ཀྱི་རྩོམ་རིག་པ་ཁ་ཤས་ཀྱི་མིང་ཡང་བཏོན་སོང༌། ངས་ཅི་ལྟར་བྱས་ཀྱང་ཤེས་མ་སོང༌། ཕྱིས་སུ་ཁོས་མིང་བཏོན་པའི་རྩོམ་པ་པོ་དེ་ཚོའི་མིང་དབྱིན་ཡིག་རང་འཇགས་བྱས་ཏེ་བསྐུར་འདུག ལམ་ཁ་འདི་བརྒྱུད་དེ་ངས་གོང་གི་རྩོམ་པ་པོ་དེ་ཚོའི་ནང་གི་ཁ་ཤས་ཤིག་ངོ་ཤེས་བྱུང༌། གལ་སྲིད་བོད་ཕྱི་ལོགས་སུ་ཡོད་པའི་མི་ཞིག་དང་ལྷན་དུ་གླེང་མོལ་འདི་བྱུང་བ་ཡིན་ན་ངེད་གཉིས་ལ་དཀའ་ངལ་དེ་འདྲ་ཞིག་འཕྲད་ཀྱི་མ་རེད་སྙམ།
མགོན་ཕྱག་ལགས།
ཁྱེད་ནས་བོད་ཡིག་ལ་བཙན་གཡེམ་བྱས་འདུག་ཅེས་སྐད་ལོག་རྒྱག་བཞིན་དུ་“ཕ་རན་སི”ལ་“ཧྥ་རན་སི”ཞེས་གོ་མི་བདེ་བའི་མགོ་རྙོག་འདི་འདྲ་ཅིའི་ཕྱིར་བྲིས།
ངས་བལྟས་ན་གོ་རྒྱུ་དང་ཕན་ཐོགས་ཅི་ཡང་མེད་པའི་ཡི་གེ་འདི་“ཧྥ་རན་སི”ལྟ་བུ་ལ་བོད་ཡིག་ལ་བཙན་གཡེམ་ཞེས་བརྗོད་ན་འོས་པར་འདུག དེ་ལ་སྒྲ་གདངས་དང་དག་ཆ་སོགས་གང་ལའང་ཕན་ཐོགས་མེད་པ་གསལ་པོ་རེད། གལ་ཏེ་ཡིན་ཅིག་མིན་ཅིག་བྲིས་ན་“ཕྷརན་སི”ཞེས་བྲིས་ན་ཅུང་ལེགས་པར་སྣང་།
གཞན་ཡང་། New York ནིའུ་ཡོག་ལ་ཉིག་ཡོག་བྲིས་པའང་བཙན་གཡེམ་རེད།
ཕ་རན་སི་ཞེས་བཀླགས་ན་མིང་ཡིག་དང་པོ་ཕ་ཡིག་དེ་ཁ་བཙུམས་པ་དེ་གདངས་ནས་ཀློག་དགོས་པས་Fཡི་སྒྲ་གདངས་ཇི་བཞིན་མི་ཐོན་ཞིང་། ཧྥ་ཞེས་ཀློག་དུས་མ་མཆུ་དང་ཡ་སོ་གཏུགས་པའི་བར་ནས་འབྱུང་བའི་སྒྲ་གདངས་དེས་Fཡི་སྒྲ་གདངས་དེ་ཇི་བཞིན་ཐོན་ཐུབ། ཡིད་མི་ཆེས་ན་ཚོད་ལྟ་ཞིག་བྱོས་དང་། ཕྷ་ཡིག་འདི་ཡང་ཧྥ་ཡིག་ཡོད་བཞིན་དུ་སྣོན་པ་བརྒྱབ་པ་ཞིག་ཡིན་པས་འདོར་བར་རིགས་སོ།།
སྔ་མོའི་ལུགས་ཟེར་ནས་སྔོན་བསྒྱུར་བའི་བསྟན་བཅོས་ཚང་མ་མཉམ་གཅིག་ཏུ་བསྒྲིལ་ནས་བཤད་པ་འདི་ནི་མ་བརྟག་མ་དཔྱད་པའི་སྦོམ་བཤད་གཟུར་གནས་མཁས་པའི་མདུན་ནས་ངོ་ཚ་དགོས་པ་གླེང་མི་འོས་པ་ཞིག་རེད།
ལེགས་པོ་ཞིག་བརྟག་པ་ཡིན་ན་བསྟན་པ་སྔ་དར་གྱི་འགྱུར་དང་ ཕྱི་དར་གྱི་འགྱུར། དེ་མིན་ད་བར་ལོ་ཙྰ་བ་བརྒྱ་ཕྲག་མང་པོ་བྱུང་བའི་ལོ་ཙྰ་བ་རེ་རེའི་འགྱུར་ལའང་མ་འདྲ་བའི་ཁྱད་ཆོས་རེ་ཡོད་རྒྱུ་རེད། དེ་ནས་ཡར་དེད་ན་སྲོང་བཙན་སྔོན་གྱི་འགྱུར། སྲོང་བཙན་སྔོན་ལའང་འགྱུར་མེད་པ་མིན་པ་འདྲ་སྟེ། དེང་དུས་ཀྱི་སྐད་གཉིས་སྨྲ་བ་དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོ་གཉིས་ནས་བརྩམས་གནང་བའི་བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་སྐོར་གྱི་དེབ་རྣམ་གསལ་མེ་ལོང་ལ་ཅིག་ལྟོས་དང་གསལ། ཁོང་གཉིས་ཀྱིས་ ་་རྒྱལ་རབས་བོན་གྱི་འབྱུང་གནས་་ ལས་ལུང་དྲངས་པ་ལྟར་ན། ་་མུ་ཁྲི་བཙན་པོས་བསླབ་པའི་དོན་གོ བསྒྲུབས་པའི་དོན་གྲུབ། བསྒོམས་པའི་དོན་རྟོགས་ནས་སྟག་གཟིག་ལ་སོགས་འཛམ་གླིང་གི་ལོ་ཙྰ་བསྒྱུར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱད་དང་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་་ ཞེས་དང་ཡང་། ་་རྣམ་འབྱེད་འཕྲུལ་ལྡེ་་ ལས་ལུང་དྲངས་པ་ལྟར་ན། ་་ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། སྐད་ཡིག་བསྒྱུར་བའི་ལོ་པཎ་རེ། བྱ་ཐབས་གསུང་རབ་རེ་རེ་བཞག་་ ཅེས་འདུག་པ་དེ་ཚོ་ཡང་བོན་པ་ཚོས་རྫུན་བཤད་པ་རེད་ཟེར་རྒྱུ་ཡིན་ནམ། བརྟག་པར་བྱ་བ་མང་པོ་འདུག་ག དེས་ན་སྔ་མོའི་ལུགས་ཟེར་བ་དེ་གང་ལ་ཟེར་གི་ཡོད། ཆོས་རྒྱལ་ཚོའི་སྐབས་བསྒྱུར་བ་དེ་ཚོའང་རྗེས་མ་རྗེས་མའི་ལོ་པན་ཚོས་གོ་དཀའ་བ་བྱུང་བར་བརྟེན་སྐད་གསར་བཅོས་ཐེངས་འགའ་ཤས་བྱེད་དགོས་བྱུང་འདུག་ག དེས་ང་ཚོས་གོ་བརྡ་ག་རེ་སྤྲོད་གི་འདུག
སྔོན་མ་སྔགས་ཡིག་འདྲ་བོ་སུམ་བརྩེགས་ཉིས་བརྩེགས་བྲིས་པའང་མང་པོ་ཞིག་ཡོད་པ་དེ་བདེན་པ་རེད། ཡིན་ནའང་དེ་ཚོ་རྗེས་ཀྱི་ལོ་ཙ་བ་ཚོས་སྔོན་མའི་དེ་ཅི་མ་ཅི་བཞིན་མ་བྲིས་པར་སླ་རུ་སླ་རུ་ཕྱིན་པ་དེས་ང་ཚོར་ག་རེ་སློབ་སྟོན་བྱེད་ཀྱི་ཡོད་རེད། དེ་ནི་རྗེས་མ་རྗེས་མ་ཚོས་མ་ཤེས་པ་དང་ཀློག་མབདེ་བའི་རྒྱུ་མཚན་གྱིས་དེ་ལྟར་ཆགས་པ་རེད། མདོར་དེད་ན་དེའི་རིགས་མི་རབས་རྗེས་མ་ཚོས་དང་ལེན་མ་བྱས་པ་རེད། དེ་ཚོ་སྤྱི་ཚོགས་དང་ཁྱོན་ནས་མ་འཚམས་པ་རེད། དཔེ་བཞག་ན་མང་པོ་བཤད་དགོས་པ་མི་འདུག ཨུཏྤལ་ལྟ་བུར་མཚོན་ན་དེ་ལ་འབྲི་སྟངས་མ་འདྲ་བ་ག་ཚོད་ཅིག་འདུག ཀུནྡ་ལྟ་བུར་ཀུ་མུ་ད། ཀུན་ད་ཟེར་བ་ག་ཚད་བྲིས་འདུག འདི་ཚོ་རང་སྐད་དང་མ་འཚམས་ནས་ལོ་ཙ་བ་རྗེས་མ་ཚོས་རང་སྐད་དང་མཐུན་པ་ཞིག་ཏུ་བསྒྱུར་བཅོས་བྱས་པ་རེད། ཐ་ན་ལོ་ཙྰ་བ་འགའ་རེ་དེ་འདྲ་བརྩེགས་མ་ཅན་བོད་མིས་མི་ཤེས་པ་ཞིག་བོད་མིའི་སྤྱི་ཚོགས་ནང་ཁྱེར་ཡོང་སྒྱུར་མགོ་ན་ནས་ས་མིང་ཅུ་མིང་སོགས་ཀྱང་བོད་སྐད་དུ་བསྒྱུར་བ་རེད། སྔོན་མའི་འགྱུར་དེ་ཚོ་མཁྲེགས་དྲགས་པར་བརྟེན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བསྒྱུར་བའི་ཐབས་ལམ་བཞི་སྟེ་སྒྲ་བསྒྱུར། དོན་བསྒྱུར། ཐད་བསྒྱུར། ཐད་ལོག་གཏན་ལ་འཁེལ་སྐད།
ཁོང་གཉིས་ཀྱི་དེབ་དེའི་ནང་བཀོད་པ་ལྟར་ན། སྒྲ་བསྒྱུར་ནི། སྐད་རྐྱང་བ་གོ་དོན་འགྲེལ་དཀའ་བའི་རིགས་དང་བོད་དུ་མེད་པའི་ཤིང་དང་སྨན། སྲོག་ཆགས། ས་མིང་། གྲོང་ཁྱེར་གྱི་མིང་སོགས་རྒྱ་གར་སྐད་ཐོག་རང་སོར་བཞག་རྒྱུ། མིང་གཅིག་དོན་མང་པོ་ལ་འཇུག་པ་རྣམས་དོན་གཅིག་ཁོ་ནར་བསམས་ནས་མ་བསྒྱུར་བར་རྒྱ་གར་གྱི་སྐད་རང་སོར་འཇོག་རྒྱུ། གསང་སྔགས་ཀྱི་གཞུང་དོན་བོད་སྐད་དུ་བསྒྱུར་སྐབས་གོ་ལོག་ཐེབས་ཉེན་ཡོད་པ་རྣམས་རྒྱ་གར་སྐད་རང་སོར་འཇོག་རྒྱུ་བཅས་ཡིན་འདུག
དེ་ནས་དོན་བསྒྱུར་ནི། སྒྲ་རིག་པ་དང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་དང་མི་འགལ་བའི་ཐོག་བརྗོད་དོན་མ་ནོར་བར་སྟོན་ཐུབ་པ་དང་། རྗོད་བྱེད་ཀྱི་ཚིག་གསལ་ཞིང་བོད་མི་རང་ཉིད་ཀྱིས་གོ་བདེ་བ་གཙོ་བོར་བྱ་དགོས་པ་བཅས་དང་།
ཐད་བསྒྱུར་ནི་རྒྱ་གར་སྐད་ཀྱི་གོ་རིམ་དང་མཐུན་པར་བོད་སྐད་དུ་བསྒྱུར་རྒྱུ་དེ་རེད་འདུག
ཐད་ལོག་ནི་རྒྱ་གར་གྱི་སྐད་ཀྱི་གོ་རིམ་ལྟར་བསྒྱུར་ན་དོན་མི་གསལ་བའམ་ཡང་ན་གོ་ལོག་ཐེབས་ཉེན་ཡོད་པ་རྣམས་གོ་རིམ་བརྗེས་ནས་བོད་མི་རང་ཉིད་ཀྱིས་གོ་བདེ་བ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་འདུག
གང་ལྟར་གཞུང་དང་མ་འགལ་བའི་ཐོག་ནས་བོད་མིས་གོ་བདེ་བ་གཙོ་བོར་བཟུང་འདུག ས་མིང་སོགས་རང་སོར་བཞག་རྒྱུ་ཟེར་བ་དེ་གཞན་སྐད་དེ་ཇི་བཞིན་རང་སོར་འཇོག་གི་ཡིན་ཟེར་བ་མིན་པར་རང་སྐད་ནང་དེའི་སྒྲ་དེ་རང་སོར་འཇོག་གི་ཡིན་ཟེར་གི་ཡོད་པ་དེ་ཤེས་པར་གྱིས། ཁྱེད་ཚོས་དེ་ལྟར་མི་འདོད་ན་དབྱིན་སྐད་ཀྱི་ས་མིང་ཆུ་མིང་དེ་ཚོ་བོད་སྐད་ནང་དབྱིན་སྐད་རང་བྲིས་ཤིག རྒྱ་མིའི་ས་མིང་ཆུ་མིང་དེ་ཚོ་བོད་ཡིག་ནང་རྒྱ་ཡིག་འབྲི་རོགས་གནང་། བོད་ཡིག་དང་ལེགས་སྦྱར་སྐད་གཉིས་ཀྱང་སྐད་མ་འདྲ་བ་གཉིས་རེད།
མདོར་དེད་ན་། ཁྱེད་ཚོས་ཡི་གེ་དགུ་བརྩེགས་ཞབས་ན་འ་ཡིག་རེ་མནན་བསྡད་ཡོད་པ་དེ་འདྲ་བྲིས་ན་སྔོན་མའི་ལོ་ཙྰ་བ་བཀའ་དྲིན་ཅན་དེ་ཚོའི་གཏན་ལ་ཕབ་པའི་སྒྱུར་སྟངས་དེ་ལ་བརྩི་མེད་རྡོག་རོལ་བྱས་པ་མ་ཟད་བོད་སྐད་དང་མི་འཚམས་པ། བོད་མིའི་སྤྱི་ཚོགས་དང་མི་འཚམས་པའི་ཉེས་པ་བསམ་བཞིན་དུ་བྱས་པ་ཞིག་ཅི་ལ་མིན། བོད་ཕྲུག་ལོ་གཞོན་རྣམས་བོད་ཡིག་དང་རྒྱང་ཐག་རིང་དུ་འགྲོ་བར་བསམ་བཞིན་དུ་བྱུས་གཞི་བཏིང་བ་ལྟ་བུའི་གནག་སེམས་ཀྱི་ལས་ཀ་ཞིག་རེད་ཅེས་བཤད་ནའང་མ་ཆོག་པ་མི་འདུག དེ་རིང་ནས་དེའི་རིགས་འབྲི་བ་མཚམས་བཞག་ན་བཟང་།
ངས་བལྟས་ན་རྒྱལ་ཁབ་གཞན་གྱི་སྒྲ་གདངས་ཇི་བཞིན་འཐོན་ཐབས་བྱ་རྒྱུ་འདི་གལ་ཆེན་ཞིག་ཏུ་མ་མཐོང་། འོན་ཀྱང་དག་ཆ་ཇི་ལྟ་བ་བཞིན་ཐོན་རྒྱུ་ནི་ལོ་རྒྱུས་སོགས་ཡིག་ཆ་གལ་ཆེན་བྲི་བར་མཁོ་གནད་ཆེ་བས་ངེས་པར་དགོས་འདུག
དཔེར་ན་ངེད་ནས་དབྱིག་ཡིག་ཐོག་ཡོད་པའི་ “God Spoke Tibetan, Allan Maberly”ཞེས་པའི་བོད་དུ་ཡེ་ཤུའི་ཆོས་སྤེལ་ཐབས་དང་གསུང་རབ་བོད་སྐད་ཐོག་བསྒྱུར་ཐབས་བྱས་སྐོར་གྱི་དེབ་ཅིག་བཀླགས་པ་ཡིན། དེའི་ནང་Tempu Gerganཞེས་པ་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་(1838-1855)སྐུ་བཀྲོངས་པའི་ནག་ཉེས་ཕོག་སྟེ་བྲོས་བྱོལ་དུ་སོང་བའི་སྐོར་གྱི་བདེན་རྫུན་འདྲེས་མའི་སྒྲུང་དེབ་ཧ་ཅང་ཀློག་སྤྲོ་བ་ཞིག་འདུག དེའི་ནང་སྐུ་དྲག་དེའི་མིང་Tempu Gerganཞེས་བྲིས་འདུག འདི་བོད་སྐད་ཐོག་འབྲི་ཐབས་བྱེད་དུས་རྩ་བ་ནས་བྲིས་ཐུབ་མ་སོང་། རྒྱུ་མཚན་ནི་འདི་ལ་ཡིག་དོད་Transliterationམེད་པའི་རྐྱེན་གྱིས་རེད།
གལ་ཏེ་དེ་ལ་ “sangs rgyas rdo rje”ཞེས་པ་ལྟ་བུའི་ཡིག་དོད་Transliterationབྲིས་ཡོད་ན། ད་གཟོད་ངེད་ཚོ་ལ་དཀའ་ངལ་དེ་འཕྲད་ཡོད་མ་རེད། ལམ་སེང་“སངས་རྒྱས་རྡོ་རྗེ”ཞེས་བརྒྱ་ཆ་བརྒྱ་ཐམ་པ་ཏག་ཏག་བྲིས་ཐུབ་ཀྱི་རེད།
ངེད་ཀྱི་ཞུ་དོན་ངོ་མ་ནི། སྒྲ་གདངས་ཏག་ཏག་མ་སླེབས་ཀྱང་བླ། དག་ཆ་ཏག་ཏག་སླེབས་པ་ཞིག་ངེས་པར་དགོས་ཀྱི་འདུག་ཅེས་ཞུའོ། །
ནོར་བཅོས། བརྒྱ་དང་བརྒྱད། བོན་པོ། ང་ཚོར་གོ་བརྡ། ཆུ་མིང་།
ཚེ་རིང་དོན་འགྲུབ་དང་ལྗང་བུ་སོགས་ཀྱིས་ལོ་རབས་བརྒྱད་ཅུ་བར་བོད་རྩོམ་དེ་དག་བྲིས་མེད་རྒྱུ་ན་བོད་ཡིག་ཟེར་བ་འདི་དང་ཁ་ཐག་རིང་དུ་སོང་མེད་ན་དཀོན་མཆོག་གསུམ། དེ་ནས་རྒྱ་གར་དུ་ཡོང་ནས་དབྱིན་ཡིག་ཤི་མ་ཤི་ཞིག་སྦྱངས་དགོས་བསམ་ནའང་ཨ་ཁུ་པད་མ་འབུམ་སོགས་ཀྱིས་ཨ་མྱེས་རྨ་ཆེན་ནི་རང་གི་རིག་གནས་ཕྱི་ལས་ཕྱིའི་རིག་གནས་ནང་ལ་འདྲེན་རྒྱུ་དང་། སེར་མོ་བའི་རིག་གནས་ལས་སྐྱ་བོའི་རིག་གནས་དང་གྲགས་ཆེན་ལས་གྲགས་ཆུང་ལ་དོ་སྣང་སྤྲོད་རྒྱུ་ཡིན་ཚུལ་ཞིག་བཤད་པ་མ་ཟད། ད་དུང་རྒྱུན་ཤེས་དང་། བོད་ནང་ལོ་བདུན། དམངས་གཙོ་ཚགས་པར་དང་ལྗང་གཞོན་སོགས་བཏོན་པ་དེས་བོད་ཡིག་གི་ལམ་ཁ་ནས་ལུས་སུ་བཅུག་སོང་། ད་ཡིན་ན་ན་ནིང་དོ་ཚིགས་བོད་ཕྱི་ནང་གཉིས་ཀར་བོད་ཡིག་གི་དཔེ་ཆ་ཀློག་འདོད་ཅན་ཞིག་རྙེད་རྒྱུ་ནི་ཉིན་མོའི་སྐར་མ་ཙམ་རེད།
ཕྱི་རྒྱལ་གྱི་མི་མིང་དང་ས་མིང་ཙམ་ཞིག་གི་ཐོག་ནས་བོད་ཡིག་ལ་བཙན་གཡེམ་ཟེར་ན་བསམ་རྒྱུ་ཅང་མི་འདུག་པ་མ་ཟད། བོད་ཡིག་གི་བུ་མོ་འདི་ལ་བཙན་གཡེམ་བྱེད་འདོད་ཀྱི་ཡག་ཞིག་ཀྱང་ཡོད་མེད་བཤད་དཀའ་སེ་འདུག
དེ་ལྟར་བཤད་ཕྱིན་པ་ཡིན་ན། ཧྥ་རན་སི་ཟེར་བའི་རན་དེ་ཡང་འགྲིགས་ཡོད་པ་མ་རེད། རན་དེ་དབྱིན་སྐད་ཀྱི་སྒྲ་རེད། ར་སྒྲ་དེ་ཁོ་ཚོའི་སྐད་ནང་ཨ་མདོས་ཝ་སྒྲ་ཀློག་པ་ལྟར་ཀློག་གི་རེད། ཧྥ་ཝན་སི་ཟེར་ནས་ཀློག་དགོས་པ་རེད་དམ།
ལྷ་རམས་མ་རམས་མ་ཤེས། བོད་ཡིག་འདི་ལེགས་སྦྱར་སྐད་ལ་བསྟུན་ནས་རྩ་ཆེ་མདོག་མདོག་བཤད་མཁན་དེ་ཚོའི་ཅི་འདོད་པ་རེད། སྔར་ཆོས་རྒྱལ་ལོ་པཎ་ཚོའི་སྐབས་ལ་བོད་ཡིག་ཟེར་དུས་གཙོ་བོ་སྟོན་པའི་གསུང་རབས་ཀྱི་གོ་བརྡ་སྤྲོད་བྱེད་ཙམ་དང་གཞུང་ཡིག་ཙམ་གྱི་ཆེད་དུ་རེད། དེ་ཡང་སྐྱེས་པ་ཕོ་དང་་གྲྭ་བ་ཁག་ཅིག་མ་གཏོགས་བོད་ཡིག་ཟེར་བ་འདི་མང་ཚོགས་སྤྱི་བྱིངས་ཀྱི་འཚོ་བའི་དགོས་མཁོ་ཞིག་གི་ཆེད་དུ་བསམ་བློ་གཏོང་གི་མེད་པ་འདྲ། ད་སྐབས་དེ་འདྲ་མ་རེད། བོད་ཡིག་གི་ཐོག་ནས་སྟུ་དང་རླིག་པའི་བསྟན་བཅོས་ཀློག་འདོད་བྱེད་མཁན་ལས་ལྷག་མེད་པ་ཁ་བརྡ་དང་དུས་བབ་ཀྱི་རྩོམ་མཆན་དེ་དག་ལས་ཤེས་ཐུབ། སྣང་ཚུལ་འདི་ནི་བོད་ཙམ་མ་རེད། ནུབ་ཕྱོགས་བཟོ་ལས་སྟོབས་ཅན་རྒྱལ་ཁབ་དག་ནའང་ཚགས་པར་ལས་ Broadsheet དང་ tabloid གཉིས་ལས་ཕྱི་མ་དེ་ཀློག་མཁན་མང་པ་ནི་ཡོང་གྲགས་རེད། མིའི་རྩ་བའི་དགོས་མཁོ་ནི་ལྟོ་གོས་གཏམ་གསུམ་དང་འདོད་ཆགས་རེད། དེ་མིན་ན་སྒོམ་སྡེ་ལྷ་རམས་པ་གྲྭ་ལོག་བྱེད་དོན་ཅི་རེད།
ཨོ་སྒོམ་སྡེ། ང་ལ་མཚོན་ན་ཧྥ་འདི་བོད་སྤྱི་ཚོགས་ནང་ཡོང་གྲགས་ཆགས་ཚར་བའི་ཐ་སྙད་ཅིག་ཡིན་པས་དེ་ལྟར་བེད་སྤྱོད་གཏོང་གི་ཡོད། བོད་ནང་འདི་བེད་སྤྱོད་བཏང་ནས་ས་ཁྱབ་རྡོ་ཁྱབ་ཕྱིན་པ་ཞིག་རེད། ཆུང་བྱིས་པ་ཞིག་ཡིནའང་འདི་མི་ཤེས་མཁན་སུ་གང་ཡང་ཡོད་པ་མ་རེད། སྤྱི་ཚོགས་ཤིག་གི་ནང་ཁྱབ་ཚར་བའི་ཐ་སྙད་ཅིག་ལ་འགྲིགས་མ་འགྲིགས་བཤད་ས་ཡོད་པ་མ་རེད། དེ་གཅིག་ཡིན།
དེ་ནས་འདི་རྒྱལ་དབང་ལྔ་བའི་སྐབས་བོད་ལ་མེད་པའི་སྒྲ་གསར་བཏོད་གནང་བ་ཞིག་རེད། སྐྱེས་ཡུལ་སོག་པོ་ཡིན་པའི་གུང་ལོ་ཆེན་མགོན་པོ་སྐྱབས་ཀྱི་དེབ་རྒྱ་ནག་ཆོས་འབྱུང་ནང་འདི་འདྲ་གང་ས་གང་དུ་མཐོང་རྒྱུ་ཡོད་པ་རེད། ཁྱེད་རང་གི་ཕ་ཡི་འོག་ན་ཧ་ཡོད་པ་དེ་མཐུག་པོ་ལྔའི་ཁོངས་ན་ཡོད་པ་རེད་ལོག་ཡིག་དྲུག་གི་ཁོངས་ན་ཡོད་པ་རེད། རྒྱ་གར་གྱི་གསལ་བྱེད་ཨང་གྲངས་ག་གི་རེད། གསལ་བྱེད་ནང་ན་མེད་པ་དེ་ཚོ་བརྩེགས་མ་ཡིན་ནའང་ཀློག་སྐབས་སྒྲ་ཕྲལ་ནས་ཀློག་དགོས་པ་རེད།
གལ་སྲིད་འདི་འདྲ་ཞིག་ཡོད་དུ་ཆུག་ཀྱང་ད་ལྟ་ཁྱབ་ཆེ་ཤོས་དེ་ཧྥ་ཡིན་པས་ངས་དེ་ལྟར་འབྲི་གི་ཡོད། དེ་མིན་བོད་ནང་ལ་བསྟུན་ཐབས་བྱས་པའང་ཡིན། དེ་མིན་སྔགས་ཡིག་ཡིན་ནའང་བོད་ནང་ཡོངས་ཁྱབ་ཀྱིས་འབྲི་རྒྱུན་འཇགས་བསྡད་པ་དེ་ཚོ་རང་སོར་བཞག་ན་འགྲིགས་གི་རེད། ག་རེ་རེད་ཟེར་ན་དེ་བོད་སྐད་ཀྱི་ཆ་ཤས་ཤིག་ཆགས་ཚར་བ་རེད།
མཁས་བ་དང་མཁས་ཕྲུག་ཚོ། སླ་བོ་ཞིག་དཀའ་མོ་བཟོས་ནས་མཁས་ཉམས་མ་སྟོན།
དང་པོ་འདི་སྦྱོངས། དེ་ནས་བོད་ཡིག་ནང་དུ་བྲིས།
a e i o
ཨཱ ེ ི ོ
A B C D E F G H I J K L M
ཨཱ བྷ ཀ ངྡ ེ ཧྥ ག ཧ ི ཇ ཁ ལ མ
N O P Q R S T U V W X Y Z
ཎ ོ ཕ ཆ ར ས ཊ ཡ བ ཝ ཟ ཡ ཛ
Ch Sh ph th
ཆ ཞ ཧྥ ཐ
ད་དབྱིན་ཡིག་འདི་བོད་ཡིག་ནང་་དུ་འབྲི་བདེ་བོ་འདུག
America ཨ་མེ་རི་ཀཱ
Washington ཝ་ཞིན་ཊོན
England ཨིན་ལཱཎ
London ལོན་ངྡོཎ
Russia རུ་སེ་ཡཱ
Moscow མོ་སུ་ཀོ
Australia ཨུ་སུ་ཊ་རཱ་ལི་ཡ
Dharamsala ངྡ་རཱམ་སཱ་ལཱ
ཡི་གེ་ཕྱིར་ལོག་དང་བརྩེགས་མ་འདི་ཧ་ཅང་གལ་ཆེན་ཡིན། འདིའི་ཁྱད་པར་ཆེན་པོ་སྟོན་ཐུབ་།
འདི་ལྟར་རྒྱུན་བསྐྱོངས་དགོས
སྒོམ་སྡེ་ཡིས་ལྷ་ཡུལ་ནས་ལྷ་རམས་པའི་གཤོག་རྒྱངས་མ་བྱེད་པར་མི་ཡུལ་ལ་བབས་ཏེ་རྐང་པ་ས་ལ་བཙུགས་ནས་མི་སྐད་བཤད་རོགས་གནང་། ན་ལེན་དྲ་དང་ཝ་ར་ན་སི་ཟེར་ན་དག་ཆ་གཅིག་གྱུར་ཡོད་མེད་ལ་མ་ལྟོས་པར་བོད་པ་གནས་མཇལ་བ་སུས་ཀྱང་རྒྱ་གར་བ་ཞིག་དང་གོ་བརྡ་འཕྲོད་པར་འགྱུར་བ་བཤད་མི་དགོས་ལ་། ཡང་དེ་མིན་པར་རྡོ་རྗེ་གདན་ཟེར་ན་ཆོས་པའི་རྣ་ལ་སྙན་སྲིད་ཀྱང་ཀ་ངོ་ཡིག་ངོ་མི་ཆོད་པའི་མཇལ་བ་ཚོས་ས་ངོས་ཟིན་རྒྱུ་དཀའ་མོ་འདུག་ག གཞན་ཡང་ད་ལོ་ཞིག་ལ་དགེ་འདུན་རབ་གསལ་གྱིས་བོད་པའི་མིག་གིས་White HOUSE ཞེས་མཐོང་བཞིན་དུ་ཕོ་བྲང་ཞེས་འབོད་དོ་ཞེས་བཤད་པ་འདི་ནི་ཆེ་བསྟོད་དང་ཟོག་རྫུ་མ་གཏོགས་དངོས་དོན་མི་མཐོང་བའི་མཁྲིས་ནད་སེར་བོ་ཅན་ཚོར་ནད་འཇོམས་རིལ་བུ་ཞིག་སྤྲད་པ་མིན་ནམ་བསམ་བྱུང་། ནེའུ་ཡོག་དང་ཉིག་ཡོག་གང་བྲིས་ཀྱང་ནེའུ་ཡོཀ་ལས་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོ་སྲོལ་དང་མཐུན་ཆེ་བས་ཀློག་བདེ་ན་བཙན་གཡེམ་ཡིན་མིན་གྱི་ཁ་རྩོད་དེ་དགོས་པ་ཆུང་བར་འདོད་དོ།
America ཨ་མེ་རི་ཁ
Washington ཝ་ཞིང་ཁྲོན
England ཨང་སྒི་ལན་སྒྲུ
London ལན་སྒྲན
Russia ར་ཤི་ཡ།
Moscow མོ་སུ་ཁོ
Australia ཨ་སུ་ཁྲུ་ར་ལི་ཡ།
dharamsala རྡ་རམ་ས་ལ།
Obama went to Tibet. ཨོ་བྷ་མཱ་བོད་ལ་སོང་། ཨོ་ཕ་མ་བོད་ལ་སོང་བྲིས་ན་དོན་གཞན་ཞིག་སྟོན།
འདིའི་བྷ་དེ་སྦ་བྲིས་ན་ལོས་ཆོག འདི་མྰ་དེ་ལ་རིང་ཆ་མེད་པར་མ་བྲིས་ན་ཡང་ལོས་ཆོག
བོད་ལ་བཙན་གཡེམ་བྱེད་མཁན་གྱི་བླ་རྫུན་གྲྭ་རྫུན་ཚོ་དང་སློབ་ཕྲུག་ལོ་ཆུང་བུ་མོ་ཚོར་བཙན་གཡེམ་བྱེད་མཁན་གྱི་བོད་ཕྲུག་ཁྱིམ་སྡེའི་དགེ་ཚོའི་མཚང་ལ་བསྙབས་པ་ཙམ་གྱིས་མཆན་བསུབས་པར་བྱས་སོང་ན། ད་ནི་སྐད་ཆ་བཤད་འདོད་ཀྱི་མིད་པ་འགག་སོང་བས་བདེ་མོ་བྱོས་སོ། དྲྭ་བདག་ལགས།
སམ་སཱ་རཱ་ལགས།
ངས་བལྟས་ན་འདི་རྨངས་གཞི་ཞེ་དྲག་ཡག་པོ་འདུག ངེད་ནས་གོང་དུ་བོད་ཡིག་གསར་བཟོ་དགོས་ཀྱི་འདུག་ཟེར་བ་དེ་འདི་འདྲ་ཞིག་ལ་བསམས་ནས་བཤད་པ་ཡིན། འདི་ལྟར་བྲིས་ན་སྒྲ་གདངས་དང་དག་ཆ་གཉིས་ཀ་སླེབས་ཀྱི་འདུག
དངོས་གནས་ཡག་པོ་འདུག ད་དུང་བརྟག་དཔྱད་ཕྲན་བུའི་གཏོང་རྒྱུ་ཡོད་ཚོད་འདུག
འདི་ལ་བྱི་དོར་ཡག་པོ་བྱས་ན་རྗེས་མ་དཀའ་ངལ་ཆེན་པོ་ཞིག་བསལ་ཐུབ་པ་འདུག རིམ་གྱིས་ཏན་ཏན་དར་སྲོལ་ཆེན་པོ་ཆགས་རྒྱུའི་རེ་བ་འདུག
ཀླུ་སྨྱོན། ངའི་མཆན་གྱིས་ཁྱོད་ལ་ཅི་ཞིག་གནོད་སོང་ངམ། ཁྱོད་ལ་དེ་འདྲའི་གནོངས་ཞིག་ཡོད་དོན་ཅི་ཡིན།
ཁོ་རེ། ཀླུ་སྨྱོན། དབྱིན་ཡིག་གི་སྒྲ་སྦྱོར་སྟངས་མ་ཤེས་གོང་ནས་མཁས་བཤད་ཀྱི་བརྡར་ཤ་མ་བཅད་ན་དགའ་གི་རེད། Charles ལ་ ཆར་ལེ་སི་ ཞེས་ཀློག་སྟངས་ཞིག་གོ་མ་མྱོང་། དབྱིན་སྐད་དུ་ལ་སྒྲ་དེ་བསྐུངས་ནས་གོ་ལ་མི་གོ་ཙམ་ལས་ཐོན་གྱི་མི་འདུག་གོ བོད་ཡིག་ལ་བཙན་གཡེམ་བྱེད་མཁན་དངོས་ནི་སུ་ཡིན་མིན་གྱི་ཐད་ལ་ཡུན་གྱིས་བསམ་ཚུལ་བཤད་ཆོག་མོད། དྲྭ་བདག་གིས་ངའི་སྐད་ཆ་གོ་འདོད་བྱེད་ཀྱི་མི་འདུག་པས་ཐབས་ཤེས་མི་འདུག
ཟླ་བའི་འོད་ལགས།
དྲྭ་བདག་ཅེས་བཀའ་བཀྱོན་མ་གནང་རོགས། དྲྭ་བདག་ཚོས་ཁྱེད་ཀྱི་མཆན་ལ་ལག་པ་འཆང་མེད་ཤག་ཡིན།
a e i o
ཨཱ ེ ི ོ
A B C D E F G H I J K L M
ཨཱ བྷ ཀ ངྡ ེ ཧྥ ག ཧ ི ཇ ཁ ལ མ
N O P Q R S T U V W X Y Z
ཎ ོ ཕ ཁུ ར ས ཊ ུ བ ཝ ཟ ཡ ཛ
Ch Sh ph th
ཆ ཞ ཧྥ ཐ
ཀླུ་སྨྱོན་ལགས སྦ་ དང་ མ་ཟེར་དུས་དོན་ཞིག་སྟོན་པ་དང་། བྷ་དང་མཱ་ལྟར་དོན་མི་སྟོན་པའི་མིང་གི་སྒྲ་ཙམ་སྟོན་པའི་གོ་རྒྱུ་ཡོད་ཡ།
Youtube ཡོའུ་ཊུ་བྷེ
Yahoo ཡཱ་ཧོའོ།
Toshiba ཊོ་ཞི་བྷཱ སྒང་གི་རྨང་གཞི་ཡི་གེ་གཞི་ལ་བཞག་ཏེ་བྲིས་ན། དག་ཆ་ཡོད་ལ་སྒྲ་ཡང་ཐོན་ཐུབ་།
སམ་སཱ་རཱ་ལགས།
ད་དུང་ཐུགས་བསམ་བཞེས་དགོས་པ་མང་པོ་ཡོད་ཚོད་འདུག དཔེར་ན་Georgeབྲི་དགོས་ཚེ། ཁྱེད་ལྟར་ན་༼གིཨོརགི༽ལྟ་བུ་བཞད་གད་སློང་མཁན་ལྟ་བུ་ཞིག་ཆགས་ཀྱི་འདུག
ད་དུང་གསར་སྣོན་འགའ་འཚོལ་སྒྲུབ་གནང་དགོས་ངེས་རེད་འདུག
ད་ནི་འདིའི་ཐད་ལ་ཐབས་ཤེས་ཡོད་ནི་མ་རེད། སྔོན་མ་ཡིན་ན་ཚིག་གང་ཞིག་དང་པོ་ལོ་ཙྰ་བའི་ལག་ཏུ་ལྷུང་། དེ་ནས་མཁས་པ་ཚོ་བརྒྱུད་ནས་མར་ཡོང་བཞིན་ཡོད་མོད། ད་ཆར་ཐོག་མར་མང་ཚོགས་ཀྱི་ལག་ཏུ་ཤོར་ནས་ས་སྣོག་རྡོ་སྣོག་དང་ཁ་བྱང་མིག་བྱང་དུ་སོང་རྗེས་ད་གཟོད་ལོ་ཙྰ་བའམ་མཁས་པའི་མིག་ལ་འཐོགས་བཞིན་ཡོད།
George ལྗོར་ལྗེ།
ཧ་ཧ་ཧ། George ལྗོར་ལྗེ་ལ་ད་ལྟའི་ཆར་ཀླུ་སྨྱོན་ལ་བདེན་ཁ་སྦྱིན་རྒྱུ་ཡིན་ས་རེད།
དྲྭ་བདག་ལགས། ཁྱེད་ཀྱི་འགྲེལ་བཤད་ལ་བཀའ་དྲིན་ཆེ། གང་ལྟར་གོང་ནས་ངའི་མཆན་གཅིག་བསུབས་མ་སོང་ན་དཀོན་མཆོག་གསུམ་ཟེར་རྒྱུ་ཡིན་ལ། ཡང་ངས་སྐད་ཆ་ག་རེ་བཤད་པ་དེར་རང་གིས་འགན་འཁྱེར་མ་ཐུབ་ནའང་དཀོན་མཆོག་གསུམ་ཟེར་རྒྱུ་ཡིན། ངས་ནི་སྤྱི་ཚོགས་ཐོག་གི་བླ་རྫུན་གྲྭ་རྫུན་དང་དགེ་རྒན་ཁྲེལ་མེད་སོགས་ཁ་མིག་ཡར་ལྟ་བྱེད་མཁན་ཚོས་བོད་ལ་བཙན་གཡེམ་ཅི་ཙམ་བྱས་པར་ཁ་རྡུང་ཙམ་བཏང་བ་ཡིན་མོད། དེ་བསུབས་འཇོག་པ་བློ་ཡིད་དུ་མ་ཤར། བོད་ནང་ལ་མཚོན་ན། སྤྱི་ཚོགས་ཀྱི་བདེ་འཇགས་བཤད་དེ་ཁ་དབང་འཕྲོག་པར་བྱེད་ཅིང་། ཁ་བརྡའི་ཐོག་ཏུ་རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་ངའི་མཆན་བསུབས་པར་འགྲེལ་བཤད་ཅིག་ཡོད་ན་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁ་བརྡའི་ཆ་རྐྱེན་ལྟར། མཆན་བུ་འདེབས་པའི་སྒྲིག་ལམ་ཚུལ་བཞིན་དུ་བརྩིས་ཡོད་ལ། གང་ཟག་སྒེར་གྱི་མཚན་ནས་སྨོས་ཏེ་དམའ་འབེབས་དང་མཚན་སྨད་ཀྱང་ཞུས་མེད། དེང་སེང་གི་དྲ་དེབ་འདི་དག་གི་ཐོག་ནས་སྨྲ་སྒོའི་གྲི་རྩལ་འདི་ས་འཕྱར་གནམ་འཕྱར་རེད་བསམ་སོང་མོད། འདས་པའི་ལོ་ངོ་ཁ་ཤས་ཀྱི་རིང་ལ་བོད་ཕྱི་ནང་དང་ CNN, BBC སོགས་གྲགས་ཆེན་གྲགས་ཆུང་གི་དྲ་དེབ་གང་དུ་སྐད་ཆ་ཅི་ཞིག་བཤད་རུང་བསུབས་བཞག་པ་ནི་ད་རེས་མ་གཏོགས་མ་བྱུང་བས། དོན་དངོས་སུ་
བོད་ཡིག་ལ་བཙན་གཡེམ་བྱེད་མཁན་དེ་ཕྱི་རྒྱལ་གྱི་ས་མིང་མི་མིང་སྦྱོར་སྟངས་ཙམ་གྱི་ཐོག་ནས་སྐད་ཆ་བཤད་འདོད་ནི་ཤེད་ཀྱིས་བཙིར་ཡང་འགགས་སོང་ངོ་ལོ།
ས་མིང་མི་མིང་འབྲི་སྟངས་སྙིང་ལངས་ཤོས་དེ་རྒྱ་སྐད་ཀྱི་སྒྲ་གདངས་དེ་ཚོ་རེད། ལོ་སི་ཨེན་ཇུ་ལི་སི་ལྟ་བུར་ལའོ་ཧྲན་ཅི་དང་སན་ཧྥ་རན་སིས་སི་ཁོ་ལྟ་བུར་གྱིག་ཅིན་ཧྲན། ཝ་ཤིང་ཁྲོན་ལ་ཧྭ་ཧྲིན་ཏུང་དང་སྦུའུ་ཤི་ལ་པུའུ་ཧྲི་ལྟ་བུ་རེད།
རིགས་པ་དཔང་པོར་བཞག་པའི་བགྲོ་གླེང་འདི་དག་ནི་ངེས་པར་ཡར་རྒྱས་ཀྱི་སྒོ་ཆེན་བླ་ན་མེད་པ་ཞིག་རེད་འདུག དཔེར་ན་ཀླུ་སྨྱོན་ལགས་ཀྱིས་རྩོམ་ཡིག་བྲིས་ནས། དེ་ལས་འཕྲོས་ཏེ་ད་ལྟའི་ཆར་སྔར་མེད་ཀྱི་རྔོ་ཐོགས་པའི་བསམ་འཆར་མང་དག་ཅིག་འདོན་མཁན་བྱུང་སོང་།
སྒོམ་སྡེ་ལགས། སྐབས་འདི་ལ་Ge འདིས་སྒྲ་ ཇ་ དང་ཐག་ཉེ་བའི་སྒྲ་གཅིག་ཐོན་གྱིན་ཡོད།
George Ge ཇ་. or ོར Geor ཇོར་ ཇོར་ཇེ
George Washington ཇོར་ཇེ ཝ་ཞིན་ཊོན
George Bush .ཇོར་ཇེ་ བྷུ་ཞ
ང་ཡང་དང་པོར་རྒྱ་གར་དུ་འབྱོར་དུས་སྒྲུང་གཏམ་རྒྱང་རིང་དུ་འཕུར་བའི་ཁུ་བྱུག་ཅེས་པ་ཞིག་བྲིས་པའི་ནང་དུ་ཝ་ཤིང་ཁྲོན་ལ་རྒྱ་མིའི་འབྲི་སྟངས་བཞིན་ཧྭ་ཧྲིན་ཏུང་ཞེས་བྲིས་ཏེ་སྐབས་དེའི་དུས་དེབ་གངས་རྒྱུན་ཞེས་པར་བསྐུར་པས། དེབ་དེའི་རྩོམ་སྒྲིག་པས་ཝ་ཤིང་ཁྲོན་ཞེས་བཅོས་འདུག་པས་དེ་ནས་བཟུང་རྒྱ་རྒན་ཚང་གིས་ཕྱི་རྒྱལ་གྱི་ས་མིང་མི་མིང་བཏགས་པ་དེ་ཚོ་སྒྲ་ཇི་བཞིན་ཐོན་མེད་པའི་ངེས་ཤེས་སྐྱེས་མགོ་བཙུགས་སོང་།
ང་ཚོར་ཀྲ་ཁྲ་གྲ་གསུམ་ཡོད་བཞིན་དུ་ཊ་ཋ་ཌ་གསུམ་འབྲི་དགོས་པའི་རྒྱུ་མཚན་རེ་ཡོད་དམ། ངས་ཁ་ན་ན་བར་དུ་བཤད་པ་ནི་གཙོ་བོ་ཡི་གེ་འདི་གསུམ་གྱི་ཆེད་དུ་ཡིན། ཨེ་ཀྲ་ལིས་ཞེས་ན་ཆོག་པར་ཨེ་ཊ་ལི་འབྲི་དོན་ག་རེ་ཡིན་ནམ།
Tibet ཁྲི་སྦེ་ཁྲི།
ངས་འདིར་ཋི་བྷེ་ཋི་ཞེས་འབྲི་ན་མི་འདོད་ཀི
སྒྲ་འདོན་ལུགས་དེ་གོང་ཞིག་ནས་འདྲེ་རིག་ལྡན་གྱིས་བཤད་པ་ལྟར་ཨམ་མདོ་བ་དང་དབུས་གཙང་བས་དབྱངས་ཨི་དང་ཨུ་ཡི་སྒྲ་འདོན་ལུགས་མི་འདྲ་བ་དེའི་སྟེང་ན་ཡང་དོན་དག་འདིའི་རིགས་ཅི་ལྟར་ཐག་གཅོད་དགོས་པའི་གནས་ལུགས་ཤིག་ཡོད་འདུག
ཨམ་མདོ།
ཨ་མདོ་
དེ་རིང་ཆམ་པ་ཞིག་གིས་ན་གི་འདུག་པས་ད་མཚམས་འཇོག་གི་ཡིན།
མཐུག་པོའི་ཡི་གེ་དང་ལོག་ཡིག་དེ་ཚོ་བེད་སྤྱོད་བཏང་ན་མ་འགྲིགས་པ་མི་འདུག་སྙམ། རྒྱ་གར་ལ་མཚོན་ན་སློབ་ཆུང་གི་དཔེ་དེབ་ནང་ནའང་ཡོད་པ་རེད། ཕལ་ཆེར་དེ་ཀློག་མི་ཤེས་མཁན་ཡོད་རྒྱུ་མ་རེད། བོད་ནང་ལ་མཚོན་ན་སྔོན་མ་དེ་ཚོ་སློབ་དེབ་ནང་ཡོད་པ་མ་རེད། ད་ལྟ་མི་ཤེས། དེ་ཚོ་བེད་སྤྱོད་གཏོང་གི་ཡིན་ན་ཡིན་གཅིག་མིན་གཅིག་སློབ་དེབ་ནང་ལ་འཇོག་དགོས་པ་རེད།
སྔོན་མ་རྒྱ་གར་སྐད་ནས་ཚུར་བསྒྱུར་བ་ཚོར་སྤྱིར་བཏང་ཡི་གེའི་ཆ་ནས་འབྲེལ་བ་ཞིག་ཡོད་ཙང་སྔགས་ཡིག་མང་པོ་ཞིག་རང་བཞིན་གྱིས་བེད་སྤྱོད་གཏོང་དགོས་ཆགས་འདུག དེ་ནས་ཕར་རྒྱ་ནག་ལ་མཚོན་ནའང་ལོ་ཆུང་མིན་པར་གུང་ལོ་ཆེན་པོ་ཞེས་ལོ་ཙྰ་བ་ཆེན་པོའི་མཚན་ཅན་དེས་ཀྱང་མཐུག་པོའི་ཡི་གེ་དང་ལོག་ཡིག་དེ་ཚོ་བེད་སྤྱོད་བཏང་ཡོད་པ་རེད། དེ་ཚོ་མཐུག་པོའི་ཡི་གེ་དང་ལོག་ཡིག་བེད་སྤྱོད་བཏང་བའི་གྲས་རེད།
དེ་ནས་མ་བཏང་བའི་གྲས་ཀྱང་ཡོད་པ་རེད། སྔོན་རྒྱ་ནག་གི་ལོ་རྒྱུས་དུམ་མཚམས་རེ་དེ་འདྲ་བསྒྱུར་ནས་བོད་ཀྱི་རྒྱལ་རབས་ནང་བཀོད་པ་དེ་འདྲ་ཡོད་པ་རེད། དེ་ཚོ་མཐུག་པོ་དང་ལོག་ཡིག་བེད་སྤྱོད་བཏང་ཡོད་པ་མ་རེད། ཏུན་ཧོང་གཏེར་ཡིག་ནང་ལའང་བེད་སྤྱོད་བཏང་ཡོད་པ་མ་རེད། ཐ་ན་ཏུན་ཧོང་ནང་གི་རྒྱ་གར་གྱི་ར་མ་ཎའི་རྟོགས་བརྗོད་དང་ཆོས་ཀྱི་སྐོར་དེ་ཚོའི་ནང་ཡང་ན་ཕྱིར་ལོག་ཅིག་ཀྱང་མཐོང་རྒྱུ་ཡོད་པ་མ་རེད།
དེ་མ་བཏང་བའི་གྲས་རེད།
ད་དེ་ནས་རྒྱ་གར་གྱི་ཡི་གེ་ལ་འཕྲི་སྣོན་བྱས་ནས་བོད་ཡིག་གསར་བཟོ་བྱེད་མཁན་དེ་ཐོན་མི་སམ་བྷོ་ཊ་ཡིན་ཟེར་གི་ཡོད་པ་མ་རེད་པས། ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་གསལ་བྱེད་ལས་མི་དགོས་པ་དེ་ཚོ་བླངས་། གསལ་བྱེད་ཁ་ཤས་ཁ་སྣོན་ཡང་བྱས་པའི་སྐད་ཆ་འདུག་ག གང་ལྟར་བོད་ཡིག་གསལ་བྱེད་སུམ་ཅུ་ཏག་ཏག་གཏན་ལ་ཕབས་འདུག་ག གཞན་རྒྱ་གར་ལ་མེད་པའི་མགོ་འདོགས་འཕུལ་རྟེན་སོགས་གསར་བཟོ་བྱས་པ་རེད། དངོས་གནས་བྱས་ན་གསར་བཟོ་བྱས་པའི་མགོ་འདོགས་འཕུལ་རྟེན་འདི་ཚོས་མཐུག་པོ་དང་ལོག་ཡིག་གི་གོ་ཨེ་ཆོད་གི་ཟེར་ན་ཆོད་གི་འདུག
མཐུག་པོ་ལྔ་དང་ལོག་ཡིག་དེ་ཚོ་དགོས་མི་དགོས་བཤད་ན་ང་དེ་ལ་གང་ཡང་བཤད་རྒྱུ་མེད། ང་རང་གིས་བེད་སྤྱོད་གཏོང་གི་ཡོད། མང་ཆེ་བས་དགོས་པ་མི་འདུག་ཟེར་ན། ལོ་ལེགས་སོ་ཡིན། དགོས་པ་འདུག་ཟེར་ནའང་ལོ་ལེགས་སོ་ཡིན།
ད་གཞན་ཞིག་ནི། དཔེ་བཞག་ན། England france མཚོན་ན་མིང་མཐའི་ཡི་གེ་ g d ce ད་དུང་france གི་ཡི་གེ་དང་པོ་ f སོགས་ཨ་མདོ་དང་། དེ་ནས་ཁམས་ཀྱི་ས་ཆ་ཚང་མ་ཡིན་མིན་མི་ཤེས་ཏེ གྷི་ སྒི། ཌི སྒྲི སི་ ཧྥི་ཟེར་ནས་སྒྲ་གདངས་འདི་ཡོད་པ་རེད། མེད་པ་དེ་དབུས་གཙང་ལ་རེད། དབུས་གཙང་གིས་ཨི་ལ་དབྱིན་ཇིའི་ནང་གི་ i ལྟར་ཀློག་གི་ཡོད་པས་དེ་དཀའ་ངལ་འཕར་མ་ཞིག་རེད། དེ་ག་རེ་བྱེད་དགོས་མིན་ལ་ཚང་མས་བསམ་བློ་ཐོངས། གཞན་ལ་དྭགས་དང་འབྲས་ལྗོངས་འབྲུག་ཡུལ་སོགས་ནས་ཀློག་སྟངས་ག་འདྲ་ཡིན་མིན་དེའང་ཤེས་ན་ཡག་པོ་འདུག བོད་ཡིག་བོད་སྐད་ཟེར་ན་བོད་ཆོལ་ཁ་གསུམ་གཅིག་པོ་མ་རེད།
ད་དེ་རིང་དེ་ཙམ་ཡིན།
སམ་སཱ་རཱ་ལགས།༢
Charles A. Lindbergh
ཆཱར་ལེས། ཨཱ། ལིཎདྡ་བྷེརགཧ།
ང་ཚོའི་རྩ་བའི་བརྗོད་གཞིའི་ཐོག་ཁྱེད་ཀྱིས་བཤད་པ་ལྟར་བྲིས་པ་ཡིན། འོན་ཀྱང་ད་དུང་ཕྲན་བུའི་སྣོན་པ་དགོས་འདུག དཔེར་ན་ A.ཨཱ། དང་། gh གཧ། ལྟ་བུའོ། །གཞན་ཡང་། ཆཱར་ལེས། ཞེས་པའི་ s ལའང་སྣོན་པ་དགོས་འདུག
སམ་སཱ་རཱ་ལགས།
གང་བྱས་རྩ་བའི་ཆ་ནས་ཁྱེད་ཀྱིས་གསར་བཟོ་དེར་མོས་མཐུན་བྱུང་སོང་།
ས་མིང་མི་མིང་འདི་རང་སྐད་ལས་སྐད་ཡིག་གཞན་ཞིག་ཏུ་དག་ཆ་གཅིག་གྱུར་ཏུ་འབྲི་རྒྱུ་ནི་དཀའ་མོ་ཞིག་ཡིན་པ་འདྲ། བོད་ཡིག་མ་ཡིན་པའི་སྐད་ཡིག་གཞན་པའི་ནང་དུའང་དཀའ་ངལ་འདི་འཕྲད་བཞིན་ཡོད། འོན་ཀྱང་ས་མིང་མི་མིང་དེ་གཞན་དང་མི་ནོར་བ་ཞིག་དང་འབྲི་བདེ་ཀློག་བདེ་ཞིག་བྱུང་ན་འགྲིག་གི་བསམས། དེ་མིན་དག་ཆ་གཅིག་གྱུར་ཅིག་དང། དེ་ཡང་ཀློག་སྟངས་གཅིག་གྱུར་ཅིག་ཡོང་རྒྱུ་ནི་སྲིད་མཐའ་ཙམ་རེད། དབྱིན་ཡིག་གི་མི་མིང་ས་མིང་གི་ཡིག་མགོ་ཆེན་པོ་འབྲི་བ་འདི་ཡང་དཀའ་ངལ་དེ་འདྲ་ཞིག་གིས་ཡིན་པ་འདྲ།
དེ་དེ་བཞིན་ནོ། རིགས་ཀྱི་བུ།
གཞན་སྐད་ཀྱི་སྒྲ་ཇི་མ་ཇི་བཞིན་བྱས་པ་ཡིན་ན་དེ་བོད་སྐད་མ་རེད་གཞན་སྐད་རེད། བོད་སྐད་ཀྱི་ངོ་བོ་ཁོ་རང་འགྱུར་ཕྱིན་པ་རེད། ད་ཁྱེད་ཚོས་ག་རེ་བཤད་ན་མ་བཤད་ན། བོད་མི་མང་གི་ངག་ལ་ག་རེ་བདེ་བོ་ཡོད་པ་དེ་རིམ་པས་བོད་སྐད་ནང་འཇགས་འགྲོ་གི་རེད། ད་བོད་སྐད་ནང་འཇགས་ཚར་ཡོད་པ་དེ་ ཨ་རི། དབྱིན་ཇིའམ་ཨིན་ཇི། རུ་སུ། འཇར་པན་ལྟ་བུ་རེད། གཞན་པ་ཚོ་རྗེས་ནས་བལྟ་རྒྱུ་རེད། ཨ་མདོ་ནས་ཕྱི་རྒྱལ་གྱི་བུ་མོ་ཚོར་ཨུར་མོ་ཟེར། གཞན་དང་གཞན་ནས་ཡང་མིང་དེ་འདྲ་མང་པོ་བཏགས་ཡོང་གི་རེད། ང་ཚོས་ཁྱབ་ཆེ་བའི་མིང་དེ་ཚོ་བྲིས་འགྲོ་བ་ལས་ལས་ཀ་གཞན་པ་གེ་ཡོད་མ་རེད། ཐ་སྙད་རྒྱུག་ཆེ་བ་དེ་ཚོ་སྤྱི་ཚོགས་ཐོག་ནས་བཟོས་ཡོང་གི་རེད། ད་ཡིན་ན། དྲིན་ཆེན་ཚོ། ཡི་གེ་དགུ་བརྩེགས་དེ་འདྲ་བྲིས་མ་ཡོང་། དེ་ནས་ཡི་གེ་ཚང་མའི་ནང་གི་དཀའ་ལས་ཁག་ཤོས་འ་འདི་ལ་ཡང་བསམ་བློ་ཞིག་ཐོངས། དགོས་མི་དགོས་ཚང་མའི་ཞབས་ལ་ཅིག་འགྲོ་མ་འཇུག
ཟླ་བའི་འོད།
ཁྱེད་རང་ལྐུགས་པ་ཨུ་ཚུགས་ཚ་པོ་ཞིག་འདུག ངེད་རང་ལེགས་སྦྱར་དང་རྒྱ་གར་གྱི་སྐད་དེ་ཙམ་མི་ཤེས་མོད། འོན་ཀྱང་འདི་ལྟའི་རྣམ་དབྱེ་གསལ་བར་འབྱེད་ཐུབ།
“ཝཱ་རཱ་ཎ་སཱི” वाराणसी ལ་ “ཝ་ར་ན་སི” ཞེས་བྲིས་ན། དེ་ལེགས་སྦྱར་རམ་རྒྱ་གར་གྱི་སྐད་དུ་སྒྲ་སྒྱུར་བྱས་ན། वरनसि ཞེས་པར་བབས་པས། དེ་ནི་ནོར་བ་རེད།
ཝཱ་རཱ་ཎ་སཱི = वाराणसी ༼འགྲིག༽
ཝ་ར་ན་སི = वरनसि ༼ནོར༽
གོང་གི་འུ་ཆུང་དང་ལེགས་སྦྱར་གྱི་༼।༽ཤད་གཉིས་འདིར་དོན་འདྲའོ། །
ལེགས་སྦྱར་ལ་རྣམ་དཔྱོད་ཡངས་པ་རྣམས་ཀྱིས་འདིར་བློ་སྐྱེད་གནང་རོགས་ཞེས་སླར་ཡང་རེ་སྐུལ་ཞུའོ། །
ཡ་ཡ། ད་ངས་མཆན་ ༨༨ པ་དེ་འབྲི་གི་ཡིན། ངས་ཁ་སང་ནས་ཞུས་པ་ཡིན། རྩོད་པ་བྱས་ནས་ཐག་ཆོད་གི་མ་རེད། ང་ཚོ་ལ་ལུང་པ་མེད་པ་དེས་ལན་པ་རེད་དཱ། ཝ་ར་ན་སི་ཞེས་འབྲི་རྒྱུ་ལ་འང་རྩོད་པ་འདུག་ག་ རྡ་རམ་ས་ལ་ཞེས་བྲིས་བྲིས་ནས་ད་དྷ་རམ་ཤཱ་ལ་ཞེས་འབྲི་གི་འདུག་གཱ བོད་གཞུང་ཀམ་པཱུ་ཊར་སྡེ་ཚན་ཞེས་བྲིས་འདུག་གཱ བེད་སྤྱོད་ཡོད་ན་མིང་དེ་འཇགས་གི་རེད། བེད་སྤྱོད་མེད་ན་ཡིག་ཐོག་གི་རྩོད་པ་རང་རེད། སྔོན་མ་བོད་གཞུང་སྨན་རྩིས་ཁང་གིས་ སྨན་རིགས་གསར་པ་ཐུམ་གྱིས་གཡོགས་ནས་བཏོན་དུས། མིང་རེ་རེ་བཏགས་ནས་ཡོང་བ་དེ་ཚོ་ ད་ཆ་ཡང་། ངས་སྨན་དེ་འཐུང་གི་ཡོད། ངས་སྨན་དེ་ཉོ་གི་ཡོད། ཅེས་བཤད་བཞིན་འདུག་ལ། ཡང་། ཨ་སི་པི་རཱན་ཞེས་པའི་སྨན་དེ་ལ་བོད་པ་ཚོས་མགོ་སྨན་ཞེས་བཏགས་འདུག མིག་གི་སྨན་པ་དང་སྙིང་གི་སྨན་པ་ཞེས་བཤད་དུས་བརྡ་འབྱར་ནས་འདུག དེ་ཚོ་རིགས་གཅིག་ཡིན།
དེ་ནས་རིགས་གཞན་ཞིག་ནི། ང་ཚོས་རྩོད་པ་བརྒྱབ་ནས་སྡོད་ལོང་ཡོད་མ་རེད། སྔ་མ་སྔ་མས་བཟོས་པ་དེ་ཕྱི་མ་ཕྱི་མས་སྤྱོད་ཅིང་བཅོས་ནས་འགྲོ་རྒྱུ་རང་རེད། མ་གཞི་ནས་སྐད་ཡིག་འདི་ལ་བཅོས་ཤིག་བྱེད་རན་ནས་ཕྱི་དྲགས་པའི་ཚོད་ན་ཡོད་པ་འདྲ། དཔེ་མཚོན་ཞིག་འཇོག རྣམ་དབྱེ་གསུམ་པའི་ངོ་བོ་ཞོག་ཟེར་དུས། བྱེད་པ་པོ་གཅིག་གིས་བྱ་བའི་ཡུལ་ལ་བྱ་བ་བྱས་པ་སྟོན་པ་ཞེས་བཤད་རྐྱང་ཡིན། ༼བྱ་ཚིག་ཡོད་ཚད་ལ་བྱེད་སྒྲ་དགོས་པའི་ངེས་པ་མེད་པ་དེ་ཡང་འདིར་འདུས་མེད།༽ འོན་ཀྱང་ལག་ལེན་ནང་། ཀླུ་སྨྱོན་གྱིས་ཡི་གེའི་འབྲི་ཚུལ་ལ་རྩོད་པ་བྱས་སོང་ཟེར་བའམ་ཡང་ན་ཡི་གེའི་འབྲི་ཚུལ་ལ་ཀླུ་སྨྱོན་གྱིས་རྩོད་པ་བྱས་སོང་ཞེས་བྱེད་པ་པོ་གང་བདེར་སྦྱོར་བཞིན་ཡོད། ཨོ་ཨོ། ངའི་རྟ་ཁ་ཤོར་སོང་། དགོངས་དག
རལ་ཁར་ལོང་མཁན་མེད་ན། ཤུབས་སུ་མ་འཛུད་རང་འཛུད་རེད། ཡིན་ནའང་བསམ་འཆར་ཞིག་ཞུ་དགོས། ཕྱི་རྒྱལ་གྱི་མིང་བོད་ཡིག་ཐོག་ཏུ་འབྲི་ཚུལ་ལམ་འགགས་བཟང་ཤོས་གཉིས་འདུག བོད་ཡིག་སྒྲིགས་གཞི་དང་མཐུན་པར་འབྲི་བར་འདོད་ན། མིང་ཡང་བོད་སྐད་དུ་བསྒྱུར་ནས་དཔེར་ན། དྷརྨ་ཀྲི་ཏི་བོད་སྐད་དུ་བསྒྱུར་ནས་ཆོས་ཀྱི་གྲགས་པ་ཟེར་འབྲི་ན། རྡ་མ་ཀིར་ཏི་ཟེར་བྲིས་པ་ལས་ཀྱང་དགེ་མཚན་ཆེ།
བསྒྱུར་བ་མ་འདོད་ཞིང་། བོད་ཡིག་བེད་སྤྱོད་བྱེད་ནས་ཕྱི་རྒྱལ་གྱི་སྐད་འབྲི་བར་འདོད་ན། སུས་བལྟས་ན་བོད་སྐད་རེད་མི་འདུག་བསམ་པ་ཞིག་བྱུང་ན། མི་མང་ལ་མགོ་མི་འཁྲུགས་པའི་དགེ་མཚན་ཆེན་པོ་ཡོད་རེད། དཔེར་ན། དཔེར་ན། འབུད་རྡ་ཟེར་བུདྡྷ་ལ་བྲིས་ན། མི་ཕལ་ཆེ་བས་ལེགས་སྦྱར་གྱི་སྐད་ཡིན་པ་མི་ཤེས་པའི་ཐོག་གོ་ནོར་རྒྱ་ཆེར་ཐེབས་རྒྱུ་ཁག་ཐེག
དེ་ནས་ལེགས་སྦྱར་གྱི་སྐད་ལ་བོད་ཀྱི་སྒྲ་བཤད་ཡོང་རྒྱུ་རེད། དཔེར་ན། ན་རོ་པ་ཟེར་བ་འདི་ལེགས་སྦྱར་གྱི་སྐད་ཡིན་པ་མ་ཤེས་ནས། སྔོན་རྒན་པོ་ཁ་ཤས་ཀྱིས་བོད་སྐད་དུ་སྒྲ་བཤད་བྱས་ནས། དཀའ་བ་སྤྱད་པས་ཨ་ན་ན། །རོ་རུ་སོང་བས་རོ་ཟེར་འགྲེལ་རྒྱག་པ་ནང་བཞིན་ཆགས་རྒྱུ་རེད།
དེ་སྔོན་ང་ལ་འདིའི་ཐད་ནས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མྱོང་བས་གཅིག་མཐུན་གཅིག་གྱུར་ཅིག་ཡོང་བར་རེ་བ་ཆེན་པོ་བྱས་བ་ཡིན། རྗེས་སུ་ཀརྨ་སྨོན་ལམ་གྱི་སྒྲ་བསྒྱུར་ལག་དེབ་ (མིང་མི་དྲན་གི) དེ་ཐོན་དུས་དཀའ་ངལ་གང་འཚམ་ཞིག་སེལ་ཐུབ་པར་རེ་བ་བྱས་མོད། ཡིན་ནའང་འདོད་ཐོག་ཏུ་མ་སོང་ཐ། དཔེར་ན། རྡ་རམ་ས་ལ་ལྟ་བུ་བོད་མི་ཚོར་མིག་བྱང་ལག་བྱང་དུ་སོང་ཡོད་པ་འདིའི་འབྲི་ཚུལ་ཡང་གཞན་ཞིག་ཏུ་བྲིས་འདུག་ལ། དེ་ཡང་ཀློག་མི་ཤེས་པའི་ཐོག་ལ་འབྲི་ཡང་མི་ཤེས་པ་ཞིག་བཟོས་ཡོད་པས་ཡིད་ཆད་སོང་། དེ་ནས་བཟུང་ལག་དེབ་དེ་དང་རིང་དུ་གྱེས་བ་ཡིན།
དེ་བཞིན་དུ་གློག་ཀླད་དང་ཀམ་པུ་ཊར་ལྟ་བུའི་འབྲི་ཚུལ་འདི་དག་ཀྱང་གཅིག་གྱུར་ཅིག་ཡོང་ན་བསམས་ནས་གང་ཐུབ་ཀྱིསལག་ལེན་འཁྱོལ་ཐབས་བྱས་མོད། དྲན་ཕྱོགས་ཤིག་གིས་རྗེས་སུ་འདི་ཡང་རང་སར་འཐོར་སོང་། དེ་ཡང་དོན་གཅིག་མིང་གི་རྣམ་གྲངས་དང་། འབྲི་ཚུལ་གཞན་ཟེར་བ། མངོན་བརྗོད་སོགས་ཀྱང་གོང་གི་འབྲི་ཚུལ་དེ་ལྟར་བྱུང་བར་སེམས་པས་སོ།
སམ་སཱ་རཱ་ལགས་ལ་བཀའ་དྲིན་ཆེ་ཞུ་གི་ཡིན། འབྲི་སྟངས་འདི་ལ་སློབ་སྦྱོང་བྱེད་བཞིན་པ་ཡིན།
a e i o
ཨཱ ེ ི ོ
A B C D E F G H I J K L M
ཨཱ བྷ ཀ ངྡ ེ ཧྥ ག ཧ ི ཇ ཁ ལ མ
N O P Q R S T U V W X Y Z
ཎ ོ ཕ ཁུ ར ས ཊ ུ བ ཝ ཟ ཡ ཛ
Ch Sh ph th
ཆ ཞ ཧྥ ཐ
࿋࿋࿋࿊࿋࿋࿋Delhi་ཟེར་སྐབས་སུ་མི་འགས༼་ལྡི་ལི༽་ཞེས་བོད་ཡིག་ནང་བྲིིས་སྲོལ་མཆིས་མོད། ࿊སྒྲ་གདངས་ངོ་མ་ལ་དབྱིན་སྐད་ནང་ཡོད་པའི་࿋Delhi བོད་སྐད་ནང་༼སྒྲ་ལི༽་ཞེས་འབྲི་དགོས་སྙམ། དེའི་རྒྱུ་མཚན་ནི།་
དབྱིན་སྐད་ནང་གི་མགོའི་སྒྲ་གདངས Del དང་གཅིག་པ་ཡོན་པའི་དཔེར་འགའ་ནི་
Delhi -bell (del vs bel)
Delhi -sell (sel vs bel)
ད་࿋Delhi ལ་ལྡི་ལི་ལབ་དགོས་ན་དབྱིན་ཡིག་ནང་ཡོད་པའི་bell སྒྲ་གདངས་བསྒྱུར་སྟེ་བོད་སྐད་ནང་༼ལྡི་ལི༽་་ལྟར་༼སྦ་ལི༽་ཞེས་བསྒྱུར་ན་ཨི་ཐད། དེ་བཞིན་དུ་དབྱིན་ཡིག་ནང་sell སྒྲ་གདངས་ལྡི་ལི་ནང་ལྟར་བསྒྱུར་སྟེ་༼སོ་ལི༽་ཟེེེེར་ཨི་འོས།
གཞན་ཡང་རྡ་རམ་ས་ལ་ཞེས་བྲིས་རྒྱུ་ཚབ་ལ་དཱ་རམ་ཤཱ་ལ་ཞེས་འབྲི་དགོས་མོད། བོད་མི་ཡོངས་ཀྱིས་རྡ་རམ་ས་ལ་ཞེས་ཟེར་དྲག་ནས་ད་ཡིན་མ་རྒྱ་གར་བ་ཚོས་ཀྱང་རྡ་རམ་ས་ལ་ཞེས་ཟེར་སྲོལ་ཡོད་པ་གོ།
དོན་བསྡུས་ན་བོད་མི་ཚོས་གོ་བདེ་ལ་གཞི་པའི་ཐོག་དབྱིན་ཇིའི་མིང་སོགས་བསྒྱུར་པ་གང་ཞིང་ལ་སྒྲ་གདངས་དེ་ཙམ་མ་ནོར་མ་ཞིག་ཡོང་ན་དགེ་སྙམ། དེ་མི་དབྱིན་ཇི་མིང་ནང་བཞིན་འོང་དགོས་བསམ་ནས་ལོག་ཡོག་གི་རྒྱས་བཏགས་མང་དྲག་པའི་ངན་ལ་འགྱུར་སྟེ་མཐཌྷའ་ཀློག་པ་པོ་ལ་དཀའ་སྡུག་སྦྱིན་ཡ་རང་རེད།
དྲ་གྲོགས་ཚོ་ནོར་ཡོད་མ་བཟོད་སྲན་ཞུ།
བདེ་དབང་ལྷ་ཡུལ་ཤོག།
བོད་ཡིག་རྒན་མོ་ཕྱི་ཡིག་ཕོ་གསར་གྱིས།།
བཙན་གཡེམ་བྱས་པའི་འུར་གྱིས་ཁྱབ་པའི་མོད།།
ཁྱི་རྔར་འདོགས་པའི་ཉེས་པ་ཕོག་ལ་ཁད།།
གཉེན་བསྒྲིགས་ཆོག་པའི་ཐག་ཆོད་ཡོང་གྲབས་འདུག།།
འོ་ཡ་གོ་བརྡ་མི་འཕྲོད་པའི་ཡི་གེ་འབྲི་སྟངས་ལབ་ན་སྔོན་ཆད་རྒྱ་ནག་ནས་མགྲོན་པོ་ཅིག་ ༧གོང་ས་མཆོག་ལ་མཇལ་འདུན་འགོག་ཏུ་མེད་པ་སྐྱེས་དེ་ ༢༠༠༤ ལོའི་དུས་འཁོར་དབང་ཆེན་ལ་ཡོང་བ་རེད། རྒྱལ་ས་རྡི་ལིར་སླེབས་པ་དང་། མགྲོན་ཁང་གང་དུ་སྡོད་མིན་ཐད། རྒྱ་དཔེ་མཐུག་པོ་ཅིག་ཁ་ཕྱེ་ནས། རྡི་ལི་ན་ཨ་ཡེ་ཝང་ཟེར་བའི་ཝིའུ་ཤིན་ཅི་ཞིག་ཡོད་པ་དེ་སྐད་གྲགས་ཆེན་པོ་འདུག ང་དེའི་ནང་སྡོད་དགོས་ཟེར། ཡ་ད་ངས་ཁྱོད་ཚོར་དྲི་བ་འདྲི། ཨ་ཡེ་ཝང་ཟེར་ན་ག་རེ་རེད། ཝུའུ་ཤིན་ཅི་ནི་རྒྱ་སྐད་རང་ཡིན་པས་ཤེས་རྒྱུ་རེད། འདིའི་ང་ལ་དཀའ་ལས་སྤྲད་ནོ་ད་བཤད་སྲོལ་མེད། ངས་ཤེས་པའི་རྒྱ་སྒད་ཐ་ར་ཐོ་རེའི་དེའི་ནང་ན་ཨ་ཡེ་ཝང་མི་འདུག དེ་ནས་ངས་རྒྱ་སྐད་གང་ཡང་མི་ཤེས་པའི་མན་ཇི་ཊི་ལའི་མགྲོན་ཁང་གཡོག་པོ་ཅིག་ལ་དྲིས་པ་ཡིན། སྐར་མ་ལྔ་མགྲོན་གང་ལྡི་ལི་གསར་བ་ན་གང་དག་ཡོད་པ་རེད་ཅེས་པས། དེས་ཐོག་མར་ཨ་ཤོད་ཀ་མགྲོན་ཁང་སོགས་གྲངས་ཀ་བརྒྱབ་སོང་། དེ་ནས་ངས་ཨ་ཤོད་ཀ་ལ་ཨ་ཡེ་ཝང་ཅེས་བསྒྱུར་ཡོད་པ་ལམ་སེང་དྲན་སོས་སོང་། འདི་དག་ལ་རྒྱ་རྒན་དེ་ཚོས་ཁོ་རང་ཚོའི་ནང་ཁུལ་དག་དག་བརྡ་འཕྲོད་འགྲོ་གི་རེད།
ད་དུང་ཨ་རིའི་རྒྱ་མི་དེ་ཚོས། ནེའུ་ཇར་སེ་ལ་ནེ་ཙ་སེ་ཟེར། འདི་ནི་ཁོང་ཚོའི་སྐད་ནང་ཁུལ་ན་འཁྲུགས་འགྲོ་ས་ཅིག་ཡོད་པ་ནི། གྲོད་པ་དང་རྒྱུ་མ་སོགས་ནང་ཁྲོལ་གྱི་བཟོས་པའི་ཐུག་པ་ལ་ཡང་ཙ་སེ་ཟེར་གྱི་འདུག ཧཧཧ ནེའུ་ཇར་སེ་ནི་གྲོད་པ་ཁ་ཚ་ལྟ་བུ་འབོད་ཀྱི་འདུག་ཀ་ཟེར་ནས་ཤེས་ཡོན་པ་དེ་ཚོ་ལ་བཤད་ན། ཁོ་ཚོས་ཟེར་རྒྱུར། ང་ཚོའི་ཐ་སྙད་དེས་ང་ཚོ་རྒྱ་ནག་པ་ཤེས་ཡོན་ཡོད་མེད་སུ་ལ་ཡང་མ་ནོར་བར་དོན་སྟོན་ཐུབ་ཟེར།
ང་ཚོའི་རིགས་གཞུང་ངམ་སྐྱེས་གནས་བརྒྱད་ལ་གྲུབ་པའི་ཡི་གེ་འདིས་རྒྱ་ནག་སྐད་ལ་དྲག་ཅིག མི་མིང་དང་ས་མིང་སོགས་གཞན་པ་ཐག་ཉེས་ཙམ་ཞིག་ཏན་ཏན་སྟོན་ཐུབ་ཀྱི་རེད། གལ་ཆེ་བ་ནི་གཅིག་གྱུར་དེ་རེད་བསམ། ང་ཚོ་ལ་གང་གི་ཕྱོགས་ནས་ཀྱང་གཅིག་གྱུར་མེད་པ་འདི་སྐྱོན་རེད་བསམ། གཅིག་གྱུར་དགོས། གོང་དུ་ཅིག་གིས་ཟེར་བ་ཤེས་རིག་སྡེ་ཚན་གཏན་ལ་ཕབ་པ་ཡིན་ན་ཡང་། རྩ་བའི་སྐད་དང་ཐག་ཉེ་བ་གང་ཞིག་ལ་བོད་སྐད་དང་མ་འདྲེས་པ་ཅིག་ཡོད་ན་གཅིག་གྱུར་གྱིས་གཏན་འབེབས་བྱས་ན་འགྲིགས་བསམ།
a e i o u
ཨཱ ེ ི ོ ུ
A B C D
ཨཱ བྷ ཀ ངྡ
E F G H
ེ ཧྥ ག ཧ
I J K L M
ི ཇ ཁ ལ མ
N O P Q
ཎ ོ ཕ ཁུ
R S T U
ར ས ཊ ུ
V W X Y Z
བ ཝ ཟ ཡ ཛ
Ch Sh ph th (ch ཁུ)
ཆ ཞ ཧྥ
Brazil བྷ་རཱ་ཛིལ།
Argentina ཨར་ཇན་ཊི་ནཱ
Saudi Arabia སཱའུ་ངྡི་ཨ་རཱ་བྷི་ཡ།
Kenya ཁེན་ཡཱ
Chris ཁུ་རི་སུ
Sara སཱ་རཱ
Michael Jackson མི་ཁུལ་ཇཱ་སོན
གོང་གི་རྨང་གཞི་འདི་ལ་མི་མང་བོ་ཞིག་གིས་རྒྱབ་སྐྱོར་བྱུང་བར་ཐུགས་རྗེ་ཆེ་ཞུ། འདི་བེད་སྤྱད་བཏང་ཚེ་སྒྲ་ཇི་བཞིན་ཕབ་མི་ཐུབ་ཀྱང་། གཞི་འཛིན་ས་ལྟ་བུ་ཞིག་ཡོད་སྟབས་ང་ཚོས་སྒྲ་བསྒྱུར་དེ་ཅུང་བདེ་བོ་དང་གཅིག་གི་ལམ་ཁ་ཡང་ཕྱོགས་ཐུབ།
Brazil སྦུ་ར་ཟིལ།
Argentina ཨར་ཇན་ཀྲི་ན།
Saudi Arabia སུའུ་རྡི་ཨ་ར་སྦི་ཡ།
Kenya ཁེན་ཡ།
Chris ཁུ་རི་སུ
Sara ས་ར།
Michael Jackson མ་ཡེ་ཁལ་ཇག་སོན།
གོང་དུ་ཅིག་གིས་དྷ་རམ་ས་ལའི་སྐོར་ལ་མཆན་བུ་ཞིག་བཏབ་འདུག དེ་ལ་བརྟེན་ནས་འདིར་མཆན་ཞིག་འགོད་རྒྱུ་དྲན་བྱུང་།
དྷརྨ་ཤཱ་ལཱ། (ལེགས་སྦྱར) ❶ ཆོས་སྟོན་པའི་མདུན་ཁང་ཞེས་བསྒྱུར་འདུག འདི་དོན་སྒྱུར་ཡིན་པར་སེམས། ཐད་སྒྱུར་བྱས་ན་ཆོས་ཀྱི་ཁང་པ་སྟེ། དེ་ཡང་དྷརྨ་ནི་ཆོས། ཤཱ་ལཱ་ནི་ཁང་པའོ། །ལེགས་སྦྱར་གྱི་ཡི་གེར་धर्मशाला ཞེས་བྲི། ❷ དྷ་རམ་ས་ལ་ཞེས་བྱ་བ་དྷརྨ་ཤཱ་ལཱ་ཟུར་ཆག་པ་ཡིན། རི་ལྡེབས་སུ་ཆགས་པའི་རྒྱ་གར་བྱང་ཕྱོགས་ཁུལ་གྱི་གྲོང་ཁྱེར་ཆུང་ཆུང་ཞིག་སྟེ། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་བཞུགས་སྒར་དང༌། བཙལ་བྱོལ་བོད་གཞུང་གི་གལ་ཆེའི་བསྟི་གནས་ཤིག འདི་ལ་ཕྱི་རྒྱལ་བས་བོད་ཆུང་ངུ་ཞེས་ཀྱང་འབོད། ❸ རྒྱ་གར་བས། དྷརྨ་ཤཱ་ལཱ་ཞེས་པ་ཆོས་ཀྱི་འགྲོན་ཁང་ཞེས་པ་དབུལ་ཕོངས་ཉམ་ཐག་གི་ཆེད་དུ་སྦྱིན་གཏོང་གི་ཚུལ་དུ་རིན་མེད་དུ་སྡོད་ཆོག་པའི་གནས་ཚང་ལྟ་བུ་ཞིག་ལ་ངོས་འཛིན་བྱེད། དབྱིན་ཇིའི་སྐད་དུ་Hospiceཟེར།
མི་ལོ་བཞི་བཅུ་ལྷག་ཙམ་གྱི་སྔོན་དུ་རྒྱ་གར་གྱི་ས་གནས་སིམ་ལ་ཞེས་པར་ངེད་རང་ཆུང་ཆུང་སྐབས་མོ་ཊའི་འབབ་ཚུགས་ཀྱི་ཉེ་འདབས་སུ་ཆགས་པའི་ཁང་པ་ཐོག་བརྩེགས་ཅན་ཡ་ཐོག་ཏུ་གློག་བརྙན་བལྟ་ས་ཡང་ཡོད་པའི་དྷརྨ་ཤཱ་ལཱ་ཞིག་ཏུ་གནས་ཚང་བྱས་ནས་ལན་མང་བསྡད་པ་ད་ལྟ་ཡང་ལྷང་ངེར་དྲན། ད་ལྟ་ཕྱི་མིག་ཅིག་བལྟ་དུས་དགའ་སྐྱོ་འདྲེས་མའི་ཚོར་སྣང་གི་ཡོང་གི་འདུག སྐྱོ་སྣང་ནི་དེ་དུས་བོད་མི་རྣམས་རིག་གཞུང་སྲུང་སྐྱོབས་ཕར་ཞོག་ཉིན་རེའི་འཚོ་བ་ཡང་དཀའ་མོ་རེད། ཕྱོགས་སྤྲང་ནང་བཞིན་གནས་ངེས་མེད་དུ་འཁྱམ་ཉུལ་བྱེད་བཞིན་འཚོ་བ་བསྐྱེལ་དགོས་པ་རེད། དགའ་སྣང་ནི་ད་ལྟའི་ཆར་༸རྒྱལ་མཆོག་བཀའ་དྲིན་ཅན་ཏཱ་ལའི་བླ་མའདི་དང་། ཁོང་གིས་བཙུགས་པའི་བོད་གཞུང་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་མིའི་དཀྱིལ་ལ་མགོ་བོ་དུད་ནས་འགྲོ་མི་དགོས་པ་མ་ཟད་ཁ་རྒྱགས་པ་ཤོད་ཡ་ཡོད་པ་འདི་བྱུང་བ་རེད། དེང་སང་གསར་སྐྱེས་རྣམས་ཀྱིས་གནས་ཚུལ་འདི་དག་གསལ་པོ་མཁྱེན་ན་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཁ་གཏོང་ཡ་རྨི་ལམ་དུ་དྲན་མི་སྲིད་དོ། །བསམ་གཞིགས་ནན་ཏན་གནང་རོགས། དེང་སང་གི་གཞོན་སྐྱེས་འགས་བསམ་བློ་གཏོང་སྟངས་ལ་བལྟས་ན།
བོད་ཀྱི་གནའ་བོའི་གཏམ་དཔེ།
གླང་ཕྲུག་སྦང་མས་གསོས་ནས།
མཇིང་པ་སྦོམ་དུ་སྦོམ་དུ།
བུ་ཆུང་ཨ་མས་གསོས་ནས།
ཤུགས་དྲག་ཆེ་རུ་ཆེ་རུ།
ཟེར་བ་འདི་དྲན་གྱི་འདུག
སམ་སཱ་རཱ་ལགས།
ch=ཁུ།
ཟེར་བ་ལས།
ch=༼ཁི༽ ཞེས་པའམ། ༼ཁ༽ཟེར་བ་ལེགས་པ་མི་འདུག་གམ།
S=སུ། ཞེས་པ་འདི་ལ་ད་དུང་འགྱུར་བཅོས་དགོས་འདུག་སྙམ།
སྒོམ་སྡེ་ལགས། དེང་སང་གི་འབྲི་སྟངས་ཡོངས་གྲགས་ཏེ་རྡ་རམ་ས་ལ་ཞེ་ན་རྒྱ་གར་སྐད་དུ་གོ་དོན་རེ་ཡོད་དམ།
གལ་སྲིད་མེད་ན་དབྱིན་ཡིག་ཏུ་ཡང་Dharmashala ཞེས་བྲིས་ན་མི་ལེགས་སམ།
ཀླུ་སྨྱོན་ལགས།
རྡ་རམ་ས་ལའམ། དྷ་རམ་ས་ལ་ནི། གོང་དུ་ཞུས་པ་ལྟར་”དྷརྨ་ཤཱ་ལཱ”ཟུར་ཆག་པར་སྙམ་མོ། །
ཡ་ཡ། གོ་སོང་། ད་ནི་ཟུར་ཆག་དེ་རང་བེད་སྤྱོད་བཏང་ན་ལེགས་སམ་ཟུར་ཆགས་འབྱུང་སའི་དྷརྨཤྰལ་དེ་བེད་སྤྱོད་གཏོང་དགོས། གོང་ས་མཆོག་གི་དགེ་སློང་གི་སྡོམ་པའི་སྐོར་གྱི་ལྗགས་རྩོམ་དེའི་མཇུག་ཏུ་དྷརྨཤྰལ་ཞེས་བྲིས་གནང་མཛད་ཡོད་བསམས། གཞུང་ཡིག་དང་ཚགས་པར་དག་གང་མང་ཞིག་གིས་རྡ་རམ་ས་ལ་བེད་སྤྱོད་བཏང་དང་གཏོང་བཞིན་པས་མ་ཡིག་གི་སྟེང་དུ་རང་འཇགས་ལོག་རྒྱུ་དཀའ་ཙམ་ལོས་ཡོད།
ཀླུ་སྨྱོན་ལགས།
ས་མིང་ཆུ་མིང་སོགས་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་ཟུར་ཆག་པ་དང་སུམ་རྟགས་ཀྱི་འགྲོས་དང་མི་མཐུན་རུང་ཡུལ་མིས་འབོད་སྲོལ་ལྟར་རང་འཇགས་བཞག་ན་ལེགས་པར་སེམས།
དེར་བརྟེན་“དྷ་རམ་ས་ལ”བྲིས་ན་འགྲིག་པར་སེམས།
ད་བསམ་བློ་བཏང་གི་བཏང་ན་ཡེ་ཤེས་ཀྱི་དགོངས་ཚུལ་དེར་རྒྱབ་སྐྱོར་བྱེད་དགོས་པ་འདྲ་བོ་ཞིག་རེད། ངས་དེ་རིང་སྔོན་མའི་འགྱུར་ང་རང་གི་ནང་ན་ཡོད་ཡོད་ཚང་མ་ཁ་ཕྱེ་ནས་ལྟ་ཙམ་ལྟ་ཙམ་བྱེད་གི་ཕྱིན་པ་ཡིན། ས་མིང་སོགས་སྔགས་ཡིག་གིས་བྲིས་པ་དེ་འདྲ་ཉུང་ཤས་ཤིག་ལས་ཕལ་ཆེར་མཐོང་རྒྱུ་མི་འདུག མི་མིང་ཚུད་ཆད་བོད་ཡིག་ག་བསྒྱུར་འདུག འགའ་ཤས་ཡོད་པ་དེ་ཡང་སྒྲ་སོར་ཡང་གིས་བྲིས་པ་དང་ཅི་རིགས་འདུག
སྔོན་མ་ནས་དུས་ཡུན་རིང་པོ་ཞིག་ལ་བསམ་བཞིན་བོད་ཡིག་ལ་བཙན་གཡེམ་བྱེད་མཁན་ཞིག་ཁྱོན་ནས་བྱུང་མི་འདུག བོད་ཡིག་ལ་བཙན་གཡེམ་བྱེད་མཁན་དང་པོ་དེ་ད་སྔ་ངས་རྙེད་པ་ལྟར་ན་གུང་ལོ་ཆེན་མགོན་པོ་སྐྱབས་རེད། ཁོའི་རྒྱ་ནག་ཆོས་འབྱུང་ནང་ལ་གཅིག་ལྟོས་ར་ད། ཡི་གེ་བརྩེགས་མ། ཁ་ཕར་འཁོར་བསྡད་ཡོད་པ། ཚུར་འཁོར་བསྡད་ཡོད་པ། ཟོག་གི་འགྲམ་རུས་འདྲ་བ། རྟའི་རྐང་རུས་འདྲ་བའི་ཡི་གེ་འདྲ་མི་འདྲས་ཁེངས་བསྡད་འདུག དེའི་རྗེས་ལ་དགེ་འདུན་ཆོས་འཕེལ་རེད། གུང་ཁྲན་ཡོང་ཡོང་བར་དུ་དེ་གཉིས་ལས་ང་ལ་རྙེད་མ་སོང་། གུང་ཁྲན་ཡོང་བའི་རྗེས་ལ་བཙན་བྱོལ་སྤྱི་ཚོགས་ནང་ཐོག་དང་པོར་བོད་ཡིག་ལ་བཙན་གཡེམ་གྱི་མགོ་བཙུགས་འདུག ད་དེ་འདྲ་རེད། ངས་མཐུག་པོའི་ཡི་གེ་འགའ་རེ་དང་ལོག་ཡིག་རེ་ཟུང་བེད་སྤྱོད་གཏོང་གི་ཡོད་པ་དེ་ཚོ་གཡུགས་དགོས་ན་གཡུག་རྐྱང་ཡིན། འ་དེ་ཚོ་ཡང་གང་བྱུང་མང་བྱུང་གི་འོག་ལ་འཛུལ་མི་འཇུག་རྒྱུའི་དམ་བཅའ་འཇོག་གི་ཡིན། ར་མ་ལུག་ཁྱུར་མི་འདྲེས་པ་འདྲ་བ་དེ་ཚོ་དགོས་པ་མི་འདུག དཔེར་ན། ཝྰ་རྰ་ན་སྰི་ལྟ་བུར་མཚོན་ན་ཡི་གེ་ཁོ་རང་གིས་ཁ་གྲགས་ནས་ངེད་ཚོ་བོད་པ་མིན་རྒྱ་གར་ཡིན་ཟེར་གི་འདུག་ག། ཝ་ར་ན་སི་ལྟ་བུར་མཚོན་ན་བོད་ཀྱི་ཆ་ལུགས་འདྲ་ཞིག་བཟུང་། བོད་སྐད་བཤད་དེ་འདྲ་བྱེད་གི་ཡོད་པ་རེད། དེ་ལ་སྐད་རིག་ཞིབ་འཇུག་པ་ཞིག་གིས་བརྟག་དཔྱད་མ་བྱས་ན་ཕ་ཁུངས་མ་ཁུངས་རྒྱ་གར་ཡིན་པ་ཕལ་བའི་མིས་ཤེས་དཀའ་སྲིད། ད་ཝར་ན་ལྟ་བུར་མཚོན་ན་ད་དངོས་གནས་རྩམ་གཟན་རང་ཞིག་ཆགས་བསྡད་ཡོད་པ་རེད། དེ་ལ་ DNA ལ་བརྟག་དཔྱད་མ་བྱས་ན་རྒྱ་གར་ནས་ཡིན་པ་ཤེས་ཀྱི་མེད་པ་རེད།
དྷརྨ་ཤཱ་ལཱ་ཞེས་ཟེར་སྐབས་རང་ཡིན་རུང་ས་གང་ཡིན་མིད་གོ་དཀའ་ཐལ།
སྒོམ་སྡེ་ལྷ་རམས་པ་ལགས་སུ་གུས་མཀུར་དང་སྦྲགས་ཞུ་སྙིང་གཅིག་ནི། དུས་བཟང་ཞིང་རག་བྱུང་ན་བོད་ནང་རྡོ་འབུམ་བྱུང་སྟངས་དང་བསྐོར་རྭ་སོགས་ཀྱི་ཐད་ཉུང་ཙམ་གསུང་རོགས་ཞུ།
ཀླུ་སྨྱོན་ལགས། འདི་བོད་ཡིག་ལ་བཙན་གཡེམ་བྱས་མེད་པར་སུམ་ཅུ་བའི་རྩ་བར་དངོས་བསྟན་ཡིན་པར་བཤད་ན་ཁྱེད་ལ་བཤད་རྒྱུ་ག་རེ་ཡོད་དམ།
དེ་ཡང་རྩ་བར། ཡི་གེ་ཨཱ་ལི་ཀཱ་ལི་གཉིས༎ ཞེས་གསལ་བས་སོ༎
རྗེས་སུ་དལ་མོར་བཤད་ཆོག
འདི་བཙན་གཡེམ་ཞིག་མིན་པར་འདོད། ཤིན་ཏུ་ཕན་པར་འདོད།
ཁྱེད་ཚོས་དེའི་དགེ་མཚན་མ་མཁྱེན་པ་རེད་བསམས།
ཕྱི་རྒྱལ་སྐད་དང་། ལེགས་སྦྱར་སྐད་བོད་སྐད་ནང་དག་པར་ཀློག་རྒྱུ་དེ་གལ་ཆུང་ཆུང་མ་རེད།
ཡིན་ན་ཡང་ཧ་ཅང་གལ་ཆེན་པོ་ཅིག་ཡོད་པ་དེ་བོད་རང་གི་ཡི་གེ་དག་པར་ཀློག་ཐུབ་པ་ཞིག་དགོས་པ་དེ་རེད། གང་ལགས་ཟེར་ན། རང་རེའི་མདོ་དབུས་ཁམས་གསུམ་གྱི་ཡི་གེ་ཀློག་སྟངས་ལ་ད་དུང་ཡང་གཅིག་གྱུར་ཅིག་ཡོང་ཐུབ་གི་མེད་པ་དེས་དེ་རིང་གི་རྩོད་པ་འདི་བྱུང་བ་རེད།
མགོན་པོ་ཕྱག་གཉིས་པ།
ཁྱོད་མི་ཤེས་པ་ཞིག་ལ་ཤེས་མདོག་ཞི་པོ་ཅིག་བྱེད་དགོས་མཁན་ཞིག་རེད་འདུག མི་འདི་ཚོའི་གྲས་འདི་ང་ཚོ་བོད་པའི་གད་སྙིགས་དངོས་གནས་རེད། གད་སྙིགས་ནང་གཡུག་དགོས་རྒྱུ་དེ་ཁྱོད་ཚོ་རེད། མ་གཞི་འདི་ཚོ་གད་སྙིགས་ནང་གཡུགས་ན་གད་སྙིགས་ཡང་བཙོག་པ་བཟོ་བ་འདུག
ཁྱོད་ལྟ་བུ་ཁུངས་ཁྱོལ་བའི་ཕྱི་ནང་གི་ཤེས་བྱའི་ཡོན་ཏན་སྣ་གཅིག་མེད་ཀྱང་དཀྲོག་གཏམ་དང་ཁ་ཕོ་སྒྲོག་པ་ལ་དགའ་བ་ཁྱེད་ཅག་གང་དུ་སོང་ཡང་ལས་སླ་པོ་མི་བཞག་ཐག་ཆོད་ཡིན། ཁྱེད་ཅག་ངས་གཅེར་བུར་འདོན་རྒྱུ་ཡིན། གོང་དུ་མི་ཅིག་གིས་པདྨ་ཟེར་བ་དེ་དང་། མགོན་པོ་ཕྱག་གཉིས་པ་གཉིས་མི་གཅིག་རེད་ཟེར་བ་དེ་བདེན་པ་ཡིན་ས་འདུག ངས་མགོན་པོ་ཕྱག་གཉིས་པ་ལན་བདུན་བརྒྱད་ཅིག་རྫུབ་ཕུག་བརྟོལ་མྱོང་། ད་དུང་གཤམ་དུ་ངས་ཁོ་གཅེར་བུར་ཇི་ལྟར་འབུད་སོང་གཟིགས་ཨ།
ཁྱོད་ཀྱི་མཆན་༨༡ལས། ༡༽ “དེ་ནས་ཕར་རྒྱ་ནག་ལ་མཚོན་ནའང་ལོ་ཆུང་མིན་པར་གུང་ལོ་ཆེན་པོ་ཞེས་ལོ་ཙྰ་བ་ཆེན་པོའི་མཚན་ཅན་དེས་ཀྱང་མཐུག་པོའི་ཡི་གེ་དང་ལོག་ཡིག་དེ་ཚོ་བེད་སྤྱོད་བཏང་ཡོད་པ་རེད”
ཁྱོད་ཀྱིས་ལོ་ཆེན་ལོ་ཆུང་ལོ་ཆེན་ཟེར་བ་དེ་ཁྱོད་ཀྱིས་ལོ་ཙཱ་བ་དགུང་ལོ་ཆེ་ཆུང་ལ་བརྩིས་པ་དེ་རང་མཚང་ཆེན་པོ་རེད་དོ། །ངོ་ཚ་རྒྱུ་ཡོད་ན་ཚ་བར་གྱིས་ཤིག མི་ཚོ་ཡིན་ན་ལོ་ཆེན་ལོ་ཆུང་ཞེས་པ་བཅུ་ཕྲག་རིག་པའི་གནས་མཐའ་དག་ཤེས་མཁན་གྱི་ལོ་ཙཱ་བར་ལོ་ཆེན་དང་། དེ་ལས་གཞན་རྣམས་ལ་ལོ་ཆུང་ཞེས་མཁས་པ་རྣམས་ཀྱིས་གསུང་གི་རེད། ཞབས་འདྲེན་ཁྱོད་དེ་ཡང་ཤེས་མི་འདུག ད་དུང་ཁ་ཕོ་འབྲུག་སྒྲ་ལས་ཆེ་བར་སྒྲོག་པ་འདི་ངོ་རེ་ཚ།
༢༽
ཡང་ཁྱོད་ཀྱིས་༼དེ་ཚོ་མཐུག་པོ་དང་ལོག་ཡིག་བེད་སྤྱོད་བཏང་ཡོད་པ་མ་རེད། ཏུན་ཧོང་གཏེར་ཡིག་ནང་ལའང་བེད་སྤྱོད་བཏང་ཡོད་པ་མ་རེད༽ཅེས་ཤེས་མདོག་དང་མཐོང་རྒྱ་ཆེ་མདོག་བྱས་འདུག
ཁྱོད་ཀྱིས་ཏུན་ཧོང་གི་ཡིག་ཆའི་ནང་མཐུག་པོ་དང་ལོག་ཡིག་བེད་སྤྱོད་བཏང་ཡོད་མ་རེད་ཅེས་སྙིང་ཁམས་ཆེན་པོས་ཐག་བཅད་ནས་བཤད་པ་དེར། འདིར་མངོན་སུམ་ར་སྤྲོད་བྱས་ཏེ་ཁྱོད་དམར་ཧྲེང་མར་འབུད་རྒྱུ་ཡིན། གཤམ་གྱི་ཏུན་ཧོང་གི་ཡིག་ཆ་དེ་ལ་མིག་གཉིས་ཡང་དང་ཡང་དུ་ཕྱིས་ལ་ལྟོས་ཤིག
http://idp.bl.uk/database/oo_scroll_h.a4d?uid=3895499687;bst=1;recnum=5180;index=1;img=1
སྒོམ་སྡེ་ཁྱོད་ཀྱིས་རྒྱ་གར་གྱི་ས་མིང་མི་མིང་དེ་ཚོ་ལེགས་སྦྱར་སྐད་ཀྱི་འགྲོ་ལུགས་ལྟར་བྱེད་དགོས་པའི་ཨུ་ཚུགས་བརྒྱག་གི་ཡིན་ན། ངས་ཁྱོད་ལ་སྙིང་རླུང་སྟོད་ལ་འཚང་པའི་བཙན་གཡེམ་གྱི་གནས་ཚུལ་གཞན་ཞིག་བྱེད། ངས་ནི་འདི་བཙན་གཡེམ་ཞིག་ཏུ་མི་བསམ་རུང་། ཁྱོད་ཀྱི་རིགས་མཐུན་དམར་ལྡང་ཁ་ཤས་ཀྱིས་དེ་ལྟར་དུ་འདོད་དེ། བཙན་གཡེམ་བྱེད་མཁན་དེའི་མིང་ལ་ Wylie Transliteration ཟེར་ཞིང་། དེའི་དབྱིབས་ཚུགས་ནི་འདི་ལྟར།
Uinicode zhes pa’i yig gzugs ‘di ma byung gong la bod skad shes la bod yig mi shes pa’i bod kyi mkhas pa khag cig gis/ bod yig ‘di Wylie Transliteration la bsgyur ba yin na/ bod yig gis deang rabs kyi ‘phrul rtsal gyi ‘gyur ldog gi rjes zin thub kyi red ces bshad yod/ ‘di ltar ‘gyur ba btang pa yin na/ George dang Washington zer ba lta bu’i dbyin ming de tsho’i sgra bod yig tu ji ltar phab stangs kyi rtsod pa de zhi ba’i phyogs su ‘dum chog pa zhig ma red dam/
གོང་གི་ཚིག་གྲུབ་འདིར་བོད་ཆས་ཤིག་སྤྲས་ན་དེའི་བཟོ་ལྟ་འདི་འདྲ་ཞིག་ཏུ་མངོན་པར་འགྱུར།
Uinicode ཞེས་པའི་ཡིག་གཟུགས་འདི་མ་བྱུང་གོང་ལ་བོད་སྐད་ཤེས་ལ་བོད་ཡིག་མི་ཤེས་པའི་བོད་ཀྱི་མཁས་པ་ཁག་ཅིག་གིས།་བོད་ཡིག་འདི་ Wylie Transliteration ལ་བསྒྱུར་བ་ཡིན་ན།་བོད་ཡིག་གིས་ དེང་རབས་ཀྱི་འཕྲུལ་རྩལ་གྱི་འགྱུར་ལྡོག་གི་རྗེས་ཟིན་ཐུབ་ཀྱི་རེད་ཅེས་བཤད་ཡོད།་འདི་ལྟར་འགྱུར་བ་བཏང་པ་ཡིན་ན། George དང་ Washington ཟེར་བ་ལྟ་བུའི་དབྱིན་མིང་དེ་ཚོའི་སྒྲ་བོད་ཡིག་ཏུ་ཇི་ལྟར་ཕབ་སྟངས་ཀྱི་རྩོད་པ་དེ་ཞི་བའི་ཕྱོགས་སུ་འདུམ་ཆོག་པ་ཞིག་མ་རེད་དམ།
ཟླ་འོད་ཀྱི་ཟེར་བའི་མུན་ནག་གི་འུག་ཕྲུག་ཁྱོད་ཉོན་ཨང་།
ངེད་ཀྱིས་བསམ་པར་ཁྱོད་ལ་རིགས་པ་གང་འཚམ་ཞིག་གཏོང་རྒྱུ་མེད་དམ་བསམས་བྱུང་ཡང་། མ་གཞི་ཁྱོད་ཚོ་ལ་རིགས་པ་གང་ནས་ཡོང་། རིགས་པ་འོང་ས་དེ་བསྡུས་གྲྭ་རེད། དེ་ནི་ཁྱོད་ཚོས་གད་སྙིགས་ནང་གཡུགས་ཟིན། ད་ཁ་ལ་མཛུག་གུ་བརྒྱུས་ནས་སྡོད།
ཝཡ་ལི་འགྲོ་སྟངས་ལེགས་པོ་ཤེས་མཁན་གྱིས་ཕྱི་རྒྱལ་བས་བོད་མིང་བྲིས་པ་ཡིན་ན་ཏག་ཏག་བྲི་ཐུབ་ཀྱི་རེད། དཔེར་ན་སྲི་གཅོད་བྲི་དགོས་ན་sri gcod ཞེས་བྲིས་པ་ཡིན་ན། བོད་སྐད་ཐོག་བསྒྱུར་དུས་ཏག་ཏག་བསྒྱུར་ཐུབ། དེ་མིན་Tri Cho ཡང་ན། Hri Cho ལྟ་བུ་ལས་གཞན་བྲི་ཐབས་མེད། ད་དེ་བོད་སྐད་ཐོག་བསྒྱུར་ཐབས་བྱེད་པ་ཡིན་ན་ཧ་ལམ་འབྲི་ཐུབ་དཀའ་མོ་རེད།
ངེད་ནས་ཁ་སྔོན་གོང་དུ་བཤད་པ་ལྟར། “God Spoke Tibetan” ཞེས་པའི་དེབ་རྫུན་དེར། བོད་གཞུང་གི་སྐུ་དྲག་ཅིག་གི་མིང་ལ་Tempu Gerganཞེས་བྲིས་འདུག ད་ཁྱོད་དེ་བོད་སྐད་ཐོག་ཕོབ་དང་། ངས་བལྟད་མོ་བལྟས་ན་སྡོད་ཀྱི་ཡིན།
Wylie Transliteration ཞེས་གསར་བཟོ་བྱེད་མཁན་ལ་སྙིང་ནས་གུས་ཞབས་ཡོད། བོད་ཀྱི་རིག་གཞུང་ལ་བྱས་རྗེས་ཆེན་པོ་རེད། དེང་སང་བོད་ཡིག་ལ་དོ་སྣང་ཡོད་མཁན་གྱི་ཕྱི་རྒྱལ་བ་མང་དག་ཅིག་ཡིག་དོད་དེའི་ཐོག་ནས་བོད་ཀྱི་རྩ་ཆེན་བཀའ་བསྟན་འགྱུར་སོགས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད། མ་ཟད་བཀའ་བསྟན་དང་དགེ་ལུགས་པའི་གསུང་འབུམ་གལ་ཆེན་ཕལ་མོ་ཆེ་Wylie ཝཡ་ལིའི་ཡིག་དོད་ཐོག་བཞུགས་ཡོད།
མ་ཟད་ཡིག་དོད་དེའི་ཐོག་དྲ་རྒྱར་ཚིག་མཛོད་ཅིག་ཀྱང་ཡོད་རེད། གཤམ་གྱི་དྲ་རྒྱའི་ཁ་བྱང་ལ་གཟིགས། http://www.nitartha.org/dictionary_search04.html
གོང་གི་ངེད་ཀྱི་མཆན་༡༠༩རུ་དྲ་རྒྱའི་ཁ་བྱང་ཞིག་ཕུལ་ཡོད་པ་སྐབས་རེར་འགྲོ་གི་མེད་ཚོད་འདུག མ་སོང་ན་ཏུན་ཧོང་གི་དྲ་རྒྱར་ཕེབས་ན་གོང་ཞུས་ལྟར། IOL TIB. J 328 ལ་ཕེབས་ན་གཟིགས་ཐུབ།
སྒོམ་སྡེ་དགེ་བཤེས་རིན་པོ་ཆེ།
སྟོན་པའི་མནབས་བཟའ་གཡུག་པ་དང་མཉམ་དུ་དགེ་སློང་གི་སྡོམ་པ་དང་ཚུལ་ཁྲིམས་ཀྱི་བག་ཆགས་དག་ཀྱང་རང་རྒྱུད་ནས་དྲི་མ་དང་བྲལ་བ་ཞིག་བཀྲུས་འདུག་པ་དེ་ཨེ་མ་མཚར། ང་མི་སྐྱ་ཞིག་གི་དོ་ཟླར་ལངས་ནས་ཚིག་རྩུབ་སྨྲ་བ་འདི་ལ་བསམ་ནས་ངས་ཁྱོད་ཚོས་བཟོད་པ་དང་བསམ་གཏན་ཞེས་ཐོས་བསམ་བྱེད་པ་དེ་མི་ཚེ་འཕྲོ་བརླག་རེད་ཅེས། མགོན་ཕྱག་དང་པད་མ་གཉིས་ལ་བདེན་ཁ་བྱིན་པ་ཡིན། ད་བསྡུས་གྲྭའི་རྩེད་མོ་དེས་ཅི་བྱེད། དེ་ལས་ངས་ཁྱོད་ལ་བོད་ཡིག་ལ་བཙན་གཡེམ་གྱི་གནས་སྟངས་འདིའི་རྩ་བ་དོར་ནས་ཡལ་གར་འཇུ་མི་རུང་བའི་གནས་ལུགས་ཞིག་མཇུག་སྡོམ་གྱི་ཚུལ་དུ་བཤད། འདི་ནི་ངས་ཁྱོད་ལ་འདེབས་རྒྱུའི་མཆན་མཐའ་མ་དེ་ཡིན་པ་ཤེས་པར་གྱིས།
སོ་མ་ལི་ཡ་ནས་ཡིན་པའི་ IT གྲོགས་པོ་ཞིག་གིས་ངས་རང་གི་ཀློག་ཀླད་མ་གཏོགས། གཞན་གང་རུང་དུ་ཐད་ཀར་བོད་ཡིག་སྒྲིག་འཇུག་བྱེད་མི་ཐུབ་པའི་དཀའ་ངལ་མཐོང་ནས། ཁྱོད་ཚོ་བོད་འདི་ཇི་འདྲའི་ལྐུགས་པ་ལ། ཁྱོད་ཚོའི་ཡིག་གཟུགས་དེ་་རོ་མཱན་གྱི་ཡིག་གཟུགས་སུ་བསྒྱུར་བ་ཙམ་གྱིས་དཀའ་ངལ་དེ་སེལ་བ་མ་རེད་དམ། ང་ཚོས་དེ་ལྟར་བྱས་ཏེ་དཀའ་ངལ་འདི་ང་མ་སྐྱེས་གོང་ནས་སེལ་བ་རེད་ཟེར། ཁོང་ནི་ཁ་ཆེ་ཞིག་ཡིན་ཞིང་། ཁ་ཆེ་ནི་ཅི་ཙམ་ལྟ་བ་མཁྲེགས་འཛིན་ཆེ་བ་ནི་ཡོངས་ཁྱབ་ཀྱི་མཐོང་ཚུལ་ཞིག་རེད། ཡིན་ནའང་ངས་ཁོང་ལ་ང་ཚོ་བོད་ནི་ཁ་ཆེ་ལས་ཀྱང་ལྟ་བ་མཁྲེགས་ཀྱི་རེད། ཁ་ཆེ་ཚོས་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་སྐུ་གསུང་ཐུགས་རྟེན་དང་མཆོད་པ་མཆོད་ཆས། གཞན་ཡང་གཟན་དང་ཤམ་ཐབས་སོགས་ཅི་ཡང་བཙོང་གི་ཡོད་མོད། ཡིན་ནའང་བོད་མི་ཞིག་གིས་ཁ་ཆེ་ཨ་དཔོན་གྱི་པར་དང་ཞྭ་མོ་དཀར་རིལ་ཞིག་བཙོང་རྒྱུ་མ་གཏོགས་སེམས་ལའང་ཤར་ཐུབ་ཀྱི་མ་རེད་ཅེས་བཤད། ཁོང་ནི་གོང་དུ་བཤད་པ་ལྟར། IT ལག་ཤེས་པ་ཞིག་ཡིན་པས། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པར་ཀློག་ཀླད་དང་འབྲེལ་བའི་བོད་མི་ལག་ཤེས་པ་གང་མང་མང་དགོས་པའི་བསམ་ཚུལ་བཤད་བྱུང་། ང་ཚོའི་གྲོང་ཁྱེར་འདིར་བཙན་བྱོལ་བོད་གཞུང་གིས་གསོ་སྐྱོང་བྱས་ཏེ་ཀློག་ཀླད་ཀྱི་ཤེས་བྱ་སྣ་ཚོགས་ཀྱི་ཐོག་ནས་སློབ་གྲྭ་ཆེན་མོ་ཐོན་མཁན་མི་བཅུ་གྲངས་ཤིག་ཡོད་མོད། ཡིན་ནའང་ཁོང་ཚོའི་ཁྲོད་དུ་བོད་ཡིག་ཀློག་ངོ་ཙམ་ཆོད་མཁན་ཡང་རེ་ཟུང་ལས་མེད་པ་མ་ཟད། IT ལག་ཤེས་དེས་བོད་ཡིག་ལ་ཁེ་ཕན་ཅི་ཞིག་བསྒྲུབ་རྒྱུར་བསམ་བློ་བཏང་མྱོང་ཡོད་མེད་ནི་ཐེ་ཚོམ་རེད།
ཡང་ཁ་ཤས་ཀྱིས་བོད་དུ་ཚོང་ཁང་གི་སྒོ་བྱང་སོགས་སུ་ཡིག་ནོར་ཅི་ཙམ་མང་པ་དེར་བལྟས་ནས་དངན་པ་ཤོར་གྱི་ཡོད། ཡིན་ནའང་ངས་ཉེ་ཆར་གནས་ཚུལ་གོ་གསལ་ལྟར་ན། དེ་ལྟར་ཡིག་ནོར་མང་པོ་ཤོར་བའི་རྒྱུ་རྐྱེན་གཅིག་ནི་བོད་མི་ཚོའི་ཁྲོད་ན་སྒོ་བྱང་ཇུས་འགོད་ཀྱི་ལག་ཤེས་ཡོད་མཁན་མེད་པས་ཀློག་ཀླད་དུ་ཡི་གེ་གཏགས་མཁན་མང་ཆེ་བ་རྒྱ་མི་རེད་ཅེས་ཟེར། དེས་ན་བོད་ཡིག་ལ་བཙན་གཡེམ་བྱེད་མཁན་གྱི་རྩ་བ་དེ་སུ་ལ་ཐུག་ཡོད་དམ།
ཨ་རོགས་སྒོམ་སྡེ། ངས་བལྟས་ན་མི་ཤེས་མདོག་བྱེད་པར་ང་ལས་ཁྱོད་སྡུག་ག་འདུག ཁ་སང་གི་ཏུན་ཧོང་སྐོར་གྱི་རྩོམ་འཆལ་དེ་གཅིག་པོའི་ནང་ཁྱེད་རང་གི་རྐུབ་གཡོགས་ཐེངས་གཅིག་མིན་དུ་རལ་སོང་ང་། སྔོན་མ་ཞིག་ལ་ཡང་ཁྱེད་རང་གི་མི་ཤེས་ཤེས་མདོག་བྱས་ནས་མི་གཞན་ཞིག་ལ་ཚིག་གྲུབ་དེ་གཉིས་དོན་དག་གཅིག་པ་རེད་ཟེར་ནས་ཡིན་མདོག་བྱས་མི་གཞན་པ་ལམ་ལོག་ལ་ཁྲིད་སྐབས་ཡང་ངས་ཁྱེད་རང་གི་རྐུབ་གཡོགས་ཐེངས་ཤིག་རལ་བ་དེ་ཁྱེད་རང་གིས་དྲན་སོས་གི་མི་འདུག་གམ།
ཁྱེད་རང་གིས་ཏུན་ཧོང་གཏེར་ཡིག་ནང་ནས་མཐུག་པོའི་ཡི་གེ་རེ་ཟུང་གཅིག་བྱས་ན་རྙེད་ཡོད་སྲིད། ཡག་པོ་རེད། ཡིན་ན་ཡང་། དེར་སྔགས་ཡིག་འདྲ་བོ་དེ་འདྲ་མང་པོ་འདུག་གེ འདི་ངའི་དྲི་བ་ཡིན། ང་ཚོས་རྩོད་རྒྱག་གི་ཡོད་པ་དེའང་འདི་རེད། སྔགས་ཡིག་འདྲ་བོ་དེ་འདྲ་མང་པོ་མ་འབྲི་ཟེར་གི་ཡོད། སྔོན་བྱོན་གྱི་མཁས་པ་ཚོས་ཀྱང་དེ་རིགས་བསྐྱུང་ཅི་ཐུབ་བྱས་འདུག
དེ་ནས་ཁྱེད་རང་གི་དེ་རིང་གི་མཆན་ནང་། Wylie ཝཡ་ལིའི་འདི་འདྲ་ཞིག་བཀོད་འདུག་པ་འདིའང་ཀློག་མི་ཤེས་གི ཝཡ་ལི དང་ཝ་ཡ་ལི་གཉིས་ལ་ཁྱད་པར་ག་རེད་ཡོད་པ་རེད།
ཟླ་འོད།
ཁྱོད་ཚོར་ཚིག་ངན་རེ་ཟུང་སྨྲ་དུས་སྐད་ལོག་ལུང་པ་གང་རྒྱག་གི་འདུག ཁྱོད་ཚོས་མཐོ་ས་༸རྒྱལ་བ་རིན་པོ་ཆེ་ཡན་ཆད་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངན་སྨད་བྱེད་པར་ཡ་ང་བག་ཚ་སྤུ་ཙམ་མི་འདུག
ཁྱོད་ཚོས་༼བསྡུས་གྲྭ་ཟེར་བ་འདི་གད་སྙིགས་ནང་གཡུག་ཞོག༽ཅེས་པ་དང་དེ་སློབ་ཕྲུག་ཚོའི་དུས་ཚོད་འཕྲོ་བརླག་རེད་ཟེར་བ་སོགས། ངན་སྨད་བྱ་ཡུལ་དེ་༸རྒྱལ་བ་རིན་པོ་ཆེ་རེད། ངས་ཤེས། ཁྱོད་ཚོ་ལ་ཚིག་རྩུབ་སྨྲས་ཀྱང་སྨྲ་འོས་པ་རེད།
༸གོང་ས་མཆོག་གིས་མཚན་ཉིད་ཀྱི་རིག་པ་འདི་ཐོག་མར་གདན་ས་ཁག་ལ་མ་གཏོགས་མེད་ནའང་། ཁོང་གི་ཐུགས་བསྐྱེད་བྱིན་མཐུས་རྒྱུད་གྲྭ་སྟོད་སྨད་དང་། རྣམ་རྒྱལ་གྲྭ་ཚང་། གནས་ཆུང་། ཐ་ན་བཙུན་མགོན་ཚུན་ཆད་ལ་ཁྱབ་པའི་བཀའ་དྲིན་མཛད་ཡོད། སྔོན་མ་ཡིན་ན་དགོན་པ་དེ་དག་ལ་ཆོ་ག་ཕྱག་ལེན་མ་གཏོགས་མེད། ད་ལྟའི་ཆར་ཆ་ཤས་ཡོངས་སུ་རྫོགས་པའི་དགོན་པ་དག་ཏུ་གྱུར། དེ་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རེད། ད་ཁོང་ནས་དེ་འདྲའི་ཡོན་ཏན་དེ་གྲྭ་བཙུན་ཙམ་དུ་མ་ཟད་ཁྱིམ་པ་ལའང་བསྩལ་བར་རྩོམ་པ་ན། ལས་ངན་རྣམ་རྟོག་སློང་མཁན་ཁྱེད་ཚོ་གྲོག་ཁ་ལ་ཡོད་པ་ལྕེས་འབུད། ཅེས་པའི་དཔེ་ལྟར་བསོད་ནམས་ཀྱི་རྒྱབ་རྟེན་མེད་པ་ཡིན་ཙང་འཇུ་གི་ཡོད་མ་རེད།
ཁྱོད་ཅག་ལ་འདི་བོད་ཀྱི་གཏམ་དཔེར།
བོང་བུ་བསླངས་པའི་ཡག་བྱུང་མེད་པར།
རྔ་མ་བུད་པ་ཡལ་ལ།
དཔེ་ལྟར་གྱུར་ཏོ། །
མགོན་ཕྱག
དྲན་གྱི་འདུག ངས་བཤད་པའི་ཐང་མའི་གོ་དོན་དེ་བསྐྱར་བཤད་བྱེད་ཡ་དེ་ཨས་?????
ཧ་ཧ་ཧ་ཧ། བགད་མོ་མ་སློང་རོགས་ཐུགས་རྗེ་གཟིགས།
ཁྱོད་ཚོར་རང་སྟོབས་ཀྱིས་གང་ཡང་ཤོད་རྒྱུ་མེད་པར་མིས་བཤད་པ་དེ་བསྐྱར་བྱེད་ཀྱི་རེད།
སྒོམ་སྡེ་ལྟ་བུས་གྲྭ་ལོག་བྱས་ཏེ་བསྟན་པ་བཤིག་ནས་༧རྒྱལ་བ་རིན་པོ་ཆེའི་ཐུགས་ཕམ་གྱི་གཞི་རུ་གྱུར་བ་ཞིག་གིས་ཡིན་མིན་གོ་ལྡོག་གི་བསྡུས་གྲྭའི་རིགས་ལམ་རྟུལ་བོ་དེ་བསྐྱར་བཟློས་བྱས་ཡོང་དུས། དེ་ལས་ཉོབ་སྣང་ཆེ་བ་ཞིག་མི་འདུག་པས་མཆན་འདེབས་རྒྱུ་མཚམས་འཇོག་རྒྱུ་ཡིན་ཞེས་བཤད་པ་ཡིན། ད་ཡང་རྙོག་བཤད་ལུང་པ་གང་བརྒྱབ་ཡོང་དུས་འདི་བཤད་ཀྱིས་ཉོན་ཞིག་སྒོམ་སྡེ་པ།
སྡོམ་པ་གཡུག་ཐུབ་རྒྱུ་ཞིག
བསྡུས་གྲྭ་གཡུག་མི་ཐུབ་རྒྱུ་ཞིག
དགེ་བཤེས་མར་ལོག་འདི་ཚོ་ཅི་འདྲའི་དགོད་སྤྱད།
ད་དུང་ལྷ་རམས་པ་ཟེར་བའི་དར་ཆ་དེ་སྤྲེའུ་ཨོང་ཤ་བཞིན་གང་ཡིན་སར་དམར་ལྷོག་ལྷོག་ངོམས་པ་འདི་ཅི།
མགོན་པོ་ཕྱག་གཉིས། ད་རེས་བརྩིས་ན་ཁྱེད་ཀྱི་རྩོམ་ཡིག་དེ་དག་གིས་ང་དྲ་ཐོག་འདིར་དྲུད་ཡོང་བ་ཐེངས་མ་གསུམ་པ་དེ་ཡིན། དེ་རིང་ཁེར་དགོད་བྱེད་ཀྱིན་བྱེད་ཀྱིན་ཁྱེད་ཀྱི་སྒྲུང་དེ་དག་བཀླགས་པ་ཡིན། སྔར་ཁྱེད་ཀྱིས་དབྱིན་ཡིག་སྦྱོང་རྒྱུའི་ཆེད་དུ་བོད་ཡིག་གི་དཔེ་དེབ་དག་མི་མཐོང་སར་སྦས་མྱོངས་པ་ལྟར། ད་སྐབས་ངས་ཀྱང་བོད་ཡིག་གི་དྲ་དེབ་དག་དང་རིང་དུ་སྡོད་པའི་འབད་བརྩོན་བྱེད་ཀྱི་ཡོད་མོད། ཁྱེད་ཀྱི་་མ་བཅོས་ལྷུན་གྲུབ་ཀྱི་ངག་ཚིག་དེ་དག་ཀློག་ཡོང་དུས་ཁྱེད་ཀྱི་གཤིས་ཀ་དེ་མིག་ལམ་དུ་ཤར་ནས་རང་དབང་མེད་པར་གད་མོ་འཆོར་བར་བྱེད། ཁ་སྔོན་ཁྱེད་ཀྱིས་ང་ལ་རིག་རྒྱུ་མེད་པར་གང་དུ་སོང་བ་ཡིན་ཞེས་མཆན་ཞིག་བཞག་འདུག་ཀྱང་། སྐབས་ཐོག་ཏུ་ལན་འདེབས་ཁོམ་མ་བྱུང་བར་ལུས་སོང་། ད་ལོ་ཕྱི་ཟླ་གསུམ་པ་ནས་ལ་རྒྱུགས་ལུང་རྒྱུགས་བྱས་ཏེ། ཉེ་ཆར་ཨ་མདོ་ནས་ཕྱིར་འཁོར་ཙམ་ཡིན།¬ གནས་སྐབས་སུ་བདེ་མོ། རྗེས་མ་ཞིག་ལ་སླར་ཡང་མཇལ་ཡོང་།
ཨོ། ཟླ་འོད་ལགས་ཁྱེད་རང་ཕྱིར་ཕེབས་པར་དགའ་བསུ་ཞུ། ང་རང་ཡང་དགོད་གི་དགོད་གི་བྲིས་པ་ཡིན་དེ། དེ་རིང་དྲ་ཁང་ནང་ལ་གཅིག་འཛུལ་དུས་ང་ཚོའི་བཀུར་བར་འོས་པའི་དྲ་གྲོགས་མགོ་མཁྲེགས་འགའ་རེ་ཁོང་ཁྲོ་ཟ་འདུག
ད་སྒོམ་སྡེས་ད་བར་དུ་སྦྱངས་པའི་བསྡུས་ར་དེ་ང་ཚོའི་སྒང་ལ་བེད་སྦྱོད་གཏོང་གྲབས་མེད་འགྲོ། ད་བསྡུས་ར་ཟེར་བ་དེའི་བྲོ་བ་ཅིག་མྱོང་དགོས།
བགྲོ་གླེང་གནང་མཁན་ཚང་མར་འཚམས་འདྲི་ཡོད།
ཁ་བརྡ་འདི་ཡང་ཚད་མཐོ་རུ་མཐོ་རུ་འགྲོ་གིན་ཡོད་པའི་ཚོར་སྣང་བྱུང་།
ཁོམ་པ་རེད་ཡོད་དུས་དྲ་ཐོག་ནས་མཇལ་ཆོག་པ་ཞུ།
བགྲོ་གླེང་གནང་མཁན་ཚང་མར་འཚམས་འདྲི་ཡོད།
འདི་ལ་ཐུགས་བསམ་རེ་བཞེས་དང༌། འདི་ལ་བདེན་ཁ་སྟེར་ཐུབ་བམ།
ཀླུ་སྨྱོན་ལགས། འདི་བོད་ཡིག་ལ་བཙན་གཡེམ་བྱས་མེད་པར་སུམ་ཅུ་བའི་རྩ་བར་དངོས་བསྟན་ཡིན་པར་བཤད་ན་ཁྱེད་ལ་བཤད་རྒྱུ་ག་རེ་ཡོད་དམ།
དེ་ཡང་རྩ་བར། ཡི་གེ་ཨཱ་ལི་ཀཱ་ལི་གཉིས༎ ཞེས་གསལ་བས་སོ༎
རྗེས་སུ་དལ་མོར་བཤད་ཆོག
འདི་བཙན་གཡེམ་ཞིག་མིན་པར་འདོད། ཤིན་ཏུ་ཕན་པར་འདོད།
ཁྱེད་ཚོས་དེའི་དགེ་མཚན་མ་མཁྱེན་པ་རེད་བསམས།
དེང་སང་ཀློག་ཀླས་སོགས་ཕྲུལ་ཆས་ཀྱི་དུས་འདིར་ བཙན་གཡེམ་ནང་ནས་ཀྱང་ བཙན་གཡེམ་ངོ་མ་དེ་བོད་ཡིག་དབུ་མེད་དེ་ལ་བྱེད་འདུག་ དབུ་མེད་ནི་དེང་སང་མང་ཆེ་བས་སྔར་རྒྱུན་བཞིན་ལག་པའི་བྲི་ཁན་ཡང་ཉུང་དུ་འགྲོ་འདུག་ལ་ ཀློག་ཀླད་ཐོག་ཡང་བྲི་མི་ཐུབ་སྟབས་མགྱོགས་པོ་རླག་འགྲོ་བའི་ཉེན་ཁ་ཆགས་འདུག་ ང་ཚོའི་མགྱོགས་ཡིག་དབུ་མེད་འདི་ཚབས་ཆེའི་བཙན་གཡེམ་འདི་ནས་བསྐྱབས་དགོས་ཀྱི་འདུག་ བློ་རྒྱ་ཡངས་པའི་དྲ་གྲོགས་ཚོར་ཐབས་ཤེས་གང་འདྲ་རེ་ཡོད་དམ་།
སྙིང་འདྲའི་རང་རིགས་དྲ་གྲོགས་རྣམ་པ་ལགས། ང་ཁྱེད་རྣམ་པར་དགའ་ཞེན་ཆེ་ལ། ང་རང་གི་སྐད་ཡིག་ཐོག་ནས་འབྲེལ་ལམ་བྱེད་རྒྱུ་དེ་བས་ཀྱང་དགའ། ངའི་རེ་བར་ངེད་ཚོ་མཉམ་དུ་འཛོམས་རྒྱུ་བྱུང་ན་སྙམ། ང་ཁྱེད་ཅག་དང་མཉམ་པོར་ལ་རྒྱའི་གླེང་མོལ་རྫོགས་མཐའ་མེད་པ་བྱེད་སྙིང་འདོད་དོ།།།