ཁ་སང་ཕྱི་ཚེས་༢༩ ཉིན་ཨ་རིའི་bbg watchཞེས་པའི་དྲ་དེབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལ་བསྐོ་བཞག་བྱས་ཡོད་འདུག འདི་ནི་འགན་འཛིན་ང་ཕོད་འཇིགས་མེད་ལགས་ལས་ཀ་ནས་ཕྱིར་འབུད་བྱས་པ་དེའི་ཚབ་ཏུ་བསྐོ་བཞག་བྱས་པ་ཞིག་ཡིན་འདུག ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལི་བྷེ་ལུ་ལགས་ཀྱིས་སྐབས་འདི་ལ་འདི་ལྟར་བྲིས་ཡོད་འདུག “(བསྟན་འཛིན་རྣམ་རྒྱལ་)ཁོང་གིས་སྐུ་ཚེ་གང་བོར་བོད་མིར་ཞབས་ཞུ་ཞུས་ཡོད་ཅིང་། ཁོང་གི་མཚན་མཐོང་ནི་སྐྱོན་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་རེད། ངས་འདི་ནི་རྨ་ཁ་གསོ་བའི་ཕྱོགས་སུ་ཤིན་ཏུ་ནས་སྨན་པ་ཞིག་དང་། འུ་ཐུག་ཐབས་ཟད་ཀྱི་ཁྲོད་གནས་པའི་བོད་མི་རྣམས་ལ་ཞབས་འདེགས་ཐད་དམིགས་རྒྱང་སོས་པ་ཞིག་སྤྲོད་པའི་རེ་བ་བྱེད་ཀྱིན་ཡོད།”ཞེས་བྲིས་ཡོད་འདུག
གནས་ཚུལ་འདི་དྲ་དེབ་འདི་ན་འདུག
ཁ་བརྡ་འདི་བ་ཚང་ངོ་མ་ཡ་མཚན་ཟེར་ནོ་རེད། གནས་ཚུལ་འདི་དང་པོ་དྲ་ཐོག་དུ་འཇོག་མཁན་དེ་ང་རེད། ད་འདི་ནས་འདི་བ་ཚང་གི་ཁོང་ཚང་གི་གསེར་འགྱུར་ཞིག་ཡིན་འདོག་འདོག་ཟེར་གོ་རིག་གི། མྱི་ལྡང་ཚང་དཀར་པོ་དགེས་སེམས་ཆུང་བྱེས། ཡིན་ནའང་ང་མྱི་བསམ་ཤེས་ཞིག་ཡིན་། ད་རེས་ཐེངས་དང་པོ་རེད་ཁྱེད་ག་ཚང་འཚེ་ཐར་གཏོང་གི་ཡིན་། རྫེས་ནས་འདི་མོ་འདི་བྱེད་ན་མི་འགྲིག་གོ་ངོ་མ་བཤད་ནས། ཨོ་ཡ་་་་
རྒྱ་མོཁྱོད་ཀྱི་འོག་གི་རྨ་ཁ་གསོ་བར་ཕན་ན་ཅི། བོད་པའི་རྩ་དོན་ཆེན་པའི་སྙིང་ཁའི་རྨ།
གསོ་བར་མི་ཐུབ་དང་པོ་རྨ་སྦྱིན་མཁན་ཁྱོད། ཁྲིམས་ལ་གཏུག་གོ་ལྟས་མོ་རྗེས་ན་ཡོད།
ད་ནི་བཟུང་ཨེ་ཤ་རང་དབང་རླུང་འཕྲིན་ཁང་ནས་རང་བཙན་སྐོར་གཏམ་བཤད་དང་བགྲོ་གླེང་གོ་རྒྱུ་དཀའ་མོ་རེད། དེ་ནི་ང་ཚོ་བོད་རྒྱལ་ཁབ་ཀྱི་རྒྱལ་ཁ་གཅིག་རེད་ལ་མེས་རྒྱལ་གཉེས་པའི་མཆོད་སྤྲིན་བླ་ན་མེད་པའང་དེ་རེད། དབུ་མ་ཞེས་པའི་གཞུང་ལུགས་དེ་ཡིན་ལ་རྒྱ་བོད་མཉམ་གནས་རྨི་ལམ་གྱི་སྔོན་འགྲོ་ཡང་དེ་རེད།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་བཀྲ་ཤིས་བདེ་ལེགས། སྤྱི་ལོ་དོན་གྲངས་སྐབས་སུ། ཁོང་ཨ་རིའི་དོན་གཅོད་ཡིན་པས། སོག་པོ་དགེ་བཤེས་དབང་རྒྱལ་མཆོག་དང་འབྲེལ་པ་ཡང་དང་ཡང་དུ་བྱུང་བས། དགེ་བཤེས་དབང་རྒྱལ་མཆོག་གིས་དོན་གཅོད་དེ་མི་ཧ་ཅང་གི་ཡག་པོ་རེད། ཅེས་གསུངས་པ་ཐོས།
་
བཀྲས་མཐོང་ཞེས་པའི་སྒྲ་བཤད་ནི། བཀྲ་ཤིས་ལྷུན་པོ་མཐོང་ས་ན་གཞིས་ཀ་ཡོད་པས། བཀྲས་མཐོང་ཞེས་བྱ། དེ་ཡང་ཐོག་མའི་མི་རིགས་དེ་མངའ་རིས་སྤྱི་ཏི་ནས། གོང་གསལ་གཞིས་ཀ་དེར་གཞིས་ཆགས། དེ་ནས་གཞུང་གི་སྐུ་དྲག་ལས་བྱེད་པར་བསྐོས་ཏེ། དབུས་སུ་སྤོས། བསྟན་འཛིན་རྣམ་རྒྱལ་གྱི་མེས་པོ་སྡེ་དཔོན་ཡིན་པ་ཁམས་ལ་ཕེབས། ཁམས་སྡེ་དགེའི་བཀའ་བསྟན་སོགས་བཀྲས་མཐོང་གཞིས་ཀ་དེར་ཞུས་ཡོད་པ་ངས་མཇལ་མྱོང་། སྡེ་དཔོན་གྱི་སྐུ་མཆེད་ཡིན་ངེས། བཀྲས་མཐོང་བྲང་ཁང་རྗེ་དྲུང་མཆོག་གིས་ཁོ་བོ་མདོ་མངས་སོགས་ཀློག་པ་དང་ཆོས་སྤྱོད་ཀྱི་བྱ་བ་རེར་སྐད་བཏང་།
་
བསྟན་འཛིན་རྣམ་རྒྱལ་གྱི་ཡབ་དེ། ཝཱ་རཱ་ཎ་སཱིའི་མེ་འཁོར་འབབས་ཚུགས་ནས་ཐག་ཉེར་བདག་གི་སྡོད་གནས་ཡོད་པ་ན། རིཀ་ཤ་ཝཱ་ལཱས་ཚ་བ་ཆེར་ཡོད་པའི་དུས་ལ་བོད་པ་ཞིག་ཡོད་བསམས་ནས། ང་ཡོད་སར་གདན་འདྲེན་ཞུས། ངས་སྔར་ངོ་མི་ཤེས་ཀྱང་བོད་དུ་ཐོས་མྱོང་། ཕྱིས་རྒན་བཅོས་མཛད་དེ། བོད་པའི་དགེ་སློང་ཞིག་ཏུ་བཞུགས་པ། ཆུ་ཚོད་ཁ་ཤས་ཝཱ་ཎར་ངའི་ཤག་ཏུ་བཞུགས་པ་ཡིན་ངེས། གཞོན་དུས་ཨིན་སྐད་སློབ་གྲྭར་སྦྱངས་པས་ལེགས་པར་མཁྱེན། དགེ་འདུན་ཆོས་འཕེལ་གྱི་སྐོར་མང་ཙམ་གསུངས་པ་ཐོས། ཞེས་སོ།
ཡག་པོ་བྱུང་འདུག ང་ཕོད་ཕ་བུ་གཉིས་ལ་དོགས་པ་ཡོད། ཕ་བརྒྱུད་བུ་ལ་མ་ཁྲིད་ན་རི་བོང་ཤོབ་ཏོ་ག་ནས་འོང་།
ཨོ་ཡ་ད་ཚར་ནི་རེད། བཀྲྲསྲྲས་མྲྲས་མཐོང་དང་རྒྱ་མོ་གཉིས་ཀྱི་འདོད་དོན་འགྲུབ་ཤོག
བོད་ཀྱི་ཁྱིམ་པའི་རིག་གནས་ཀྱི་སྙིང་བོ་ནི་མི་དྲག་སྐུ་དྲག་ཡིན་པ་དང་། མི་དབང་ཐང་ཅན་ཞིག་ལ་རེ་བ་བཅོལ་ས་མེད་དུས། བོད་མི་ཚོ་རང་ཉིད་ལ་ཡིད་ཆེས་མེད་པ་དང་གར་འགྲོ་འདིར་འགྲོ་མི་ཤེས་པ་རེད། དེ་འདྲ་ཡིན་ཙང་། ད་དུང་ཡུན་རིང་པོ་ཞིག་ལ། བོད་མི་ཚོས་རང་གི་འཇོན་ཐང་དང་དབང་ཆ་ལ་བརྟེན་ནས་རང་འགོ་ཐོན་རྒྱུ་དཀའ་སེ་རེད་དོ།
བཀྲིས་བདེ་ལེགས་སོ།།
མངའ་རེས་ཕྲིན་ལས་ལ་བདེན་ཁ་ལེན་བརྒྱར་སྦྱིན་ནོ།
བཀྲིས་བདེ་ལེགས་ཞུ། སྐུ་ཉིད་ཀྱིས་སྐུ་ཚེ་གང་པོ་བོད་བསྟན་སྲིད་ཀྱི་དོན་བཏང་བ་ལ་བསྔགས་བརྗོད་ཞུ།
དེང་སྐབས་རྒྱ་མོའི་སྟུའི་དོན་དུ་རྒྱལ་ཁབ་ཀྱི་གསང་བ་ཤོར་བ་དང་། སྟུའི་དོན་དུ་རང་བཙན་ལས་འགུལ་ལ་བཀག་འགོག་བྱེད་པ། གནས་ཚུལ་དེ་དག་སྐལ་ལྡན་བློ་གྲོས་ལ་བཅར་འདྲི་བྱས་ན་ཞིབ་ཕྲ་རྟོགས་ཐུབ།
ང་ཕོ་འཇིགས་མེད་ལ་ཡག་ཉེས་གང་ཡང་གླེང་རྒྱུ་མེད། གང་ལྟར་འགན་འཛིན་གསར་པ་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཡིད་ཆེས་གཙང་མ་ཡོད་མི་ཚེ་གཅིག་ལ་མི་རིགས་ལ་ཞབས་ཕྱི་ཞུས་པ་རེད་ལས་སླ་བོ་མ་རེད། དྲ་འབུ་ཚོས་འགན་ཁུར་མེད་པའི་སྐད་ཆ་ཉུང་ན་ཡག་གི་རེད།
ང་ཕོད་འཇིག་མེད་མཆོག་ལ་མ་འགྲིག་པའི་ཚིག་ན་གཅིག་བཤད་རྒྱུ་མེད་། བཀྲས་མཐོང་ལ་དེ་བཞིན་དང་ལས་དོན་གང་བྱེད་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་གནང་བའི་རེ་བ་དང་སྨོན་ལམ་ཡོད་།
གོང་དུ་དྲ་གྲོགས་ཞིག་གིས་གསུང་ན་། ད་ནི་ཨེ་རླུང་ནང་རང་བཙན་སྐོར་ཡོང་གི་མ་རེད་ཟེར་། དེ་ཕྱིར་རྒྱ་གཞུང་དང་བོད་གཉིས་བར་ལ་ཡག་པོ་ཆགས་རྒྱུའི་བཟོ་ཡོད་སྐོར་བཤད་འདུག། ངས་ནི་དེ་དག་ལ་ངོས་ལེན་དང་རེ་བ་གང་ཡང་མེད་། ཨེ་རླུང་འདི་མི་དམངས་ཀྱི་གསར་ཁང་ཞིག་ཡིན་དུས་། བོད་མིའི་ནང་དུ་རང་བཙན་གྱི་ལས་འགུལ་ནམ་ཡོད་ཚེ་། ཨེ་རླུང་ནས་དེའི་སྐོར་བཤད་དགོས་ཡོད་། དེ་ནི་དམངས་གཙོའི་གསར་ཁང་ཞིག་གི་ལས་དོན་རེད་། གལ་སྲིད་ཨེ་རླུང་ནས་གཞུང་གི་ལོངས་ཕྱོགས་གཅིག་པུ་བཤད་དགོས་བྱུང་ཚེ་། རྒྱ་གཞུང་ལ་མེད་པའི་མང་གཙོའི་ལམ་ལུགས་ཞིག་བཙན་བྱོལ་ནང་ལ་ཡོད་ཚུལ་བཤད་པ་དེ་ཁུངས་སྐྱེལ་ག་རེས་བྱེད་། ཨེ་རླུང་རང་ཉིད་སྐྲན་ནད་ཅན་གྱི་ནད་པ་བཞིན་ཡུལ་རིང་གནས་རྒྱུའི་རེ་བ་མེད་པ་རེད་། འདི་ནི་བོད་མི་རིགས་ཀྱི་འགན་ཁུལ་ཐད་ལས་དོན་བྱེད་མི་དང་ཨེ་རླུང་གི་ལས་བྱེད་རྣམས་ཀྱིས་ཡིད་ལ་འཛིན་དགོས་།།
པདྨ་རྡ་རྗེ་བྱོན་པ་ལེགས། སྐུ་ཉིད་ལ་དུས་ཚོད་རེ་ཡོད་ན་ཨེ་རླུང་སྐྲན་ནད་བཟུང་བའི་ནད་པ་ཡིན་ཚུལ་ཅིག་གསུང་རོགས།
བཀྲས་མཐོང་བསྟན་རྣམ་ལགས་འགན་འཛིན་ཕེབས་པ་འདིས་བློ་བདེ་རེ་ཕྱིན་སོང་། རླུང་འཕྲིན་ཁང་འདི་གཞན་གྱི་ལག་ཆ་མི་ཆགས་པའི་རེ་བ་ཆེ། བོད་རང་བཙན་གྱི་འཐབ་རྩོད་སྔར་ལས་ཤུགས་ཆེ་རུ་ཁྱབ་བསྒྲག་བྱེད་ཀྱི་རེད་འདོད།། མ་ཟད་བཀྲས་མཐོང་ཁོང་རང་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་ལེན་པ་ཞིག་རེད། བོད་མི་རིགས་ཀྱི་མདུན་ལམ་བོད་མི་རིགས་ཀྱིས་ཐག་གཅོད་ཐུབ་པའི་མདུན་ལམ་ཞིག་སྟོན་གྱི་རེད་འདོད།།།། བཀྲས་མཐོང་བཅངས་པའི་རེ་བ་ཡིན།།།
སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འགན་འཛིན་གསར་པར་ཕེབས་པ་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ། དེ་དང་ཆབས་ཅིག་ང་ཕོད་འཇིག་མེད་ལགས་སུ་ཡང་བོད་མིའི་བདེན་དོན་དང་འབྲེལ་བའི་ལས་ཁུངས་ནང་ཡུན་རིང་ཕྱག་ལས་གནང་བར་གུས་པས་ཐུགས་རྗེ་ཞུ་རྒྱུ་ཡིན། མདོར་ན་ལྷན་རྒྱས་གཉིས་ཀར་ཡིད་ཆེད་ཞུ་བཞིན་ཡོད་ལ། ལྷག་པར་སྐུ་ངོ་བཀྲས་མཐོང་མཆོག་གིས་བོད་མིར་སྨན་པའི་ཕྱག་ལས་ཡུན་རིང་གནང་བའི་བྱས་རྗེས་གཟེངས་ཐོན་ལ་བརྟེན་བརྒྱ་ཆ་བརྒྱ་ཡིད་ཆེད་ཞུ་བ་དང་ཆབས་ཅིག་སྐུ་ངོ་མཆོག་སྐུ་ཁམས་བདེ་པོ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།།
བཀྲས་མཐོང་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལས་ཀ་རག་པ་དེས་ཕྱོགས་གཅིག་ནས་གཏམ་བཟང་རེད་འདོད། གང་ཡིན་ཟེར་ན་ལས་ཁུངས་ནང་དུ་ཧ་ཅང་སྙོག་དྲ་ཡོད་ཚོད་རེད། ལས་ཁུངས་ཀྱི་ལས་བྱེད་མང་ཆེ་བའི་ད་དུང་ང་ཕོད་ལ་རེ་བ་རྒྱག་པ་དང་ཕྱིར་ལོགས་འེ་ཡོངས་བསམ་ནས་ལས་འགལ་མང་པོ་སྤེལ་གི་ཡོད་རེད། ཕྱི་ལོགས་དུ་འཇམ་དབྱངས་ནོར་བུ་གཙོས་མི་མང་པོ་ཞིག་གི་ང་ཕོད་ལ་རྒྱབ་སྐྱོར་ཆེད་དུ་རྩོམ་འབྲི་བ་སོགས་ལས་འགལ་མང་པོ་ཞིག་སྤེལ་དང་སྤེལ་བཞིན་རེད། དེ་འདྲ་ཡིན་ཙང་བཀྲས་མཐོང་ལ་ལས་ཀ་རག་པ་དེས་ལས་ཁུངས་ནང་གི་ལས་བྱེད་དང་ཕྱི་ལོགས་སུ་ང་ཕོད་ལ་རྒྱབས་སྐྱོར་བྱེད་མཁན་ཚང་མ་ལ་འགལ་མེད་བཟོས་པ་རེད།
ཉིན་འགའི་སྔོན་ནས་ལས་ཁུངས་ནང་དུ་ལས་བྱེད་ཚང་མ་སྔར་དང་མ་འདྲ་པའི་ཁུ་ཁུ་སུམ་པོ་དང་ང་ཕོད་གྱི་སྐོར་ལ་བཤད་མཁན་ཧ་ཅང་ཉོང་ཉོངས་རེད། སྔོན་མ་ཡིན་ན་ང་ཕོད་ལས་ཁུངས་ནང་དུ་ང་ཕོད་ལ་རྒྱབ་སྐྱོར་ཆེད་ལས་ཀ་ཅིག་བྱེས་ན་མི་དེ་ལས་བྱེད་ཚང་མའི་ལྷ་ལྟ་བུ་ཞིག་དངོས་འཛིན་བྱེད་གི་རེད། ད་ལྟ་ཕྲན་ལ་ཚོར་བ་ག་རེ་སྤྲོད་གྱི་འདུག་ཟེར་ན། དེ་རང་ངའི་འདི་ནས་ང་ཕོད་གྱི་སྐོར་ཞིག་བཤད་ཚེ་ལས་བྱེད་ཚང་མའི་ང་མཐའ་གཅིག་དུ་བཀྲས་མཐོང་ལ་ངོ་རྒོད་བྱེད་མཁན་ཞིག་ལ་ངོས་འཛིན་ངེས་རེད།
ཚང་མ་རང་ཉིད་གྱི་ཆེད་དུ་ཡིན་པ་རྫེས་ནས་ཧ་གོ་བྱུང། ང་ཕོད་ལས་གནས་ནས་ཕུད་དེས་ལས་བྱེད་མང་པོ་ན་ཚ་ཕོགས་ནས་ལས་ཀ་མ་ཡོངས་པར་ཡི་རིང་འགོར། ལས་ཀ་འདི་བཀྲས་མཐོང་ལ་རག་དེས་མི་དེ་དག་སྨན་ཡང་བཟའ་མི་དགོས་བར་ན་ཚ་སངས་གྲག་སོང་ནས་ལས་ཀ་འབད་གྱིན་འདུག།
ངའི་འདི་ནས་དྲངས་པོ་བཤད་འདོད་པ་ཞིག་གང་ཡིན་ཟེར་ན་ལས་བྱེད་ཚང་མ་ངཕོད་ལ་དགའ་ཡ་མང་དྲགས་ནས་རྒྱབ་སྐྱོར་བྱེས་པ་རྩ་བ་རང་མ་རེད། ཁོངས་ཚོའི་སེམས་ནང་གི་ཞེ་སྣང་དེ་གང་རེད་ཟེར་ན་སྐལ་ལྡན་བློ་གྲོས་ལ་ལས་ཀ་རག་ཡོངས་བསམ་ནས་ཞེ་སྣང་གི་དགོ་ནས་ང་ཕོད་ལ་རྒྱབ་སྐྱོར་མི་བྱེད་རང་བྱེད་ཆག་པ་རེད།
ངོ་མ་ངའི་མགོ་ཚོལ་མ་སོང།
སྐུ་ངོ་བཀྲས་མཐོང་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། མ་ཟད་རྒྱ་མོ་དེ་དང་འབྲེལ་བ་ཉུང་ན་བཟང་། གཞན་བོད་རང་བཙན་དང་ལམ་དབུ་མ་གཉིས་ལས་རང་བཙན་སྒང་ལ་གཏམ་བཤད་དང་བགྲོ་གླེང་མང་ཙམ་ཡོང་བར་སྨོན།
སྐུ་ངོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གསར་པར་བསྐོ་བཞག་གནང་བར་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ངོ་མཆོག་ལ་རེ་བསྐུལ་ཞུ་རྒྱུ་ཞིག་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་་་བོད་སྐད་སྡེ་ཚན་ནང་དུ་་་སྟོད་མངའ་རིས་ཀྱི་ཡུལ་སྐད་་་ལ་ཐོབ་ཐང་དང་གོ་གནས་ཅིས་ཀྱང་སྩོལ་རོགས་གནང་ཞུ་རྒྱུ་ཡིན། སྟོད་པ་མང་ཚོགས་ཀྱི་ཡུལ་སྐད་འདི་ཡང་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལུགས་ཀྱི་སྐད་རྙིང་པ་ཞིག་ཡིན་དུས། དེ་ལ་ད་ལན་སྐུ་ངོ་མཆོག་གིས་གསར་གཏོད་ཡག་པོ་ཞིག་གནང་ཡོང་བསམ་པའི་རེ་བ་ཆེ་ཞུ་རྒྱུ་ཡིན། ། བཀྲ་ཤིས་བདེ་ལེགས་ཞུ། །
ཨེ་རླུང་ཚང་སྤྱིའི་ཆ་ནས་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་རྒྱུད་བསྒྲགས་བྱེད་མཁན་ཞིག་ཡིན་པ་ལས་སྐྱིད་སྡུག་འདུ་འཛོམས་བྱེད་ས་ཞིག་མ་ཡིན་པར་བསམ། སྐོར་གསུམ་དང་། རུ་བཞི། སྒང་དྲུག་སོ་སོར་གོ་སྐབས་སྤྲོད་དགོས་བརྗོད་ན་དེ་ནི་མ་ཡོང་བའི་སྐད་ཆ་ཞིག་རེད། དེང་སྐབས་སྤྱིའི་དཔལ་འབྱོར་ཉམ་རྒུད་འགྲོ་བའི་དུས་འདིར་ལས་ཁུངས་ཁུ་བསྡུ་བྱེད་པ་དང་། སློབ་གྲྭ་ཟླ་སྒྲིལ་བ། རོགས་སྐྱོར་ཉུང་དུ་གཏོང་བ། ལས་བྱེད་པ་ཉུང་དུ་གཏོང་བ་དེ་དག་ཨ་རིའི་ད་ལྟའི་དཔལ་འབྱོར་གནས་སྟངས་ལ་བལྟས་ཏེ་ལས་འཆར་སྤེལ་བ་ཞིག་ཡིན་པས་ལས་བྱེད་པའི་ཁ་གྲངས་མང་དུ་ཕྱིན་ན་དེའི་འགྲོ་སོང་སུས་གཏོང་། ཨེ་རླུང་འདི་བཞིན་ཆོལ་ཁ་འདུ་འཛོམས་བྱེད་ས་དང་། སྐུ་དྲག་རུག་རུག་བྱེད་ས། ཕ་ཡུལ་གཅིག་པ་དང་། སློབ་གྲོགས་གཅིག་པ། སྤུན་མཆེད་མཉམ་རུབ་བྱ་སའི་གཞིས་ཀ་ལྟ་བུ་ཞིག་མ་ཡིན་པས་བཀྲས་མཐོང་མཆོག་ལ་རང་དགར་ཐག་གཅོད་བྱེད་པའི་དབང་ཚད་མེད། གཙོ་བོ་ཨ་རིའི་གཞུང་གི་ལས་ཁུངས་ལ་བསྟུན་དགོས་པ་ཡིན། ཡུལ་དུས་དང་བསྟུན་ནས་སྐད་ཆ་ཤོད་རྒྱུ་གལ་ཆེན་པོ་ཡིན། Bonpo ལགས།
སྟོད་པའི་ཡུལ་སྐད་ཨེ་རླུང་བོད་སྐད་གྲལ་དུ་བཞག་པ་ཡིན་ན་སྐྱིད་སྡུག་འདུ་འཛོམས་བྱེད་ས་ཞིག་ཆགས་འགྲོ་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ཨ་མེ་རི་ཀའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་འགྲོ་བཞིན་ཡོད། ལོ་ཤས་སྔོན་ལས་དེང་སང་ཧ་ལས་པའི་ཡག་པོ་ཆགས་པ་ཡོད་པ་རེད། དེའི་སེམས་འཕྲལ་ཁྱེད་རང་གིས་འཁུར་དགོས་ཀྱི་ཨ་ཡོད་ན། རྒྱལ་ཁབ་དེ་ལ་སེམས་འཕྲལ་ཁུར་མཁན་བུ་རྒོད་ང་ཡིན་ཟེར་མཁན་མང་པོ་ཡོད་པ་རེད། ད་ཡོད་དབུས་སྐད་དང་ཁམས་སྐད་ཨ་མདོའི་སྐད་བཅས་ཀྱི་ནང་དུ་སྡེ་ཚན་མང་པོ་ཞིག་བཟོས་འདུག། སྡེ་ཚན་ཁ་ཤས་ཕྱོགས་བསྡུས་བྱས་ནས་་་་སྟོད་པའི་ཡུལ་སྐད་ལ་་་གོ་གནས་སྤྲད་ན་སྤྲོད་སའི་ལམ་ཁ་ཞིག་གཏན་གཏན་ཡོད་པ་རེད། ངས་ཀྱང་བསམ་བློ་ཞིག་བཏང་ནས་སྐད་ཆ་འདི་བཤད་པ་ཡིན། མ་གཞི་ཁྱེད་རང་སྐུ་ངོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་སྐུ་ཚབ་བྱེད་ཐུབ་ཀྱི་ཨ་ཡོད་ན། ངས་ཞུ་ས་དེ་སྐུ་ངོ་མཆོག་ཡིན་ནོ་ཁྱེད་རང་མ་ཡིན་ནོ། བདག་པོ་ལགས།
བཀྲས་མཐོང་མཆོག་ཨེ་རླུང་གི་འགན་འཛིན་ལ་ཕེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། རླུང་འཕྲིན་ཁང་འདི་ནི་བོད་ནང་གི་མི་ཚོས་ཕྱི་ཕྱོགས་ལ་ལྟ་བའི་མིག་དང་ཉན་པའི་རྣ་བ་ཡིན་པས་ཧ་ཅང་གལ་ཆེན་རེད། རླུང་འཕྲིན་ཁང་འདིས་ལས་དོན་ལམ་སློང་ཡོང་བའི་སྨོན་འདུན་ཞུ།
སྐྱིད་སྡུག་འདུ་འཛོམས་ཟེར་དུས་བཙན་བྱོལ་ནང་ཡོད་པའི་ཚོགས་སྐྱིད་ཁག་ཚང་མར་བརྗོད་པ་ལས་སྟོད་པ་ཟུར་དུ་ག་པར་བཏོན་འདུག ཡི་གེ་ཀློག་ནས་ལན་བྲིས། ཨ་རིའི་དཔལ་འབྱོར་སྐྱོ་པོ་ཆགས་ན་ཚང་མར་གྱོང་རག་གི་རེད། སེམས་ཁྲལ་ལོས་ཡོད། སྟོད་པ་དབུས་གཙང་ཆོལ་ཁའི་ཁུངས་སུ་གཏོགས་པ་ལས་ཟུར་དུ་ཆོལ་ཁ་བརྩི་སྲོལ་མེད། སྟོད་ཀྱི་སྐད་ལ་གདན་ཐོབ་དགོས་ཟེར་ན་གཞིས་རྩེའི་རྫོང་ཁག་བཅོ་བརྒྱད་དང་། ལྷོ་ཁའི་རྫོང་ཁག་བཅུ་གསུམ། ནག་ཆུའི་རྫོང་ཁག་དགུ་ལའང་དགོས་པས་དོན་མེད་རྙོག་ཁྲ་མ་བཟོས་ན་ལེགས། ད་དུང་མཚོ་སྔོན། འགོ་ལོག ཡུན་ནན། ཀན་སུའུ་བོད་རིགས་གནས་སྡོད་ཕལ་ཆེ་བར་སྐད་ཀྱི་གདན་ཐོབ་ཡོད་པས་Bonpo. ཁྱོད་ནས་གཞི་མེད་སྟོང་གཏམ་མ་བཤད་ན་ཡག ངས་སྐུ་ངོ་མཆོག་གི་སྐུ་ཚབ་བྱེད་མ་ཐུབ་ཀྱང་བཙན་བྱོལ་བའི་གོང་བུའི་མཐུན་སྒྲིལ་ལ་གནོད་སྐྱེལ་མཁན་འདྲ་ཐོན་ན་འབུར་འཇོམས་ངེས་པར་བྱེད་ཐུབ་ངེས་ཤིག་ཡོད།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་འགན་འཛིན་དུ་བསྐོ་བཞག་གནང་བ་དེ་ནི་འོས་ཤིང་འཚམ་པ་ཞིག་རེད་ལ། ངས་ཀྱང་སྔོན་མ་ནས་དེ་འདྲ་ཞིག་དྲན་མྱོང་། བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་གི་ཡོད། ཁོང་ལ་ཡིད་ཆེས་བྱ་ཆོག་པ་ཞིག་རེད།
ཡིན་ནའང་། བོད་སྐད་སྡེ་ཚན་དུ་ལས་བྱེད་སྤུས་དག་དགོས་པ་མ་ཟད། བོད་སྐད་སྡེ་ཚན་གྱི་དྲ་རྒྱ་ཅིས་ནས་ཀྱང་ཡར་རྒྱས་སུ་གཏོང་དགོས་ཀྱི་འདུག ངས་སྐད་ཡིག་མང་པོ་མི་ཤེས་ཀྱང་། བོད་ཡིག་དྲ་རྒྱ་དེ་དབྱིན་སྐད་དང་རྒྱ་སྐད་ཀྱི་དྲ་རྒྱའི་སྤུས་ཀ་དང་བསྡུར་ན་ཧ་ཅང་ཞན་པོ་འདུག དེར་བཅོས་སྒྱུར་གཏོང་དགོས་ཀྱི་འདུག ངེས་པར་དུ་གསར་བརྗེ་ཡོད་དགོས་པ་གནང་དགོས་ཀྱི་འདུག
སློབ་སྦྱོང་ཡོད་མཁན་ན་གཞོན་མང་པོ་སྐྱེད་སྲུང་བྱ་དགོས་ཀྱི་འདུག སྐད་ཆ་ངོ་མ་བཤད་ན། གསར་འགོད་པའི་སྤུས་ཚད་ཆ་ནས་ཨེ་ཤ་ལས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཡག་པོ་འདུག
ང་ཕོད་གློ་བུར་དུ་ཕྱིར་འབུད་དང་དེའི་ཚབ་ཏུ་བསྟན་འཛིན་རྣམ་རྒྱལ་འཇོག་དགོས་རྒྱུ་མཚན་གང་ཡིན་ནམ། མི་ཁ་ཤས་ཀྱིས་ང་ཕོད་ཕྱིར་ཕུལ་བྱས་བ་བློ་བཟང་སེང་གེ་དང་བོད་མིའི་སྒྲིག་འཛུགས་ལ་ངན་ཁག་འདྲི་བཞིན་ཡོད། དོན་ངོ་མ་སུ་ཞིག་ངན་ཁག་འདྲི་དགོས་སམ། གང་ལྟར་བསྟན་འཛིན་རྣམ་རྒྱལ་གྱི་འདོད་བློ་ཁེངས་འདུག
བོན་པོའི་བཤད་པ་དེ་ལ་གནད་འགག་འདུག མངའ་རི་དབུས་གཙང་གི་ཆོལ་ཁུངས་གནས་བསྡད་ཡོད་པའང་དངོས་ཡོད་གནས་ཚུལ་རེད། མངའ་རི་པ་ཚོས་དབུས་སྐད་གོ་གྱི་མེད་པའང་དངོས་ཡོད་རེད། མངའ་རི་ཡོངས་རྫོགས་འབྲོག་པ་ཡིན་པའང་དངོས་ཡོད་རེད། དྲ་ལམ་དང་གསར་ཤོག་གྱི་མཐུན་རྐྱེན་མེད་པའང་གསལ་པོ་རེད། མངའ་རི་མི་དམངས་ཀྱིས་བོད་དོན་དྲིལ་བསྒྲགས་རྣམས་གོ་དགོས་པར་གནད་འགག་རེད། དེ་ཡང་རླུང་འཕྲིན་མ་གཏོགས་རྒྱུད་ལམ་གཞན་མེད་པའང་གསལ་པོ་རེད།།
ཡིན་གཅིག་དབུས་གཙང་ཆོལ་ཁ་ལས་ལོག་སུ་བཀལ་དགོས་པ་དེ་འདྲ་མ་རེད་བ། དབུས་གཙང་ཆོལ་ཁའི་སྐད་ཐོག་ནས་གསར་འགྱུར་བཤད་མཁན་གྱི་ནང་དུ་མངའ་རིའི་སྐད་ཐོག་ནས་བཤད་མཁན་རེ་གཉིས་བཞག་ན་མངའ་རིའི་མི་དམངས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་འདོད། གནད་དོད་འདིའི་ཐོག་ཏུ་བསམ་གཞིག་བྱ་དགོས་པ་བཀྲས་མཐོང་ལགས་སུ་འགན་ཡོད།།།། བོད་ནང་གི་མངའ་རིའི་མི་དམངས་ཀྱིས་བོད་དོན་ཐོག་ཏུ་གོ་རྟོགས་གང་མཐོ་གཏོང་དགོས་ཀྱི་ཁ་ཚ་དགོས་གཏུགས་རེད་འདོད་དོ།།
བྱ་ཁུ་ལོ་ལགས། ཆབ་སྲིད་གྱི་ལས་ཀ་འདི་རེད་དང་འདི་མ་རེད་ཟེར་ཡ་ཧ་ཅང་ཁག་པོ་རེད་འདོད། གཅིག་བྱེས་ན་གོང་དུ་ཉིད་གྱི་གསུངས་པ་བཞིན་ཚང་མ་ལ་འབྲེལ་བ་ཡོད་སྲིད། འོན་ཀྱང་ཤེས་ཚོད་ལ་ང་ཕོད་གློ་བུར་དུ་ཕྱིར་འབུད་དང་བ་ཞིག་རྩ་བ་རང་མ་རེད་བསམ། འཆར་གཞི་སྔོན་ནས་དང་ཚར་འདུག་འདི་གསལ་པོ་རེད། གང་ཡིན་ཟེར་ན་འགན་འཛིན་རྒྱ་མོ་(liby) ཡིའི་ང་ཕོད་ཕྱིར་འབུད་དང་བའི་ཉིན་གཅིག་གི་རྫེས་སུ་སྐད་ཆ་འདི་འདྲ་ཞིག་བཤད་འདུག། ངའི་ཐག་ཆོད་པ་དང་འགན་འཁུར་བའི་ཐོག་ནས་ང་ཕོད་གྱི་ཚབ་ལ་བོད་པའི་སྤྱི་ཚོགས་ནང་དུ་མི་མཐོང་ཡོད་པ་ཞིག་དང་སྙན་གྲགས་ཡོད་པ་ཞིག་གང་མགྱོགས་ཁྲིད་ཡོངས་ངེས་ཡིན་བཅས་ཚིག་ཐག་ཆོད་པའི་དགོ་ནས་བཤད་འདུག། འདི་ལ་ལྟ་དུས་སྔོན་ནས་ཐག་གི་ཆད་ཚར་འདུག།
ད་ཡིན་ན་ཧ་གོ་ཡག་མི་འདུག་ཡ་
ལགས་སོ་པདྨ་འཕྲིན་ལས། ངས་བཤད་ཀྱིར་ང་ཕོད་ཁོ་རང་དང་ང་ཚོ་ལ་དོན་དེ་གློ་བུར་བ་ཅིག་རེད་མ་གཏོགས་རྒྱ་མོ་LIBY ལ་དོན་དེ་གློ་བུར་ཅིག་མིན་པ་བཤད་མ་དགོས་བ་ཞིག་རེད། གང་ལྟར་ང་ཕོད་ལས་ཁུངས་ནས་ཕྱི་ལ་ཕུལ་དུས་ལས་གནས་དེའི་བདེ་སྲུང་བས་མཐའ་བསྐོར་ནས་ཕྱི་ལ་ཕུལ་འདུག་པ་མ་ཟད་ཁོ་ལས་གནས་ནས་ཕྱིར་འབུད་གཏོང་དགོས་རྒྱུ་རྐྱེན་ངོ་མ་ཕྱི་ལ་བསྒྲགས་མེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་ངན་ཁག་འདི་བློ་བཟང་སེང་གེ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒང་གཡུགས་འདུག། ད་འདིར་ལྟོས་ཡོང་དུས་ངོ་མ་སྤྱང་ཀི་དང་ཝ་མོ་སུ་ཡིན་མ་ཤེས་བས་དོགས་གཞི་ཟིག་གི་སྒང་ནས་ངས་ཁ་ནས་གོང་གི་སྐད་དེ་ཤོར་སོང་།
་་་་་ གང་ལྟར་ང་ཕོད་ལས་ཁུངས་ནས་ཕྱི་ལ་ཕུལ་དུས་ལས་གནས་དེའི་བདེ་སྲུང་བས་མཐའ་བསྐོར་ནས་ཕྱི་ལ་ཕུལ་འདུག་པ་མ་ཟད་ཁོ་ལས་གནས་ནས་ཕྱིར་འབུད་གཏོང་དགོས་རྒྱུ་རྐྱེན་ངོ་མ་ཕྱི་ལ་བསྒྲགས་མེད། ་་་་ཟེར།
བོན་པོ་ལགས།
བཙན་བྱོལ་ནང་ལ་སྟོད་པ་མི་མང་ཤོས་རེད། སྟོད་པ་མང་ཆེ་བས་རྒྱལ་བ་རིན་པོ་ཆེས་མཛུབ་མོ་གང་བསྟན་ལ་ཤར་སྐྱོད་བྱས་ནས་བོད་གཞུང་དང་མི་དམངས་ལ་རླབས་ཆེན་གྱི་བྱ་བ་མང་པོ་བསྒྲུབས་ཡོད། འདི་བདེན་པ་རེད། ཡིན་ནའང་། སྟོད་པའི་སྐད་དེ་ཟུར་དུ་མི་བཏོན་པའི་རྒྱུ་མཚན་གཙོ་བོ་དེ་སྟོད་པ་མི་རྣམས་ལས་ཀ་ཧུར་ལ་སེམས་ཆུང་བ། གོང་གི་བཀའ་ཅི་གནང་ལས་རང་གི་ཐོབ་ཐང་རྩོད་པ་དང་། རང་གཤེད་ཆུང་བས་རེད་སྙམས།
གལ་ཏེ་སྟོད་པའི་སྐད་དེ་ཆོལ་གསུམ་ཟུར་དུ་འདོན་དགོས་ན། ཁྱེད་ཚོ་སྟོད་པ་ཚོས་ཚོགས་པ་བཙུགས། ལས་འགུལ་སྤེལ་དགོས། ཁྱེད་ཚོ་མི་མང་པོ་རེད། མ་ཐུབ་པ་ཅི་ཡང་མེད། དབུས་གཙང་མི་མང་ཆེ་བས་སྟོད་པ་དབུས་གཙང་ནང་ལ་འཇུག་གི་མ་རེད། སྟོད་ཟེར་ལ་ལོགས་སུ་རེད། ཁྱེད་ཚོས་དེ་ལྟར་ཤེས་ནས་འཐབ་བརྩོད་གྱིས།
བྱ་ཁུ་ལོ་ལགས། ལ་རེད་འདི་ཁ་སྣོན་ཙམ་ཞིག་ཡིན། སྤྱིར་ཡིན་ན་ང་ཕོད་ལ་ད་ལོ་ཕྱི་ཟླ་དགུ་བའི་བར་ལས་ཀ་བྱེད་མཆོག་གི་ཡོད་རེད། ང་ཕོད་གཞུང་འབྲེལ་ཐོག་ལྟ་སྐོར་ལ་ཕྱིན་པ་རེད། ཚུར་ལོག་པའི་ཉིན་དང་པོ་ཉིན་ཁོང་ཕྱིར་འབུད་དང་པ་རེད། རྒྱ་མོ་དེ་ཡིའི་བཤད་རྒྱུ་ལ་མོ་ཡིའི་མདུན་ཅོག་སྟེང་དུ་ཡི་གེ་ཞིག་བཞག་འདུག་ཟེར། ཡི་གེ་དུས་ནང་དུ་གལ་ཏེ་ང་ཕོད་ཕྱིར་འབུད་དང་ན་མོ་ཡིའི་སྲོག་ལ་ཉན་ཁ་ཡོད་ཚད་བཤད་འདུག་ཟེར། ཕལ་འཆར་གློ་བར་ཕྱིར་འབུད་དང་བ་དེ་རྒྱུ་མཚན་འདི་ཡིན་པ་འདྲ། དོན་ངོ་མ་གཞན་ཞིག་ཡིན་རྒྱུ་བསམ་གི་།
་་་་ དབུས་གཙང་མི་མང་ཆེ་བས་སྟོད་པ་དབུས་གཙང་ནང་ལ་འཇུག་གི་མ་རེད། སྟོད་ཟེར་ལ་ལོགས་སུ་རེད། ཁྱེད་ཚོས་དེ་ལྟར་ཤེས་ནས་འཐབ་བརྩོད་གྱིས། ་་་་ཟེར།
སྐུ ངོ་བསྟན་ནམ་ལགས སུ་འཚམས་འདྲི ཞུ་དང་ཆབས་ཅིག ཏུ ཁོང གི སྐུ ཟླ བོད པ མིན ཡང ཐེ ཝན བོད སོག ལས ཁུངས་ལ ཁ བལྟ མཁན ་དང་བོད་གཞུང་དང། ༧གོང་ས་མཆོག་ལ རྒྱབ་སྟོད་ཞུ་མཁན་མིན་པ་དེས བཀྲ་ཤིས་བདེ་ལེགས་གཉིས་རྩེགས་ཞུ རྒྱ ཡིན ནོ། སྐུ ངོ ལ རེ བ ཚུང་ཆུང་ཞུ རྒྱུ་གཅིག ལ། ཁྱེད ཚོའི རྒྱ ཡིག གི WebTV ལས བོད སྐད ཧ ཅང གི ཞན པོ འདུག པའི ཐོག ལ་དེའི ནང གི ཨ་ལྕག་ཁག་ཅིག་མདོག་སྐྱོ་བ་ཕོ་བ་ནད་པ་དང། ཁག་ཅིག རྒྱག་པ ཚ པོ འདུག
བརྙན འཕྲིན ནི་གཙོ བོ གསར འགྱུར སྤུས དག དང ནང དོན དོན སྙིང་ ལྡན པ། དྲང བདེན།་ ཕྱོགས ལྷུངས་མེད པ དགོས རྒྱུ་ ཡིན ནའང་གསར་འགྱུར བལྟ མཁན་ཚོས་བལྟ་འདོོད་པའི་གསར་འགྱུར་བརྒྱུད་བསྒྲགས་པ་མཐོང་དོད་པོ་ཞིག་དགོས་པ་ཡང་གལ་ཆེ། ང་ནི་དབྱིན་སྐད་ཡག་པོ་མ་ཤེས་ཀྱང་གསར་འགྱུར་བལྟ་རྒྱུ་དང་ཉན་རྒྱུར་དགའ་བ་མ་ཟད་པའི་རྒྱ་སྐད་དང་བོད་སྐད་གསར་འགྱུར་ཚང་མ་དོ་སྣང་བྱེད་མཁན་ཞིག་ཡིན་པས་བསམ་འཆར་ཙམ་དུ་ཕུལ་བ་ཡིན།
མཁྱེན་ལྡན་ཅོ་རི་ཉི་མ་ལགས་དང་རྒད་པོ་ལགས་རྣམ་པ་གཉིས་ཀྱིས་རྒྱབ་སྐྱོར་དང་དགོངས་འཆར་གནང་བར་བཀའ་དྲིན་ཆེ་ཞུ། བདག་པོ་ལགས་ཀྱིས་སྟོད་པའི་ཡུལ་སྐད་ལ་ཨེ་རླུང་བོད་སྐད་གྲལ་དུ་ཐོབ་གོ་གནས་སྤྲད་པ་ཡིན་ན་སྟོབས་ཆེན་ཨ་མེའི་རི་ཁའི་དཔལ་འབྱོར་སྐྱོ་པོ་ཆགས་པོ་འགྲོ་གི་རེད་ཟེར་ནས་ཐུགས་འཕྲལ་ཞེ་བོ་གནང་བཞག། ཁོང་མ་གཞི་ཨ་མེ་རི་ཁའི་དཔལ་འབྱོར་ལ་འདི་འདྲ་སེམས་འཕྲལ་ཆེན་པོ་གང་ཡིན་ནམ། ཨ་རིའི་རོགས་སྐྱོར་འདི་བོད་པ་སྤྱི་ཡོངས་ཀྱི་དཀའ་ངལ་སེལ་ཆེད་ལ་སྤྲད་པ་ཡིན་འགྲོ་དྲན་གྱི་ཡོད། དེ་འདྲ་ཡིན་དུས་བོད་པ་སྤྱི་ཡོངས་ལ་ཕན་ཐོགས་བྱུང་ན་ཨ་རིའི་འདོད་བློ་ཁེངས་ཀྱི་རེད། གང་ལྟར་ཁྱེད་རང་གི་མཆན་དེའི་ནང་དུ་་་འབུར་འཇོམས་་་་ཟེར་བའི་ཚིག་འདི་གསུངས་འདུག། དེའི་དོན་གང་ཡིན་ནམ། ཁྱེད་ཀྱིས་ང་འབུར་འཇོམས་ཇི་ལྟར་བྱེད་དམ། ཁྱེད་ཀྱིས་ད་བར་་འབུར་འཇོམས་ག་ཚོད་བྱས་ཡོད་དམ། ངས་བོད་མི་རིགས་ཀྱི་མཐུན་སྒྲིལ་བསྲ་བརྟན་ཡོང་ཆེད་ལ་རླུང་འཕྲིན་སྡེ་ཚན་སྡེ་ཚན་ཁག་གི་ནང་དུ་་་་སྟོད་པའི་ཡུལ་སྐད་་་ལའང་ཐོབ་དང་གོ་གནས་འདྲ་མཉམ་སྤྲོད་དགོས་པ་རེད་ཟེར་ནས་ཤོད་ཀྱི་ཡོད། སྟོད་པའི་ཡུལ་སྐད་ལ་འདྲ་མཉམ་གྱི་གོ་གནས་སྤྲད་པ་ཡིན་ན་བཙན་བྱོལ་བའི་གོང་བུའི་མཐུན་སྒྲིལ་ལ་གནོད་སྐྱེལ་སྟངས་དེ་ག་འདྲ་ཡིན་ནམ། ད་དུང་ཁྱེད་ཀྱིས་ཆོལ་ཁ་གསུམ་གྱི་སྐོར་ནས་ཅིག་གསུངས་འདུག། ཆོལ་ཁ་གསུམ་ལ་རྩི་ཚུལ་ཁ་ཤས་ཡོད་པ་འདི་ལྟར། མདོ་སྟོད། མདོ་སྨད།དབུས་གཙང་གསུམ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག། བོད་ཡུལ་སྟོད་སྨད་བར་གསུམ། མདོ་དབུས་ཁམས་གསུམ། སོགས་རྩི་ཚུལ་དང་ཤོད་ཚུལ་མི་འདྲ་བ་ཁ་ཤས་ཡོད་པ་རེད། གང་ལྟར་ངས་འདིར་ཆོལ་ཁ་གསུམ་གྱི་གནད་དོན་རྩོད་ཀྱི་མེད། སྟོད་པའི་ཡུལ་སྐད་་་ལ་ཐོབ་དང་གོ་གནས་སྤྱི་མཚུངས་དགོས་ཀྱི་འདུག་ཟེར་ནས་ཤོད་ཀྱི་ཡོད། །
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནི་ང་ཚོ་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ཡོངས་ཁུང་རང་དབང་དྲང་བདེན་གྱི་གསར་འབྱོར་ཁང་ཨ་རེས་རྒྱལ་ཁབ་ཀྱི་བོད་པ་ཚོ་ལ་གནང་བའི་རྩ་ཆེན་པོ་ཞིག་ཡིན། སྐུ་ངོ་བཀྲས་མཐོང་མཆོག་འགན་འཛིན་ལ་ཕེབས་པ་ནི་བཟང་དང་བཟང། མ་ཟད་སྐུ་ངོ་ལ་ལོ་མང་བོད་དོན་ལ་ཕྱག་ལས་ཕུན་སུམ་ཚོགས་པའི་ཉམ་མྱོང་སོགས་ཧ་ཅང་བཟང། ཡིན་ན་ཡང་སྐུ་ངོ་འགན་འཛིན་ལ་ཕེབས་པའི་དུས་ཚོད་དེ་སྐུ་ངོ་མཆོག་ལ་ཁ་གཏང་བའི་རྐྱེན་ལ་འགྲོ་བཞིན་འདུག། འདི་ལྟར་བཀྲས་མཐོང་ནས་རྒྱ་མོའི་འོག་གི་རྨ་ཆེན་གསོ་བ་ལ་ཕན་ན་མ་ཏོག་བོད་དོན་ལ་མི་ཕན་ཅེས་དང་ འགའ་རེས་ཡང་སྐུ་ངོ་ལ་བོད་གཞུང་གི་དངུལ་ལྐོག་ཟ་བྱེད་པའི་ཤེས་རབ་སྙིང་པོ་གསར་པ་ཞིག་འདོན་རན་ཟེར་བ་དང། ལ་ལས་ད་ནས་བཟུང་ཨེ་རླུང་ནས་བོད་རང་བཙན་སྐོར་གོ་མི་སྲིད་པས་རྒྱ་མི་ལ་དགོས་པའི་རླུང་འཕྲིན་ཁང་ཞིག་རེད་ལབ་པ་དང། གཞན་དག་གིས་ང་ཕོད་འཇིགས་་མེད་ལགས་ལས་གནས་ནས་ཕུད་པ་དེ་སྐལ་ལྡན་དང་སྐུ་ངོ་རྒྱ་མོ་གསུམ་གྱིས་གཡོ་ཇུས་ཐོག་ནས་བྱུང་བ་རེད་ཟེར་བ་དང། འགའ་རེས་བོད་གཞུང་སྲིད་྄སྐྱོང་བློ་བཟང་སེང་གེ་དང་ཟམ་གདོང་རེན་པོ་ཆེ་རེད་ཟེར་བ་སོགས་་ཤིན་ཏུ་མང་ངོ། ཡིན་ན་ཡང་ང་རང་གིས་བསམ་ཚུལ་ལ་དེ་ཚོ་ཚང་མ་དུག་གི་སྡོང་པོ་དམ་ཉམ་བསྐལ་ལྡན་ནས་བྱེད་པ་ཞིག་རེད། དམ་ཉམ་ནས་ཁོ་མིང་མེད་པའི་གོང་ས་མཆོག་གི་དམིགས་སྤྱན་གསལ་ཡིན་ཚུལ་དང་ ཁོའི་རྒན་ལགས་གོང་ས་མཆོག་གི་ཕྱག་གཡས་པ་ཡིན་ཚུལ་དང་ སྡ་རམ་ས་ལ་སླེབ་སྐབས་བློ་བཟང་དགའ་བ་ལགས་མངོན་གསལ་དོད་པོ་དང་མི་གཞན་གྱི་མཐོང་ས་ལ་ཡང་ཡང་མཇལ་བ་དང་། རྒྱ་མོ་དང་མཉམ་དུ་སྡ་ས་དང་ཨེ་ལེན་སོགས་དགའ་རོག་ལྟ་བུའི་མཉམ་སྐྱོད་དང། ལྷག་པར་དུ་ཁོས་སྐྱེས་དམན་གྱི་ཚིག་ཀོག་དུས་འཁོར་དབང་ཆེན་གྱི་ཞལ་འདེབས་ལས་བྱུང་བ་སོགས་སྐྱག་དྲི་བྲོ་བའི་མི་དམངས་དཀྱིལ་ལ་ལབ་གླེང་བྱེད་པ་ལ་བརྟེན་ནས་རྒྱལ་བའི་བ་སྤུའི་བུ་ག་སྡེ་སྲིད་གཉིས་པ་ལྟ་བུ་བློ་བཟང་དགའ་བ་ལགས་ལ་ཡང་ཁ་གཏང་བ་དང། སྐུ་འཁོར་གཞན་ལ་ཡང་ཁ་གཏང་ལ་ཁད་པ་ལྟ་བུ་བྱུང་བ་ནི་དམ་ཉམ་སྐལ་ལྡན་པས་བྱ་བྱེད་ལས་བྱུང་བ་ནི་སུས་ཀྱང་ཤེས་སོ། དེར་རྟེན་དམ་ཉམ་ཁོ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་རང་མོས་ཐོག་ནས་ཕྱིར་དོན་པ་འམ་ཡང་ན་འགན་འཛིན་སྐུ་ངོ་མཆོག་ནས་ཕྱིར་འཕུད་བྱེད་ན་བོད་མི་དམངས་ཀྱི་སེམས་ཀྱི་རྨ་ཁ་སོས་པར་ངེས། ལར་ནས་རྒྱ་དམར་གྱི་་ཆབ་སྲིད་དང་ཁྲིམས་གྱི་སློབ་སྦྱོང་ཆ་ཚང་བ་དང་རྒྱ་འོག་ལ་སྡད་ན་མིང་གོ་ས་དང་རྒྱུ་དཔལ་འབྱོར་ཕུན་སུམ་ཚོགས་པར་ཡོང་རྒྱུར་ངེས་པ་དང་རྒྱ་རོ་ལ་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ནས་བོད་གཞུང་ལ་སེམས་ཕུག་བློ་ཕུག་གཏད་ནས་་ཡོང་མཁས་ཞིག་ལ་ང་ཚོ་བོད་གཞུང་དམངས་གཉིས་ནས་ཆེས་མཐོང་མ་སྤྲད་ན་ང་ཚོའི་རྟག་པར་བོད་ལ་རང་དབང་བྱུང་མཚམས་བོད་ལ་སྡོད་པའི་ཤེས་ཡོན་ཅན་དང་ཉམ་མྱོང་ཅན་ཚོས་འགོ་འཁྲིད་ཡིན་་ཞེས་པ་དེ་ཚིག་ཙམ་དང་བོད་སྡོད་ཤེས་ཡོན་ཅན་ཚོ་སེམས་ཤུགས་ཆག་རྒྱུར་ངེས་པ་ནི་འོད་ཟེར་ལགས་དྲ་རྒྱ་སོགས་ལ་གཟིགས། གོ་ཐོས་ལ་མི་རིང་བ་བོད་མི་རྒྱ་ཕྲག་མང་པོས་ཨ་རེས་རྒྱལ་ས་ཝ་ཤིན་ཀྲོན་ལ་ང་ཕོད་འཇིགས་མེད་ལགས་ཕྱིར་འཕུད་བྱེད་པར་ངོ་རྒོལ་བྱེད་རྒྱུར་གོ་ཐོས་བྱུང། ་གལ་སྲིད་དེ་ལྟར་བྱུང་ཚེ་རྒྱ་དམར་ལ་དགོས་རྒྱུ་དེ་བྱུང་བ་རེད་ལ་དེ་ཚོ་ཚང་མ་དམ་ཉམ་སྐལ་ལྡན་ལ་འགན་ཡོད།