ཨ་ཕོ་མཐུ་ཆེན།
༡ཨེད་ཙིའི་ནད་ཞེས་པ་ནི་ཅི་ཞིག་ཡིན།
ལན། ཨེད་ཙིའི་ནད་ཞེས་པ་ནི་༡༩༨༡ལོར་ཨ་རི་ནས་ངོས་ཟིན་བྱུང་བ་ཡིན།དེའི་མིང་རྒྱས་བ་ ནི(Acquired Immune Deficiency Syndrome )ཞེས་སུ་འབོད་པ་ཡིན་ལ། ཨེད་ཙི་ནི་བསྡུས་མིངAIDSཞེས་བའི་སྒྲ་བསྒྱུར་ལས་བྱུང་བ་ཡིན། དེའི་དབྱེ་བ་ལ་HIV-1དངHIV-2ཞེས་རིགས་གཉིས་སུ་འདུས། དེ་སོ་སོའི་སྔར་ཚུལ(སྔར་ ཚུལ་ཞེས་པ་ནི་བོད་ཀྱི་གསོ་རིག་གི་ཐ་སྙད་དེ་རྒྱུ་ ཞུགས་པར་གྱུར་ཅིང་ནད་ཀྱི་བྱེ་བྲག་གསལ་བར་མ་གྱུར་བར་གབ་པའི་ཚུལ་དུ་གནས་བའི་ སྐབས་ལའོ唰)འདྲ་ བ་ མིན་ཏེ། ས་གནས་མི་འདྲ་བར་ཁྱབ་པའི་དེའི་སྔར་ཚུལ་མི་འདྲ་ལ། སྔར་ཚུལ་འདྲ་བ་ཡང་ས་གནས་སོ་སོའི་ཧེ་བག་ལས་ཀྱང་ཁྱད་པར་འབྱུང་བ་ཡིན།དེ་ནི(HIV – human immunodeficiency virus)ཞེས་པའི་ཨེད་ཙིའི་ནད་དུག་གིས་བསྐྱེད་པའི་འགོས་ནད་ཅིག་ཡིན།
མི་ རིགས་ལ་ལྷན་སྐྱེས་ནས་ནད་རིགས་འགོག་སྲུང་གི་ནུས་བ་ཡོད་ཅིང༌། གང་ཞིག་ནད་དུག་དང་ཕྲ་ཕུང་གང་རུང་གི་རྒོལ་བར་གྱུར་ནའང་རྒྱུན་ལྡན་གྱི་གནས་ ཚུལ་འོག་ཏུ་ནད་དག་རང་བཞིན་གྱིས་སོས་བར་འགྱུར་བ་ཡིན། དེ་ཡངHIV ཨེད་ཙིའི་ནད་དུག་གིས་ནི་མིའི་ལུས་ལ་རང་བཞིན་གྱི་གྲུབ་པའི་འགོག་སྲུང་ནུས་བ་ འདི་ལ་གཏོར་བརླག་བྱས་ཏེ་ནད་དུག་གཞན་དག་འགོག་པའི་ནུས་བ་རྩ་མེད་དུ་བཟོ་བ་རེད། སྤྱིརHIVཡིས་ ནད་ གཞི་ངེས་ཅན་ཞིག་སྐྱེད་པར་མི་འགྱུར་མོད། འོན་ཀྱང་དེས་མིའི་ལུས་ཀྱི་ནད་འགོག་ནུས་བ་རྩ་བ་ནས་བཅོམ་པས་ནད་གཞན་དག་འགོས་བ་ འདྲེས་ཏེ་འཆིའོ唰ཨེད་ ཙིའི་ནད་དུག་མིའི་ལུས་ལ་གབ་པའི་ཡུན་ཆ་སྙོམས་ལྟར་ན་ལོ་ བཅུ་གཉིས་ནས་ལོ་བཅུ་གསུམ་གྱི་བར་ཡིན་ལ། འདི་རིང་ལ་ནད་ཅན་ལ་ཕྱི་ངོས་ནས་རྟགས་ཅི་ཡང་མི་མཐོང་ཞིང་རྒྱུན་ལྡན་གྱི་མི་ཇི་ བཞིན་ལོ་མང་བོའི་རིང་ལ་ལས་ཀ་དང་འཚོ་བར་རོལ་བར་སྣང་ཚོར་ཅི་ཡང་མི་འབྱུང༌། ཨེད་ཙིའི་ནད་ལ་དུས་རབས་ཉི་ཤུ་བའི་གཉན་རིམས་ཞེས་འབོད་ཅིང༌། ད་སྔ་རྒྱལ་སྤྱིའི་གསོ་རིག་གི་སྡེ་ལ་འདིའི་འགོག་སྲུང་དང་གསོ་བཅོས་ཀྱི་ཐབས་ ཤེས་ཅི་ཡང་མེད་པས་གཅོང་ཆེན་ཡ་མེད་དང་དུས་རབས་ཀྱི་གཤེད་མ་ཞེས་པའི་འབོད་སྲོལ་ ཀྱང་ཡོད་པ་རེད།
ཨེད་ཙིའི་ནད་དུག་ནི་མིའི་ནད་རིགས་འགོག་ཤུགས་ནུས་བ་ཟད་པའི་ནད་མེད་སྟེ། མི་གང་ཞིག་ལHIVའགོས་ རྗེས་དེས་མི་དེའི་ནད་འགོག་ནུས་བ་ཟད་པའི་རྒྱུར་གྲུབ་ནས་ ལོ་འགའི་རྗེས་སུ་ནུས་བ་དེ་ཟད་པར་རྐྱེན་བྱས་ཏེ་མི་ལུས་ལ་གོ་སྐབས་དང་འཕྲད་པར་ གྱུར་བའི་ནད་གཞན་དག་འགོ་བ་དཔེར་ན། གློ་འི་གཉན་ཚད། ཀླད་པའི་རྒྱ་དར་ལ་ཞུགས་པའི་གཉན་ཚད། གློ་བའི་གཅོང་སོགས་བྱུང་བའི་སྐབས་ལ་མི་དེར་ཨེད་ཙིའི་ནད་བྱུང་བར་ཐག་གཅོད་པ་ རེད། དེ་བས་མི་གང་ཞིག་ཀྱང་ཨེད་ཙིའི་ནད་ཁོ་ན་ལས་འཆི་བར་མི་འགྱུར་ལ་དེ་དང་འབྲེལ་ ནས་བྱུང་བའི་ནད་གཞན་དག་གིས་འཆི་བར་འགྱུར་བ་ཡིན་ནོ།།
༢ཨེད་ཙིའི་ནད་དེ་ནི་ཅི་ལྟར་བྱས་ནས་འགོས་བར་འགྱུར་བ་ཡིན།
ལན། ཨེད་ཙིའི་ནད་ཀྱི་འགོས་ལམ་གཙོ་བོ་ནི་འཁྲིག་སྦྱོར་ལ་བརྟེན་ནས་འདྲེས་པའི་ལུས་ ཀྱི་གཤེར་ཁུ་ལས་འདྲེས་བ་ཡིན། ལུས་ཀྱི་གཤེར་ཁུ་ལ་དབྱེ་ན་གཙོར་ཁུ་བ་དང༌། ཁྲག ནུ་ཞོ། མོ་མཚན་གྱི་ཟགས་ཁུ། ཀླད་རྒྱུངས་གཤེར་ཁུ་སོགས་ཡིན། གཞན་མིག་ཆུ་དང་མཆིལ་མ། རྔུལ་ཆུ་བཅས་ནི་གྲངས་ཤིན་ཏུ་ཉུང་བས་སྤྱིར་འདི་འགོས་བྱེད་དུ་མི་འགྲོ། དེ་བས་སྤྱིར་བཏང་དུ་འོ་བྱེད་པ་ཡིས་ནད་འདི་འགོས་མི་ཐུབ། འོན་ཀྱང་ནད་མེད་དེའི་ཁ་ནང་དུ་རྨ་ཡོད་ན་དེའི་ཁྲག་བརྒྱུད་དེ་འགོས་ཉེན་ཤིན་ཏུ་ ཆེ། རྔུལ་ཆུས་འགོས་བར་མི་འགྱུར་ལ་ཨེད་ཙིའི་ནད་ཅན་བཀོལ་མྱོང་བའི་ཅ་ལག་གིས་ཀྱང་ འགོས་བར་མི་འགྱུར། འོན་ཀྱང་ཨེད་ཙིའི་ནད་ཅན་གྱི་ཁ་སྤུ་བཞར་བྱེད་དང་སོ་བཀྲུ་བྱེད་སོགས་ལ་ནད་ཅན་ དེའི་ཁྲག་ཉུང་ཙམ་ཡོད་སྲིད་པ་དང༌། ཡང་དེའི་ལག་ཕྱིས་སོགས་ལའང་ཁུ་ཁྲག་སོགས་ཡོད་ངེས་བས། མི་སྒེར་གྱི་ཉེར་སྤྱོད་དངོས་བོ་དག་ཀུན་དང་མཉམ་དུ་སྤྱད་ན་མི་རུང༌། དེ་བཞིན་མགྲོན་ཁང་དང་ཁྲུས་ཁང་སོགས་ཀྱི་སྤྱི་སྤྱོད་ལག་ཕྱིས་སོགས་ལ་འཛེམ་ཐུབ་ ན་ལེགས་ཤིང་ཨེད་ཙི་མ་ཡིན་པའི་མཚན་མའི་ནད་གཞན་དག་ཀྱང་དེ་དག་ལས་འགོས་བ་ཤས་ཆེ་ བས་སྒེར་གྱི་ཉེར་སྤྱོད་དངོས་བོ་མི་གཞན་དང་སྡེབ་ནས་སྤྱད་ན་མི་འོས་བ་ཡིན།
སྤྱིར་ བཏང་གི་འབྲེལ་འདྲིས་ལས་མི་འགོས་བས་ནད་ཅན་དེ་དག་ལ་མཐོང་ཆུང་དང་དམའ་འབེབས་ བྱེད་མི་རུང་བ་ཡིན། དཔེར་ན། མཉམ་དུ་ཟས་ཟ་བ་དང་ལག་འཇུ་བྱེད་པས་མི་འགོས་ཏེ། དེས་ཟོས་པའི་ཚོད་མ་དང་འཐུང་བའི་ཐང་སོགས་ཀྱིས་ཀྱང་འགོས་མི་ཐུབ། ཨེད་ཙི་ནད་དུག་ནི་ཤིན་ཏུ་ཉམས་ཆུང་ཤིང་མཁའ་དབུགས་ཁྲོད་དུ་སྐར་མ་འགའ་ནས་ཤི་ བར་འགྱུར། དེ་བས་ང་ཚོས་འོ་ཆུང་རེ་བྱེད་པ་དང་ལག་འཇུ། ཟས་མཉམ་དུ་སྤྱོད་པ། ལས་ཀའི་ཡོ་བྱད་མཉམ་དུ་སྤྱོད་པ། སྤྱོད་ཁང་གཅིག་ལ་སྤྱོད་པ། ཁྲུས་རྫིང་གཅིག་ལ་རོལ་བ།ཁ་པར་གཅིག་ལ་སྤྱོད་པ། སྦྲིད་པ་རྒྱག་པ་སོགས་ལས་མི་འགོས་ལ། ལྷག་པར་ནད་ཅན་དེ་ཉིད་ནད་གཡོག་བྱས་བས་ཀྱང་མི་འགོས་བ་ཡིན།
ཨེད་ ཙིའི་ནད་ འཁྲིག་སྦྱོར་ལ་བརྟེན་ནས་འགོས་བ་ནི། ཨེད་ཙིའི་ནད་དུག་ནད་ཅན་དེའི་ཁུ་བའམ་མོ་མཚན་གྱི་ཟགས་ཁུ་ལ་འབོར་ཆེན་དུ་གནས་བ་ ཡིན་པས་མཚན་མ་ལ་སྤྱོད་པ་དང་གཞང་ལ་སྤྱོད་པ་སོགས་ཀྱིས་ལྷག་ཏུ་འགོས་སླ་བ་ཡིན་ ལ་མཚན་མ་ལ་མཚན་མའི་ནད་དག་ཡོད་པ་ལ་འགོས་ཚད་ཆེར་འགྲོ་བ་ཡིན། སྤྱིར་བཏང་དུ། གཞང་ལ་སྤྱོད་པ་དེས་གཞང་གི་ངོས་ཀྱི་པགས་པ་སྲབ་མོར་རྨ་བཏོགད་སླ་བས་ལྷག་ཏུ་ འགོས་སྐྱེན་པ་ཡིན། འདི་ཡང་མཚན་མཐུན་ལ་འཁྲིག་སྦྱོར་བསྟེན་པ་དག་ལས་མོ་ལས་ཕོ་ལ་འགོས་སླ་བའི་རྒྱུ་ མཚན་ཡང་ཡིན། ཡང་ཁ་ཅིག་གིས་འདི་ནི་མཚན་མཐུན་ཁོ་ནར་འབྱུང་བར་རློམ་པ་ནི་ནོར་འཁྲུལ་ལོ།།
ཁྲག་ ལས་འགོས་བ་ནི། ནད་ཅན་གྱི་ཁྲག་ནད་མེད་ལ་རྒྱག་པ་དང༌། ནད་ཅན་གྱི་ཁྲག་རྨ་ལ་བསྟེན་ནས་ནད་མེད་ཀྱི་ཁྲག་ལ་འདྲེས་བ། ཁབ་མགོ་གཅིག་མི་མང་བོར་སྤྱད་པས་ནད་ཅན་གང་གི་ཁྲག་ཕན་ཚུན་ལ་འགོས(དུག་འཐེན་ མཁན་ཚོས་རྩ་ལམ་དུ་སྤྱོད་པའང་འདི་ལྟར་འགོས་བ་ཡིན)བ་སྟེ། འདི་ཨེད་ཙི་མ་ཡིན་པའི་ནད་གཞན་དག་འགོས་བྱེད་དུ་འགྲོའོ།།
མ་ བུ་བརྒྱུད་ནས་ འགོས་བ་ནི།མ་དེ་ཉིད་ལ་ཨེད་ཙིའི་ནད་ཡོད་ན་མངལ་ནས་ཐད་ཀར་འགོས་བ་དང༌། བཙས་རྗེས་མའི་ནུ་ཞོ་སྣུན་པ་ལ་བསྟེན་ནསའགོས་བའོ།།འོན་ཀྱང༌། མངལ་སྦྲུམ་པའི་དུས་སུ་ཨེད་ཙིའི་ནད་འགོག་སྲུང་གི་སྨན་བསྟེན་ན་འགོས་ཚད་ཆུང་ དུ་འགྲོ་ཞིང༌། ལྷག་པར་བདེ་ཐང་དུ་སྐྱེ་བའང་ཡོད་པ་ཡིན། མ་ནད་ཅན་དུ་ལགས་ན་དེའི་ན་ཞོ་བུ་ལ་གཏན་ནས་ལྡུད་མི་རུང༌།
ཡིན་ནའང༌། འབུ་སྲིན་གྱིས་སྣུན་པ་དེས་འགོས་བར་མི་འགྱུར་རོ།།
༣ འབུ་སྲིན་གྱིས་བསྣུན་ན་ཨེད་ཙིའི་ནད་ཅིའི་ཕྱིར་མི་འགོས་བ་ཡིན།
ལན། རྒྱུ་མཚན་ནི། དེ་དག་གིས་སྔོན་ལ་མི་གང་རུང་གི་ཁྲག་འཐུང་བ་དེ་མི་རྗེས་མ་དེའི་ལུས་ལ་རྒྱག་ པར་མི་བྱེད་དེ། དེས་ཁོ་རང་གི་མཆིལ་མ་མི་དེའི་ལུས་སྟེང་ལ་བརྒྱབ་ནས་ཁྲག་མི་སྐག་པའི་ཐབས་ བརྩོན་པ་ཙམ་ཡིན། དེའི་མཆིལ་མ་ལ་ནད་དུག་གི་ཆ་ཅི་ཡང་མེད་ཅིང༌། དེ་མཆུ་ལ་ཁྲག་ཨེན་ཙམ་ལས་མེད་པས་འགོས་མཆེད་ཀྱི་ནུས་བ་འབྱུང་མི་ཐུབ། དེ་བཞིན་ཨེད་ཙིའི་ནད་དུག་འབུ་སྲིན་གྱི་ལུས་ལ་དུས་ཚོད་ཡུན་ཙམ་ལས་གནས་མི་ཐུབ་ པས། འབུ་སྲིན་གྱི་ལས་ལས་སྐྱེད་མི་ནུས་ལ་འབུ་སྲིན་རང་ལའང་ཨེད་ཙིའི་ནད་མི་འབྱུང་ ངོ༌།།
༤ཨེད་ཙིའི་ནད་ནི་ཅི་ལྟར་འགོག་སྲུང་བྱེད་དགོས།
ལན། ཆེས་སྟབས་བདེ་བའི་འགོག་སྲུང་གི་ཐབས་ནི། འཁྲིག་སྦྱོར་དུས་སུ་ཕན་ཚུན་གྱི་ལུས་ཀྱི་གཤེར་ཁུ་མི་འདྲེས་བའི་ཆེད་དུ་སྦྲུམ་ འགོག་འགྱིག་ཐུམ་སྤྱོད་པ་ནི་ཤིན་ཏུ་ལེགས། དེ་བས་ནུབ་ཕྱོགས་རྒྱལ་ཁབ་དག་ཏུ་རིན་མེད་ཀྱི་སྦྲུམ་འགོག་འགྱིག་ཐུམ་གནང་བར་ བྱེད་པ་རེད། འོན་ཀྱང་གཉིས་གཅིག་ཏུ་སྤྱོད་ན་དགོས་བ་མེད་ལ་ལྷག་ཏུ་རལ་སླ་བ་ཡིན། དུག་འཐེན་མཁན་གྱིས་གཞན་དང་ཐུན་མོང་དུ་ཁབ་རྒྱག་བྱེད་སྤྱོད་མི་རུང༌། ཨེད་ཙིའི་ནད་ནི་མཁའ་དབུགས་དང་ཟས་སོགས་ལས་མི་འགོས་ཤིང༌། གཙོ་བོ་མིའི་སྤྱོད་ལམ་འབའ་ཞིག་ལ་རག་ལས་བ་ཡིན་པས་སྤྱི་ཚོགས་སྟེང་གི་ངན་ སྤྱོད་དག་སྲུང་ཐུབ་ན་ཨེད་ཙིའི་ནད་ཀྱང་འགོག་ཐུབ་པ་ཡིན།
མི་ རྣམས་ཀྱིས་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་ལས། ཕོའི་མཚན་མཐུན་འཁྲིག་སྦྱོར་མཁན་དང༌། དུག་མཐེན་རྩ་ལ་རྒྱག་རྒྱུར་ལོབས་པ་ཅན་དང༌།ཁྲག་རྒྱག་དགོས་བའི་ནད་པ་དང༌། གོང་གི་འདི་དག་འཁྲིག་སྦྱོར་དང་འབྲེལ་བ་ཡོད་པ་སོགས་ནི་ནད་འདི་འབྱུང་སྐྱེན་ གྱི་སྐོར་ཡིན།
དེ་ བས་ཕོས་གཞང་ལ་སྤྱོད་པ་ གཟབ་པ་དང༌། དུག་འཐེན་མཁན་གྱིས་ཁབ་རྒྱག་བྱེད་ཐུན་མོང་དུ་སྤྱོད་པར་གཟབ་པ། དེ་མིན་དུག་མི་འཐེན་པས་ཀྱང་ཁབ་རྒྱག་བྱེད་ཐུན་མོང་དུ་སྤྱོད་པའགོག་པ། སྐྲ་གྲི་དང་ཁ་སྤུ་བཞར་བྱེད་སོགས་མི་སྒེར་གྱི་ཉེར་སྤྱོད་ཡོ་བྱད་ཐུན་མོང་དུ་ བཀོལ་བར་གཟབ་པ། ཁྲག་ཞིབ་བཤེར་མ་བྱས་བ་དག་རྒྱག་པར་གཟབ་པ། འཁྲིག་སྦྱོར་ལ་གཟབ་པ། ལྷག་པར་གོང་དུ་བགྲང་བའི་ནད་འདི་འབྱུང་སྐྱེན་གྱི་རིགས་འཁྲིག་ལ་ཤིན་ཏུ་གཟབ་ དགོས་བ་ཡིན།དེ་ཡང་ན་ཚོད་ཀྱིས་དབྱེ་ན། བརྒྱ་ཆའི་དགུ་བཅུའི་ཡན་ནི་ལོ་ལྔ་བཅུའི་ཡན་ལ་འབྱུང་བླ་ན་མེད་མང༌། དེ་ལའང་ལོ20-40དར་མ་དང་གཞོན་ནུའི་རིམ་པ་གཉིས་ལ་དབྱེ་ཞིང༌། ཨ་རིའི་ནད་པ21726བརྟག་པ་ལྟར་ན།ལོ20-49ཡིས་བརྒྱ་ཆའི་གྱ་དགུ་ཟིན་ལ།དེ་ལས30-39ཡིས་བརྒྱ་ཆའི་ཞེ་བདུན་ཟིན་པ་རེད། ཡང་ཕོ་མོ་གཉིས་ལས་སྔོན་ཆད་ཕོ་ལ་བྱུང་བ་མང་ཞིང་1985ལོའི་ཕོ་དང་མོའི་བསྡུར་ཚད་ནི་སོ་སོར4:1དང༌། 1988ལོར3:1ཡིན་ཞིང༌།1987-1988ལོའི་བར་བུད་མེད་ནད་པ་བརྒྱ་ཆའི་བརྒྱད་ཅུར་འཕར་བ་རེད། དེ་ཡང་ལོ15-16ལ་ཁྲག་བརྒྱབ་པ་ལས་འགོས་ཤིང་ལོ20-24བར་ ཀྱི་ནད་པ་ཕོ་ལས་བརྒྱ་ཆའི་དགུ་བཅུ་ཡན་འཁྲིག་སྦྱོར་ལ་བརྟེན་ནས་འགོས་ཤིང༌། བརྒྱ་ཆའི་སོ་དྲུག་ནི་མཚན་འཐུན་སྤྱོད་པ་ལས་འགོས་བ་དང་བརྒྱ་ཆའི་བདུན་ཁྲག་རྩར་ དུག་བརྒྱབ་པ་ལས་འགོས་བ་རེད། བུད་མེད་ནད་པ་ལས་བརྒྱ་ཆའི་ཞེ་བཞི་ནི་འཁྲིག་སྦྱོར་ལས་བྱུང་བ་དང་བརྒྱ་ཆའི་ ཉེར་བརྒྱད་ཁྲག་རྩར་དུག་བརྒྱབ་པ་ལས་འགོས་བ་རེད། དེ་བས་ཨེད་ཙིའི་ནད་འགོག་ན་སྤྱོད་ལམ་འདི་དག་ལ་དོགས་ཟོན་ནན་མོ་དང་འགོག་སྲུང་ བྱེད་དགོས་བ་རེད།
དེ་ ཡང་མ་ནད་ཅན་གྱི་བུ་རོགས་དང་སྐྱེ་ལམ། ནུ་ཞོ་སོགས་ལས་སྐྱེ་ཟིན་མ་ཟིན་པའི་ཕྲུ་གུ་དེ་ལ་འགོས་ཀྱང་སྲིད་པས་དེ་ཉིད་ ཀྱིས་བཙས་བའི་ཕྲུ་གུའང་འགོས་སྐྱེན་པའི་རིགས་ཡིན།
༥ ཨེད་ཙིའི་ནད་ཀྱི་ནད་རྟགས་ཅི་འདྲ་ཡིན།
ལན། དེ་ལ་འགོས་བའི་བརྒྱུད་རིམ་དུ་རིམ་པ་བཞིར་དབྱེ་སྟེ། འགོས་མྱུར་ཆེ་བའི་སྐབས་དང༌། གབ་པའི་སྐབས། ཨེད་ཙིའི་ནད་ཀྱི་ཐོག་མའི་སྐབས། ཨེད་ཙི་དངོས་གནས་བའི་སྐབས་བཅས་སོ།།
དེའི་དང་པོ་ནིHIVལུས་ ལ་ཞུགས་མ་ཐག་པའི་སྐབས་ཀྱི་རྟགས་ཏེ། ཚ་རྒྱག་པ། པགས་ནད་འབྱུང་བ། རྨེན་མདུད་སྐྲངས་བ། ཐང་ཆད་པ། རྔུལ་ཆེ་བ། སྐྱུགས་བྲོ་བ། སྐྱུགས་པ། འཁྲུ་བ། མིད་ཚད་རྒྱས་བ་སོགས་འབྱུང་ལ། སྤྱིར་བཏང་རྟགས་འདི་དག་གནས་བའི་ཡུན་ནི་བདུན་ཕྲག་ལྔ་ཡིན། གཉིས་བ་ནི་ནད་བྱུང་མཁན་ལ་རྟགས་ཅི་ཡང་མི་འབྱུང་བ་ཡང་སྲིད་དེ།འོན་ཀྱང་དུས་དེ་ ནི་ནད་དུག་གིས་མིའི་ལུས་ལ་གཏོར་བརླག་ཆེས་ཆེར་གཏོང་བའི་སྐབས་ཡིན།གབ་ཡུན་ཆ་ སྙོམས་ལྟར་ན་ལོ་2-10བར་ ཡིན་པས་འདིའི་ངོས་འཛིན་དང་གསོ་བཅོས་དཀའ་ཁག་ཆེན་པོ་བཟོས་ཡོད་པ་རེད།གསུམ་པ་ ནི་གབ་པའི་རྗེས་ཀྱི་རྟགས་ཏེ། མགོ་སྐེ་དང་མཆན་ཁུང༌། སྣེ་ས་ཁུད། རྣའི་མདུན་རྒྱབ། བརླ་རྐང༌། མན་འོག་གི་རྨེན་མདུད་ཆུང་བ་སོགས་སྐྲངས་བ། ལུས་ཡོངས་མི་བདེ་བ་དང་གཟེར་རྒྱས་བ། ཟས་བཅུད་ལེགས་པར་བསྐྱེད་ཀྱང་ལུས་རིད་པ། ལུས་སྟོབས་ཟད་ཅིང་ཟླ་འགར་གཟེར་ཆུང་རྒྱས་བ། ཟླ་གཅིག་ལ་མཚན་མོ་ཐེངས་ལྔའི་ཡན་གྱི་རྔུལ་ཆུ་བཞུར་བ། མགོ་ན་བ། སེམས་མི་སྐྱིད་ཅིང་ཚེགས་ཆེ་བ། ཁ་ཤས་ལ་དྲན་པ་འཆོར་བ་དང༌། བཞི་ཆའི་གསུམ་ཡན་གྱི་ནད་པ་ལ་མཚེར་བ་སྐྲངས་བའི་རྟགས་འབྱུང༌།ད་དུང་གཞང་གི་ འཁོར་དང་མཚན་མ། ཁ་ནང་སོགས་ལརྨ་འབྱུང་བར་འགྱུར་ལ། བཤང་གཅིན་མང་ཞིང་སླ་ལ་འབྱར་བག་ཅན་ནོ།།བཞི་ བ་ནི་ནད་དེ་རྒྱས་ཏེ་གཉན་པོར་གྱུར་བའི་སྐབས་ཏེ། ལུས་ཀྱི་ནད་རིགས་འགོག་སྲུང་གི་ནུས་བ་ཤིན་ཏུ་ཉམས་པ། གོ་སྐབས་འདི་ལ་བརྟེན་པའི་ནད་གཉན་སྣ་ཚོགས་འབྱུང་བ། སྐྲན་སྡུག་ཅན་སྣ་ཚོགས་འབྱུང་བ། འདིས་སྐབས་ལ་ལུས་ཀྱི་འགོག་ཤུགས་ཡོངས་སུ་ཟད་དེ་འདུས་ནད་མང་བོས་འཆི་བར་འགྱུར་ བ་ཡིན།
གཞན། བསྟུད་མར་ཚ་ལངས་བ། ཟུངས་ཟད་པ། རྔུལ་ཆེ་བ། རྨེན་མདུད་ཆུང་བ་དག་སྐྲངས་བ། ལུས་རིད་ཆེ་བ། རྒྱུན་དུ་གློ་ལུ་བ། བྲང་གཟེར་བ། དབུགས་མི་བདེ་བ། ལུད་པར་ཁྲག་འདྲེས་བ།ཡི་ག་ལོག་པ། སྐྱུགས་བྲོ་བ།སྐྱུགས་པ།འཁྲུ་བ། བཤང་བར་ཁྲག་འདྲེས་བ། འཁྲུ་གཅོད་སྨན་གྱིས་གོ་མི་ཆོད་པ། མགོ་ཡུ་འཁོར་བ། མགོ་ན་བ། ཤེས་བ་དུབ་པ། དྲན་ཤེས་ཉམས་པ།རེངས་བ། ཆུ་བུར་ལྟ་བུའི་རྨ་འབྱུང་བ། ཁ་དང་མིད་པ་གཉན་ཚད་རྒྱས་བ་དངརྨ་རལ་བ།སྐྲན་སྡུག་པོ་འབྱུང་བསོགས་ཀྱི་རྟགས་ འབྱུང་ལ།རྨེན་མདུད་སྐྲངས་བ་ལས་སྐེ་དང་མཆན་ཁུང་སྣེ་ས་ཁུད་ལ་སྐངས་བ་ལྷག་ཏུ་ གསལ་ཞིང༌། རྨེན་མདུད་ལི་རྨིད་གཅིག་གི་ཡན་དང་སྐྲངས་སྲ་ཞིང་གནས་ངེས་མེད་དུ་འགུལ་ལ་ན་ ཟུག་མེད་པའོ།།འདིའི་ བརྟག་ཐབས་ལ་ཁྲག་དང་ལུས་ཀྱི་ཟགས་ཁུ་སོགས་བརྟག་དཔྱད་བྱེད་པ་གཙོ་བས། གོང་གི་རྟགས་དེ་དག་ཐོན་པས་རང་ཉིད་ཨེད་ཙིའི་ནད་པ་ཡིན་པར་བློ་འཁྲུལ་མི་རུང་ ཞིང༌། དོགས་ན་འབྲེལ་ཡོད་སྨན་ཁང་དུ་བརྟག་དཔྱད་ལེགས་པར་བྱས་ཏེ་བརྡར་ཤ་གཅོད་པ་གལ་ཆེ་ བ་ཡིན།
འདི་ ལ་འགོག་བཅོས་ཀྱི་སྨན་དཔྱད་འགའ་ཞིག་ཡོད་ཀྱང་ཀུན་ནས་མཐར་ཆོད་པ་ཞིག་མ་ཡིན་ པས་འདི་ལྟའི་ནད་མཐུ་ཅན་བྱུང་ན་ཚད་ལྡན་གྱི་སྨན་ཁང་ལ་བློ་བཅོལ་ན་དགའ་བས་འདིར་ གླེང་བར་མི་བྱའོ།། འོན་ཀྱང་ཀུན་གྱིས་ཤེས་དགོས་བ་ནི་འཛམ་གླིང་གི་ཨེད་ཙིའི་ནད་ཀྱི་ཉིན་མོ་ནི་ལོ་ རེའི་ལུགས་གསར་གྱི་ཟླ12ཚེས1ཉིན་མོ་ཡིན། ཉིན་འདིར་གཙོ་བོ་ཨེད་ཙི་ནད་ཀྱི་འབྲེལ་ཡོད་ཤེས་བྱ་དག་ཀུན་ལ་ངོ་སྤྲོད་དང་ཁྱབ་བསྒྲགས་བྱེད་པ་རེད།