གྲོགས་པོ་ལགས། ངས་གཤམ་ལ་་ཨེན་སི་ཀྲན་གྱི་ནང་ཆོས་སྐོར་གྱི་གསུང་བཤད་དེ་བསྒྱུར་ཡོད། ཁྱེད་རྣམས་ཀྱིས་དེ་ལ་དག་བཅོས་ཤིག་གནང་རོགས།
“The religion of the future should transcend a personal God and avoid dogma and theology. Covering both natural and spiritual, it should be based on a religious sense arising from the experience of all things natural and spiritual as a meaningful unity. Buddhism answers this description… If ever there is any religion that would cope with modern scientific needs it would be Buddhism.” – Einstein
“མ་འོངས་པའི་ཆོས་ལུགས་ཀྱི་ཁ་ཕྱོགས་དེ་མི་སྒེར་གྱི་འཇིག་བརྟེན་བཀོད་པ་པོ་དེའི་འདུ་ཤེས་ལས་གྲོལ་ནས། གཞུང་དང་གྲུབ་མཐའ་གཅིག་པུར་མ་བལྟོས་པར། ཆོས་ལུགས་དེ་རང་འབྱུང་ཁམས་དང་སེམས་ཁམས་གཉིས་ཀར་ཁྱབ་ཐུབ་པ་དང་། རང་འབྱུང་ཁམས་དང་སེམས་ཁམས་ཀྱི་མྱོང་བ་གཉིས་ཟུང་འཇུག་འཚམ་པོར་བྱེད་པའི་ཆོས་ཀྱི་གཞུང་ཞིག་ཡིན་ན་ལེགས། ནང་པའི་ཆོས་ལ་གོང་གི་ཁྱད་ཆོས་དེ་ཚང་སྟབས། གལ་སྲིད་དེང་དུས་ཀྱི་ཚན་རིག་གི་དགོས་མཁོ་དང་མཉམ་དུ་བགྲོད་ཐུབ་པའི་ཆོས་ལུགས་གཅིག་སྟོན་ཟེར་ན། དེ་ནང་ཆོས་ཡིན་ནོ།”
ཨེན་སི་ཀྲན་ནས།
Einstein= ཨེཎི་སཊེཎ།
མ་འོངས་པའི་ཆོས་ལུགས་ཀྱིས་གང་ཟག་རང་ཉིད་བཀོད་པ་པོ་༼རང་གི་ཕྱི་རོལ་ན་སྲུང་མ་དང་ལྷ་ལྟ་བུས་རང་གི་ལས་དབང་ལ་བཟོ་བཅོས་ཐུབ་བསམ་པའི་རེ་བ་སྟོང་པ་ཡོད་མཁན་ཚོ་༽ཞིག་ཡོད་པའི་བསམ་བློ་ལས་བརྒལ་ཐུབ་པ་དང་ལྟ་གྲུབ་༼རིག་པ་འཚིག་ཏོ༽དང་རིང་ལུགས་༼ཀླད་པ་རྙིང་ཏོ༽ལས་གཡོལ་ཐུབ་པ་ཞིག་དགོས། དེ་འདི་ཆོས་དེ་རང་བྱུང་དང་བསམ་བློའི་འདུ་ཤེས་གཉིས་ཀ་འདུས་པ་ཞིག་གི་ཐོག་ནས་སྣོད་བཅུད་དང་འབྲེལ་བ་ཡོད་ཚད་ལས་སྐྱེས་པའི་ཆོས་སེམས་ཤིག་ལ་གཞི་བཅོལ་ནས་དོན་སྙིང་དང་ལྡན་པའི་མཉམ་འབྲེལ་ཞིག་ཡོད་དགོས། ནང་ཆོས་ཀྱིས་དགོས་ཆོས་འདི་སྐོང་གི་ཡོད། གལ་སྲིད་དེང་དུས་ཚན་རིག་དང་འབྲེལ་བའི་དགོས་མཁོ་བསྐོང་ཐུབ་པའི་ཆོས་ལུགས་ཤིག་ཅིས་ཀྱང་ཡོད་གྱུར་ན་དེ་ནི་ནང་ཆོས་ཡིན།
ཡིན་ནའང་དེ་འདྲ་ཞིག་ཅིས་ཀྱང་དགོས་མཁོ་མེད་ལ་ངེད་བོད་པ་ཚོ་ལ་ཆ་མཚོན་ན་མང་དྲགས་པས་སྐྱོན་ཡོད་དོ།
ཨེན་སི་ཊེན་གྱིས་བོད་བརྒྱུད་ནང་བསྟན་ལས་མགོན་ཁང་དང་གཙང་ཁང་དུ་གཟིགས་སྐོར་དུ་ཕེབས་ཞོར། ཤུགས་ལྡན་གྱི་རྩོད་རྙོག་ལ་རྣ་བ་ལན་གཅིག་བླགས་ཡོད་ཚེ། གོང་གི་སྐད་ཆ་འདི་འདྲ་བཤད་རྒྱུའི་སྤོབས་པ་ཇེ་དམའ་རུ་འགྲོ་སྲིད།
ཟླ་བའི་འོད་ལགས།
Einstein = ཨེཎི་སཊེཎ། ཧཧཧ
མཆན་༢་པའི་ ༽ དེ་འདི་ལ་དེ་འདྲ་བའི་
སངས་རྒྱས་ཆོས་ལུགས་ཚན་རིག་ཏུ་བསྒྲགས་མཁན་གཅིག་ནི་ Max Weber (1864 -1920) རེད། ཁོང་ནི་Karl Marx དང་དུས་མཉམ་ཡིན་པ་མ་ཟད། མ་ཁི་སིའི་དཔལ་འབྱོར་གཞུང་ལུགས་ཀྱི་མིག་ཤེལ་ལས་མཐོང་བའི་ཆོས་ལུགས་ཀྱི་ལྟ་བ་ལ་དགག་བཞག་སྤྲོ་མཁན་གཞན་དྲིང་མི་འཇོག་པ་ཞིག་རེད། དེང་སང་ག་འདྲ་ཡིན་མིན་མ་ཤེས་མོད། སྔར་ཡིན་ན་རྒྱ་ནག་གུང་ཁྲན་གྱིས་ཝེ་སྦུར་གྱི་བརྩམས་ཆོས་རྒྱ་ཡིག་ཏུ་བསྒྱུར་བ་ཉུང་བར་བཤད། ཁོང་གི་ The Protestant Ethic and the Spirit of Capitalism དང་ City གཉིས་ནི་བྲོ་མྱོང་རོ་བཅུད་ལྡན་པའི་ཞིམ་ཟས་མཆོག་གྱུར་ཞིག་ཏུ་མཐོང་།
གལ་ཏེ་ཨཻནས྄་ཊཻན྄་ད་ལྟ་བཞུགས་ཡོད་ན་ཁོང་གི་བྲིས་སྟངས་རྙོག་དྲ་ཚ་བོ་དེ་དོར་ནས་སྟབས་བདེའི་བྲིས་ལུགས་འདི་འདྲ་ཞིག་བྲིས་ཡོད་ཀྱི་རེད་་་་་་་་་་་་་་་་་་
In the future religion should avoid a personal God, dogma and theology. To cover both natural and spiritual aspect, that is based on the experience of natural and spiritual unity. Because it bridges the gap between nature and spirituality, if there is any religion that would cope with the modern science that is Buddhism. Einstein.
སྐུ་མཁྱེན་རིན་ཆེན་ལགས། ཉོབ་མ་ཆུག་དང་། ཐང་ཐང་ཡོད་པ་དེ་ཡང་བཅག་ཚར་འདུག
མ་འོངས་པར་དར་ཁྱབ་ཆེ་བའི་ཆོས་ལུགས་གང་ཡིན་ཡང་རང་སྐྱ་ཐུབ་པའི་བཀོད་པ་པོ་དང་ལྟ་སྒྲུབ་སྐམ་པོ་དང་ལྷ་འདྲེ་སྨྲ་བའི་རིང་ལུགས་དོར་དགོས། སྣོད་བཅུད་གཉིས་ཁ་བྲལ་དུ་མེད་པའི་མྱོང་ཚོར་ལ་གཞི་བཅོལ་ཏེ་སྣོད་བཅུད་ཆ་ཚང་སྨྲ་བའི་རིང་ལུགས་ཞིག་ཡིན་དགོས། སྣོད་བཅུད་གཉིས་བར་གྱི་བསམ་བློའི་སྟོང་ཆ་སེལ་བ་ལ་བརྟེན་ནས་དེང་དུས་ཚན་རིག་དང་མཉམ་དུ་གོམ་པ་མདུན་བསྐྱོད་བྱེད་ཐུབ་པའི་ཆོས་ལུགས་ཤིག་ཡོད་ན་དེ་སངས་རྒྱས་པའི་ཆོས་ལུགས་དེ་རེད། །ཨཻནས྄་ཊཻན྄་ནས་་་་་་་་་་་་་་
སྐྱབས་མགོན་རིན་པོ་ཆེན་མཆོག་གིས་ནང་ཆོས་དབྱེར་བ་གསུམ་ལ་གནང།
༡ ནང་པའི་ཚིན་རིག( Buddhist science)
༢ ནང་པའི་ལྟ་གྲུབ ( Buddhist concept or philosophy)
༣ ནང་པའི་ཆོས ( Buddhist religion or religious prayer)
science དང་ག་བར་སྦྱར་སྦྱར་རེད། Chiristian Science དང་ Buddhist Science། མཛའ་མོ་ཞིག་མ་རེད། དེང་སང་གི་དར་སྲོལ་ཆེ་བའི་གོས་ལྷམ་གོན་ནས་ཡིན་མདོག་བྱེད་ཁུལ་བྱེད་བཞིན་པ་རེད།
christian
གོང་དུ་ལོ་ཙ་བ་རྣམས་ཀྱིས་སྒྱུར་རྣམས་ཡག་པོ་འདུག ཐུགས་རྗེ་ཆེ།
ཟླ་འོད་གི་དེ་རང་རེད། ནུབ་ཕྱོགས་པ་དེ་ཚོ་བོད་ནང་ལྟ་སྐོར་ལ་ཡོང་ན་བོད་ཀྱི་མགོན་ཁང་། བཙན་ཁང་ཟེར་བ་དེ་ཚོ་རྩ་ནས་སྟོན་རྒྱུ་ཡོད་པ་མ་རེད། དེའི་ནང་གི་སྐུ་འདྲ་འོག་ལ་མི་རོ་མནན་པ། མི་མགོའི་ཕྲེང་བ་སྐེ་ལ་སྐོན་པ་དེ་ཚོ་མཐོང་ན། ཁོ་ཚོས་ནང་ཆོས་འདི་ཕྱི་ལོགས་སུ་ཞི་བ་འདྲ་ཞིག་མཐོང་བ་མ་གཏོགས། ནང་ཆོས་ཉམས་ལེན་བྱེད་མཁན་ཚོའི་སེམས་ཀྱི་ཟུར་ཞིག་ན་རང་རང་གི་ཆོས་གི་དོན་དུ་དྲག་པོའི་ཀུན་སློང་ཞིག་སྦས་འདུག་ག་བསམ་སྲིད་གི་རེད། ཁ་ཆེའི་དྲག་སྤྱོད་པ་ཚོ་དངོས་སུ་ཐོན་པ་དང་ང་ཚོའི་དྲག་སྤྱོད་པ་ཚོ་དངོས་སུ་མ་ཐོན་པ་གཉིས་མ་གཏོགས་ཁྱད་པར་ཆེན་པོ་མཐོང་གི་མི་འདུག ང་ཚོའི་ནང་ཆོས་ལ་མཐོང་ཡག་པོ་ཞིག་ཡོང་བའི་ཆེད་དུ་སྲུང་མ་འཇིགས་སུ་རུང་བ་དེ་ཚོའང་མི་མངོན་པའི་དབྱིངས་སུ་ད་ལྟ་ནས་གདན་དྲངས་པ་ཡིན་ན་ཡག་པོ་མ་རེད་པས། ཕྱི་རྒྱལ་ཕར་ཞོག ནང་པའི་རྒྱལ་ཁབ་ནས་ཡིན་པའི་མི་དེ་ཚོས་ཀྱང་ཁྱད་མཚར་རོ་མཐོང་གི་ཡོད་པ་འདྲ།
གཅིག་གིས་ཆོས་ཀྱི་དོན་དུ་གད་རྫས་འཇོག།
གཞན་དེས་ཆོས་ཀྱི་དོན་དུ་མངོན་སྦྱོར་སྒྲུབ།།
ཕྱི་རུ་བལྟས་ན་ཁྱད་པར་ཡོད་པ་ལས།།
དོན་དུ་འཚེ་བ་ཡིན་པ་གཅིག་མཚུངས་རེད།།
མགོན་ཕྱག་ལགས། ནུབ་ཕྱོགས་པ་བོད་པའི་ཤེས་རིག་ལ་དོ་སྣང་ཡོད་དང་མི་ཡོད་མང་པོ་ཞིག་གིས་བོད་པའི་ཆོས་རིག་གི་སྐོར་ནས་དབྱིན་ཡིག་ཏུ་ཡོད་པའི་དཔེ་དེབ་ཅི་དང་ཅི་བཀླགས་ཡོད་ཀྱི་རེད། བོད་པ་དང་ཧིན་རྡུའི་ལྷ་ཞི་བ་དང་ཁྲོ་བོའི་རིགས་འདི་མང་པོ་ཞིག་ནུབ་ཕྱོགས་པ་གང་མང་ཞིག་གི་མཐོང་སྣང་ལ་གོམས་བསྡད་ཡོད་པ་རེད། ཡིན་ན་ཡང་ཆ་རྒྱུས་ཡེ་ནས་མེད་པ་མང་པོ་ཞིག་ལ་གོ་བ་ལོག་པ་ཐེབས་པའི་ཉེན་ཁ་ཞིག་ཏན་ཏན་ཡོད་པ་རེད། ངའི་ངོ་ཤེས་པའི་ཨ་རི་བ་བོད་པའི་ཆོས་རིག་ལོ་ཉི་ཤུར་ཉེ་བའི་རིང་སྦྱངས་པ་ཞིག་གིས་ཁ་སྔོན་སྒྲོལ་མའི་བསྟོད་པ་དེ་དྲག་པོ་ཞེ་བོ་འདུག གསོད་པ་དང་གནོན་པ་གང་མང་ཞིག་འདུག་ཅེས་ལབ་སོང་། འདི་ཚོ་བསམས་ན་ཉིད་ཀྱིས་བཤད་པ་དེར་བསམ་བློ་གཏོང་རྒྱུ་ཞིག་ཏན་ཏན་འདུག
བོད་དུ་དར་བའི་ནང་ཆོས་ཀྱི་ནང་ལ་གསང་སྔགས་བྱ་བ་ཞིག་ཡོད་པ་སྦས་ནས་བྱེད་དགོས་པ་ཞིག་རེད་དེ་སྦས་སྟངས་དེ་ངོ་ཚ་ནས་མ་ཡིན་པར་གཞན་གྱིས་གོ་བ་ལོག་སྒྲུབ་བྱེད་ཉེན་ཡོད་པས་རེད་་་་་་་་་་་་་་་་
ངོ་ཚ་ནའང་ད་དུང་བྱེད་རྒྱུ་འཚམས་འཇོག་བྱེད་མི་ཐུབ་པ་ཞིག་འདུག་ན་སྤྱིར་བཏང་བཤད་ན་ཆོས་ཁོ་ར་མ་རེད། དེ་འདྲ་སོང་ཙང་སྒྲུབ་པ་པོས་སྦས་བའི་ཚུལ་གྱིས་ཉམས་སུ་ལེན་དགོས་རྒྱུ་ཞིག་རེད་་་་་་་་་་་་་་་་་་