སྐལ་བཟང་དོན་གྲུབ།
ཉེ་བའི་ཆར་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཇལ་འཕྲད་གནང་ཡོད་པ་དང། མཇལ་འཕྲད་དེ་ཡང་རྒྱ་གཞུང་གིས་བླུན་པོའི་རང་བཞིན་ཐོག་དགག་པ་བྱས་པར་བརྟེན། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་པ་རེད། བོད་མི་གླེན་པ་ཚོས་ཀྱང་མཇལ་འཕྲད་དེ་ལས་ཧ་ལམ་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་རྒྱུ་ཡིན་མདོག་གིས་དགའ་པོ་བྱས་ཡོད་པ་རེད། འོན་ཀྱང་བོད་ཀྱི་གནས་སྟངས་ནི་སྔར་བཞིན་རང་གནས་སུ་ལྷག་ཡོད་པ་རེད།
མཇལ་འཕྲད་སྐབས་སུ་སྲིད་འཛིན་ཨོ་བྷ་མས་བོད་རང་བཙན་གྱི་མངོན་འདོད་ལ་རྒྱབ་སྐྱོར་མེད་པ་དང། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཡོད་འདུག དེ་མ་ཟད་དེ་སྔོན་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་སྐབས། གསར་འགོད་གསལ་བསྒྲགས་ཤིག་མཉམ་དུ་སྤེལ་ཡོད་པ་དང། སྐབས་དེར་སྲིད་འཛིན་ཁོང་གིས་ཞི་ཅིན་ཕིང་ལ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་དབར་གྲོས་མོལ་བྱེད་དགོས་སྐོར་བཤད་ཡོད་འདུག་པ་དེ། སྲིད་སྐྱོང་བློ་བཟང་སེང་གེས་དབུ་མའི་ལམ་གྱི་ཁྱབ་བསྒྲགས་བྱེད་སྐབས། མ་ཎི་བགྲངས་བགྲངས་སྐྱོར་བཞིན་ཡོད་པ་རེད། བྱས་ན་ད་བར་དུ་རྒྱལ་ཁབ་གང་དང་སྲིད་འཛིན་གང་གིས་དབུ་མའི་ལམ་མམ་བོད་ཀྱི་གནས་སྟངས་སྐོར་ལ་རྒྱབ་སྐྱོར་གྱི་སྐད་ཆ་བཤད་ནས། བོད་ནང་དུ་ཕན་པའི་འགྱུར་བ་ཅུང་ཕྱིན་ཡོད་དམ་ཟེར་ན། དེ་ནི་བཤད་ཚོད་དཀའ་བ་ཞིག་རེད་ལ། མངོན་གསལ་གྱི་འགྱུར་བ་གང་ཡང་ཕྱིན་མེད་པ་གསལ་པོ་རེད། དེའི་སྒང་རྒྱ་ནག་ནས་དབུ་མའི་ལམ་ལ་མཐོང་ཚུལ་གང་ཡོད་པ་ནི། དེ་སྔོན་ཁྱབ་བསྒྲགས་གསལ་པོ་བྱས་ཟིན་པ་རེད།
བྱས་ན་བོད་མི་ཚོ་ཨོ་བྷ་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཟེར་བ་དང། ༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་དེར་རྒྱུ་མཚན་གང་གི་ཐོག་ནས་དགའ་དགའ་སྤྲོ་སྤྲོ་བྱེད་ཀྱི་ཡོད་དམ་ཟེར་ན། དེ་ནི་རེ་བ་སྟོང་པ་བརྒྱབ་པ་དང་རང་ནུས་ལ་ཡིད་ཆེས་མེད་པར། གཞན་གྱི་རོགས་སྐྱོར་ལ་བརྟེན་པའི་ངན་ལངས་ཤོར་ཡོད་པས་རེད། ཨོ་བྷ་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ལབ་པ་ལས། བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་ཅེས་ལབ་ན། རྒྱ་ནག་གི་བསམ་བློ་ལ་གནོན་ཤུགས་ཐེབས་ནས་དབུ་མའི་ལམ་གྱི་སྐོར་ལ་བསམ་བློ་གཏང་སྲིད་པ་རེད་མ་གཏོགས། གཞན་སྐད་ཆ་ཚིག་སྐམ་པོས་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་པའི་ཕན་ཐོགས་གཅིག་ཀྱང་མེད་པ་རེད།
ཨོ་བྷ་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཟེར་དོན་གཙོ་བོ་གཉིས་ནི། རྒྱལ་སྤྱིའི་ཐོག་ཨ་རིའི་རྒྱལ་ཁབ་དེ་ཉིད་མང་གཙོ་དང་ཐོབ་ཐང་གི་ཐོག་ལ་བརྩི་མཐོང་སྤྲོད་མཁན་ཤུགས་ཆེ་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས། ཆབ་སྲིད་པ་དང་ཚོགས་པ་མང་པོ་ཞིག་གིས་༧གོང་ས་མཚོག་གི་མཚན་སྙན་གྲགས་བེད་སྤྱད་ནས་རང་ཉིད་གུ་ཡངས་ཀྱི་སྲིད་ཇུས་ཡོད་ཚུལ་སྟོན་ཆེད་ལྟར། ཐེངས་འདིར་ཡང་ཨ་རིས་རྒྱལ་སྤྱིའི་ཐོག་ཏུ། རྒྱལ་ཁབ་དེ་ཉིད་ནི་རྒྱ་ནག་གི་གནོན་ཤུགས་ལ་མི་སྐྲག་པར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་སྤྲོད་མཁན་ཡིན་པ་མ་ཟད། བོད་ཀྱི་གནད་དོན་སེལ་བར་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཡོད་པའི་ཕྱིའི་རྣམ་པ་ཙམ་སྟོན་ཆེད་རེད། རྒྱུ་མཚན་གཞན་ནི་འཛམ་གླིང་ནང་གནད་ཡོད་མི་སྣ་སུས་བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ལབ་ན། རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་རྒྱུ་ཕར་ཞོག རྒྱ་ནག་གིས་ཁྱིའི་ཟུག་སྐད་དེ་དག་ལ་ཡ་ལན་སྤྲོད་མི་འོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། དེས་རྒྱ་ནག་དང་འབྲེལ་བ་ལ་དོ་ཕོག་འགྲོ་ཡི་མེད་པ་ཤེས་གསལ་རེད།
སྤྱིར་༧གོང་ས་མཆོག་དང་འཛམ་གླིང་གི་གནད་ཡོད་མི་སྣ་སུ་མཇལ་འཕྲད་གནང་ཚེ། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་ཁེ་བཟང་དང་མཐོང་ཆེ་རུ་འགྲོ་ཡི་ཡོད་པ་རེད་དེ། གནད་ཡོད་མི་སྣ་དེ་དག་གིས་བོད་དོན་ལ་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་ཡོད་མེད་ནི་ཐེ་ཚོམ་ཆེན་པོ་ཞིག་ཡིན་པ་དང། ཁ་ནས་ཚིག་སྐམ་པོ་ཁ་ཤས་ཀྱིས་བོད་མི་ཚོས་སྤྲང་པོ་ལྟར་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་སྟངས་ཤིག་མ་མཐོང། །
མཇལ་འཕྲད་དེར་ལ་བོད་དོན་ཐད་རེ་བ་མེད། ཡིན་ནའང་གུང་བྲན་གྱིས་བཀའ་ལ་མ་ཉན་ནས་མཇལ་འཕྲད་གནང་སོང་བས་དཔེ་དགའ་བོ་བྱུང་། མ་གཞི་ནས་ཆབ་སྲིད་པ་ལ་ཡིད་ཆེས་ཅིག་ག་འདྲ་བྱས་ནས་ཡོང་གི་ཨང་།
ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་གིས་བལྟས་ཚོད་ལ་བོད་པའི་རྩ་དོན་ལ་ཅུང་རོག་རམ་བྱེད་པའི་སྣང་ཚུལ་དེ་ནི་ཁོ་རང་ཚོའི་སྐབས་མཁོའི་ཆབས་སྲིད་ཀྱི་དགོས་མཁོ་ཁོ་ན་ལས་བོད་ལ་ཤ་ཚའི་དབང་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་པ་རྩ་ནས་མ་ཡིན་པར་ཤེས་དགོས་སོ།
དེང་སྐབས་སྲིད་དོན་པ་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཚུལ་བཤད་ནི་འགན་ལེན་མི་དགོས་པའི་གཉིས་འགྲིག་གི་སྐད་ཆ་ཙམ་རེད། སྐད་ཆ་དེས་རྒྱ་གཞུང་ལ་ཕོག་ཐུག་ཆེ་པོ་འགྲོ་ཡི་མེད་པས་དེ་འགྲིག་གི་ཡོད་རེད་ལ། བཙན་བྱོལ་ཚང་ལ་ཡང་འགྲིག་གི་ཡོད་རེད། འོན་ཀྱང་སྐད་ཆ་དེས་བོད་ལ་ཕན་མྱོང་མེད་ལ་སླད་ཀྱང་ཕན་པ་མི་འགྱུར། རྒྱུ་མཚན་ནི་དབུ་ལམ་གྱི་དམིགས་སྒོ་དེ་རྒྱ་བོད་གཉིས་ཆར་མི་འཚམས་པའི་གནད་ཞིག་ཡིན་པར་དཔྱོད་ལྡན་གྱི་རྒྱ་བོད་ཚོས་གསལ་ནས་གསལ་དུ་ཧ་གོ་ཡི་ཡོད་རེད།
ཨོ་བྷ་མས་བོད་ལ་རོགས་རམ་བྱེད་འདོད་མེད་པ་མ་རེད། བོད་མིས་རང་གི་རྩ་དོན་བོར་ཚར་དུས་ཨོ་བྷ་མས་རོགས་བྱེད་ཡོང་ས་ཞིག་ལྷག་མེད་པ་རེད། རྩམ་པ་རང་གིས་ཟོས།་རྩམ་ཁུག་མིའི་མགོ་ལ་བསྐོན་ཟེར་བ་འདི་འདྲ་རེད།
༅༅། ཆོས་མེད་ཀླ་ཀློ་སྡིག་ཆེན་རྒྱ་དམར་ནས།། ཉམས་ཆུང་དྲང་ལྡན་བོད་མི་ཆོས་བྱེད་ཚོར།།
སྐྱག་རྫུན་ཁོ་ན་བཤད་ནས་དྲག་གནོན་བྱས།། མགོ་སྐོར་འབའ་ཞིག་བཏང་ནས་བོད་དེ་འཕྲོག།
རྩམ་པ་སུས་བཟོས་རྩམ་ཁུག་སུས་འཁྱེར་བ། ལོང་བས་བལྟས་ཀྱང་ཁམས་གསུམ་མཐོང་ལྟར་རོ།།
༅༅། དབུ་ལམ་དེ་རྒྱ་བོད་གཉིས་ལ་མི་མཚམས་ན། མཚམས་པ་འདི་དང་འདི་ཡིན་ཞེས་ཤོད་དང།
དེ་མིན་ཁ་སྟོང་ལག་སྟོང་ནང་སྟོང་དེ།། བཤད་དང་མ་བཤད་མི་འདུག་ཁ་སྟོང་རེད།།
ད་མང་པོ་བཤད་མ་བཤད་ཡོད་མ་རེད་།
བོད་རེ་བས་ཕུང་ཟེར་བ་དང་རྒྱ་དོགས་པས་
ཕུང་ཟེར་བ་དེ་བདེན་པ་རང་རེད་འདུག་གོ་།
རང་བཙན་བཤད་ནས་ཨེ་དྲག་དབུ་མ་བཤད་
ནས་ཨེ་དྲག་རང་ཐག་རང་གཅོད་བཤད་ནས
ཨེ་དྲག་བདེན་པའི་ཨུ་ཚུགས་བཤད་ནས་ཨེ་
མི་རིགས་ས་གནས་རང་སྐྱོང་བཤད་ནས་ཨེ་
དྲག་དོན་ཚན་བཅུ་བདུན་གླེང་ནས་ཨེ་དྲག་
ད་ཉི་མ་རིང་དུ་རིང་དུ་ཙམ་པ་ཞིབ་ཏུ་ཞིབ་ཏུ་ཟེར་བའི་དཔེ་དེ་མ་རེད་དམ་།
ཨ་ཁ་ཁ་སྐལ་བཟང་དོན་འགྲུབ་་་ཡ། ངོ་མ་ཡ་མཚན་རེད། དྲ་ལམ་འདི་རང་དབང་ཡིན་རྒྱུ་མང་དྲགས་སོང་བས། ཤེས་མི་ཤེས། གོ་རྟོགས་ཡོད་མེད་ཚང་མས་ཐག་ཅིག་བཅད་ནས་བཤད་ཀྱིན་འདུག ཧ་ཧ་ཧ་ཧ། གད་མོ་ལངས་ཡ་རང་རེད། རང་ཉིད་ཀྱིས་གླེན་པའི་ཐང་ཚད་འདྲ་ཞིག་བརྒྱབ། ཡང་རང་ཉིད་ཀྱིས་དེ་ལ་དགག་པ་འདྲ་བྱེད་ཁུལ་བྱས། སྤྱི་ཚོགས་ནང་མྱི་ཁྱོད་ཅན་པོས་གང་ཚེ། ཡར་ཐོན་གྱི་རེ་བ་མེད་ཐག་ཆོད་རེད། མྱི་འདི་ཅན་པོར་ཁ་གཙེ་རྒྱུར་དཀའ་ལས་ཁག་གི།
ད
སྟར་བུ་དམར་བོལགས། འཛམ་གླིང་གི་ཆབ་སྲིད་འགྲོ་སྟངས་ཧ་མི་གོ་མཁན་ཁྱེད་རང་འདྲ་བོ་བོད་མི་མང་དྲག་ནས།་ད་བར་བོད་ཀྱི་གནས་སྟངས་སྙིང་རྗེ་དང་ཞལ་འདེབས་ཀྱི་འོག་ལ་ལྷག་ཡོད་པ་རེད། ད་དུང་ཡར་ཐོན་ཟེར་བའི་ཚིག་དེ་མ་བཤད་རོགས། ཡར་ཐོན་གྱི་རྩ་བ་ནི་ལྟ་བ་འདྲ་མིན་དང་བསམ་ཚུལ་འདྲ་མིན། བསམ་ཚུལ་གྱི་གཞི་རྒྱ་ཁྱབ་ཆེ་རུ་གཏོང་བ་དེ་དག་རེད། ཁྱེད་ལྟ་བུ་ཞིག་གིས་ཕལ་ཆེར་ཧ་གོ་ཡི་མ་རེད། གང་ཡིན་ཟེར་ན་ཁྱེད་ལྟ་བུ་ནི་རྙིང་ཞེན་མཁྲེགས་བཟུང་གི་གྲས་ཡིན་ཚོད་རེད་ཡ།
བལ་འབྲུག་རྒྱལ་ཁབ་གཉིས་ལ། ༸གོང་ས་མཆོག་ཕེབས་བཞུགས་ཆོག་ས་མེད་སྟངས་ལ་བལྟས་ན། ཨ་རི་དང་ཡུ་རོབ་རྣམས་ནི། བོད་དོན་ལ་བཀའ་དྲིན་ཆེན་པོ་ཡིན་པ་འདི་ནས་ཤེས་མི་ཐུབ་བམ། ལགས།། །།
ཨ་རིའི་སྙིང་རྗེའི་གྲོང་འཁྱེར་སྐོར་ལ།
https://www.facebook.com/259976564335011/videos/297936953872305/