(བོད་ཀྱི་བང་ཆེན་ནས་བླངས།)
ཟླ་འདིའི་ཕྱི་ཚེས་༡༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ པ་ཡོལ་ཙམ་གྱི་དུས་སུ་གཞིས་ཆགས་ཀྱི་ཞིང་ཆུ་གསོག་འཇོག་བྱས་པའི་ཆུ་མཛོད་དང་གཞིས་གྲོང་ཁག་ཅིག་ལ་གཟིགས་སྐོར་ཆེད་ཆིབས་བསྒྱུར་གནང་སོང་བ་དང། སྐབས་དེ་དུས་ང་ཨོ་རི་ས་གཞིས་གྲོང་བཞི་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དུ་ཡོད། ཅུང་ཙམ་ནས་༧གོང་ས་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ནས་ཨོ་རི་ས་མངའ་སྡེའི་གྲོང་ཁྱེར་ལྟེ་བ་བྷོམ་བྷ་ནི་ཤི་ཝར་དུ་ཆིབས་བསྒྱུར་གནང་སོང།
ཆིབས་ཞབས་སུ་བཀའ་ཁྲི་དང་སྐུ་སྲུང་ཁག་ཅིག་བཅས་ཞབས་འབྲངས་པ་ལྔ་དྲུག་ཅིག་འདུག ཆིབས་བསྒྱུར་གྲུབ་པའི་རྗེས་སུ་དགོན་པའི་མདུན་ཐང་གི་ཇ་ཁང་ཞིག་ཏུ་ཕྲན་དང་ལྡི་ལི་རུ་གནས་བཞུགས་སྨན་པ་ཉི་མ་ཚེ་རིང་དང། ཨ་རིར་གནས་བཞུགས་མཁས་དབང་བློ་བཟང་སེང་གེ་བཅས་ཀྱིས་ཇ་འཐུང་ནས་སྡོད་པའི་སྐབས་ཕོ་སར་ཞིག་ཡོང་ནས། ༧གོང་ས་མཆོག་གཞིས་གྲོང་དུ་ཆུ་མཛོད་སོགས་ལ་གཟིགས་སྐོར་དུ་ཕེབས་ཆེད་གཞིས་གྲོང་དང་པོའི་ནང་ཡོད་པའི་མགྲོན་ཁང་གི་སྒོ་རུ་ཆིབས་བསྒྱུར་གནང་བཞིན་པའི་སྐབས།གློ་བུར་དུ་ཕོ་སར་ཞིག་ཆིབས་གྲུའི་ཐོག་ཏུ་མཆོངས་འདུག་པ་དང། ཉེན་རྟོག་པས་འཇུ་ཟུང་བྱས་འདུག མི་དེ་ཨོ་རི་ས་གཞིས་ཆགས་ཀྱི་མི་མ་ཡིན་པར་ཕྱོགས་གཞན་དག་ནས་ཡོང་བའི་མི་ཞིག་རེད་འདུག དེ་ནས་༧གོང་ས་མཆོག་གིས་གཟིགས་སྐོར་གནང་མཚམས་བཞག་ནས་གནམ་གྲུ་བརྒྱུད་ནས་ཆིབས་བསྒྱུར་གནང་སོང་ཞེས། བརྗོད་སོང། གནས་ཚུལ་དེ་མི་མང་ཚང་མའི་ཁ་རུ་གོ་རྒྱུ་འདུག་ཀྱང་། མི་དེ་སུ་ཡིན་པ་དང། གང་ནས་ཡོང་བ། ག་རེ་བྱེད་མཁན་ཡིན་མིན་སོགས་ཐག་བཅད་ནས་ཤོད་རྒྱུ་ཡོད་མཁན་སུ་གཅིག་མི་འདུག
དེ་ནས་ང་གཞིས་གྲོང་ལྔ་པ་རུ་སོང་བ་དང། དེ་རུ་ངོ་ཤེས་པ་མི་ཚང་ཞིག་གི་ནང་དུ་སླེབས་པའི་སྐབས་ནང་དེའི་པ་ལགས་ཀྱིས་མི་དེ་ཉེན་རྟོག་པས་རླངས་འཁོར་ནང་བཞག་འདུག་པ་ངས་མཐོང་སོང། གཞིས་ཆགས་འདིའི་མི་རེད་མི་འདུག ཕོ་སར་ཁ་ཤས་ཀྱིས་ཁོ་ལ་ཁུ་ཚུར་གཞུས་པ་དང། བུད་མེད་མང་པོ་ཞིག་གིས་མཆིལ་མ་འདེབས་པ་དང། ཐུ་ལུད་རྒྱག་པ། ཁ་རྡུང་གཏོང་བ་སོགས་བྱས་སོང། ཕོ་སར་དེས་སྟོད་གོས་དམར་ཧྲེང་དུ་ཕུད་ནས་ཕྲེང་བ་ཆེན་པོ་ཞིག་སྐེ་ལ་གོན་འདུག་པ་དང་། གདོང་ཡོངས་ལ་མཆིལ་མ་དང་ཁ་ལུད་ཀྱིས་ཁེངས་འདུག མི་དེ་གཞིས་ཆགས་འདི་ནས་མ་རེད། ཚང་མས་དྷ་རམ་ས་ལ་ནས་ཡོང་བ་དང། གསར་འབྱོར་ཞིག་རེད་འདུག་ཅེས་བརྗོད་ཀྱི་འདུག་ཟེར།
དེ་ནས་གཞིས་གྲོང་དེའི་མི་ཚང་གཞན་ཞིག་ཏུ་སོང་བའི་ཚེ་མི་དེ། ཉི་མ་ཁ་ཤས་ཀྱི་སྔོན་ནས་གཞིས་ཆགས་དེར་སླེབས་འདུག་པ་དང། གསུང་ཆོས་ཞུ་བར་ཡང་བཅར་འདུག ཁ་སང་མི་གཅིག་ལ་ཨ་སྒོར་༢༠༠ ཁུར་ནས་འདི་ཧིན་སྒོར་ལ་བརྗེ་རོགས། ཨ་སྒོར་རེ་ལ་ཧིན་སྒོར་ག་ཚོད་སྤྲད་ཁྱེད་རང་གིས་ཤེས་ཞེས་བརྗོད་སོང། གང་ལྟར་ཁོ་ལ་ལས་ཀ་ཞིག་ཡོད་ཐག་ཆོད་རེད་འདུག་ཅེས་ཟེར།
ཕྱི་ཚེས་༡༣ གྱི་དགོང་མོ་ང་མི་ཚང་དེ་རུ་བསྡད་པ་དང་། ཞོགས་པ་སླར་ཡང་རི་དགོན་དུ་འབྱོར་བའི་སྐབས་མི་དེ་ཐོག་མ་འཇུ་བའི་སྐབས་དབྱིན་སྐད་ཁོ་ན་ལས་རྒྱག་གི་མི་འདུག ཁོས་བཤད་ན་ང་ལ་ཧུའུ་ཅིན་ཐའོ་ཡི་ལས་ཀ་ཡོད། ང་ཁོའི་མི་ཡིན་ཞེས་བརྗོད་སོང་ཟེར། གང་ལྟར་ཨོ་རི་ས་གཞིས་ཆགས་ཀྱི་མི་མང་པོ་ལ་དེའི་སྐོར་དྲིས་ཀྱང་ཁ་གསལ་པོ་ཞིག་ཤོད་ཀྱི་མི་འདུག
གད་མོ་ཤོར་དགོས་པ་ཞིག་ལ་ས་གནས་བུད་མེད་ཚོགས་པས་གཞིས་ཆགས་དེ་རུ་ལོ་ཤས་སྔོན་དམག་པར་ཡོང་བ་ཞིག་ཡོད་པ་དེ་ཡིན་ཤག་བྱས་ནས་ཁོང་ལ་ཉེས་རྡུང་བཏང་སོང་ཟེར། གང་ལྟར་གཏམ་མི་ཁ་བརྒྱུད་ན་ཇེ་ཆེ་དང། ཟས་མི་ལག་བརྒྱུད་ན་ཇེ་ཆུང་ཟེར་བའི་དཔེ་བཞིན་སྐད་ཆ་འདྲ་མིན་མང་པོ་ཞིག་ཆགས་འདུག ངས་ཞིབ་ཕྲ་ཞིག་རྩད་གཅོད་བྱེད་བསམ་ཡང་། ༧གོང་ས་མཆོག་བྷོམ་བྷ་ནི་ཤི་ཝར་དུ་ཆིབས་བསྒྱུར་གནང་ཟིན་པས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དེར་ཕེབས་ཚར་འདུག གཞན་རྣམས་ཀྱིས་གོང་དུ་བརྗོད་པ་བཞིན། གནས་ཚུལ་ཁ་གསལ་ཤོད་རྒྱུ་ཡོད་མཁན་སུ་གཅིག་མི་འདུག རྗེས་སུ་ཞིབ་ཕྲ་ཤེས་སོང་ན་དྲ་གྲོགས་རྣམས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན། ཁ་སང་དུས་ཐོག་འབྲི་བསམ་ཡང་། གཞིས་ཆགས་དེར་དྲ་རྒྱའི་བརྒྱུད་ལམ་དཀོན་པས་གཏོང་ཐུབ་མ་སོང། དེ་རིང་བྷོམ་བྷ་ནི་ཤི་ཝར་དུ་འབྱོར་བའི་རྗེས་མེ་འཁོར་འབབ་ཚིགས་སུ་བྲིས་པ་ཡིན། “ངས་ད་ལྟ་བོད་གཞུང་གི་འབྲེལ་ཡོད་ཅིག་ལ་ཁ་པར་བརྒྱུད་ནས་འདྲི་རྩད་བྱས་པའི་སྐབས། མི་དེ་དྷ་རམ་ས་ལར་སྡོད་མཁན་གྱི་ཨ་མདོ་བ་ཞིག་རེད། ཁོང་སེམས་ཁམས་བདེ་པོ་མེད་མཁན་ཞིག་ཡིན་པ་ལས་དམིགས་བསལ་གྱི་གནས་ཚུལ་གང་ཡང་རེད་མི་འདུག་ཅེས་འགྲེལ་བརྗོད་གནང་སོང།”
བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱིསཕྱི་ལོ་༢༠༡༠ ཟླ་༡ ཚེས་༡༤ ཉིན།
ད་ང་ཚོ་བོད་མི་ཚོས་སོ་སོའི་སྙིང་རྩ་གཅོད་རྩིས་བྱེད་ཀྱི་ཡོད་པ་མ་རེད་དམ། རྒྱ་ཁོག་ཞུགས་དང་འདྲེ་ཁོག་ཞུགས་ཀྱི་ལས་ཀ་ཡིན་མིན་མ་ཤེས་ཀྱང་། བོད་འབངས་ནས་ག་དུས་ཡིན་ནའང་། སོ་སོའི་གཡས་གཡོན་གྱི་མི་ལ་དོགས་པ་བརྟགས་དཔྱད་བླ་ལྷག་དུ་བྱེད་དགོས་འདུག
ཨོ་མི་གཅིག་རེད་དམ། མིའུ་ཕྲུག་གིས་ཨ་མདོ་བ་ཁ་ཤས་ཞེས་བྲིས་འདུག་ག རང་སྲོག་གཅོད་གི་ཡིན་ཟེར་མཁན་ལའང་ཨ་མདོ་བ་ཁ་ཤས་ཟེར་ནས་བྲིས་འདུག་ག གཟབ་གཟབ་མ་བྱས་ན་ཆོལ་ཁ་དང་ཆོས་ལུགས་བར་རྙོག་དྲ་བཟོ་ཆོག་ཆོག་རེད་ད།
ངས་བལྟས་ན་ཆོལ་ཁ་དང་ཆོས་ལུགས་ཁ་ལ་འཁྱེར་མཁན་ཞིག་ཡིན་ཕྱིན་ཆད་སུས་ཀྱང་ཡ་མ་བྱས་ན་ཡག་པོ་རེད། ང་ཚོས་གུ་དོག་གི་ཞེན་ཁོག་འདྲ་ཞིག་འཛིན་ཁ་བྱས་དེའི་དབང་དུ་ཕྱིན་པ་ཡིན་ན་དཀྲུག་ཤིང་རྒྱག་མཁན་ཚོའི་དམིགས་ཡུལ་འགྲུབ་པ་རེད། དཀྲུག་ཤིང་རྒྱག་མཁན་འདི་ཚོས་ཨ་མདོ་བ་ཁམས་པར་རྫུ་གི་རེད་ལ། དབུས་བ་ཨ་མདོ་བར་དང་། ཁམས་པ་དབུས་པར་ཡང་རྫུ་གི་རེད། ཆོལ་ཁ་དང་ཆོས་ལུགས་གཅིག་པ་ཚོར་ཞེན་ཁོག་ཆེ་མདོག་གིས་བསླུ་གི་རེད།
ང་ཚོའི་ཆོལ་ཁ་དང་གྲུབ་མཐའ་ཟེར་ནས་ཡོང་མཁན་ཞིག་ཡོད་ན་ང་ཚོའི་དགྲ་རེད། ཁོ་ཚོའི་ཆོལ་ཁ་དང་གྲུབ་མཐའ་ཟེར་ནས་ཡོང་མཁན་ཞིག་ཡོད་ནའང་ང་ཚོའི་དགྲ་རེད། དགྲ་གཉེན་མ་ནོར་ན་དགྲ་ཡིས་མི་ཚུགས།
གནའ་གཏམ་ལ། གཏམ་ཕུགས་མེད་མི་ལ་བཤད་ཐབས་མེད།། སྒྲོ་ལུང་མེད་ཁལ་མ་འགེལ་ཐབས་མེད།། ཟེར་བ་ལྟར་གསལ་ཆ་མེད་པའི་མེ་འཁོར་འབབ་ཚུགས་ཀྱི་སྐད་ཆ་རྒྱ་ཡན་དུ་གཏོང་མ་ཡོང་རོགས། གནས་ཚུལ་ཡོངས་སུ་ཤེས་པའི་རྗེས་ནས་བཤད་རོགས། གང་ལྟར་གཟབ་གཟབ་བྱོས།
རྩོམ་འདིའི་མགོ་ནས་མཇུག་བར་དུ་ཕྱོགས་ཞེན་དང་དྲང་བདེན་མ་ཡིན་པའི་ཚོར་ཤུགས་ཤིག་དངོས་ཤུགས་བརྒྱུད་གསུམ་ནས་ཐོན་ཡོང་གི་འདུག སྤྱིར་ང་ཚོའི་སྤྱི་ཚོགས་ཁྲོད་དོན་དག་འབྱུང་རྩ་དང་དངོས་ཡོད་གནས་ཚུལ་ཅི་ཡིན་མ་ཤེས་པར་འུར་རྒྱུགས་བྱེད་རྒྱུ་དགའ་བོ་ཡོད་པ་རེད། དཔེར་ན་བུད་མེད་ཚོགས་པས་དོན་མེད་མི་ཞིག་ཉེ་རྡུང་བཏང་བ་ལྟ་རེད། དེ་ཡང་མི་ཁ་ཤས་ཀྱིས་གཞིས་ཆགས་ཀྱི་མི་མ་རེད། གསར་འབྱོར་ཞིག་རེད་ཟེར་བ་དང་། ཡང་ཁ་ཤས་ཀྱིས་ཨ་མདོ་བ་ཞིག་རེད་ཟེར་སོགས་ཆོལ་ཁ་དང་གསར་རྙིང་གི་ཕྱོགས་ཞེན་ཞིག་གླེང་ཡོང་གི་འདུག གང་ལྟར་གསར་འབྱོར་དང་ཨ་མདོ་སུ་ཡིན་ཡང་བོད་པ་ཡིན་རྒྱུ་རེད། ཁ་གསལ་བོར་བཤད་ན། གསར་འབྱོར་ཟེར་མཁན་དེ་ཚོས་གཞིས་ཆགས་ཀྱི་ཞེན་ཁོག་བྱེད་ཡོད་པ་དང། ཨ་མདོ་རེད་ཟེར་མཁན་དེ་ཚོས་ཁམས་དང་དབུས་ཀྱི་ཞེན་ཁོག་བྱེད་ཀྱི་ཡོད་རེད། དེ་བཞིན་དབུས་པ་དང་ཁམས་པ་རེད་ཟེར་མཁན་དེ་ཚོ་ཡང་དེ་བཞིན་རེད། དངོས་གནས་བོད་གཞིས་བཞུགས་མི་མང་ནང་འདི་འདྲའི་ཞེན་ཁོག་དང་འཐེན་ཁྱེར་ཞིག་མི་འདུག་མོད། བཙན་བྱོལ་བོད་མི་སྦར་མོ་གང་བོ་འདིའི་ནང་ལ་འདི་འདྲའི་རྙོག་འཛིང་ཞིག་ཅི་ཡིན་ནམ། སྐད་ཆ་བཤད་འབྲི་སོགས་གང་ཡིན་ཡང་དོ་བདག་གི་འགྷགན་ཁུར་དགོས་རྒྱུ་གལ་ཆེན་པོ་རེད།
ཡ་་་་་མགོན་པོ་ཕྱག་གཉིས་པའམ་མདའ་ཚན་པ་མགོན་པོ་སོགས་ཀྱི་བདག་ཉིད་ཅན་ལགས། ད་རང་ཐོག་ལ་ཅུང་ཙམ་སླེབས་དུས་ཚོར་བ་གང་འདྲ་འདུག་སྔར་གྲོས་ཚོགས་ཀྱི་གནད་དོན་ཐོག་མི་ལ་ཁ་གཡུགས་ཀྱང་བྱས་པ་ལས་ཆོལ་ཁ་དང་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་མི་གླེང་མཁན་ཁྱེད་དེ་རིང་བསམ་ཡོད་དེ་འདྲ་ཞིག་ལ་ཆགས་འདུག།
གསར་འགྱུར་འགོད་པ་པོ་ལགས་སུ།
ནག་ཉེས་ཕོག་པའི་མི་དེའི་མིང་། ཕོ་་མོ། ལོ་ཚད། སྐྱེས་ས་དང་དེང་སང་ཡོངས་གྲགས་ལྟར་ཕ་མ་གང་རུང་གི་མིང་ཆེ་གེ་མོ་དེའི་ལུས་བཤེར་ལས་གང་ཐོན་པ་ཤོད་དགོས་པ་ལས། མི་དགོས་པའི་ལོ་རྒྱུས་ནང་ཆོས་བརྒྱུད། ལུང་ཚན། མི་རིགས་དང་གསར་འབྱོར་རྙིང་འབྱོར་སོགས་ཀྱི་ཚིག་ཐལ་དང་པོ་ཉིད་ནས་གསུངས་མི་དགོས་གཙོ་བཟུང་གནོངས་གལ་ཆེ་བར་ཞུ། །
གསེར་རྟ་ཚུལ་ཁྲིམས་ཟེར་པའི་མི་འདིའི་ཁ་ནས་ཆོལ་ཁ་དང་ཆོས་ལུགསa། གསར་རྙིང་དབར་དཀྲུགས་ཤིང་ལྟ་བུ་ཞིག་ལས་བཤད་རྒྱུ་མི་འདུག བརྩོམ་ཡིག་གི་འགོ་བཟུང་བ་ནས་ཕྱོགས་ཞེན་གྱི་དྲི་མ་ཡལ་བར་འདུག་ སླད་ཕྱིན་མི་འདིའི་རིགས་ལ་གཟབ་དགོས་པར་བསམ་
མི་འདིའི་མིང་དང་གང་ནས་ཅི་བྱེད་ཀི་ཡོད་མེད་སོགས་གསལ་བོ་ཞིག་བཟོས་པ་ཡིན་ན་དངོས་ནས་ཡག་པོ་འདུག དེ་མིན་ཨ་མདོའི་ཕོ་གསར་ཞིག་རེད་ཟེར་ནས་གསུངས་ན་ཡག་པོ་མི་འདུག མདོ་སྨད་པ་སྤྱི་ལ་འཕོག་གི་ཡོད་པ་རེད། དེ་ཡིན་དུས་མདོ་སྟོད་སྨད་གང་ནས་དེ་འདྲ་ཞིག་བྱུང་བ་ཡིན་ན། སྐྱེ་བོ་སྒེར་གྱི་ནོར་འཁྲུལ་དེ་ནི་ཆོལ་ཁ་གཅིག་གི་མིང་ཐོག་ནས་གླེང་བ་དེ་ནི་གཏན་ནས་ཡག་པོ་མ་རེད་ལགས།
གསར་འགྱུར་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་དྲི་བ་ལྔ་ཡོད་ནི་དེ་ལྟར།
what=ག་རེ་
when=ག་དུས་
which=གང་ཞིག
where=གང་དུ་
who=སུས་
གནས་ཚུལ་ཞིག་བྱུང་མཚམས་སུ་གོང་གི་དྲི་བ་ལྔ་པོ་འདི་དག་ལན་འདེབས་ཆ་ཚང་བྱས་ཚེ་གསར་འགྱུར་སྤུས་དག་ཞིག་ཆག་པ་ཡིན་ནོ༎ གསར་འགོད་པ་ཚོའི་ཐུགས་ལ་ངེས་པར་འཚལ།
ལས་མ་དག་པའི་བོད་མི་འདི་འདྲ་ཡང་ཡོད་པ་ང་ཚོས་སྔར་ནས་ཤེས་ཀྱི་ཡོད་སྟབས།
བོད་མི་ཚོས་གནས་སྐབས་གང་འདྲ་ཞིག་ཏུ་ཐུག་ན་ཡང་རང་རང་གི་ཉེ་་འཁོར་ན་ཐུགས་སྣང་དང་།
ཞིབ་འཇུག་རྒྱུན་གཏན་དུ་གནང་གལ་ཆེ་བར་མཐོང་།
གསར་འགྱུར་ཐད་གཏོང་གནང་བ་ཡག་པོ་བྱུང་འདུག་ཀྱང་། ཚིག་གི་བརྗོད་སྟངས་ཀྱི་ཐོག་ནས་གསར་རྙིང་དང་ལུང་ཚན་སོགས་སླེབས་ཡོང་སྐབས། ཀློག་པ་པོ་མི་ཉུང་བ་ཞིག་གི་ཐུགས་ལ་དོགས་འདྲོགས་ཡོང་གི་ཡོད་པས།
ང་ཚོ་སུ་ཞིག་ཡིན་རུང་སྐད་ཆ་ཤོད་སྟངས་དེ་སེམས་ཅན་གྱི་ཁམས་དང་མོས་པ་ལ་བསྟུན་དགོས་པ་དེ་ཡང་གལ་ཆེར་མཐོང་ངོ།།
དྲྭ་གྲོགས་རྣམས་ལྷན་རྒྱས་ལ་ཞུ་རྒྱུ། མི་དེ་གསར་འབྱོར་ཡིན་རུང་གཞིས་ཆགས་ཡིན་རུང་། ཨ་མདོ་དབུས་གཙང་ཁམས་པ་གང་ཞིག་ཡིན་རུང་། ཁྱེད་རྣམས་ཀྱིས་འདི་ལ་བོད་མི་ཟེར་བ་ཙམ་ལས།
དེ་མིན་གསར་འབྱོར་གཞིས་ཆགས་ཨ་མདོ་དབུས་གཙང་ཁམས་པ་སོགས་ཟེར་དགོས་དོན་མི་འདུག །
ང་ཚོ་ཆིག་བསྒྲིལ་དགོས་ན། གསར་འབྱོར་གཞིས་ཆགས། ཨ་མདོ། དབུས་གཙང་། ཁམས་པ་ཞེས་པའི་མིང་ཚིག་དེ་དག་དོར་དགོས།
འོ་དེ་ཡག་པོ་འདུག། ཙོང་ཁ་པ་ལ་རྒྱབ་སྐྱོར་ཡོད། གསེར་རྟ་ཚུལ་ཁྲིམས་གིས་བསམ་བློ་ཡག་པོ་ཞིག་གཏང་རོགས། མིང་ཚིག་དེ་དག་བེད་སྤྱོད་ལོག་པ་མ་བཏང་རོགས།
གསེར་རྟ་ཚུལ་ཁྲིམས་ཁྱེད་རང་རྩིམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས། བསམ་བློ་ཡང་ཡང་བཏང་རོགས།
མཐུན་བསྒྲིལ་དེ་ཁྱེད་ཀྱིས་ཤེས་པར་གྱིས།
ཀརྨ་རྡོ་རྗེ་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།
བཙན་བྱོལ་ནང་གསེར་རྟའི་མི་གཉིས་རང་ཡོད་པ། གསེར་རྟ་ཚུལ་ཁྲིམས་ཁམས་པ་དང་ཨ་མདོ་རེད། ཁོང་གཉིས་ནི་མི་ཚང་མས་དམའ་བེབ་དང་སྐྱོན་བརྗོད་བྱ་ས་ཞིག་ཡིན་བཞིན་དུ། ཆོལ་ཁ་གཉིས་ཀྱི་སྤྱི་མཐུས་ནང་སླེབས་པ་དེ་ཕྱོགས་ལྷུང་ངོ་མ་རེད།
དེ་མ་རེད། གསེར་ཐ་བ་མི་དེ་དག་ལ་རང་ཚུགས་མེད་དུས། སྲིད་དོན་པར་རློམ་པ་དེ་དག་གིས་ཁོ་གཉིས་བེད་སྤྱེད་ནས་འདྲ་མིན་བཟོ་གི་ཡོད་པ་རེད། ཡང་ཁོ་གཉིས་ཀྱིས་རང་གི་འཇོན་སོང་བསམ་གི་ཡོད་པ་རེད། མི་བདེན་ན་རང་ཚུགས་མེད་པའི་བུ་མོ་དེ་དག་ལ་སུ་ཡིན་ན་ཡང་འཛགས་བདེ་བོ་ཡོད་པ་དེ་བཞིན་རེད། ད་དེ་ཚོ་གཡུག་ཞོག གོང་གི་གསེར་ཐ་ཚུལ་ཁྲིམས་ཟེར་བ་འདིས་གསར་འགྱུར་འགོད་སྟངས་ལ་ལྟོས་དང་དེ་གས་ཤེས་ཀྱི་རེད། འོན་ཀྱང་གསར་འགྱུར་དེའི་ནང་ན་ལེན་རྒྱུ་གཅིག་ཡོད། དེ་ནི་སུ་ཡིན་ན་ཡང་མི་སྨྱོས་མ་སྨྱོས་ལ་མི་བལྟ་བར་གོང་ས་མཆོག་གི་ཉེ་འཁྲུས་སུ་ཅར་འཇུག་རྒྱུ་མི་འདུག སྨྱོན་པ་ཡིན་ན་ཡང་སྐྱོན་བཟོ་ཐུབ་ཀྱི་རེད། སྐྱོན་ཆེན་པོ་བཟོ་ཐུབ་ཀྱི་རེད། སུ་ཡིན་ན་ཡང་རང་དོན་རང་གཅེས་ཀྱིས་རང་གི་འཁོར་ཡུག་ནས་འགན་ཁས་ན་ཡག་པོ་འདུག
དེ་ག་རང་རེད་འདུག དཱ་ཟབ་ཟབ་དགོས་འདུག ང་ཚོ་བོད་ཀྱི་བུ་ཚོར་ནང་དམེ་བྱ་རྒྱུའི་ཇོན་ཐང་ཡོད་རེད་དཱ
ཧ་ཧ་ཧ་ང་དངོས་གནས་དྲྭ་གྲོགས་ཁ་ཤས་ལ་གད་མོ་འཆོར་གི། དངོས་གནས་ཞུས་ན། མཆན་འདེབས་མཁན་རྣམས་ཕྱོགས་ཞེན་ཆེ་ཐག་ཆོད་ནས་ལམ་སོང་ཚིག་གཉིས་པོ་དེ། གསར་འབྱོར་ཟེར་བ་དང་། ༧གོང་ས་མཆོག་གི་ཕེབས་འཁོར་ཐོག་ཏུ་འཆང་ཟེར་བའི་ཚིག་ལས་ཀྱང་ཉེས་ཁ་ཆེ་བ་མཐོང་འདུག
གསེར་རྟ་འམ་གསེར་ཐ་ཚུལ་ཁྲིམས། མཐོང་མ་མྱོང་། རིག་མ་མྱོང་། ག་ནས་ཡིན་ཁྱེད་རྣམས་ཀྱིས་འདིར་བྲིས་སྐབས་མ་གཏོགས་མི་ཤེས། གཉིས་ཡོད་པ་མི་ཤེས། ཡིན་ནངའང་བང་ཆེན་རྩོམ་སྒྲིགས་པ་ཟེར་བ་ཐོས་སྐབས། གང་ལྟར་གསར་འགོད་པ་གཅིག་རེད། གསར་འགྱུར་འགོད་པ་དེ་གསར་འགོད་པའི་ལས་མགན་རེད། འདོད་མོས་ལྟར་འགོད་པ་དེ་རང་དབང་ལུང་པར་ཡོད་པའི་གསར་འགོད་པའི་ཐོབ་ཐང་རེད། དཔེར་ན་མཆན་འདྲ་མིན་འདེབས་པ་ནང་བཞིན་རེད། ངས་བསམ་ན་མི་ལ་ཆོལ་ཁ་དང་ཆོས་ལུགས་ཕྱོགས་འཐེན་མ་བྱེད་ཟེར་བསླབ་བྱ་སྤྲད་པའི་སྔོན་དུ་སོ་སོ་རང་ཉིད་ལམ་འགག་དེར་འགྲོ་བཞིན་མེད་པ་ཞིག་དང་པོ་བཟོ་དགོས་རེད་བསམ་གྱི་འདུག
གསར་འགྱུར་ལྟ་བུ་དེ་ཀློག་དུས་གསར་འགོད་པ་རང་གིས་ཀྱང་ཡང་སྙིང་ཅི་ཞིག་བརྗོད་ཀྱིན་ཡོད་མེད་ཤེས་ཀྱི་མེད་པའི་ཚོར་སྣང་བྱུང་། དེ་ནི་གསར་འགོད་པ་རང་ཉིད་གསར་འགྱུར་རིག་པའི་ཐད་ལ་ཞན་ཆ་ཆེ་བའི་དན་རྟགས་གསལ་པོ་ཞིག་རེད། བརྗོད་གཞི་དང་ཁུངས་ལུང་མི་བརྟན་པ། འབྱུང་རྐྱེན་དང་དོན་རྐྱེན་མི་གསལ་བ། དུས་ཚེས་དང་དོན་དག་མི་ངེས་པའི་གསར་འགྱུར་དེ་འདྲ་ནི་སྤྱི་ཚོགས་ཐོག་དཀྲུགས་ཤིང་དང་གནོད་གཞིའི་རྒྱུ་འབའ་ཞིག་ཏུ་འགྱུར་ཉེན་ཆེའོ།།
རྒྱལ་བ་རིན་པོ་ཆེའི་ཆིབས་ཊོའི་ཐོག་མཆོངས་མཁན་དེ་ཨ་མདོ་ཡིན་ན། ཁམས་ཡིན་ན། དབུས་གཙང་ཡིན་ན་དེ་ལ་ཁྱད་པར་མི་འདུག ས་ཆ་གང་དུའང་མི་སེམས་པ་ཐང་ཐང་མིན་པ་ཡོད་པ་རེད། མི་སྡུག་ག་ཡོད་པ་རེད། ཡག་གའང་ཡོད་པ་རེད། དེ་ལ་ཁྱད་པར་མི་འདུག
གནས་ཚུལ་བཀོད་སྟངས་དེ་བོད་མི་མང་གི་སྤྱི་འཐུས་ཤིག་དང་རྩོམ་སྒྲིག་པ་ཞིག་ལ་དཔག་ན་ཐབས་སྐྱོ་བོ་ཞེ་དྲག་རེད། རང་གིས་འགན་ཞིག་ཁུར་ནས་བྲིས་པ་དེ་ཡག་པོ་རེད་དེ། ཡག་པོ་ཞིག་བསམ་ན་འགན་ཁུར་ས་དེ་སྲང་ལམ་གྱི་གཏམ་ཁ་ཤས་ལ་འགན་འཁྱེར་ནས་བདག་པོ་རྒྱབ་པ་ཙམ་རེད། གྲོང་སྡེ་གཅིག་གི་སྲང་ལམ་གྱི་གཏམ་དེ་འཛམ་བུ་གླིང་ལ་བསྒྲགས་པ་རེད། གཏམ་མི་ཁ་བརྒྱུད་གི་ཇེ་ཆེ་ཟེར་གི་ཟེར་གི་མྱི་ཁ་ན་བརྒྱུད་འགྲོ་བའི་གཏམ་ཆེན་པོ་དེ་ཚོར་བདག་པོ་རྒྱབ་ནས་མར་བྲིས་ཡོང་པ་རེད། མི་ཞིག ང་བསྡད་སའི་པོ་ལ། ང་བྶསྡད་ས་གཞན་པ་དེས་ཟེར་བ་ལྟ་བུ་ལས་དེ་ཚོའི་མིང་བཀོད་མི་འདུག དངོས་སུ་འགན་འཁུར་རྒྱུ་ཡིན་ན་གནས་ཚུལ་གྱི་ཁུངས་དཔང་མི་དང་པོ་རྐྱང་རྐྱང་དགོས་པ་རེད། དེ་མིན་ན་ཁུངས་མེད་དང་སྲང་ལམ་གྱི་གཏམ་རེད། གནས་ཚུལ་དེ་དངོས་སུ་མཐོང་མཁན་གྱི་མི་ཞིག་བཙལ་དགོས་པ་རེད། ཉེན་རྟོག་གི་ལས་ཁུངས་ལ་སོང་ནས་འདྲི་རྟོག་བྱེད་དགོས་པ་རེད། མི་དེ་ལ་དངོས་སུ་ཐུག་ནས་སྐད་ཆ་འདྲི་དགོས་པ་རེད། དེ་འདྲ་བྱས་པ་ཡིན་ན་གནས་ཚུལ་ངོ་མ་དང་དང་བདེན་པ་ཞིག་རྙེད་རྒྱུ་ཡིན་པ་རེད། བྲིས་བྲིས་ཚང་མའི་ནང་གནས་ཚུལ་གནས་ཚུལ་དུ་འགྲོ་བ་གཅིག་རང་གཅིག་ཡོད་པ་ནི་སྐུ་སྒེར་ཡིག་ཚང་ལ་ཁ་པར་བཏང་ནས་སྐད་ཆ་དྲིས་པ་དེ་གཅིག་པོ་རེད། ཡིན་ནའང་དེ་ཡང་འབྲེལ་བ་ཡོད་པ་ཞིག་ཟེར་བ་ལས་མིང་བྲིས་མི་འདུག
དོན་དག་འདི་ནི་ཆུང་ཆུང་ཞིག་མིན་པར་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱ་ལ་ཐུག་པ་ཞིག་རེད། གལ་སྲིད་ཁོང་གི་སྐུ་སྲོག་ལ་དངོས་སུ་རྒོལ་བ་ཞིག་བྱུང་བ་ཡིན་ན་གནས་ཚུལ་ཕྱིར་བསྒྲགས་བྱེད་དང་མི་བྱེད། ག་དུས་བྱེད། ཇི་ལྟར་བྱེད། བྱེད་ན་ཡི་གེ་བཀོད་སྟངས་ཀྱི་ཚིག་རེ་རེ་ལའང་གཟབ་གཟབ་བྱེད་དགོས་པ་ཞིག་རེད་སྙམ།
མདོར་དེད་ན་གོང་གི་སྲང་ལམ་གྱི་གཏམ་ཞིག་ཁྲོམ་བསྒྲགས་བྱས་པ་དེས་མི་མང་པོ་ཞིག་གི་སེམས་ལ་དངངས་སྐྲག་ཅིག་བསླངས་པ་ཙམ་རེད།
རྗེས་སུ་གནས་ཚུལ་བཀོད་སྟངས་ལ་གཟབ་གཟབ་གནང་རོགས། གནས་ཚུལ་དངོས་མཐོང་མཁན་གྱི་དཔང་མི་དང་པོའི་ཁ་ཡི་གསར་འགྱུར་འགོད་རོགས། ཀུན་སློང་གཙང་མ་ཡིན་རྒྱུ་རེད་དེ་སྲང་ལམ་གྱི་གཏམ་དང་དཀྲོག་རྐྱེན་དུ་འགྲོ་གཞིའི་གཏམ་ཞིག་ལ་འགན་འཁྱེར་བ་དེ་ངོ་མ་ཉེན་ཁ་ཆེན་པོ་རེད།
གཞན་ཨ་མདོའི་གསེར་རྟ་ཚུལ་ཁྲིམས་ཡིན་ན་འདྲ། ཁམས་ཀྱི་གསེར་རྟ་ཚུལ་ཁྲིམས་ཡིན་ན་ཆོག གང་ཡིན་ན་དེ་ལ་ཁྱད་པར་མི་འདུག རང་གི་འདོད་པ་རེད། གང་ལྟར་བོད་ཀྱི་མི་སེར་ཡིན་པ་རེད། རྩོད་པ་ག་རེ་བྱས་ན་མ་བྱས་ན་ཁྱེད་གཉིས་ཀ་གསེར་རྟ་ནས་ཡིན་པ་དེ་ལ་རྩོད་གཞི་ཡོད་པ་མ་རེད། ཁྱེད་གཉིས་འཆམ་པོ་དང་མཐུན་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཁྱེད་གཉིས་འདིར་མཐུན་ལམ་མ་ཡོང་ན་དེའི་ཤུགས་རྐྱེན་བོད་ནང་ལ་ཡང་སླེབས་རྒྱུ་ཡིན་པ་རེད། གཅིག་ཨ་མདོའི་སྤྱི་འཐུས་དང་གཅིག་ཁམས་ཀྱི་སྤྱི་འཐུས། གཉིས་ཀ་ཁམས་ཀྱི་སྤྱི་འཐུས། ཡང་ན་གཉིས་ཀ་ཨ་མདོའི་སྤྱི་འཐུས་གང་བྱས་ན་རང་གཉིས་གི་རང་དབང་རེད། གང་བྱས་ཀྱང་དེ་ལ་མི་གཞན་པས་ཀྱང་དགའ་མི་དགས་བྱུས་གཏོགས་བྱེད་མདོག་ཁ་བོ་མ་རེད་འདོད།
གསེར་ཚུལ་གྱིས་གནས་ཚུལ་བཀོད་སྟངས་མ་འགྲིགས་པ་མ་གཏོགས་མི་སེམས་ལ་སྐྲག་སྣང་སྟེར་བ་དེ་འདྲ་དམིགས་བསལ་བྲིས་མེད་གི ཡིན་ནའང་ནམ་རྒྱུན་བཞིན། མིའུ་ཕྲུག་གིས་ཨ་མདོ་བ་ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་ལ་རྒོལ་བ་ལྟ་བུ་ཞིག་བྲིས་པ་དེས་སེམས་ལ་ཞེད་སྣང་ཞིག་སྐྱེ་བཅུག་སོང་། བོད་ནང་གི་མི་ཞིག་གིས་དེ་མཐོང་བ་ཡིན་ན་ངོ་མ་འགན་མི་བཟོད་པ་ཞིག་རེད། ཡིན་ནའང་། མིའུ་ཕྲུག་ལ་མཚོན་ན་གཏམ་བརྗོད་རང་དབང་ཟེར་བའི་གོ་དོན་དང་ཅི་བཤད་རང་དབང་གི་གོ་དོན་དང་གཅིག་པ་རེད།
ད་རུང་བསམ་བློར་འཁོར་མི་ཐུབ་པ་ཞིག་ནི་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱིས་གསེར་ཚུལ་གྱི་ཁུངས་མེད་གཏམ་འཆལ་དེ་ཅིའི་ཕྱིར་ཁ་བརྡ་དྲ་ཁང་ནང་ཁྱེར་ཡོང་བ་ལ་གསལ་བཤད་ཙམ་ཡང་བྱས་མི་འདུག
ནོར་བཅོས། མཆན ༢༡ གཏམ་བརྗོད་རང་དབང་གི་གོ་དོན་དང་ཅི་བཤད་རང་དབང་གི་གོ་དོན་གཉིས་་གཅིག་པ་རེད།
ཅེས་བཅོ་རོགས།
ངོ་མ་རེད། གསར་འག྄ྱུར་ཡིན་ནའང་འད྄ྲ། ས྄ྤ྄ྱིར་བཏང་གི་གནས་ཚུལ་ཡིན་ནའང་འད྄ྲ། ས྄ྤ྄ྱི་ཚོགས་ཀ྄ྱི་ཆེད་དུ་ས྄ྤེལ་བས། ས྄ྤ྄ྱི་ཚོགས་ལ་འགན་ཁ྄ྱེར་དགོས་རེད། ས྄ྤ྄ྱིར་རག་ར྄ྒན་གསེར་བར྄ྫུས་ཀ྄ྱི་མི་འདི་ཚོའི་ཁ་དང་ས྄ྨ྄ྱུག་ར྄ྩེ་ནས་དཀ྄ྲུག་ཤིང་གི་གཏམ་ལས་མི་ཐོན་ཐག་ཆོད་རེད།
བང་ཆེན་རྩོམ་སྒྲིག་པས་གནས་ཚུལ་གསལ་རྟོགས་མ་བྱུང་གོང་ནས་ཡར་དྲིས་ཁུལ་དང་། མར་དྲིས་ཁུལ་གྱིས་མདོ་དོན་ཉེས་པ་དེ་ཨ་མདོ་བ་ཞིག་གི་ཐོག་གཡོགས་པ་དེ་ཡག་པོ་མི་འདུག མ་གཞི་རང་གི་ཁེ་ཕན་ཆེད་ལ་ཁའི་དར་ཅོག་འདྲ་བོ་བྱེད་མཁན་ཁྱོད་ལ་ཡིད་ཆེས་ཏིལ་འབྲུ་ཙམ་ཡང་མེད། མ་ཟད་ད་ལན་འདི་ཁྱོད་ཀྱིས་བོད་སྤྱི་བ་ལ་སེམས་ཁུར་ཡོད་ཁུལ་གྱིས་རྡ་ས་ལ་བསྡད་པའི་ཨ་མདོ་བ་ཞེས་ཨ་མདོའི་མིང་དེ་དེའི་བར་ལ་འཁྱེར་དགོས་དོན་ཅི་ཡིན་ནམ། ཨ་མདོ་བ་ཞེས་པའི་མིང་དེ་མ་བྲིས་ན་ཁྱོད་ཀྱི་གསར་འགྱུར་ལ་སྐྱོན་གང་འབྱུང་ངམ། གནས་ཚུལ་ཁ་གསལ་མེད་པར་ཨ་མདོ་བ་ཞེས་པའི་མི་དེ་ཅིའི་ཕྱིར་བེད་སྤྱོད་བཏང་བ་ཡིན། ཁྱོད་བང་ཆེན་རྩོམ་སྒྲིག་པ་ཡིན་པའི་ཆ་ནས་ཕྱོགས་ལྷུང་དེ་ལྟར་མ་བྱས་ན་དགའ། གང་ལྟར་ང་ཚོ་ལ་ཕེབས་གྲུའི་འགོར་མཆོང་མཁན་དེ་ཨ་མདོ་བ་ཡིན་པའི་གནས་ཚུལ་དཔང་འཕེར་དགོས་ཡོད།
ད་ཞེས་དྲག་ངར་དགོས་མི་འདུག ཨ་མདོ་དང་གསར་འབྱོར་ཕྱོགས་རྣམས། བསམ་བློ་ཡག་པོ་གཏོང་དང་། ཨ་མདོ་ཟེར་ན་ཆོལ་ཁ་མ་རེད། ལུང་པའི་མིང་རེད། དེའི་ནང་ཁམས་པ་དང་དབུས་པ་གསེས་གོ་མ་རེད། དོན་དངོས་༸གོང་ས་མཆོག་གིས་མོ་ཊ་ལྒང་འཆོང་མཁན་སུ་རེད། མི་དེ་ཨ་མདོ་དང་གསར་འབྱོར་བ་མིན་པ་ར་སྤྲོད་ཐུབ་བམ། གལ་ཏེ། ཨ་མདོ་བ་དང་གསར་འབྱུར་བ་མིན་ན། རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལ་སྐྱོན་འཛུགས་བྱེད་ཆོག་ཅིང་འོས། གལ་ཏེ་ཨ་མདོ་བ་དང་གསར་འབྱུར་བ་ཡིན་ན་ལབ་རྒྱུ་ལྷག་ཡོ་མ་རེད། གཅིག་ནས་ག་ནས་ཡིན་པ་དང་སུ་ཡིན་པ་གསལ་པོ་དགོས་ཟེར་གྱི་ཡོ་རེ་བ། སྔོན་མ་རྡ་སར་ལྷ་རྩེ་བ་ཡིན་པའི་རྒྱ་མིའི་སོ་པ་ཟིན་པ་རེད། དེ་དུས་ཁོར་ལྷ་ཙེ་བ་ལབ་མ་ཆོག་ཟེར་མཁན་མི་འདུག
ཨ་ཧ་བོ་ན་ཧ་བོ། ཀུན་མཁྱེན་ཟེར་བ་འདི་དེ་རིང་རྩ་འཐོར་དུ་སོང་ནས་འདུག སྙིང་རྗེ། ད་ཅི་བྱེད། འདི་ལྟར་རྩ་འཐོར་དུ་སོང་འདུག་པ་ཞིག་ཕྱིར་སྒྲིག་ཤེས་མཁན་འདྲ་ཨེ་ཡོན་ན། ཧ་ཧ་ཧ་ཧ། ཀུ་རེ་ཡིན།
བང་ཆེན་རྩོམ་སྒྲིག་པས་གནས་ཚུལ་གསལ་རྟོགས་མ་བྱུང་གོང་ནས་ཡར་དྲིས་ཁུལ་དང་། མར་དྲིས་ཁུལ་གྱིས་མདོ་དོན་ཉེས་པ་དེ་ཨ་མདོ་བ་ཞིག་གི་ཐོག་གཡོགས་པ་དེ་ཡག་པོ་མི་འདུག མ་གཞི་རང་གི་ཁེ་ཕན་ཆེད་ལ་ཁའི་དར་ཅོག་འདྲ་བོ་བྱེད་མཁན་ཁྱོད་ལ་ཡིད་ཆེས་ཏིལ་འབྲུ་ཙམ་ཡང་མེད། མ་ཟད་ད་ལན་འདི་ཁྱོད་ཀྱིས་བོད་སྤྱི་བ་ལ་སེམས་ཁུར་ཡོད་ཁུལ་གྱིས་རྡ་ས་ལ་བསྡད་པའི་ཨ་མདོ་བ་ཞེས་ཨ་མདོའི་མིང་དེ་དེའི་བར་ལ་འཁྱེར་དགོས་དོན་ཅི་ཡིན་ནམ། ཨ་མདོ་བ་ཞེས་པའི་མིང་དེ་མ་བྲིས་ན་ཁྱོད་ཀྱི་གསར་འགྱུར་ལ་སྐྱོན་གང་འབྱུང་ངམ། གནས་ཚུལ་ཁ་གསལ་མེད་པར་ཨ་མདོ་བ་ཞེས་པའི་མི་དེ་ཅིའི་ཕྱིར་བེད་སྤྱོད་བཏང་བ་ཡིན། ཁྱོད་བང་ཆེན་རྩོམ་སྒྲིག་པ་ཡིན་པའི་ཆ་ནས་ཕྱོགས་ལྷུང་དེ་ལྟར་མ་བྱས་ན་དགའ། གང་ལྟར་ང་ཚོ་ལ་ཕེབས་གྲུའི་འགོར་མཆོང་མཁན་དེ་ཨ་མདོ་བ་ཡིན་པའི་གནས་ཚུལ་དཔང་འཕེར་དགོས་ཡོད།
བྱ་རྒོད་རྒྱལ་བོ་ལགས།
ཉིན་ནས་ཨ་མདོ་ཟེར་ན་ཆོལ་ཁ་མ་རེད། ལུང་བའི་མིང་རེད་ཟེར། ཁྱོད་ཡིན་ན་ལྷ་ས་དང་ཁམས་ཟེར་ན་ཆོལ་ཁ་མ་རེད་ཟེར་རྒྱུ་རེད་ལགས།
༡ འོ་ན་ཆོལ་ཁ་ཟེར་ན་གང་ལ་ཟེར་གིན་ཡོད་དམ། འདི་ངས་ངོ་མས་ཧ་གོ་མ་སོང་།
༢ རྒྱ་མའི་སོ་བ་དེ་ལྷ་རྩེ་བ་ཡིན་པའི་དཔང་རྟགས་ག་རེད་འདུག རྒྱ་མི་དེ་ལྷ་རྩེ་ནས་ཡོང་བ་རེད་ཅེས་གོ་མྱོང་བ་ལས་ལྷ་རྩེ་བ་རེད་ཅེས་གོ་མ་མྱོང་། ལྷ་རྩེ་བ་དང་ལྷ་རྩེ་ནས་ཡོང་བ་གཉིས་ལ་ཁྱད་པར་ཤེས་ན་བཟང་།
ལྷག་པར་དུ་ཁོ་རྒྱ་མི་ཞིག་ལ་ང་ཚོས་ལྷ་རྩེ་བའི་མིང་བྱིན་ན་འགྲིག་གིན་ཡོད་མེད་མི་ཤེས།
རྣམ་དག་ལགས། ཁྱོད་ཀྱིས་ངས་བཏབ་པའི་མཆན་བུ་དེ་ཅིའི་ཕྱིར་ཕབ་བཤུས་བརྒྱབ་པ་ཡིན།
དེ་ལ་དགོས་པ་འདྲ་ཡོད་དམ།
བྱ་རྒོད་པོའི་རྒྱལ་པོ་ལགས། རྒྱལ་བའི་སྐུ་ཕྱྭ་ལ་རྒོལ་མཁན་ཞིག་ཡིན་ན་ཆོལ་ཁ་གང་གི་ཁོངས་ཡིན་ཀྱང་རུང་། རང་གི་ཕ་མ་གཅིག་གི་སྤུན་མཆེད་ཡིན་ཀྱང་རུང་མཆི་མ་འདེབས་པའི་ཡུལ་དུ་གྱུར་བ་ང་ཚོས་ཁས་ལེན་བྱ་དགོས། ངས་དེ་ནི་ཨ་མདོ་བ་མ་རེད་ཟེར་གྱི་མེད། གསར་འགྱུར་ནང་མིང་འགོད་སྟངས་དེ་ཤོག་རིས་ཀྱི་དུག་རླངས་ནང་ཟགས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པས་གནད་དོན་དེར་བསམ་བློ་ཐོངས།
མ་གཞི་སྐད་ཆ་གསལ་པོ་མེད་ན་ཨ་མདོ་བ་དང་རྡ་སའི་ཕོ་གསར་ག་རེ་ལབ་ནའང་ནོར་བ་རེད། རྡ་སའི་ཕོ་གསར་ལབ་ན་རྡ་སའི་ཞེན་ཁོག་ཡོད་མཁན་ཚོར་གནོད་འགྲོ་གི་རེད།
རྩམ་དགའ་ལགས། ཨ་མདོ་དང་ལྷ་ས་ཆབ་མདོ་ཟེར་ན་ཆོལ་ཁའི་སྐད་ཆ་མ་རེད། ཆོལ་ཁ་གསུམ་གྲངས་དུས་མདོ་སྟོད་སྨད་གཉིས་དང་དབུས་གཙང་ཟེར་དགོས་ཀི
བྱ་རྒོད་རྒྱལ་པོ་ལགས། གནད་དོན་དེའི་ཐོག་གསལ་རྟོགས་མ་བྱུང་བར་ཆོལ་ཁ་ཞིག་གི་མིང་ཁྱེར་ཡོང་བ་དེ་ཡག་པོ་མཐོང་མ་བྱུང་། ཁྱེད་ཀྱིས་ཨ་མདོ་དང་མདོ་སྨད་གཉིས་ཀྱི་གོ་བ་མི་འདྲ་བ་ཞིག་བཤད་ན་དེ་ལ་མུ་གསུམ་མུ་བཞི་སོགས་ཁྱད་པར་ཞིག་ཞོག་དང་།
དེ་ཡང་རྒྱལ་རབས་རྙིང་པའི་འགྲོ་སྟངས་མིན་པར་ད་སྐབས་ཡོངས་གྲགས་ཐོག་ནས་འགྲེལ་རོགས་་་བྱ་རྒོད་པོ་ལགས།
གསེར་ཚུལ་གྱི་གནས་ཚུལ་ཕལ་ཆེ་བ་སྲང་ལམ་གྱི་གཏམ་བསྒྲུགས་ཡོང་ནས་བྲིས་འདུག ཡིན་ན་ཡང་། ཨ་མདོ་བ་ཟེར་བ་དེ་ལ་ཁོ་ལ་ཁུངས་ཡོད་པ་མ་ཟད་ཁོ་རང་གི་ངོས་ནས་ཆོལ་ཁ་སུ་ཡིན་ཅང་བྲིས་མི་འདུག དེ་ལ་ཡ་ལ་དཀྲི་རྒྱུ་ཅང་ཨེ་ཡོད་ན། དེ་ཤ་རྒྱབ་ན་རུས་པར་གནོད་ཟེར་བ་དེ་ཡིན་རྒྱུ་རེད།
དེ་ནི་སྐུ་སྒེར་ཡིག་ཚང་གི་མི་ཞིག་གིས་བཤད་པའི་སྐད་ཆ་རེད།
བྱ་རྒོད་རྒྱལ་པོ་ལགས། གནད་དོན་དེའི་ཐོག་གསལ་རྟོགས་མ་བྱུང་བར་ཆོལ་ཁ་ཞིག་གི་མིང་ཁྱེར་ཡོང་བ་དེ་ཡག་པོ་མཐོང་མ་བྱུང་། ཁྱེད་ཀྱིས་ཨ་མདོ་དང་མདོ་སྨད་གཉིས་ཀྱི་གོ་བ་མི་འདྲ་བ་ཞིག་བཤད་འདུག་ན་དེ་ལ་མུ་གསུམ་མུ་བཞི་སོགས་ཁྱད་པར་ཞིག་ཞོག་དང་། ཨ་མདོ་ཞེས་པ་དང་ལྷ་ས་ཞེས་པའི་དཔེ་དེ་རྩ་བ་ནས་འགྲིགས་མི་འདུག དེ་ཡང་རྒྱལ་རབས་རྙིང་པའི་འགྲོ་སྟངས་མིན་པར་ད་སྐབས་ཡོངས་གྲགས་ཐོག་ནས་འགྲེལ་རོགས་་་བྱ་རྒོད་པོ་ལགས།
ངས་མུ་གསུམ་མུ་བཞི་ཟེར་བ་མི་ཤེས་ཀྱང་། ཨ་མདོ་དང་མདོ་སྨད་ཀྱི་ཁྱད་པར་ཤེས། མདོ་སྨད་ཀྱི་ས་ཆ་ཁ་ཤེས་ཨ་མདོ་རེད་མི་འདུག དེང་དུས་ཀྱི་སྐད་ཅ་བཤད་ན། བོད་རང་སྐྱོང་ལྗོངས་དང་ཟི་ཁྲིན་དང་ཡུ་ནན་ཀན་སུ་ཟེར་དགོས།
གནས་ཚུལ་དེ་བྱུང་ལུགས་ལ་བསམ་བློ་ཡག་པོ་གཏོང་དང་། མི་དེ་གསར་འབྱོར་བ་སོང་ཙང་ཨ་མདོ་བ་རེད་ལབ་པ་རེད། གལ་སྲིད་མི་དེ་གཞིས་ཆགས་ཡིན་ན་ སྦེལ་ལོ་ཀོ་བི་དང་མོན་གྷོ་དང་སྦིར་ནས་རེད་ཟེར་ངེས། དེས་ན་གསར་བཀོད་ལ་ཕྱོགས་ལྷུང་དང་ཆོལ་ཁའི་སྐད་ཆ་མི་འདུག ཚང་མས་ཞི་འཇམ་བསྡད་ན་འགྲིགས་འདུག
མི་དེ་ཨ་མདོ་བ་རེད་འདུག་ཟེར་བརྗོད་མཁན་དེ་གསར་འགོད་པ་གསེར་རྟ་ཚུལ་ཁྲིམས་མ་རེད་དེ་ནི་བོད་གཞུང་བདེ་སྲུང་ལས་ཁུང་ཡིན་པ་གནས་ཚུལ་འབྱུང་ཁུང་ནང་དུ་གསལ་པོ་བཤད་འདུག སྤྱིར་མཆན་འདེབས་པ་འདི་དག་གིས་ཨ་མདོ་བ་གང་ཞིག་གིས་བྱས་རྗེས་ཤིག་ཙམ་ཞིག་བཞགས་ཡོད་ཚེ་བསྔགས་བརྗོད་གཡག་ཙམ་ཞིག་བྱེད་ཀྱིན་འདུག་ལ་ཉེས་པ་རི་ཙམ་བསགས་ཡོད་ཀྱང་སྐྱོན་བརྗོད་བ་སྤུ་ཙམ་ཡང་བྱེད་མི་ཆོག་པ་འདི་ངོ་མ་ཡ་རེ་མཚར། ཁོ་ཚོས་རང་ཕྱོགས་ཀྱི་གནད་དོན་ལ་ཐུག་ཚེ་བོད་བསྟན་པ་ཆབ་སྲིད་ཀྱི་གནས་དོན་དེ་ཉིད་གད་སྙིགས་སུ་གཡུགས་ཀྱང་བྱེད་པ་མ་ཟད་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་བརྒོལ་བའི་མི་དེ་རང་ཉིད་ཀྱིས་ཁོ་རྒྱ་དམར་གྱིས་མངགས་པའི་གསང་ལས་པ་ཡིན་ཚུལ་ཁས་ལེན་བཞིན་དུ་ཨ་མདོ་བ་འདི་དག་གིས་རྒྱབ་སྐྱོར་བྱེད་ལུགས་འདི་ཉིད་ང་ཚོས་དཔྱད་མི་བཟོད་པ་ཞིག་ངོ་མ་རེད། ཨ་ཁ་ཁ་ཁ
སྔོན་ཆད་ཀྱི་བརྩི་སྟངས་ལྟར་ཆོལ་ཁ་གསུམ་དང་། ཡང་དེང་སང་གི་བརྩི་སྟངས་ལྟར་གྱི་དབུས་གཙང་། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུ་ནན། བཅས་ཡུལ་ལུང་ཕར་བསྲེས་ཚུར་བསྲེས་བྱས་ནས་བོད་ས་དུམ་བུར་བཏང་ཡོད་པའི་སྐོར་ལ་ན་ནིང་སྐུ་ངོ་གསང་བ་ཆེན་པོ་རྒྱ་ལོ་དོན་འགྲུབ་ནས་ཝེ་འོ་ཨད་ཨ་རིའི་རྒྱང་བསྲིང་ལས་ཁུངས་ཀྱི་རྡོ་རྗེ་ཚེ་བརྟན་གྱི་བཅར་འདྲི་དང་ལན་ཡག་པོ་ཞེ་བོ་ཅིག་འདུག་ཀྱང་། ད་དེ་རེག་གི་མི་འདུག
ཨ་ཁ་ཁ་་་་ཁྱོད་ཀྱི་འགྲེལ་ཚུལ་དེ་ལ་བལྟས་ན་བྱ་རྒོད་རྒྱལ་པོ་ཕར་བཞག་བྱ་རྒོད་ཀྱི་སྒྲོ་རྐང་གཅིག་གི་རིན་ཐང་ཡང་མི་འདུག ལོ་རྒྱུས་ལ་འགྲེལ་མ་ཤེས་ན་མི་རྣམས་གད་མོ་འཆོར་བའི་རྒྱུ་རུ་འགྲོ དེ་འདྲ་ཡིན་ན་མདོ་སྨད་ཅེས་པ་ད་སྐབས་ཁམས་དང་ཨ་མདོ་གཉིས་ལ་གོ་དགོས་སམ། འོ་ན་མདོ་སྟོད་ཅེས་པ་གང་ལ་གོ་དགོས།
སྔ་མོའི་ལོ་རྒྱུས་དང་ད་སྐབས་ཡོངས་གྲགས་གཉིས་ལ་དབྱེ་འབྱེད་ཐུབ་དགོས། ཡིན་ཡང་མི་ཕྲུག་གི་བཤད་སྟངས་ལ་བལྟས་ན་མིའི་བར་དཀྲུགས་ཤིང་རྒྱག་བཞིན་པ་གསལ་རྟོགས་བྱུང་། ཁྱོད་ལ་གཏམ་གླེང་བྱེད་རིན་མེད་པ་ཤེས་སོང་། ཕྱིན་ཆད་ཆོལ་ཁའི་བར་དཀྲུགས་ཤིང་མི་རྒྱག་རྒྱུ་སེམས་ལ་ཞོག བདེ་མོ་གྱིས།
ཁྱེད་རང་ཨམ་ཞེན་ཆེ་དྲག་ཏག་ཆོད་ནས་མདོ་སྟོད་སྨད་ཆ་ཚང་ཨམ་མདོ་བཟོ་ཚིས་ཡོད་པས། གསར་འགོད་པ་ཞིག་ལ་ཆ་བཞག་ན། མི་འདི་གང་ནས་ཡིན་རྩེད་ཅོད་དགོས། གལ་ཏེ་བོད་ནས་ཡིན་ན་ ལུང་པ་གང་པར་རེད་འདུག་བརྟག་དགོས། ཨ་མདོ་རེད། ཆབ་མདོ་རེད། ལྷ་ས་རེད། གཙང་པ་རེད། ལྷ་རྩེ་རེད། རྒྱ་གར་ནས་ཡིན་ན་ སྦེ་ཀོབ་རེད། མོན་གོ་རེད། ྦིར་རེད། ཀི་མིན་ཏོན་རེད། བརྟག་ནས་གསར་འགྱུར་འགོད་དགོས། གལ་སྲིད་ཁྱེད་རང་གསར་འགོད་པ་ཡིན་ན་མི་དེ་ཨ་མདོ་ཡིན་ཁ་ཚུམ་སྡོད་རྒྱུ་དང་། རྡ་ས་དང་སྦེ་ཀོབ་ཡིན་ན་ཁ་ལྡང་རྒྱུ་ཡིན་པས། ད་ཆ་བོད་ཀྱི་མཚན་མཐུན་ཆང་ས་རྒྱབ་མཁན་དང་པོ་སུ་རེད་ཅེས་བྲིས་ན།་ལན་ག་ནས་རེད་བྲིས་ན།་ལན་ག་རེ་བཏབ། ང་བྱ་རྒྱལ་གྱིས་ཁྱེད་ལ་བསླབ་བྱ་ཞིག་བྱ། རྗེས་མ་ནས་བདེན་པ་ཡིན་ན་རང་གི་ལུང་པ་གཅིག་པ་དང་ཕ་མ་ཡིན་ནའང་འབའ་ཁུང་བྱེད་རྒྱུ་མེད། ཆོལ་ཁ་འཐེན་ཁྱེར་ལ་ང་ཡང་དགའ་ཡི་མི་འདུག མི་དེ་མདོ་སྨད་རེད་ཟེར་བ་དང་། ཁམས་པ་རེད། དབུས་པ་རེད་ཟེར་བའི་དབྱེ་འབྱེད་ཀྱི་སྐད་ཆ་ཤོད་མི་ཉེན་པ་མ་ཟད་བསམས་བློ་ནང་དུ་ཡང་འཁོར་དུ་མ་བཅུག
ཡ་བྱ་རྒོད་རྒྱལ་པོ་ལགས། ཁྱོད་བསམ་བློ་ཅན་ཞིག་ཡིན་ས་རེད། དེ་ཡིན་དུས་ངས་ཁྱོད་ལ་ཚིག་འགའ་ཞིག་ཐལ་ཆ་བྱུང་བར་དགོངས་ཡངས་མཛོད་ཞུ་རྒྱུ་ཡིན། ཕྱིན་ཆད་ངེད་གཉིས་ཀྱིས་ཆོལ་ཁ་སོགས་ཀྱི་སྐད་ཆ་མི་བཤད་རྒྱུ་བྱ། དེ་ལ་སྙིང་པོ་གང་ཡང་མི་འདུག ངས་ཁྱོད་མི་ངོ་མ་མཐོང་བའི་དྲ་ཐོག་གི་གྲོགས་པོའི་འདུ་ཤེས་བཟུང་ཡོད། བོད་ཆགས་འཇིག་གི་མཚམས་འདིར་སྤྱི་བ་ལ་ཕན་པའི་སྐད་ཆ་རེ་བཤད་འགོ་འཛུགས་ཡ།
གནས་ཚུལ་ངོ་མ་ཚབས་ཆེན་རེད་འོན་ཀྱང་རིག་ཚོད་མི་ཟིན་མཁན་ཞིག་ཡིན་ན་དེ་ཙམ་གྱིས་གནས་ཚུལ་དེ་ཆེད་བཙུགས་ནས་ཆེན་པོ་བཟོ་དགོས་དོན་མེད་ཀི་འདོད། གལ་སྲིད་རིག་ཚོད་མ་ཟིན་མཁན་ཡིན་ན་དེས་གང་ཡང་གོང་མཆོག་གི་སྐུར་གནོད་པ་ཚུགས་ཀྱི་མ་རེད།
གལ་ཏེ་ཆེད་བཙུགས་ནས་གནོད་པ་བྱེད་མཁན་ཞིག་ཡིན་ན་དེའི་ལག་ཏུ་མཚོན་ཆ་སོགས་གང་རུང་ཐོགས་པ་ཞིག་ཡིན་དགོས་ཀྱི་རེད། དེ་མིན་ཇི་ལྟར་རྒོལ། ཁུངས་ལུང་གསལ་བོ་དང་སྐུར་རྒོལ་མཁན་ཡིན་པ་ར་སྤྲོད་འཕེར་མ་ཐུབ་ཚེ་འདིའི་རིགས་གསལ་འགྱུར་རྒྱུད་ལམ་དུ་ཆེད་འགོད་བྱེད་པ་ནི་དགྲ་དགའ་གཉེན་སྡུག་གི་ལས་ཞིག་ལས་ཅང་ཡོད་པ་མ་རེད།
དུས་ནམ་ཡིན་རུང་རང་ཉིད་གཅིག་བུར་དམིགས་ནས་གོ་སྐབས་འཚོལ་མཁན་ཆོལ་ལོག་པ་གསེར་རྟ་ཚུལ་ཁྲིམས་ཀྱི་ཁ་ན་འདི་འདྲ་ཞིག་མ་གཏོགས་མེད། མི་འདིའི་རིགས་ཀྱིས་ཁ་ནས་ཡག་པོ་རེད་བཤད་ནས་དོན་དུ་རང་ཉིད་ལ་ཐོབ་དང་གོ་ས་ཅུང་ཙམ་རེའི་ཆེད་ཆོལ་ཁ་ནང་ཕན་ཚུན་དཀྲུགས་དཀྲུགས་བཏང། སྟག་ལྦགས་གྱོན་༷པའི་ཝ་མོ་ཁོ་གང་དུ་སོང་ན་ཝ་དྲི་ཐར་ཐར་བྱེད་ནི་རེད། མི་ཁོ་དེང་ཐོག་ཨ་མདོ་བྱས་རྗེས་སུ་ཁམས་པ་ཡིན་ཟེར་དོན་གྱིས་རང་ཉིད་ཀྱི་ཁེ་ཕན་ཆུང་ཚགས་རེའི་ཆེད་དཀྲུགས་ཤིང་བྱེད་ཀྱི་ཡོད་པ་རེད། བྱེད་གཏེ་འདིའི་རིགས་ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་མི་ནག་ཉེས་ཅན་རེད། བོད་མི་རིགས་ཤི་གསོན་གྱི་མཚམས་ལ་སླེབས་པའི་སྐབས་འདིར་ད་དུང་བསམ་སྦྱོར་ནང་བས་རང་ཉིད་ཀྱི་གོ་སྐབས་གཙོར་བཟུང་ནས་མི་རིགས་ནང་ཁུལ་དཀྲུགས་པ་ཉུང་ཉུང་མིན། སྤྱིར་བོད་པ་ཡིན་ཕྱིན་གསེར་རྟ་ཡུལ་ལུང་ཁམས་དང་ཨ་མདོ་གང་ཡིན་ལ་ཁྱད་པར་མེད། དེ་གཙོ་བོ་ལོ་རྒྱུས་དང་གསེར་རྟ་མི་མང་གིས་ཐག་གཅོད་ཀྱི་རེད། འོན་ཀྱང་མི་འདིའི་རིགས་ཀྱིས་དམིགས་ཡུལ་གཙོ་བོ་རང་ཉིད་ཀྱི་གོ་སྐབས་ཡིན། འདས་མ་ད་གསུམ་གྱི་ལོ་རྒྱུས་དང་དངོས་ཡོད་ལ་འགན་མི་འཁུར། ཡང་བོང་རྒན་འགྲོ་སར་སྐད་ཅོར་རྒྱབ་ཀྱི་འདུག
ང་ཚོའི་ད་ལྟའི་དུས་ཚོད་དེ་ཆོལ་ཁ་དང་ཆོས་ལུགས་རྩོད་རན་མིན་དེའི་བདག་པོར་གྱུར་བའི་མི་རིགས་འདི་ཤི་གསོན་གྱི་དུས་ས་སྤེབས་ཡོད། དོན་གྱི་བོད་མི་རིགས་ཀྱི་དགྲ་གཉེན་གྱི་དབྱེ་བ་ངོས་ཟིན་དགོས།
ཁ་ནས་ཅི་བཤད་ལ་མ་བལྟ་ལག་གིས་ཅི་ལས་ལ་བལྟོས། གསེར་མིང་བའི་ང་ཚོར་ཕན་ཐོགས་ཡོད་དང་གནོད་སྐྱེལ་ཡོད་ལ་གཟིགས་དང་ཤེས་སླ།
བྱ་ཁྭ་ཏའི་ཁ་ན་ཧ་བོ། མི་དེའི་རིགས་ཀྱི་ཁ་ནས་ནམ་རྒྱུན་བོད་མི་རིགས་ལ་གནོད་བྱེད་ཅིག་མ་གཏོགས་མེད་ཟེར་ཐུབ།
ད་དེ་ཙམ་བྱེད། དྲ་གྲོགས་རྣམ་པས་སོམས་དང
བསམ་སྦྱོར་ངན་པས
རེད་ཡ། ཆོལ་ཁ་དང་ལུང་པའི་འཐེན་ཁྱེར་བྱེད་རིན་གང་ཡོད་མ་རེད་བོད་པ་ནང་ཚགས་ལ།
འདི་གར་གྲོགས་པོ་ཚོས་ཕན་ཚུན་བར་རྒྱལ་ཕམ་དང་ཕྱོགས་ཞེན་ཕྲག་དོག་གི་སྐད་ཆ་ནི་དགོས་མེད་ཡིན་པས། དེ་ལས་གནས་ཚུལ་གསལ་བོ་སྐུ་སྒེར་ཡིག་ཚང་དང་བདེ་སྲུང་གང་རུང་ལ་བཀའ་འདྲི་བྱས་ཏེ་གསལ་བོ་བཟོ་ཐུབ་ན་དངོས་གནས་ཡག་པོ་རེད། རྒྱུ་མཚན་ཡང་ལྡན་པ་རེད། ང་ཚོ་ཚང་མ་ལ་གསལ་བོ་ཆགས་ངེས།
ང་ཚོ་བོད་པ་ཚང་གི་ལས་དབང་ཉིན་བཞིན་ཇེ་རྒུད་འགྲོ་བཞིན་པའི་སྐབས་ང་ཚོས་ང་དང་ངའི་ཆོལ་ཁ་ཞེས་རིས་སུ་བཅད་ནས་དེའི་ཆེད་དུ་རྩོད་པ་རྒྱག་བཞིན་བསྡད་ན་ཕན་ཐོག་ག་རེ་ཡོད་རེད། གྲོགས་པོ་ཚོ་དེ་ལས་ང་ཚོས་ཚིག་གཅིག་མ་གཏོགས་བཤད་མ་ཐུབ་ན་བོད་སྤྱི་བའི་ཆེད་དུ་ཁ་ཕྱོགས་བསྐོར་རྒྱུ་རེམ།
ང་ཚོས་ཆོལ་ག་དང་ཆོས་ལུགས་ཀྱི་བར་ལ་རྩོད་པའི་དུས་མ་ཡིན་པར་མཁྱེན་དགོས།
ཁ་བརྡ་ཚང་གིས་ སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དག་གི་མཆན་བུ་རྣམས་རང་དགར་བཞག་ཏེ་ཨ་མདོ་བ་ལས་གཞན་པའི་མི་ཡིས་ཅུང་ཟད་བྲིས་པ་དག་ཀྱང་བསུབ་ཀྱང་བྱེད་ཀྱིན་འདུག ཨ་མདོའི་ཁ་བརྡ་བ་བདེ་མོ་གཞུགས
ཤར་རལ་གྲིའི་སྐད་ཆ་དེ་བདེན་པ་རེད། ཁྱེད་ཚོས་ད་རུང་གནས་ཚུལ་ངོ་མ་ཅི་ཡིན་མ་ཤེས་པར་རྩོད་པ་རྒྱག་གི་འདུག གནས་ཚུལ་ཁ་གསལ་མེད་ཕྱིན་སྤྱི་ཚོགས་ནང་རྙོག་དྲ་མ་གཏོགས་ཡོང་རྒྱུ་ཡོད་པ་མ་རེད།
མི་དེ་མོ་ཊའི་ཐོག་མཆོངས་སྐབས་དངོས་སུ་མཐོང་མཁན་ཁ་ཤས་ཤིག་དཔང་མིར་དགོས་པ་རེད། དེ་ནས་མི་དེ་ནམ་རྒྱུན་ནས་ག་འདྲ་ཡིན་པ་ཤེས་མཁན་ཡང་ཁ་ཤས་ཤིག་དགོས་པ་རེད།
དངོས་སུ་མཐོང་མཁན་ཞིག་རེག་པ་ཡིན་ན་ཁོ་མ་མཆོངས་སྔོན་གྱི་བཟོ་ལྟ་དང་རྣམ་འགྱུར། མཆོངས་སྟངས་ཚུན་ཆད་ལ་བརྟག་རྒྱུ་ཡོད་པ་རེད། སྐུ་སྲོག་ལ་རྒོལ་ཕྱིར་མཆོངས་པ་ཡིན་ནམ་བྱིན་རླབས་ཞུ་ཕྱིར་མཆོངས་པ་ཡིན། ཡང་ན་རྒྱུ་མཚན་ཅི་ཡི་ཕྱིར་ཡིན།
མི་དེ་སེམས་པ་ཐང་ཐང་མེད་པ་ཞིག་ཡིན་ནའང་དེའི་སྔ་ཕྱིའི་གནས་ཚུལ་ཚང་མར་རྩད་བཅད་ནས་གསལ་བོ་བཟོ་རྒྱུ་དེ་གལ་ཆེན་པོ་རེད་འདོད། ཁོ་སེམས་པ་ཐང་ཐང་མེད་པ་ཆགས་སྟངས་ཅི་ཡིན་སོགས་ལའང་སྣང་ཆུང་མ་བྱས་ན་ཡག་པོར་མཐོང་། ཡང་མིན་ན་དགེ་བླུགས་དགེ་བླུགས་ཟེར་མཁན་དང་དོལ་རྒྱལ་གྱི་རྗེས་འབྲངས་བ་གང་རུང་ཞིག་སེམས་པ་ཐང་ཐང་མེད་པ་ཆགས་ཡོད་ནའང་ཐང་མོད།
སྔོན་མ་ཞིག་ལའང་མེག་གྷན་དུ་རྒྱལ་བ་རིན་པོ་ཆེར་ཕེབས་བསུ་ཞུ་སྐབས་ཤིག མི་ཚང་མ་གྲལ་དག་མོར་སྒྲིག་ནས་བསྡད་ཡོད་པར་དབྱིན་མོ་སེམས་པ་ཞེ་དྲག་ཐང་ཐང་མེད་པ་ཞིག་འཚང་ཁ་རྒྱབ་ཡོང་ནས་མདུན་ནས་མདུན་དང་ཡར་ཡར་འགྲོ་གི་འདུག མོ་སེམས་འགུལ་ཐེབས་ནས་མིག་ཀོང་གཉིས་ཀྱང་རློན་པ་ཆགས་འདུག ལག་ལ་ཁ་བཏགས་ཤིག་འདུག མོས་རྒྱལ་བ་རིན་པོ་ཆེའི་བྱིན་རླབས་དྲོན་མོ་ཞིག་རེག་ན་བསམ་གི་ཡོད་པ་གསལ་པོ་རེད། དེ་ནས་བདེ་སྲུང་བ་ཞིག་གིས་འཇུས་ནས་ཕར་ཁང་པ་ཞིག་ནང་ཁྲིད་ཕྱིན་སོང་། དེ་དེའི་སྐབས་ཀྱི་ངའི་མཐོང་ཚུལ་རེད། གཞན་པ་ཚོས་ཇི་ལྟར་མཐོང་ཡོད་མེད་མི་ཤེས། དོན་དག་གཅིག་མཉམ་གཅིག་ཏུ་མཐོང་མཁན་གྱི་མིའི་བར་ནའང་ལྟ་ཚུལ་མ་འདྲ་བ་ཡོང་གི་ཡོད་པ་རེད། གནས་ཚུལ་འགོད་རྒྱུ་ཟེར་བ་དེའང་ལས་སླ་པོ་ཡོད་པ་མ་རེད། དེ་བས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་རིགས་འདི་ལ་ལྷག་པར་དུའང་གནས་ཚུལ་ཁུངས་བརྟན་པོ་དང་བདེན་དཔང་འཕེར་བ་ཞིག་མིན་ན་མ་བཀོད་ན་ཡག་པོ་རེད།
གནས་ཚུལ་ཆུང་ཚགས་རེའི་བཀོད་ཉེས་ལ་བརྟེན་ནས་རྙོག་དྲ་ཆེན་པོའང་ལངས་མ་སྲིད་པ་མ་རེད། སྤྱི་ཚོགས་ཤིག་ཁོང་ཁྲོ་ཟ་བ་ཡིན་ན་གཅན་གཟན་ནང་བཞིན་ཡོད་པ་རེད། བདེན་རྫུན་གྱི་ལེགས་ཉེས་ལ་དབྱེ་འབྱེད་མེད་པར། ཉེས་ཅན་པ་གང་ཞིག་གི་མི་རིགས་སམ་ཆོས་ལུགས་ཕྱོགས་གཏོགས་ཚང་མར་གཏོར་བཅོམ་ཕོག་གི་ཡོད་པ་དེ་འདྲ་འཛམ་གླིང་གང་སར་འབྱུང་བཞིན་པ་ལྟར་རེད། ཉེས་ཅན་པ་གཅིག་ཡིནའང་སྤྱི་ཚོགས་ཀྱི་གྲུ་ཁུག་ཆ་ངེ་ཆུང་ངེ་མང་པོ་ཞིག་ན་ཉེས་ཅན་པ་དེའི་རིགས་སུ་གྱུར་བ་མང་པོ་ཞིག་ཉེས་ཅན་པ་ཆགས་སྟེ་མཐོང་ཆུང་དང་ཁྱད་གསོད་ཟུར་ཟ་སོགས་མི་འདོད་བཞིན་མྱོང་གི་ཡོད་པ་ལྟར་རེད།
མི་ཞིག་ཉེས་ཅན་པ་ཡིན་པར་ར་འཕྲོད་རྗེས་མི་དེའི་ལོ་དང་ཕ་མ། སྐྱེས་ཡུལ་སོགས་ཀྱིས་མཚོན་ཁོའི་གནས་ཚུལ་ཡོངས་བསྒྲགས་བྱེད་པ་དེ་ཡོངས་གྲགས་རེད། གཞན་གོང་ནས་གྲ་གྲོགས་འགའ་ཤས་ཀྱིས་གསུངས་པ་ལྟར་དགོས་ས་མི་དགོས་ས་ཚང་མར་ཆོལ་ཁའི་མིང་འདི་འཁྱེར་གི་བསྡད་ན་གནོད་པ་ལས་ཁེ་ཕན་མེད་པ་ཞིག་རེད་འདོད།
ང་རང་གི་མཐོང་ཚུལ་ལ། བོད་མི་གཅིག་གིས་ཞབས་འདྲེན་ཞུས་ན་བོད་པའི་ཞབས་འདྲེན་ཞུས་པ་ཞིག་དང་ཨ་མདོ་བ་ཞིག་གིས་ཞབས་འདྲེན་ཞུས་ན་ཨ་མདོ་བའི་ཞབས་འདྲེན་ཡིན་པ། དེ་བཞིན་ཨ་རི་བ་ཞིག་གིས་བཙན་གཡེམ་མི་གསོད་ཀྱི་ཞབས་འདྲེན་ཞུས་པ་ཡིན་ན་ཨ་རི་བའི་ཞབས་འདྲེན་ཡིན་པར་ངོས་འཛིན་གི་མེད། དེ་ཁོ་རང་དོ་བདག་སོ་སོའི་བྱས་ཉེས་དང་ཞབས་འདྲེན་ལས་གཞན་གང་ཡང་མ་རེད། ཡིན་ནའང། བོད་ཀྱི་སྤྱི་ཚོགས་ནང་གང་ཟག་སྒེར་བ་ཞིག་གི་བྱས་ཉེས་དེ་མི་རིགས་ཡོངས་ཀྱི་མཐོང་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པས་ཆོལ་ཁའི་ཚིག་འདི་ལའང་ཚོར་བ་རྣོ་བོ་ཞེ་དྲག་ཡོད་པ་རེད།
ཆོལ་ཁའི་ཚིག་འདི་བེད་སྤྱོད་གཏོང་སྟངས་མ་ཤེས་ན་ ་་དབྱེ་འབྱེད་་་ ཀྱི་ཉེས་མིང་འདི་མགོར་ལས་སླ་པོར་ལྷུངས་སྲིད་པ་ཞིག་རེད།
ད་དྲ་གྲོགས་ཕལ་ཆེ་བའི་ཕུག་བརྟོལ་འདུག་གོ། ངས་ཨ་མདོ་ཟེར་ན། སེམས་ལ་ཕོག་ཆེ་བ་དང་དབུས་གཙང་བྱས་ན་ཉེས་ཁ་ཆུང་བའི་རྒྱུ་མཚན་གང་ཡང་མཐོང་གི་མི་འདུག
གལ་སྲིད་བོད་མི་གཅིག་ཟེར་ན་སེམས་ཕམ་ཆེར་མེད་པ་དང་། ཨ་མདོ་བ་ཟེར་སྐབས་ཀུན་ཀྱང་སྟག་བཞིན་ངར་བའི་རྒྱུ་མཚན་གཙོ་བོ་གང་ཡིན་ནམ། སུས་ཀྱང་རྟོགས་དཀའ། གསེར་རྟ་ཚུལ་ཁྲིམས་ཟེར་བ་འདི་ཐད་ཀྱིས་བསྡུར་ན་ཡན་པོར་ཤོར་མཁན་ཞིག་ཡིན་པ་འདྲ། ཕྲུག་གུས་བྱེད་སྟང་གིས་རྒྱབ་ནས་ངན་སྨྲས་བྱེད་པ་མ་གཏོག་ཐད་གཏུག་བྱེད་ཕོད་མཁན་མེད་པའམ། ཡོན་ཏན་སོགས་གང་ཐད་ནས་གོང་དུ་ཤོར་བ་གཏན་གཏན་རེད་འདུག གང་ལྟར་གསར་འབྱོར་བཀོད་མཁན་གྱི་གསེར་རྟ་ཚུལ་ཁྲིམས་དེ། ཨ་མདོ་བ་རེད་དམ་ཆབ་མདོ་བ་རེད། ཡང་ན་ཆོལ་ཁའི་མིང་གིས་སྒོ་ནས་སྨྲས་ན། མདོ་སྟོད་རེད་དམ་མདོ་སྨད་རེད། ཡང་ན་མངའ་རིས་སྐོར་གསུམ་ནས་རེད་དམ། དབུས་གཙང་རུ་བཞི་ནས་རེད་དམ། སྨད་མདོ་ཁམས་སྒང་དྲུག་ནས་རེད། ད་མི་ཤེས་གང་ཡིན་ཇུས་དོག་ཏིལ་འབྲུ་ཙམ་ཞིག་མི་འདུག བོད་མི་ཤེས་ཡོན་ཅན་ཞིག་ཡིན་ན་དགའ བོད་ལ་དུང་ཞེན་ཅན་ཞིག་ཡིན་ན་སྐྱིད། བོད་མི་དཀྲུགས་ཤིང་ཞིག་ཡིན་ན་སྡང་། རྒྱ་མའི་ཕོག་ཟན་ཞིག་ཡིན་ན་སྨད། སུ་ཡིན་ན་ཡིན། གསར་འགྱུར་འདི་གསར་འགྱུར་ཚག་ཤོག་སོགས་་གཞན་གྱི་ནང་དུ་མ་འགོད་པའི་རྒྱུ་མཚན་ནི། མ་ཐོས་པ་ཡིན་ནམ། མ་ཤེས་པ་ཡིན་ནམ། གསང་ཞིང་སྦས་པ་ཡིན་ནམ། ད་མི་ཤེས་མི་བཤད། འདི་འདྲའི་སྐོར་བཤད་རེས་ཚང་། བཤད་མི་དགོས་པ་ཤོག
གསེར་ཐ་ཚུལ་ཁྲིམས་ཁོང་གསར་འགོད་པ་ཡིན་ཟེར་གི་ཡོད་པ་རེད། ས་གནས་དེ་ག་རང་ལ་སོང་བ་ཡིན་ཟེར་གི་ཡོད་པ་རེད། ཁོང་རང་གིས་གནས་ཚུལ་དེ་མཐོང་ཡོད་པ་མ་རེད། མཐོང་མཁན་ཅིག་ལ་གསལ་བོ་དྲིས་ཡོད་པ་མ་རེད། ཡས་དེ་འདྲ་བོ་ཅིག་ཟེར་གི་འདུག་ཟེར་བ་དང་། མས་དེ་འདྲ་བོ་ཅིག་ཟེར་གི་འདུག་ཟེར་བ། རྡ་སའི་གི་ལས་བྱེད་ཀྱིས་ཟེར་གི་འདུག་ཟེར་བ། གསར་འགྱུར་མགོ་མེད་མཇུག་མེད་ཁོ་རང་ནང་བཞིན་ཅིག་བཀོད་ནས་བོད་མིའི་སེམས་ཁམས་དཀྲུགས། གསར་འགོད་པ་ཡིན་ན་གསར་འགོད་པའི་འགན་ཁས་དགོས། བོད་མི་ཡིན་ན་བོད་མའི་འགན་ཁས་དགོས་པ་རེད། ས་གནས་དེར་སོང་ནས་གང་ཡང་མ་མཐོང་གང་ཡང་མ་ཐོས། ཡིན་ན་ཡང་དེ་འདྲ་ཅིག་སྲིང་ལམ་ན་བཤད་ཀྱི་འདུག་ཟེར་བ་འདྲ་བོ་དེ་འདྲ་ག་རེ་རེད།
གནས་ཚུལ་ནི་གནས་ཚུལ་རེད། གསལ་གསལ་དག་དག་བཀོད་དགོས་པ་རེད། གལ་དེ་གསར་འགྱུར་འགོད་ཀྱི་ཡོད་ན། བསམ་ཚུལ་ནི་བསམ་ཚུལ་རེད་བསམ་ཚུལ་བཤད་ཀྱི་ཡོད་ན། གསར་འགྱུར་དང་བསམ་ཚུལ་གཉིས་ཀྱི་ཁྱད་པར་ཡང་མི་ཤེས། གཏེ་ངན་ཁྭ་ཏ་ནག་པོ། མ་གཞི་ནས་བྱ་ཁྭ་ཏ་བསད་ནས་ཤ་ལ་བལྟ་སོ་མེད་ལ་སྒྲོ་ལ་ཡང་བལྟ་སོ་ཡོད་པ་མ་རེད། ཡིན་ན་ཡང་ཁྭ་ཏ་འདིའི་རིགས་ནས་ཐན་སྐད་རྒྱབ་ནས་ཞི་བདེ་དཀྲོག་གི་འདུག
རེད་ཡ། དྲང་བདེན་གྱི་ཕྱོགས་ལ་མདོ་སྟོད་སྨད་དབུས་གཙང་གང་ནས་ཡིན་ཡང་རྒྱབ་སྐྱོར་ཡོད། གལ་ཏེ་རྫུན་ཟོ་དང་གཡུ་རྒྱུ་ཁྲབ་མཁན་ཡིན་ན། ཕ་མ་ཡིན་ནའང་མི་དགའ།
དེས་ན། མདོ་སྨད་ཟེར་གྱི་མེད་རུང་། ཨ་མདོ་གྲོགས་པོ་ཚོ་བསམ་བློ་ཡག་པོ་གཏོང་རེན། ཚགས་དཔར་ནང་གཞིས་ཆགས་དང་བོད་ཀྱི་གནས་ཚུལ་མ་བཀོད་པར། སོ་སོའི་ཕ་ཡུལ་ཀྱི་མི་འཁྱམ་ཚང་མའི་དཔར་རེ་འབྱར་ནས་བཤད་པ་གང་ཡག་ཀྱང་ཀྱང་རྒྱབ་ནས་ཞབས་འདྲེན་ཞུ་མཁན་བྱུང་ན་ཀུང་བཞག་ན་ཅི་རེད།
ཁ་ནས་བོད་མི་མང་ཟེར་ཀིན།
ཡི་གེ་ན་གཅིག་ཡིན་ཕྱོགས་སུ་ལྷུང་ཡོང།
ད་གོང་གི་གནས་ཚུལ་འདི་བསེལ་བར་དཀའ་ལས་མིན་འདུག དང་པོ་དངོས་ཡོད་དང་དངོས་ཡོད་མ་ཡིན་པ་གཉིས་དབྱེ་བྱེད་བྱ་རྒྱུ་རེད།
དངོས་ཡོད།
༡༽ བོད་མི་ཞིག་གིས་རྒྱལ་བ་རིན་པོ་ཆེའི་མོ་ཊཪ་ཁ་ཕྱོགས་ནས་རྒྱུག་འདུག
༢༽ བདེ་འཇགས་མི་སྣས་བཟུང་ནས་ད་ལྟ་འདྲི་ཞིབ་བྱེད་བཞིན་ཡིན་པ།
གསལ་པོ་མེད་པ་ནི།
༡༽ མི་དེས་རྒྱལ་བ་རིན་པོ་ཆེའི་ཕྱོགས་ལ་ཤོར་དགོས་པའི་རྒྱུ་མཚན་དེ་གསལ་པོ་མེད།
༢༽ བོད་པ་འདི་གསར་དུ་འབྱོར་བ་ཡིན་མིན་གསལ་པོ་མེད།
༣༽ བོད་པ་འདི་ལུང་པ་གང་ཡིན་གསལ་པོ་མེད།
༤༽ བོད་པ་འདིར་ལུས་ལ་མཚོན་ཆ་ཐོག་ཡོད་མེད་གསལ་པོ་མེད།
༥༽ བོད་པ་འདི་སྔོན་མ་བྱ་བ་གང་ལས་པ་གསལ་པོ་མེད།
ད་རྩིས་བརྒྱབ་ན།
X=གསལ་པོ་ཡིན་པ། Y=གསལ་པོ་མེད་།
2x 5Y XY7
2×100/7=28.58%
5×100/7=71.43%
x=2=28.58% < Y=5=71.43%
གོང་གི་རྩིས་ཞིབ་དེས་བསྟན་དོན། གནས་ཚུལ་དེའི་ནང་བདེན་པ་ལས་གསལ་ཁ་མེད་པའི་གནས་ཚུལ་བརྒྱ་ཆ་ལྡབ་གཅིག་ཙམ་གྱིས་མང་བ་ཡོད་སྟབས། གནས་ཚུལ་འདི་ད་དུང་གསལ་ཁ་མེད་པའི་གནས་སྟངས་ཡིན་སྟབས། དེ་ལ་ལེགས་ཉེས་ཀྱི་ཐག་གཅོད་བྱེད་པའི་བབ་ཆ་མེད། དེར་བརྟེན། ད་དུང་མུ་མཐུད་གནས་ཚུལ་ལེན་ནས་གསལ་ཁ་མང་དུ་གཏོང་དགོས་ཀྱི་འདུག
we must atention what we say.
དྭྲ་གྲོགས་རྣམས་པ་ལྷན་རྒྱས་ལ་ཞུ་རྒྱུར། ད་དེ་ཙམ་གྱིས་མཚམས་བཞག་ན་ཡག་པོ་མེད་དམ་སྙམ།
མི་དེ་སུ་ཡིན་རུང་མི་རུང་ད་ཚར་བ་རེད། རྗེས་མ་གཟབ་གཟབ་བྱས་ན་ཡག་ཤོས་རེད། །
yes you are right. thank you.
ཧ་གོ་མེད་ན་ ཉོག་གཏམ་སྐྱག་གཏམ་བཤད་གི་མ་འདུག སེར་བུའི་ནང་གི་གཏམ་ངན་འདིས་མི་མང་པོ་ཞིག་ལ་དཀྲུག་ཤིང་ཉོག་བཟོ་ཆེན་པོ་འདུག ཁུངས་ལུང་མེད་པའི་གཏམ་མང་པོ་ཞིག་གིས་ང་རང་བོད་པ་ཚོ་ལ་ངོ་ཚ་ཉོས་པ་ཉུང་ཉུང་མིན ད་འདི་འདྲ་མཚམས་ཞོག
ཕྱོགས་རེས་མེད་པར་ངོས་མཐོང་གི་གནས་ཚུལ་འགོད་དགོས་པ་ལས་རང་ཕྱོགས་ལ་ཞེན་པའི་ལས་ཀ་བྱས་ན་གྲུབ་འབྲས་དེ་ཙམ་ཐོན་གྱི་མ་རེད་་་་་དེར་བརྟེན་རྗེས་གསར་འགྱུར་འགོད་དུས་གཟབ་དགོས་པ་ཤེས་པར་གྱིས