ཁྲོ་གཏུམ།
ཕྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༠༣ ཉིན་གྱི་དགོང་དྲོར། ཨོ་གླིང་གནས་མཁར་གསར་གྱི་ན་གཞོན་ཕོ་མོ་བཅུ་གྲངས་ཤིག་གིས་པདྨ་ཚེ་བརྟན་གྱིས་བརྩམས་པའི་༼ཨོ་རྒྱན་གྱི་སོ།༽ཞེས་པའི་སྒྲུང་དེ་བཀླགས་ཤིང་། དེའི་སྐོར་ནས་སོ་སོའི་བསམ་ཚུལ་དང་གོ་བ་ལེན་ཚུལ་བཅས་ཀྱི་བགྲོ་གླེང་བྱས་ཤིང་།
སྐབས་དེར་སྒྲུང་འདིའི་ནང་གི་དམིགས་གསལ་གྱི་དོག་སློང་དང་བགྲོ་གླེང་ཁྲོད་བསམ་ཚུལ་མང་ཤོས་ཀྱི་ཚིག་དུམ་ཞིག་ནི”ཨོ་རྒྱན་སོ་ ༥༨ མཆོད་རྟེན་གྱི་གཟུངས་བཞུགས་སུ་བཞག་པ་་་”ཅེས་པའི་ཚིག་དུམ་འདི་ཡིན་ཞིང་། མི་ཞིག་ལ་སོ་ག་ཚོད་ཡོད་པ་དང་སོ་ ༥༨ ཅི་ལྟར་བྱུང་བ་ནི་སྒྲུང་འདིའི་འཕེལ་རིམ་ཁྲོད་ནས་ཀློག་པ་པོར་སྤྲད་པའི་བསམ་བློ་དང་དེའི་ཁ་ཕྱོགས་ཀྱི་བསམ་བློའི་འཚོལ་བསྙེགས་ཤིག་ཏུ་གྱུར།
ཨོ་གླིང་གི་དབྱར་མཇུག་གི་ཉི་མ་ནུབ་ལ་ཉེ་ཞིང་། ནུབ་མཁའི་མཚམས་སྤྲིན་དམར་པོས་ཉི་འོད་ཕ་མཐར་སྤྲོད་ཀྱིན་པའི་ཁར། ང་ཚོ་ཀློག་པ་པོ་དག་གིས་ཀྱང་སྒྲུང་འདིའི་ཆེས་འབུར་དུ་བཏོད་པའི་རྩལ་ཆེ་ཤོས་ནི་སོ་ ༥༨ ཡོད་པའི་མཆོད་རྟེན་དེ་ཡིན་པ་ཤེས་ཏེ། མཆོད་རྟེན་དེ་དང་རྩོམ་པ་པོའི་བར་གྱི་གསང་བ་ནི་ཉེ་འཁོར་གྱི་ཡུལ་མིས་ཐག་གཅོད་བྱེད་མི་ཐུབ་ལ། ཡུལ་མི་དེ་དག་དོག་པ་སྐྱེས་དགོས་ཤིང་འོས་པའི་བློ་གྲོས་ནི་དད་པའི་སྟོབས་ཀྱིས་བཀག་ཡོད་རྐྱེན། གསང་བ་དེ་ནི་རྩོམ་པ་པོས་ཁོག་ལ་ཉར་བ་ལས་ལག་ལེན་དངོས་དང་ཞིབ་འཇུག་གི་ཐག་གཅོད་བྱུང་མི་ཐུབ་པར་ར་སྤྲོད་གནང་ཞོར། བསམ་གཞིགས་ཀྱི་བར་སྟོང་ངེས་ཅན་ཞིག་ཀློག་པ་པོར་བསྐྱུར་ཞིང་ཀློག་པ་པོ་དག་གི་བསམ་ཚུལ་བར་ན་རྒྱུ་མ་འདེད་འདེད་བྱེད་ཀྱིན་ཡོད།
སྤྱིར་ལྷ་སྒྲུང་དང་གནའ་སྒྲུང་། ངག་རྒྱུན་གྱི་སྒྲུང་གང་ཞིག་ཡིན་ཀྱང་མཐའ་མའི་ཐག་གཅོད་ནི་ཀློག་པ་པོར་སྤྲད་ཡོད་ཅིང་། ཀློག་པ་པོས་ཀྱང་མཐའ་མའི་ཐག་གཅོད་ནི་རང་ཉིད་གཅིག་པུར་དབང་བའི་བསམ་བློ་དང་གོ་རྟོགས་ཤིག་ཏུ་ཉར་བར་བྱེད་ངེས།
གང་ལྟར་ད་རེས་ཀྱི་སྒྲུང་འདིའི་སྐོར་ནས་ང་ཚོས་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ། བསམ་ཚུལ་གང་མང་ཞིག་ལ་ཉན་ཐུབ་ཡོད་པ་མ་ཟད། སོ་སོའི་ངོས་ནས་སྒྲུང་ལ་གོ་བ་ལེན་པའི་ནུས་པ་མཐོ་རུ་འགྲོ་ཞིང་བོད་ཀྱི་ཡུལ་སྲོལ་གོམས་གཤིས། ཞེ་ས་དང་ཞེ་ས་མ་ཡིན་པའི་མིང་ཚིག་གི་འགྲོས། བོད་ཀྱི་སྒྲུང་འབྲི་སྟངས་བཅས་སུ་བགྲོ་གླེང་ལྷུག་པོ་བྱུང་སོང་།
ཕྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༠༣ ཉིན།
ཡག་པོ་འདུག
་་་་་་་་་་་་་སྒྲུང་འདིའི་ནང་གི་དམིགས་གསལ་གྱི་དོག་སློང་་་་་་་་་་་་་་
འདི།
སྒྲུང་འདིའི་ནང་གི་དམིགས་བསལ་གྱི་དོགས་སློང་
སྒྲུང་རྩོམ་དེ་འདྲ་ཞིག་ཡོད་པ་མཐོང་བ་ལྟ་ཅི་གོ་བ་དང་པོ་ཡིན།
ཡིན་ནའང་མི་གཅིག་ལ་སོ་ལྔ་བཅུ་ཟེར་་དུས་ཧང་སང་པ་འདྲ།
དེ་ལ་ཧང་སང་རྒྱུ་ཅི་ཡང་མེད།
ང་ལ་འང་སོ་དྲུག་ཅུ་བྱུང་མྱོང་ཡོད།
བྱིས་དུས་ཀྱི་སོ་ཚང་མ་མ་བརླགས་པར་ཉར་ཚགས་ཐུབ་ན་དེ་ག་རང་རེད་པ
དངོས་གནས་ཡག་པོ་འདུག