དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་ཨོ་ཌྱི་ཡ་ན་ཡེ།
རབ་འབྱམས་རྩ་གསུམ་རྒྱལ་བའི་ཐུགས་རྗེ་དང་།།
ཨོ་རྒྱན་རིག་འཛིན་བརྒྱུད་པའི་བྱིན་རླབས་དང་།།
རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེང་གྱུར་ཅིག།
གངས་ཅན་སཱ་ལའི་སྨན་ལྗོངས་མཛེས་པ་ནས།།
མཚན་དཔེའི་ལང་ཚོ་བཞེད་པའི་ཨ་ཕོ་དགའ།།
༧གོང་ས་རྒྱལ་བའི་རྒྱལ་ཚབ་འཛིན་མཁས་མཆོག།
ཨོ་རྒྱན་ཕྱིན་ལས་རྡོ་རྗེ་དཔལ་བཟང་པོ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
ཐུབ་བསྟན་རིན་ཆེན་མདོ་སྔགས་ཆོས་ཀྱིས་འཛིན།།
བོད་ཁམས་ཆེན་པོ་ཆོས་སྲིད་ཟུང་གིས་སྐྱོང་།།
འཛམ་གླིང་ཤར་ནུབ་ཆོས་ཚན་ཡང་དག་སྤེལ།།
བརྒྱུད་པ་གཙང་མས་ཕྲིན་ལས་རྒྱས་པར་ཤོག།
མཐའ་ཡས་རྡོ་རྗེའི་སྒམ་ཚུགས་བྱམས་པས་དཔལ།།
ཕྲིན་ལས་རྡོ་རྗེའི་མངའ་ཐང་དགའ་མས་འཁྱུད།།
སྒྲུབ་བརྒྱུད་གོང་མའི་དགོངས་པ་ངང་གིས་རྫོགས།།
ཐུགས་ཡིད་དབྱེར་མེད་འདྲིས་པའི་བཀྲ་ཤིས་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ལོ་སར་ཟླ་ཚེས་དགེ་བར་སྔ་འགྱུར་རྙིང་མའི་གལ་ཆེན་གྱི་མི་སྣ་འགའ་ཞིག་གིས་གསུང་སྐུལ་ལ་བརྟེན་ནས་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་ཞབས་བརྟན་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གང་ཤར་བགྱིས་པར་དགེའོ།། །།
ན་མོ་གུ་རུ་ཨོ་ཌྜཱི་ཡཱ་ནཱ་ཡ
མཐའ་ཡས་རྡོ་རྗེའི་སྒམ་ཚུགས་བྱམས་པས་དཔལ།།
ཕྲིན་ལས་རྡོ་རྗེའི་མངའ་ཐང་དགའ་མས་འཁྱུད།།
སྒྲུབ་བརྒྱུད་གོང་མའི་དགོངས་པ་ངང་གིས་རྫོགས།།
ཐུགས་ཡིད་དབྱེར་མེད་འདྲིས་པའི་བཀྲ་ཤིས་ཤོག།
འདི་ལ་ངས།
ན་མོ་གུ་རུ་ཨོ་ཌྜཱི་ཡཱ་ནཱ་ཡ།
མཐའ་ཡས་རྡོ་རྗེའི་མིང་མེད་དབྱིངས་སུ་ནུབ། །
ཕྲིན་ལས་རྡོ་རྗེའི་མངའ་ཐང་ཕྱོགས་བཅུར་རྒྱས། །
སྒྲུབ་བརྒྱུད་གོང་མའི་དགོངས་པ་ངང་གིས་གསལ། །
ཐུགས་བརྩེས་ཆད་༼མཐའ་ཡས་ལ༽མེད་སྐྱོང་བའི་བཀྲ་ཤིས་ཤོག། །།
ཀརྡོས།
༂
མཐའ་ཡས་རྡོ་རྗེ་ཆོས་སྐྱོང་རྒྱལ་པོ་མཆོག།
འགྲོ་དོན་མཁའ་ཁྱབ་བདེན་པའི་རྒྱལ་ས་ཟིན།།
ཆོས་མིན་སྲིད་མིན་ནག་རིལ་ཀརྡོའི་ཚོགས།།
རྫུན་གྱི་ནག་ཁུང་ཡོངས་ཀྱིས་མཐོང་འདི་མཚར།།
ལན་དུ།
ཨ།
མཐའ་ཡས་རྡོ་རྗེ་ཆོས་སྐྱོང་དོལ་འདྲེ་འདྲ། །
འགྲོ་དོན་མཁའ་ཁྱབ་ཡོད་སར་བོང་གུ་ཐོན། །
ཆོས་མིན་སྲིད་མིན་པདྨའི་ཕྲག་དོག་ཚོགས། །
རྫུན་ཁུངས་ཡོངས་སུ་རྡོལ་འདི་ཨེ་མ་ཧོ། །
ཧ་ཧ། ཀུ་རེ་ཡིན་ནོ།།
མཐའ་ཡས་རྡོ་རྗེ་ཆོས་ཚོགས་མང་ན་ཡང་།། བོད་ལ་ཕན་བདེ་བྱེད་པ་ཅང་མ་ཡོད།། འཕྲིན་ལས་རྡོར་རྗེའི་འཔྲིན་ལས་བོད་ལ་དར།། རྒྱལ་བསྟན་འཕྲིན་ལས་སྲིད་པའི་རྩེ་རུ་བསྒྲེངས།། རྒྱལ་བའི་མཛད་པ་བཞིན་དུ་བསྐྱངས་བ་མང་།། འགྲོ་བའི་དོན་དུ་འབད་ཅིང་ལས་ལ་བརྩོན།། བོད་ཀྱི་ཆེད་དུ་ལེགས་བྱང་ཧ་ཅང་མོད།། ཁྱེད་ཀྱི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག།