ནམ་མཁའ།
དྲ་ལམ་ངོ་དེབ་སོགས་ལས་གནས་ཚུལ་བྱུང་བ་ལྟར་ན། ཉེ་བའི་ཆར་འཛམ་གླིང་ཤར་ནུབ་ཀྱི་མི་དམངས་མང་པོའི་རེ་སྐུལ་ལྟར། འཛམ་གླིང་མི་དམངས་ཡོངས་ཀྱིས་བདེ་སྡུག་ཞུ་སའི་སྤྱི་ནོར་༧གོང་ས༧མཆོག་གིས་ཐུགས་རྗེ་ཆེན་པོའི་དབང་དྲ་ལམ་བརྒྱུད་ནས་གནང་བ་ལ། རྒྱ་གར་སྦིར་ཆགས་ཀྱི་སྐྱ་མིན་སེར་མིན་གྱི་ལམ་དུ་ཞུགས་ཏེ། མི་དམངས་ལ་མགོ་སྐོར་གཏོང་བར་མཁས་བའི་ཨོ་རྒྱན་སྟོབས་རྒྱལ་ཟེར་བའི་སྤྱི་ཟུར་ཞིག་ཡོད་པ་དེས། སྤྱི་ནོར་༧གོང་ས༧མཆོག་ལ་མཚན་སྨད་བཤད་སྟངས་ཤིག་སྟེ། བསྟན་པ་བཤིགས་པའི་སྟ་རེ་ཡིན་ཚུལ་དང་། ད་རུང་དྲ་ལམ་བརྒྱུད་ནས་དབང་ཐོབ་ཀྱི་མེད་ཚུལ་སོགས་མཚན་སྨད་ཞུས་ཚུལ་གྱི་གནས་ཚུལ་ཁྱབ་བརྡལ་དུ་འགྲོ་བཞིན་འདུག་པས། གནས་ཚུལ་དེ་བྱུང་རྗེས་སུ་བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་ཟེར་བ་དེས། ཆོས་རིག་ལས་ཁུང་གི་མིང་ཐོག་ནས། གྲིབ་གཟུགས་ནག་པོའི་གཟུགས་བརྙན་ལ་ཚོན་རྩི་དཀར་པོ་བྱུགས་ཏེ། ཁྱབ་བསྒྲགས་ཞིག་ཀྱང་འགྲོ་བཞིན་འདུག་པ་ལ་བསམ་གཞིགས་མི་བྱེད་ཐབས་མེད་བྱུང་།
དང་པོ། སྟོབས་རྒྱལ་སྨྱོན་པ། ཁྱེད་རང་གིས་བསྟན་པ་འཛིན་སྟངས་དང་བསྟན་པ་བཤིགས་སྟངས་ཀྱི་ཁྱད་པར་ཅི་ལྟར་འཇོག་རྒྱུ་ཡིན། ཕྲན་གྱིས་བསམ་བློ་གཏོང་སྟངས་ལ་ཁྱེད་རང་གིས་བསྟན་པ་འཛིན་པ་དང་བཤིགས་སྟངས་ཀྱི་ཁྱད་པར་ཤེས་ཀྱི་མེད་པ་གསལ་བོ་རེད། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ཚུལ་ནི། སོ་ཐར་གྱི་སྡོམ་པ་གང་ཟག་དེའི་རྒྱུད་ལ་ལྡན་མིན་ལ་བལྟ་དགོས། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ཉམས་ཡོད་མེད་ཀྱང་། འདུལ་བའི་བསྟན་པ་ཉམས་ཡོད་མེད་ལ་བལྟ་དགོས། ཁྱེད་རང་གིས་བསྟན་པ་ཉམས་ཡོད་མེད་ཀྱི་གནད་གང་ལ་ཐུགས་ཡོད་པ་མ་ཤེས་བར། ཐ་མ་ནག་པོ་འཐེན་པའི་ར་བཟི་བཞིན་བཤད་ཀྱི་འདུག་ལ། བསྟན་པ་བཤིགས་པ་དང་བསྟན་འཛིན་གཉིས་ཀྱི་ཁྱད་པར་ཅི་ཡང་ཤེས་ཀྱི་མེད་པ་ཡང་གསལ་བོ་རེད། བསྟན་པ་བཤིགས་ཟེར་བ་ནི། ཁྱེད་རང་ལྟ་བུ་སོ་ཐར་གྱི་སྡོམ་པ་སྣ་གཅིག་ཡང་མི་སྲུང་བར། ལུས་ལ་གོས་ངུར་སྨྲིག་གྱོན་ཏེ་སྐྱེས་དམན་ཁ་ཤས་ཞིག་ཁྱིམ་དུ་གཉར་དེ་བྱིས་པ་ཕག་ཕྲུག་སྐྱེས་པ་ལྟར་ཡོད་པའི་གང་ཟག་ཁྱེད་རང་ལྟ་བུ་ཚོ་ལ་བསྟན་བཤིགས་ཟེར། སྤྱིར་བོད་ལ་རབ་བྱུང་ངུར་སྨིག་སྡེ་དང་གོས་དཀར་ལྕང་ལོའི་སྡེ་ཞེས་གཉིས་ལས་མེད་པ་གསལ་བོ་རེད། བསྟན་པ་འཛིན་པའི་སྐྱེས་བུ་ཟེར་བ་ནི། འཛམ་གླིང་ཡོངས་ཀྱི་ཆོས་ལུགས་རིས་མེད་ཀྱི་བདེ་སྡུག་ཞུ་སའི་༧གོང་ས༧རྒྱལ་དབང་ཐམས་ཅད་མཁྱེན་པ་ལྟ་བུ་ཚུལ་ཁྲིམས་ཀྱི་དྲི་མ་ཙམ་གྱིས་ཀྱང་མ་གོས་བའི་གང་ཟག་རྣམས་ལ་བསྟན་འཛིན་གྱི་སྐྱེས་བུ་ཟེར།
གཉིས་པ། དྲ་ལམ་བརྒྱུད་ནས་དབང་ཐོབ་མིན། འདིའི་སྐོར་ནི་ཁྱེད་རང་ལྟ་བུ་ནང་དོན་རིག་པའི་ཕྱོགས་ནས་ཡོན་ཏན་སྣ་གཅིག་མེད་པའི་གང་ཟག་ཅིག་གིས་ཤེས་པའི་གནས་ཞིག་མིན་ལ། ལྷག་པར་དུ་དབང་གི་གོ་དོན་ཡང་མི་ཤེས་བའི་ཁྱེད་དང་ཀརྨ་དགེ་ལེགས་ལྟ་བུ་ཁྱེད་གཉིས་ལ་བཤད་ཀྱང་། རྡོ་ཐོག་ལ་ཆུ་གཏོར་བ་ལྟར་སེམས་རྒྱུད་རློན་པའི་སྐལ་བ་ནི་ཤིན་ཏུ་ནས་དཀོན་པར་གྱུར་མོད། འོན་ཀྱང་འདིར་ཚིག་འགའི་ནང་དུ་བསྡུས་ནས་བཤད་ན། བསྟན་པའི་འཇུག་སྒོ་སྐྱབས་འགྲོ་དང་། ཐེག་ཆེན་འཇུག་སྒོ་སེམས་བསྐྱེད། སྔགས་ཀྱི་འཇུག་སྒོ་དབང་ཟེར་བ་ལྟར། དབང་གི་གོ་དོན་ལ་ལེགས་སྦྱར་སྐད་དུ་ཨ་བྷིཥི་ཉྩ་ཟེར། འདིའི་དོན་ནི་སྒྲིབ་པ་དོར་ནས་རྒྱུད་དག་པར་འཁྲུད་པ་དང་། རང་རྒྱུད་དག་པའི་སྣོད་གཙང་མའི་ནང་དུ་ཡེ་ཤེས་བླུགས་པའི་དོན་ལ་གོ་དགོས་ལ། དེ་ཡང་སྔགས་ཀྱི་ཆོ་ག་རྣམ་པར་དག་པ་ལ་རྟེན་ནས། ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་བཏབས་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱས་པ་ལ་དབང་ཟེར།
དེ་ལྟ་ན། དྲ་ལམ་བརྒྱུད་ནས་དབང་ཉན་དུས། རྡོ་རྗེ་སློབ་དཔོན་གྱི་གསུངས་དང་གཟུགས་བརྙན་ཆ་ཚང་མཐོང་ཐོས་ཐུབ་པས། རང་རྒྱུད་གཙང་བའི་སློབ་མ་རྣམས་ཀྱི་རྒྱུད་ལ་སྐུ་བཞིའི་ས་བོན་བཏབས་པ་ལ་ཐེ་ཚོམ་ཅི་ཡང་མེད། ལྷག་པར་དུ་དབང་ཉན་མཁན་རྣམས་ཀྱི་སེམས་ནི་དྭངས་གཙང་གི་ཆུ་བོ་བཞིན་དུ་ཡོད་པས། སྐུ་བཞིའི་ས་བོན་འདེབས་སའི་མི་རྣམས་ཀྱི་མོས་པ་ལ་གཙོ་བོ་རག་ལས་ཡོད། དཔེར་ན། དབང་ཆེན་གྱི་བུམ་དབང་གནང་བའི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱིས་དངོས་སུ་མི་རེ་རེ་མགོ་ལ་བུམ་པ་འཇོག་དཀའ་བས། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ཁྱེད་རང་རྣམས་ལ་བུམ་དབང་ཐོབ་པའི་མོས་པ་མཛོད་གཅིག་གསུངས་པ་ཡང་། ཁྱེད་ཀྱིས་ནོར་འཁྲུལ་དུ་འཛིན་རྒྱུ་ཡིན་ནམ། ལྷག་པར་དུ་ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ། དུས་རབས་སྔོན་མ་རྣམས་སུ་བོད་ནང་དུ་དེང་སང་བཞིན་འཕྲུལ་ཆས་ཀྱི་རླུང་འཕྲིན་སོགས་མེད་པས། དབང་གང་ཞིག་གནང་ན་ཡང་མདུན་གྱི་མི་ཁ་ཤས་ཞིག་ལ་མ་གཏོགས་དབང་ཐོབ་པར་མི་འཇོག་པ་ཡིན་ནམ། དེ་ལྟ་ན། དེང་སང་རྒྱལ་བའི་གསུང་རབ་ཀྱི་དབང་ལུང་མན་ངག་གང་ཞིག་ཡིན་ཡང་། རྒྱུན་ཆད་པར་འཇོག་དགོས་པ་ལས། རྡོ་རྗེ་སློབ་དཔོན་གྱི་གསུང་སྒྲ་དངོས་སུ་ཐོས་མཁན་དཀོན་པར་གྱུར་ཡོད།
གཞན་ཞིག་ནི། སྟོན་པ་ཞལ་བཞུགས་པའི་སྐབས་སུ་ཡང་། འཕྲིན་ཡིག་ལམ་ནས་བསྙེན་པར་རྫོགས་པ་དང་རབ་ཏུ་བྱུང་བ་སོགས་ཡོད་པ་འདུལ་བའི་སྡེ་སྣོད་ན་གསུངས་པ་ལྟར་རོ།། གཅིག་བྱས་ན་ཁྱེད་རང་གིས་འདིའི་སྐོར་ཤེས་ཀྱི་མ་རེད། རྒྱུ་མཚན་ནི། མི་ཚེ་གང་བོར་འདུལ་བའི་ལམ་ལ་ཞུགས་མ་མྱོང་བར་རབ་བྱུང་ངུར་སྨིག་གི་གོས་ཚོང་རྟེན་བྱེད་མཁན་ཁྱེད་རང་ལྟ་བུ་ཚོས། འདུལ་བའི་སྡེ་སྣོད་ཀློག་ཡང་མྱོང་ཡོད་ཀྱི་མ་རེད། ཀློག་ཀྱང་གོ་དོན་ནི་མིག་ལོང་པ་ཅན་ཞིག་ལ་གངས་དཀར་པོ་བསྟན་པ་ལྟར་གྱུར་ཡོད་ངེས། དེས་རྐྱེན་ཆོས་རིག་བཀའ་བློན་དང་སྟོབས་རྒྱལ་སྨྱོན་པ་ཁྱེད་རང་གཉིས་ཀྱིས་དབང་ལུང་སྐོར་ཤེས་འདོད་ན། ཁྱེད་རང་གཉིས་ཀྱིས་པུས་མོ་གཡས་པ་ས་ལ་བཙུགས་ཏེ། ལག་ཟུང་ཐལ་མོ་སྦྱར་ནས་ཕྲན་གྱི་མདུན་ལ་ཤོག་དང་། ཕྲན་གྱིས་ཁྱེད་གཉིས་ལ་སྔོན་འགྲོའི་སློབ་མ་ཚོ་ཀ་ཁ་སློབ་པ་ལྟར་སློབ་ཁྲིད་བྱེད་ཆོག
གསུམ་པ། ཆོས་རིག་བཀའ་བློན་གྱིས་སྟོབས་རྒྱལ་སྨྱོན་པའི་སྨྱོ་བཤད་ལ་མཛེས་བཟོ་བྱེད་དོན་ཅི་ཡིན་ནམ། ང་རང་ཉིད་ཀྱི་དོགས་པ་ལ། སྟོབས་རྒྱལ་སྨྱོན་པའི་རྒྱབ་ཏུ་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་ཡོད་ངེས་རེད་སྙམ། རྒྱུ་མཚན་ནི། སྟོབས་རྒྱལ་སྨྱོན་པའི་སྨྱོ་བཤད་བརྒྱབ་མ་ཐག་ཆོས་དོན་ལས་ཁུང་གི་མིང་ཐོག་ནས་སྨྱོན་པའི་གཏམ་ལ་མཛེས་བཟོ་བྱེད་དགོས་དོན་མེད། བཀའ་སྤྱི་ཐུན་མོང་གིས་གསལ་བཤད་མ་བྱས་གོང་། ཆོས་དོན་ལྷན་ཁང་གི་མིང་ཐོག་ནས་མཛེས་བཟོ་བྱེད་དོན་འདི་ལ་དོགས་པ་ཆེ་ཆེར་སྐྱེས་དགོས་པའི་གནས་ཤིག་རེད། ད་རུང་སྟོབས་རྒྱལ་སྨྱོན་པའི་གཏམ་ཞིག་ལ། སྦིར་གཞི་ཆགས་རྒྱ་གར་དང་བོད་གཞུང་ལ་འབྲེལ་བ་ཅི་ཡང་མེད་ཟེར། དེ་གཉིས་ལ་འབྲེལ་བ་མེད་ན་སྔོན་མ་ཐེ་ཝན་གྱི་བོད་སོག་ལས་ཁུང་གིས་སྤྲད་པ་ཡིན་ནམ། བོད་སོག་ལས་ཁུང་ལ་རྒྱ་གར་གྱི་ས་ཆའི་བདག་དབང་ཡོད་དམ། དེ་མིན་ན། རྒྱ་དམར་གུང་ཁྲན་ཏང་གིས་སྤྲད་པ་ཡིན་ནམ། རྒྱ་དམར་གུང་ཁྲན་ཏང་ལ་རྒྱ་གར་ས་ཆའི་བདག་དབང་ཡོད་དམ། མི་མང་པོ་ཞིག་གིས་སྦིར་གཞི་ཆགས་ཀྱི་གནས་ཚུལ་ཆ་ཚང་མཁྱེན་གྱི་ཡོད་པ་མ་རེད། སྟོབས་རྒྱལ་སྨྱོན་པ་དང་ཁོའི་ཕག་ཕྲུག་ཚོ་སྡོད་སའི་གཞི་ཆགས་ཀྱི་མི་རྣམས་ལོ་རབས་༩༠ནང་བར་དུ་ཐེ་ཝན་བོད་སོག་ལས་ཁུང་གིས་དངུལ་སྤྲད་ནས་བཙན་བྱོལ་གཞུང་ལ་རྙོག་དྲ་བཟོ་མཁན་གཙོ་བོ་ཞིག་རེད། བོད་སོག་ལས་ཁུང་གི་རོ་དུར་སྦས་བྱས་རྗེས་སུ་ཚུར་བཙན་བྱོལ་གཞུང་ལ་འཁོར་བ་རེད།
གང་ལྟར་ཡང་། ག་དུས་ཡིན་ཡང་བཙན་བྱོལ་གཞུང་དང་བོད་རིགས་ནང་ཁུལ་དཀྲིགས་གང་ཐུབ་བྱེད་མཁན་ཚོའི་གྲལ་གྱི་མི་རྣམས་ལ་ཕྲན་གྱིས་藏族五毛བོད་ཀྱི་མོ་ཙི་ལྔ་ཞེས་འབོད་ཀྱི་ཡོད། གལ་སྲིད་མོ་ཙི་ལྔ་ཡི་ནང་དོན་མི་གོ་ཚེ། གུང་ཁྲན་ཏང་ལ་དགག་པ་རྒྱག་མཁན་རྒྱ་ནག་དམངས་གཙོ་དོན་གཉེར་ཅན་ཚོ་ཉོན་དང་གསལ་བོར་ཤེས་ངེས་རེད།
ལྷས་བྱིན་རྒྱབ་ལ་བྲམ་ཟེ་མང་པོས་བསྐོར་བའི་ཚེ།།
སྟོན་པའི་གསེར་ཞལ་མཇལ་ཡང་སྐྱོན་ཏུ་མཐོང་།།
སྟོབས་སྨྱོན་རྒྱབ་ལ་བྲམ་ཟེ་ཀརྨ་ཐོན་པའི་ཚེ།།
སྤྱན་རས་གཟིགས་ཀྱང་བསྟན་བཤིགས་མཐོང་།།
༢༠༢༠ཟླ༥ཚེས༣༠ཉིན་ནམ་མཁས་ཡོ་རུབ་ནས་བྲིས།
ཨོ་སྟོབས་རྒྱབ་ལ་དར་དམར་ཡོད་ཉེན་ཆེ།
དར་དམར་དཔོན་པོས་དཀྲུགས་རྔན་སྤྲད་ཉེན་ཆེ།
དར་དམར་རིང་ལུགས་སྐྱག་རྗུན་བཤད་བཤད་དེ།
ཀླད་མེད་ཤེས་མེད་རྣམས་ཚོ་བསླུ་ཉེན་ཆེ།
དེ་འདྲ་སྔོན་དུ་མང་པོ་བྱུང་ཡོད་དོ།
སྟོབས་རྒྱས་ལབ་ན་སུ་རེད། སྟོབས་རྒྱལ་ལབ་ཀྱིན་ཡོད་དམ། ནམ་མཁའ་ནས་བལྟས་ན། ཡག་པོ་མཐོང་ལེ་མིན།
ད་ཆོག་གི་ཆོག་གི་བཟོད་གསོལ་ནི་ཞུ་ཚར་སོང་མོ།
བོད་མིའི་སྒྲིག་འཛུགས་མུ་མཐུད་གནས་དགོས་ན། མུ་མཐུད་མི་མང་གི་འགོ་འཁྲིད་དགོས་ན་ཆོས་རིག་བཀའ་བློན་འཕྲལ་དུ་དགོང་ཞུ་གནང་རོགས་།
ཨོ་རྒྱན་སྟོབས་རྒྱལ་གྱི་རྒྱབ་ན་གཅིག་པོས་ཚད་ཀི་མ་རེད། ཁོའི་ཕྱོགས་བཞི་མཚམས་བརྒྱད་ན་རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་ཡོད་ནི་རེད།