གཅན བཟོད་རྒྱམ།
སྦིར་རྫལ་རྒྱལ་ཁབ་ཏུ་ཚོགས་ནས་ཚར་མ་ཐག་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་སྡོམ་དགའ་སྟོན་ཚོགས་འདུའི་སྐབས་རྩེད་འགྲན་ཐང་ཆེན་དུ་འཛམ་གླིང་གི་ཡིག་རིགས་མང་པོས་(བཀའ་དྲིན་ཆེ་) ཡི་ནང་དོན་མཚོན་པའི་ཡིག་གཟུགས་མང་པོ་བཟོ་སྒྲིག་འགྲེམས་སྟོན་བྱས་ཡོད།
དེའི་དཀྱིལ་དུ་བོད་ཡིག་གམ་རྫོང་ཁ་ཡི་གེའི་གཟུགས་ཀྱིས་(བཀའ་དྲིན་ཆེ་) ཞེས་བཟོ་སྒྲིག་བྱས་པའང་ནང་དུ་མཐོང་རྒྱུ་ཡོད་ཅིང་བོད་ཕྱི་གི་བོད་མི་རྣམས་དང་། འབྲུག་འབྲས་ལྗོངས་ལ་དྭགས་སོགས་ཧི་མ་ལ་ཡའི་མི་རིགས་(བོད་ཡིག་) ལ་སྤྱོད་པའི་སྐྱེ་བོ་ཀུན་གྱིས་དགའ་འབོད་ཀྱི་ཡི་གེ་ནང་དོན་འདྲ་མིན་དྲ་ལམ་གང་སར་ཁྱབ་དང་ཁྱབ་བཞིན་འདུག་ལ། དེ་ནི་དངོས་གནས་དགའ་འོས་པ་ཞིག་ཀྱང་རེད།
དེ་དང་མཉམ་དུ་བོད་ཡིག་གམ་རྫོང་ཁ་ཡི་གེ་དེ་རྒྱལ་སྤྱིའི་ཡིག་རིགས་འདྲ་མིན་མང་པོའི་ཁྲོད་དུ་སླེབས་ཐུབ་པ་དེ་སུས་བྱས་འབྲས་ཡིན་མིན་ཐད་ལའང་བསམ་ཚུལ་དང་རྩོད་པ་བྱས་དང་བྱེད་བཞིན་འདུག བོད་མི་མང་པོས་ཟེར་ན། དེ་ནི་བོད་མི་རྩེད་འགྲན་པ་སྟོབས་རྒྱལ་དང་ཆོས་དབྱངས་སྐྱིད་གཉིས་ཐེངས་འདིའི་རྩེད་འགྲན་ཁུངས་སུ་ཡོད་པས་ཡིན་ཟེར། འདི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་འཆད་ཀྱིན་འདུག
ཡང་དཔལ་ལྡན་འབྲུག་པ་དེ་རྒྱལ་སྤྱིའི་ཐོག་གི་རང་བཙན་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ཅིང་འབྲུག་གི་རྩེད་འགྲན་པ་ཐེངས་འདིའི་རྩེད་འགྲན་ནང་དུ་ཞུགས་ཡོད་པས། ཐེངས་འདིར་བྲིས་པའི་ཡི་གེ་དེ་ནི་འབྲུག་པའི་རྫོང་ཁ་ཡིན་པ་ལས་བོད་ཡིག་མིན་ཟེར།་སྐད་ཆ་འདི་འབྲུག་པའི་མི་མང་པོ་དང་བོད་ཕྱི་ནང་གི་བོད་མི་འགའ་རེས་ཀྱང་གླེང་།
ཡང་འགའ་རེས་བཤད་པ་ལྟར་ན། ཐེངས་འདིའི་རྩེད་འགྲན་ཐང་ཆེན་གྱི་བོད་ཡིག་གམ་རྫོང་ཁའི་ཡི་གེ་དེ་དག་ནི་བོད་མིའི་ལུས་རྩེད་པ་ཉམས་ཞུགས་བྱས་པས་བྲིས་པ་མིན་ལ། འབྲུག་རྒྱལ་ཁབ་རྩེད་འགྲན་རྒྱལ་ཚོགས་ཀྱི་ཁོངས་སུ་ཡོད་པས་ཀྱང་མ་ཡིན་པར། དེ་ནི། སྐབས་འདིའི་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྟོན་གྱི་ལས་གཞི་དེ་འཇན་པན་གྱི་སྒྱུ་རྩལ་ག་གེ་མོས་བྱས་པ་ཡིན་ཞིང་། འཇར་པན་ནི་བོད་ཀྱི་ཆོས་རིག་ལ་དོ་སྣང་དང་ཞིབ་འཇུག་གི་ཁྱབ་རྒྱ་ཆེ་ལ་བོད་ཀྱི་ཆོས་རིག་གི་ཤུགས་རྐྱེན་ཡང་མི་དམན་པ་ཡོད་པས་རེད་ཟེར། དེ་ཡང་དེ་ལྟར་དེ། བོད་ཡིག་དང་རྫོང་ཁ་གང་ཡིན་ལ་རྩོད་དགོས་པ་མེད་དེ།
ངས་བསམ་ན་ཐེངས་འདིར་རྒྱལ་སྤྱིའི་རྩེད་འགྲན་ཐང་ཆེན་དུ་བྲིས་པའི་ཡི་གེ་དེ་བོད་ཡིག་དང་རྫོང་ཁ་གང་ཡིན་ཀྱང་། མིང་འདོགས་སྟངས་མ་འདྲ་བ་ཡིན་པ་ལས་དོན་ན་ཡིག་གཟུགས་གཅིག་དང་ནང་དོན་ཀྱང་གཅིག་མཚུངས་ཡིན་པས། འབྲུག་པའི་རྫོང་ཁ་ཡིན་དང་བོད་ཡིག་གང་ཡིན་ཀྱང་རྩོད་དགོས་པའི་དོན་དག་ཅིག་ཏུ་མ་རེད་སྙམ། ཡིག་གཟུགས་དང་ནང་དོན་གཉིས་ཀ་གཅིག་མཚུངས་ཡིན་པས་སོ།།
ད་གླེང་འདོད་པ་ནི་འདི་ལྟ་སྟེ། ད་ལོའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་འདི་ལ་སྐྱབས་བཅོལ་བའི་ཚོགས་སྡེ་མང་པོ་མཉམ་ཞུགས་ཀྱི་གོ་སྐབས་སྤྲད་ཡོད་པ་དང་།་སྐྱབས་བཅོལ་ཚོགས་སྡེ་མང་པོ་ཞིག་ཐེངས་འདིིའི་རྩེད་འགྲན་ནང་མཉམ་ཞུགས་བྱ་ཐུབ་ཡོད་འདུག འོན་ཀྱང་རང་རེའི་བཅན་བྱོལ་བོད་མིས་གོ་སྐབས་གསེར་འདྲ་བ་འདི་ལ་རྩོད་ལེན་བྱ་ཐུབ་མེད་པ་དེ་རེད།
གལ་ཏེ་ད་ཐེངས་ཀྱི་གོ་སྐབས་འདིའི་ནང་དུ་བཙན་བྱོལ་བོད་མིའི་རྩེད་འགྲན་པ་ཞིག་ཉམས་ཐུབ་ཡོད་ཚེ། ཐེངས་རྗེས་མ་ནས་ཨོ་རྩལ་ནང་མཉམ་ཞུགས་བྱ་སྐལ་ཡོད་པ་དང་།་དེ་ཡང་བོད་མིའི་རྩེད་འགྲན་པའི་མི་གྲངས་ཇེ་མང་ནས་རྩེད་མོའི་རྣམ་གྲངས་མང་པོའི་ནང་མཉམ་ཞུགས་གོ་སྐབས་བླངས་ཆོག་པ་ཡིན།
འདི་ལྟར་བྱ་ཐུབ་ཚེ་བོད་དོན་ཁྱབ་སྒྲོག་སྤྱི་དང་ཡང་སྒོས་བོད་མི་རིགས་འདི་ཡང་འཛམ་གླིང་གི་མིའི་གྲས་ནས་ག་ལེར་མངོན་གསལ་ཇེ་དོད་དང་རྣམ་པ་ཇེ་གསལ་དུ་འགྲོ་ཐུབ་པ་ལོས་ཡིན།
གང་ལྟར་ད་ལོའི་རྩེད་འགྲན་ཐང་ཆེན་གྱི་བོད་ཡིག་གམ་རྫོང་ཁ་ཡིག་གཟུགས་དེ་ཡང་འུ་ཅག་བོད་ཡིག་དང་རྫོང་ཁ། བྷོ་ཏེ་དང་ལྷོ་ཡིག་གང་ཞིག་བེད་སྤྱོད་གནང་མཁན་ཡིན་ཡང་དགོས་འོས་ལ་སྟོབས་པ་སྐྱེ་ཆོག་པ་ཞིག་ཡིན་ཞིང་། ཐེངས་རྗེ་མའི་ཨོ་རྩལ་འགྲན་ཚོགས་དེ་༢༠༢༠ ལོར་འུ་ཅག་བོད་ཀྱི་གྲོགས་པོ་རྒྱལ་ཁབ་ཉི་ཧོང་ལ་ཚོགས་འཆར་ཡོད་པས། དེའི་སྐབས་བོད་མི་སྤྱི་དང་ནང་སྒོས་སུ་བཙན་བྱོལ་བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་ཨོ་རྩལ་དང་དེ་མིན་གཞན་པའི་རྩེད་འགྲེན་དང་ཚོགས་སྡེ་གང་དུའང་མཉམ་ཞུགས་ཀྱི་གོ་སྐབས་མ་ཤོར་བ་བྱ་རྒྱུ་གལ་ཆེ་ལ་དེ་ལྟར་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད།
དེ་ལྟའི་གོ་སྐབས་བཟུང་ཨོ་རྩལ་འགྲན་ཚོགས་ཞུགས་ཏུབ་པ་བྱུང་ན་ཁ་སང་དེ་རིང་གི་གནས་སྟངས་ཏེ། ཡིག་གཟུགས་ཨོ་རྩལ་འགྲན་ཚོགས་ཐང་ཆེན་དུ་ཐོན་པ་ཙམ་གྱི་དགའ་སྤྲོ་འདི་ལས་ལྷག་པའི་རང་ཉིད་ཀྱི་རྒྱལ་ཁབ་བམ་མི་རིགས་དེ་ཡང་འཛམ་གླིང་གི་གྲགས་ཅན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་དགའ་བ་དང་སྤབས་པ་དེ་དུས་སྐྱེ་ཆོག་པ་ཡིན།
ཞོར་ནས་ད་ལོའི་ཨོ་རྩལ་འགྲན་བསྡུར་ནང་ཞུགས་པའི་བོད་མི་སྟོབས་རྒྱལ་ལགས་དང་ཆོས་དབྱིངས་སྐྱིད་ལ་བོད་མི་རིགས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ་འདོད་བྱུང་ལ། དཔལ་ལྡན་འབྲུག་རྒྱལ་ཁབ་ཀྱི་གཞུང་མང་ལ་བཀའ་དྲིན་ཆེ་ཞུ།
ཕྱི་ལོ་ཟླ་ཚེས་བཟང་པོར་གཅན བཟོད་རྒྱམ་སེམས་ཤུགས་དང་ལྷག་བསམ་བཟང་པོས།
༢༠༡༦།༠༨།༢༡།
འབྲུག་རྒྱལ་ཁབ་ཨོ་ལོམ་ཕིག་རྩེད་འགྲན་ལ་ལོ་གྲངས་མང་པོའི་སྔོན་དུ་བཞུགས་ཟིན་པ་རེད། ད་ལོ་འབྲུག་པ་རྩེད་འགྲན་ལ་བཞུགས་ནས་བཀའ་དྲིན་ཆེ་ཞེས་བྲིས་པ་ཡིན་ཟེར་བ་དེ་ཁུངས་མེད་དུ་གྱུར།
འབྲུག་པ་ཚོས་སྤྱོད་བཞིན་པའི་ཡིག་རིགས་ཏེ་བོད་ཡིག་ཡིན་མིན་ལ་རྩོད་པ་ཡོད་པ་མ་རེད། ཁོང་ཚོས་མིང་གསར་ཞིག་བཏགས་པ་ཙམ་རེད། བཀའ་དྲིན་ཆེ་ཟེར་བའི་ཚིག་འདི་ཨ་མདོ་ནས་མ་གཏོགས་བེད་སྤྱོད་གཏོང་གི་མེད་སྙམ། འབྲུག་པ་ཚོས་ནམ་རྒྱུན་བཀའ་དྲིན་ཆེ་ཟེར་བའི་ཚིག་འདི་བེད་སྤྱོད་བྱེད་བཞིན་ཡོད་དམ། ཁམས་ཕྱོགས་ནས་བེད་སྤྱོད་གང་གཏོང་གི་ཡོད་པ་དྲན་མ་སོང་། གལ་ཏེ་བེད་སྤྱོད་བྱེད་ན་བཀའ་དྲིན་ཆེ་ཐལ་ཟེར་གྱི་རེད་སྙམ། དབུས་གཙང་ཁུལ་ནས་ཐུགས་རྗེ་ཆེ་ཟེར་བ་དེ་ཚང་མས་མཁྱེན་གསལ་རེད། །
རྒྱལ་སྤྱིའི་རྩེ་འགྲན་ཐང་དུ་བོད་ཡིག་བཞག་པ་དེ་དཔལ་ལྡན་འབྲུག་གི་བཀའ་དྲིན་ཡིན་ས་རེད འབྲུག་གི་ནམ་རྒྱུན་གྱི་ཁ་སྐད་དུ་བཀའ་དྲིན་ཆེ་ཟེར་བ་དེ་བེད་སྤྱོད་གཏོང་བཞིན་ཡོད་པ་རེད་འདུག། །
བོད་ཡིག་རྩེད་ཐང་དུ་བསླེབས་ན་དེས་ཁྱད་པར་ག་རེ་བཟོ་གི་རེད་ཨ། བོད་ཡིག་རང་གིས་སྦྱངས་རང་གིས་བྲིས་ན་དེ་ཁྱད་ཆོས་ཤིག་རེད་མ་གཏོགས་གཞན་རྩེད་ཐང་ལས་ཟླ་བའི་གོ་ལའི་ནང་དུ་བཞག་ན་ཡང་བཞག་པ་ཙམ་རེད། འབྲུག་པའི་ཡིན་ན་ཡིན་དུ་ཆུག རང་གིས་བདག་པོ་རྒྱག་མ་ཐུབ་ན་གཞན་གྱིས་འཁྱེར་གི་རེད་བཙོང་གི་རེད། དེ་ལ་ཁ་སྐད་ཀྱིས་བཤད་ན་སྡུག་གྱོང་ཟེར།
བསྐྱར་ཞུ། ལ་ལས་བོད་པ་གཉིས་ཡོད་པའི་རྐྱེན་གྱིས་བཀའ་དྲིན་ཆེ། ཞེས་པ་བོད་སྐད་དུ་བྲིས་ཟེར་བ་དེ་ཡང་ཁུངས་མེད་ཡིན། ད་འོ་ན་གང་ཡིན་ཟེར་ན་ཨོ་ལོམ་པིག་ནང་འགྲན་རྩོད་རྒྱལ་ཁབ་ཚང་མའི་སྐད་དུ་བཀའ་དྲིན་ཆེ་ཞེས་པ་བྲིས་པའི་རྒྱུ་མཚན་ནི། གོ་ཐོས་ལྟར་ན་༢༠༢༠ ཨོ་ལོམ་ཕིག་དེ་ཉི་ཧོང་རྒྱལ་ས་རུ་འཚོགས་རྒྱུ་ཡིན་པས། ཉི་ཧོང་ཨོ་རྩལ་གོ་སྒྲིག་པས་རྩེད་མོའི་འགྲན་བཞུགས་པ་རྒྱལ་ཁབ་ཚང་མའི་ཡི་གེར་བཀའ་དྲིན་ཆེ་བཀོད་པས་ན། འབྲུག་རྒྱལ་ཁབ་ཀྱང་ཨོ་རྩལ་དུ་ཡོད་པས་ན་སྐབས་འདིའི་བཀའ་དྲིན་ཆེ་ཟེར་བ་འབྲུག་པའི་ཚབས་མཚོན་པ་འདྲ།
བོད་མི་རིགས་ཀྱི་སྐད་ཡིག་བོད་མིའི་སྲུང་དགོས་པ་ལས་རྩེད་ཐང་དུ་བོད་ཡིག་བྲིས་པ་ཙམ་གྱི་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབས་ཐུབ་ཀྱི་ཡོད་པ་ཤེས་མ་སོང་།
ཨོ་རྩལ་འགྲན་ཚོགས་ལ་བོད་ཡིག་བྲིས་ན་ཆེ་མཐོང་སླེབས་རྒྱུ་དང་མ་བྲིས་ན་ཆེ་མཐོང་བརླག་རྒྱུ་དེ་འདྲ་གང་ཡང་ཡོད་མ་རེད། བོད་ཡིག་ལ་ཚུགས་ཐུབ་ཀྱི་ནུས་པ་ཞིག་ཡོད་པས། ཁྱབ་བསྒྲགས་བྱས་མ་བྱས་ཀྱིས་ཁྱད་པར་ཅང་མི་འགྲོ། གཙོ་ཆེ་ཤོས་དེ་བོད་པ་ཚོས་བོད་ཡིག་བདག་པོ་རྒྱག་དགོས་པ་དང་། ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གཏོང་དགོས་པ་རེད། དེ་ལྟར་མ་བྱས་ན་ད་གཟོད་བོད་ཡིག་འབྲི་མཁན་འདུག་དང་མི་འདུག་འཚོལ་དགོས་གལ་ངེས་རེད།
ཡང་བོད་ཡིག་དེ་སངས་རྒྱས་པའི་ཆོས་ཀྱི་རྟེན་ས་ཙམ་ལ་ངོས་འཛིན་གྱིས་ས་མཐོ་ས་ཞིག་ལ་བཞག་བཞག་ན་དེ་ཡང་ཡོང་གི་མ་རེད། བོད་པ་མི་རབས་གསར་པ་རྣམས་ཀྱི་ཉིན་རེའི་འཚོ་བའི་བེད་སྤྱོད་དང་ཁ་ཐག་གང་ཉེ་ཉེ་བཟོ་དགོས། ཇི་ཙམ་ཁ་ཐག་རིང་པོ་ཆགས་པ་དེ་ཚོད་ཀྱིས་བོད་ཡིག་རིམ་བཞིན་བརླག་འགྲོ་གི་རེད། བོད་སྐད་འདྲེས་མ་ཞིག་ལས་མ་ཤེས་ཀྱང་དེ་རྒྱག་རྒྱུར་སྐུལ་མ་གཏོང་དགོས་རེད། ཐོག་མ་ཉིད་ནས་བཙན་སྒྲིག་ཞེ་དྲགས་བྱས་ན་ཚིག་རེ་གཉིས་ཤེས་པ་དེའང་མི་སྤྱོད་པའི་ཉེན་ཁ་ཡོད་པ་རེད། དེ་ལྟར་སོང་བོད་སྐད་ཡིག་དེ་འཚོ་བའི་རྒྱུན་སྤྱོད་སྐད་ཡིག་ཅིག་ཏུ་བསྒྱུར་རྒྱུར་འབད་བརྩོན་བྱ་དགོས་པར་མཐོང་།
བཀའ་དྲིན་ཆེ་ཞེས་བྲིས་པའི་ཡི་གེ་དེ་བཞིན་ཨོ་རྩལ་འགྲན་ཚོགས་ཀྱི་རྩེད་ཐང་སྟེང་ཁྲ་ལྷ་མེར་མངོན་པ་ནི། སུ་ཞིག་དང་གང་ཞིག་གིས་སྟོབས་ལས་བྱུང་བ་ཡིན་མིན་ཁ་ཚོན་གཅོད་མ་བཏུབ་ཀྱང་། བཀའ་དྲིན་ཆེ་ཞེས་པ་དེ་ནི་བོད་ཀྱི་ཡི་གེ་འཁྲུལ་མེད་ཅིག་ཡིན་པ་ནི་བསྙོན་དུ་མེད་པ་ཞིག་རེད། དཔེར་ན། རྩེད་ཐང་སྟེང་དུ་धन्यवाद ཞེས་རྒྱ་གར་གྱི་ཡི་གེ་བྲིས་པ་དེར་བལ་པོས་ང་ཚོས་རེད་ཅེས་རྩོད་པ་རྒྱག་མཁན་མི་འདུག དེ་ཡང་ཡིན་ཏེ། བལ་པོའི་སྐད་ཡིག་ཟེར་ཡང་དེའི་རྩ་བ་ནི་དཱ་བ་ན་རིའམ་རྒྱ་གར་གྱི་ཡི་གེ་རེད། དེ་ལ་བལ་པོ་ཚོས་ཀྱང་ང་ཚོའི་ཡི་གེ་ལེགས་སྦྱར་ལྷ་སྐད་ལ་ཐུག་གི་ཡོད་ཅེས་སྤོབས་པ་ཆེན་པོས་བཤད་ཀྱི་འདུག དེ་བཞིན་འབྲུག་པའི་རྫོང་ཁ་ཟེར་བ་དེ་ཡང་རྫུས་སྐྱེས་མིན་ན་ཕ་དང་མ་ཞིག་ལས་སྐྱེ་དགོས་པ་རེད། དེ་ནི་རྩོད་པ་མེད་པའི་རྩོད་པ་རེད།
དོན་ལ་བོད་ཡིག་གི༼བཀའ་དྲིན་ཆེ༽ བྲིས་པ་དེ་འབྲི་མཁན་མགྲོན་བདག་བྷི་ར་རྫིལ་རེད་དམ། 2020 ལོའི་མགྲོན་བདག་ཉི་ཧོང་གིས་བྲིས་པ་རེད། རྩོམ་འདི་འབྲི་མཁན་ལ་དྲིས་ཡིན། ལན་གནང་རོགས།
མཆན་བུ་འདེབས་མཁན་བློ་གྲོས་བརྟན་པ་ལགས་ཁོ་བོ་རྩོམ་ཡིག་འདི་སྤེལ་མཁན་མིན་མོད་འོན་ཀྱང་སྐུ་ཉིད་ཀྱི་དྲི་བར་ལན་འདེབས་འདོད་བྱུང་། མཇུག་མཐའི་མཛད་རིམ་དེ་༢༠༢༠ལོའི་མགྲོན་བདག་ཉི་ཧོང་གིས་བཀོད་སྒྲིག་བྱས་པ་ཞིག་རེད། བཀའ་དྲིན་ཆེ། ཞེས་པའི་བོད་ཡིག་འབྲི་མཁན་ཉི་ཧོང་གི་སྒྱུ་རྩལ་བ་ས་ས་ཀེ་སོགས་སྐོར་རེད་འདུག
གང་ལྟར་ཡང་མཆན་དགུ་བས་བཤད་པ་དེ་བདེན་སྙམ། གཞན་དུས་ཚོད་རྫོགས་པའི་རྒྱུ་ལས་མ་འདས་སོ།།
བཀའ་དྲིན་ཆེ། ཞེས་བྲིས་པ་འདི་འབྲུག་པ་དང་བོད་པ་གང་ལ་དམིགས་ནས་བྲིས་མིན་རྩོད་དགོས་དོན་མེད་སྙམ། དཔེར་ན་དཀྱིལ་གྱི་གོར་ཐིག་ནང་གི་OBRIGADO ཞེས་ཕོ་ཆིའུ་གྷིར་སྐད་ཡིན་ལ་ཨོ་རྩལ་འཚོགས་ཡུལ་བྷིར་ཛུལ་གྱི་སྐད་ཀྱང་ཡིན། འོ་ན་ཕོ་ཆིའུ་གྷིར་གྱི་སྐད་བཤད་མཁན་གྱི་རྒྱལ་ཁག་དག་གིས་ང་ཚོར་འགྲན་ཚོགས་འདིར་ཞུགས་ཡོད་སྟབས་བྲིས་པ་ཡིན་མིན་གྱི་རྩོད་པ་ཧ་ལམ་ཡོད་རྒྱུ་མ་རེད།
དྲ་གྲོགས་གཅན་བཟོད་པ་རྒྱ་མཚོ་ལགས་དང་དྲ་གྲོགས་ཚོ།
བརྟག་དཔྱད་བྱས་པ་ཡིན། གོང་གི་བོད་ཡིག་དེ་དང་འབྲུག་གཉིས་འབྲེལ་བ་མི་འདུག དེ་བཟོ་མཁན་ཉི་ཧོང་རེད། ཉི་ཧོང་སྐད་ཡིག་སློབ་གྲ་ཞིག་གིས་ཉི་ཧོང་གཞུང་ལ་བཟོས་འདུག
རྩོད་པ་མེད་སར་རྩོད་པ་རྒྱག་ལ་དགའ་བ་ནི། བོད་པའི་ཀླད་མེད་དག་གི་བྱ་སྤྱོད་རེད། རྩོད་པ་ཡོད་སར་རྩོད་པ་བྱེད་པའི་བློ་སྟོབས་མེད་པ་དེ་ཡང་བོད་པའི་ཀླད་མེད་དག་གི་གཤིས་ཀ་རེད། ཨོ་རྩེད་སྐབས་ཀྱི་བྷིར་ཛིར་གསང་སྤྱོད་ནང་གི་སྐྱག་པ་སོའི་ཡིན་མིན་ལ་བརྩད་རྒྱག་གི་མེད་པ་ཡག་བྱུང་། ཉི་མ་གཅིག་དེ་ཡང་རྒྱག་གི་རེད།
དྲ་གྲོགས་མང་པོས་བསམ་ཚུལ་གསུངས་འདུག་པར་གདའ་བསུ་ཞུ། ངས་བསམ་ཚུལ་དེ་ལ་ཐུགས་སྣང་དེ་ཙམ་གནང་བར་ཡང་དགའ་བསུ་ཞུ། མ་གཞཱི་ངས་དྲ་ངོས་གང་བྱུང་གླེང་བཞིན་པའི་སྐད་ཆ་དེ་ཚོར་ལན་འདེབས་དང་འབྱུང་འགྱུར་ལ་བླ་ས་ཞིག་ཕུད་པའི་ཁུལ་ཡིན་མོད། ང་ཡང་ཁ་རྡུང་གཟེད་མཁན་གྲས་སུ་ཚུད་འདུག བདག་གིས་བྲིས་པའི་བསམ་ཚུལ་དེར་གཅིག་གཅོད་ཀྱི་སྐད་ཆ་ཅང་བཤད་མེད།
ཉི་ཧོང་གི་གསར་གནས་དེ་དེ་རིང་སྟེ་ཕྱི་ཚེས་༢༤ ཉིན་དྲ་ངོས་སུ་བཀོད་པ་ཡིན་འདུག དེའི་བར་དུ་ང་ཚོས་བསམ་ཚུལ་གླེང་བ་ལས་སྤྱང་གྲུང་ཅན་གྱི་བོད་མི་ཚོ་ཁ་གྲགས་མི་འདུག དེ་རིང་གསར་གནས་དེ་མཐོང་མ་ཐག་སྔོན་དུ་ཁ་གྲགས་ཚོར་རྡུང་བཏང་སྟེ་བླུན་རྨོངས་དང་གཡམ་རྒྱུགས་ལ་དགའ་མིན་གྱི་སྐད་ཆ་འཛོར་བ་དེ་འདྲ་ཡང་བྲིས་མཁན་མང་པོ་འདུག
གང་ལྟར་གལ་དེ་དེ་རིང་གི་གསར་གནས་དེ་ཕྱི་ལ་ཐོན་མེད་ཚེ་ཁྱོད་ཚོས་ཁ་རྡུང་དེ་ཡང་གང་འདྲ་ཡིན་མིན་གང་ཤེས། ཤེས་ཡོད་ན་ཁ་སྔོན་ནས་ལབ་མི་ནུས་པའང་གང་ཤེས་ཟེར་འདོད་བྱུང་།
གང་ལྟར་འདིར་རྩོད་མ་མི་འདུག་སྟེ། ངས་ནི་འབྱུར་འབྱུར་༢༠༢༠ ལོར་བཙན་བྱོལ་ནང་དུ་བོད་མི་ཚོས་ཀྱང་སྐྱབས་བཅོལ་བའི་གོ་སྐབས་ནས་ཐོབ་ཐང་རེ་ཨེ་ལོན་ལ་འབད་དགོས་སྐོར་དམིགས་ཡུལ་དུ་བཟུང་ནས་ཅིག་བྲིས་པའི་ཁུལ་ཡིན།
གཞན་རྣམ་པ་ཚོས་གང་བཤད་ཀྱང་དེ་ག་རང་ལ་བཞག་རྒྱུ་ཡིན་ལགས།
གླེང་རྒྱུ་མ་མང་བོད་ཡིག་བཀོད་པ་དེ་བོད་འབྲུག་སོགས་གང་གིས་བྱས་མིན་ཉི་ཧོང་ཚང་ལ་འདྲི་དགོས་ཞེས་ངས་ཁ་སྔོན་སྤྱི་ཟླ་༨་པའི་ཚེས་༢༢་ཉིན་དེ་རང་དུ་ངའི་ངོ་དེབ་ཐོག་ཏུ་ཞུས་ཡོད།།
ང་ཚོ་བསམ་བློ་དོག་པོ་མ་གནང་རོག བཀྲིན་ཆེ་ཞེས་བོད་ཡིག་ཡོད་པ་དེ་ནི། རྒྱ་ནག་སཉཀམ་སའི་མིང་ཐོག་ནས་བོད་མའི་གཉིས་ཡོད་པ་ཙམ་གྱིས་བོད་ཡིག་དེ་བཀོད་པ་མ་ཡིན། དེ་བཞིན་འབྲུག་པ་རང་བཙན་གཙང་མ་དང་ཨོ་རྩེད་འགྲན་ཚོགས་ལ་ཞུགས་པ་ཙམ་གྱིས་མིན། དེ་ནི་རྒྱ་ནག་ཏུ་ཡོད་པའི་བོད་མདོ་དབུས་ཁམས་གསུམ་དང་། རྒྱ་གར་དུ་ཡོད་པའི་ལ་དགས་དང་ཨ་རུ་ན་ཅལ་ཁུ་ནུ་གར་ཞྭ་སྟེ་གྲངས་ཉུང་མི་རིགས་དང་། བལ་ཡུལ་དུ་ཡོད་པའི་ཤར་པ། རྟ་མང་ནུབ་རི་སོགས་དང་། དེ་བཞིན་འབྲུག་རྒྱལ་ཁབ་དང་བཅས་ཀྱི་ཡི་གེ་འདི་བེད་སྤྱོད་དག་གསོན་པོ་གནས་བཞིན་ཡོད་པའི་ཆ་ནས་ཡིན། དེ་མིན་ཨ་རི་དང་། ཨིན་ཇི། ཨོས་ཊར་ལ་ཡ། ནུའུཛ་ལེན་ཌ། ཀ་ན་ཌ་སྟེ་རྒྱལ་ཁབ་འདི་བཞིས་ཨ་མའི་སྐད་ཨིན་ཇི་རང་ཡིན་པས་ དེ་རེ་རེའི་མཚོན་བྱེད་Tjank you ཧཅིག་མ་གཏོགས་རེ་རེ་མཚོན་དོན་མེད། དེ་བཥིན་རྒྱ་གར་ལྟ་བུ་ལ་པན་ཇབ་ཡི་གེ་ལའང་བྲིས་འདུས་པན་ཇབ་དེ་རྒྱ་གར་ཡིན་པ་ལས་དེ་ལས་ལོགས་སུ་མེད། དེ་ཡིན་དུས་རང་གཞན་ཐམས་ཅད་ང་དེ་ཡིན་ཁོ་དེ་ཡིན་རྩོད་པ་མ་རྒྱབས། དེ་ནི་བོད་དང་ཧི་མ་ལ་ཡི་ཚང་མའི་རྒྱལ་ཁ་ཡིན། ད་ཕྱིན་ཆད་ང་ཚོའི་བཀའ་བསྟན་ནང་དུ་ཡོད་པའི་བརྡ་སྤྲོད་ལ་ཡར་རྒྱས་བཏང་དགོས། སྔོན་མ་ལྷ་སའི་སྐད་དུ་བོད་ཡིག་ཁ་སྐད་དུ་བསྒྱུར་བ་དང་། འབྲུག་པས་གསར་ཤོག་ཁ་སྐད་བསྒྱུར་བ་དང་། ལ་དགས་ནས་སྔོན་མ་སྤྲུལ་སྐུས་ཞིག་ཁ་བསྒྱུར་ཨི་ཐུབ་བྱས་པ་སོགས་ང་ཚོས་ངེས་པར་གཟབ་དགོས
་་་་་་་་་་ད་ཕྱིན་ཆད་ང་ཚོའི་བཀའ་བསྟན་ནང་དུ་ཡོད་པའི་བརྡ་སྤྲོད་ལ་ཡར་རྒྱས་བཏང་དགོས། ་་་་་་་་་
དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་འབྲུག་རྒྱལ་ཁབ་ཟེར་བ་ཞིག་ས་སྟིང་འདིར་ཡོད་པ་ནི་གོང་ས་ལྔ་པ་ཆེ་པོའི་སྐུ་དྲིན་ཁོ་ན་ཡིན་ཟེར་མཁན་འདུག དེ་བདེན་པ་ཡིན་ནམ།
སྔར་དུས་སུ་། དབུས་གཙང་ ཆོས་ཀྱི་ ཞིང་ས་ནས། མོན་པ་དང་ འབྲུག་པར་ མཐའ་མཚམས་དང་། མཐའ་འཁོབ་ཀྱི་ ཡུལ་དང་ ཡུལ་མིར་ མིང་འདོགས་ བྱས་འདུག
འབྲུག་ཡུལ་དུ་ བོད་ཀྱི་ ནང་ཆོས་ བཀའ་གདམས་པའི་ ཆོས་ དརད་ཀྱང་ རྒྱས་ཡ་ལ་ བཀའ་རྙིང་ གཉིས་ གཙོ་བོར་ རྒྱས་པར་ བྱུང་བ་འདྲ།