བཀྲིས་རྒྱ་མཚོ།
ཨོ་སི་ཀྲོའོ་ལི་ཡའི་མལ་བོན་གྲོང་ཁྱེར་དུ་བཞུགས་པའི་གསེར་རྟ་མཁན་ལེབ་དགོན་པའི་དབོན་སྤྲུལ་ཆོས་དབྱིངས་རང་གྲོལ་རིན་པོ་ཆེ་མཆོག་ནི། དུས་རྒྱུན་ནས་རྣམ་དཀར་དགེ་བའི་ལས་བསྒྲུབ་རྒྱུ་དགའ་བར་མ་ཟད། མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་ལ་དུང་བ་ཤིན་ཏུ་ཟབ་པའི་རིན་པོ་ཆེ་ཞིག་ཡིན། ལྷག་པར་དུ་ཁོང་ནི་རྩམ་གཟན་བོད་མི་ཡོངས་ཀྱི་སྐྱབས་དང་མགོན། འཛམ་གླིང་ཞི་བདེའི་དེད་དཔན་༧གོང་ས་སྐྱབས་མགོན་མཆོག་ལ་ལྷག་བསམ་རྣམ་དག་གིས་དད་གུས་བྱེད་མཁན་གྱི་སློབ་མ་ཞིག་ཡིན། དེ་ནི་ཞལ་ནས་གསུངས་པ་ཙམ་མ་ཡིན་པར་ཁོང་གིས་ཁོང་ཉིད་བཙན་བྱོལ་དུ་འབྱོར་བ་ནས་བཟུང་༧གོང་ས་མཆོག་གི་འཁྲུངས་སྐར་ལ་ལོ་ལྟར་ཡར་དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་བཤམས་པ་དང་མར་མང་ཚོགས་དད་ལྡན་རྣམས་ལ་རིན་མེད་ཀྱི་ཞལ་ལག་དང་བཞུགས་ས། གླུ་དང་བྲོ་གར་སོགས་ཀྱིས་བླ་མ་དགྱེས་པའི་མཆོད་པ་ལོ་ལྟར་ཚོགས་པ་ཞིག་ལས་ལྷག་པའི་སྲུང་བརྩི་ཞུས་པ་ནི་ང་ཚོ་བོད་པ་ཚང་མས་ཁ་མིག་ཡར་ལྟ་བྱེད་ས་ཞིག་ཏུ་གྱུར་འདུག
དེ་བཞིན་ཁོང་ཉིད་གནས་མཆོག་མཚོ་པདྨ་ལ་བཞུགས་དུས་ལྷག་དཀར་ནམ་ཡིན་ལ་བོད་ཀྱི་སྐད་ཡིག་ཐོག་ལ་ལས་འགུལ་རབ་དང་རིམ་པ་སྤེལ་བ་མ་ཟད་མཚོ་པདྨའི་ཁོར་ཡུག་གཙང་བཟོ་བྱེད་ཀྱི་འདུག ལྷག་པར་དུ་ཁོང་གིས་༧གོང་ས་མཆོག་གིས་མི་མང་ལ་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་བཀའ་གནང་བ་དེ་ལག་ལེན་དངོས་ཀྱི་ཐོག་ནས་རིས་མེད་ཀྱི་དགེ་བཤེས་གདན་དྲངས་ནས་ནང་ཆོས་ངོ་སྤྲོད་ཡང་གནང་བཞིན་འདུག
རིན་པོ་ཆེ་ཁོང་ཉིད་ཨོ་སི་ཀྲའོ་ལི་ཡར་འབྱོར་ནས་སྐད་དང་ལས་ཀ་སོགས་ཀྱི་དཀའ་ངལ་ག་ཚོད་ཡོད་རུང་རང་གི་དྲིན་ཅན་རྩ་བའི་༧བླ་མ་གོང་ས་མཆོག་གི་འཁྲུངས་སྐར་དེ་སྔར་རྒྱུན་བཞིན་གྲ་རྒྱས་པོའི་ངང་ནས་སྲུང་བརྩི་ཞུས་ནས་ད་ལོ་ཐེངས་གསུམ་པ་དེ་ཆགས་འདུག འདིར་པར་འགའ་ཡོད་པ་དེ་ལྷག་བསམ་རྣམ་པར་དཀར་བའི་རིན་པོ་ཆེ་ཁོང་གིས་༧ གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་རྣམ་པ་ཞིག་རེད། ང་ཚོ་བོད་པ་ཚང་མས་ཁ་ནས་བཤད་པ་ཙམ་མ་ཡིན་པར་རིན་པོ་ཆེ་ཁོང་དང་འདྲ་བའི་སྐྱེས་བུ་དམ་པ་རྣམས་ཀྱིས་བླ་མ་དགྱེས་པའི་མཆོད་པ་ལག་ལེན་དུ་བསྟར་བ་འདི་ཚོ་མཁྱེན་པའི་ཆེད་དུ་འདིར་བཀོད་པ་ཡིན།
སྤྱི་ལོ་༢༠༡༧/༧/༨ ཉིན་ཨོ་སི་ཀྲའོ་ལི་ཡའི་གྲོང་ཁྱེར་མལ་བོན་དུ་བསྡད་ཡོད་པ་མིང་དངོས་བཀྲིས་རྒྱ་མཚོ་དང་དྲ་མིང་གངས་སེང་ནས་ཟླ་ཚེས་བཟང་པོར་བྲིས།
Gadan Podong officer,Tibetan Parliament, Tibetan Governent ,Tibetan Lama,Khanpo,Geshe,Tibetan Envoy and Tibetan Community never take responsibility.ཁ་བཏགས་རྫུན་མ་བེད་སྤྱོད་ཁྱོན་ནས་མ་གཏོང་རོགས།Please do not use the fake kadag, it’s garbages; the dyes used in these products can cause disease.This garbage is one of the tools use to brainwash people. Attacking traditional Tibetan culture is part of a plan to forcibly assimilate Tibetans. It’s Cultural invasion,corrosion and Colonial symbol.
བོད་ལུགས་ཁ་བཏགས་ནི་དཀར་པོ་དཀར་རྐྱང་ཡིན་པས་དཀར་པོ་རང་བེད་སྤྱོད་གཏོང་རོགས། ཁ་མདོག་སེར་ཁྲ་དང་དཀར་ཁྲ། སྔོ་ཁྲ། ལྗང་ཁྲ། དམར་ཁྲ་ཅན་གྱི་རས་དར་ནི་རང་ལུགས་དང་མི་མཐུན་པས་བེད་སྤྱོད་ཁྱོན་ནས་མ་གཏོང་རོགས།
ཁ་བཏགས་དཀར་པོ་ཡིན། ཁ་བཏགས་ཁྲ་ཁྲ་མིན། ཁ་བ་དཀར་པོ་ཡིན། ཁ་བ་ཁྲ་ཁྲ་མིན། གངས་རི་དཀར་པོ་ཡིན། གངས་རི་ཁྲ་ཁྲ་མིན།
མཆོད་རྫས་རི་བོ་འདྲ་ཙམ་ཕུལ་ཡང་ཆོས་སུ་མི་འགྲོ་མ་ཟད་ཁོར་ཡུག་དང་དཔལ་འབྱོར་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ངེས་རེད།།
འདི་རྒྱ་གཞས་རེད། དེ་སྔའི་གཞས་ཚིག་ངོ་མ་རྒྱ་ཡིག་ཡིན་་པ་མ་ཟད་གཞས་ཀྱང་རྒྱ་སྐད་ནས་བླངས་ཡོད་པ་རེད། ནི་རྒྱ་ནག་དམར་པོའི་ཐུན་མོང་མ་ཡིན་པའི་གླུ་གཞས་ཤིག་རེད། དེ་ཡང་ཕྱི་ལོ་ ༡༩༥༩ ལ་རྒྱ་ནག་དམར་པོས་བོད་ཁམས་བཙན་འཛུལ་དང་བདག་བཟུང་བྱས་པ་དང་༧ གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ཚར་རྗེས་བརྩམས་པ་ཞིག་ཡིན་ལ། རྒྱ་ནག་དམར་པོས་བོད་ཁམས་བདག་བཟུང་བྱས་པའི་རྒྱལ་ཁའི་དགའ་སྟོན་རྟེན་འབྲེལ་ཆེད་དུ་བླངས་པ་ཞིག་ཀྱང་རེད། དེར་བརྟེན་རང་རིགས་བོད་པ་ཚོས་ ༧ གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་རྟེན་འབྲེལ་བྱེད་སྐབས་རྒྱ་གཞས་འདི་འདྲ་བཏང་ན་ཡག་པོ་ག་ལ་ཡིན་བཀྲ་ཤིས་པ་ཞིག་ཀྱང་མ་རེད
།Dharamsala,07.06.2017
གཅོད་པ་སྐྱབས་འདིས་ཁ་བཏགས་སྐོར་ལ་དགོངས་ཚུལ་གསུངས་ཏེ་ཡུན་རིང་པོ་འགོར། ངོ་དེབ་སོགས་ཀྱི་སྟེང་ལ་ཡང་ནམ་རྒྱུན་ཁུར་རང་ལེན་བྱས་ཏེ་དགོངས་ཚུལ་མང་པོ་གསུང་པ་མཐོང་མྱོང་། བཀའ་དྲིན་ཆེ།
གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བོད་རིགས་ཡོད་ས་དང་ནང་པ་ཡོད་ས་ཞི་བདེ་ལ་དགའ་མཁན་ཚང་མས་སྤྲོ་སྐྱིད་དང་འཁྲུངས་སྐར་བསུ་བཞིམ
ི
ནོར་བཅོས་། འཁྲུངས་སྐར་བསུ་བཞིན་པ་རེད་།
།