གསར་དུ་བསྐོ་བཞག་བྱས་པའི་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་པའོ་སྦོ•ཁའོ་འར་གྱིས་ཚེས༡༩ཉིན་གྱི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཚོགས་སྟེང་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་སུན་ཧྥང་ཨན་གྱིས་ད་ལྟ་ཀྲུང་གོའི་སྲིད་གཞུང་ལ་བོད་ལྗོངས་སུ་མཚམས་འདྲི་བྱེད་པའི་རེ་ཞུ་བྱེད་བཞིན་ཡོད་པ་དང་གྲྭ་བཙུན་རང་བསྲེག་གྱི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱ་རྒྱུ་རེད་ཅེས་གསལ་བཤད་གནང་བ་རེད། ཁོང་གིས་ད་དུང་གསུངས་པར། སུན་ཧྥང་ཨན་གཞུང་ཚབ་པས་ད་དུང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཚོགས་ཨུ་ཡོན་གྱི་འཐུས་མིའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་ལ་མཚམས་འདྲི་བྱ་རྒྱུའི་རེ་ཞུ་བྱ་རྒྱུ་ཡིན་པ་རེད་ཅེས་གསུངས།
ཨོ་སི་ཁྲུ་ལི་ཡི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས༡༩ཉིན་གནས་ཚུལ་འདི་སྤེལ་གཏོང་བྱ་སྐབས་ཆེད་དུ་གསལ་བཤད་བྱས་དོན། མིག་སྔར། མི་སྣ༡༢ལས་གྲུབ་པའི་བཙན་བྱོལ་བོད་མིའི་འཐུས་མིས་ཁེན་པ་ལར་བྱེད་སྒོར་སྤེལ་ནས་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་ནས་བོད་ཀྱི་གནད་དོན་ཐད་ཀྲུང་གོར་གནོན་ཤུགས་སྤྲོད་རྒྱུའི་རེ་བ་བྱེད་པ་དང་ཨོ་སི་ཁྲུ་ལི་ཡའི་རྣམ་འགྱུར་དེར་རྒྱལ་སྤྱིའི་འཕྲིན་སྦྱོར་ཚན་པ་མི་ཉུང་བ་ཞིག་གིས་དོ་ཁུར་བྱེད་བཞིན་ཡོད། ཚེས༡༩ཉིན་གྱི་རྒྱ་གར་ཚགས་པར་ཡའེ་ཐོ་ལ་སེའི་ཐོག་གནས་ཚུལ་དེར་སྦ་གསང་མེད་པར་བཤད་དོན། ཨོ་སི་ཁྲུ་ལི་ཡའི་བྱ་ཐབས་འདི་ནི“ཀྲུང་གོར་ཁོང་ཁྲོ་སློང་བ”ཞིག་རེད་ཅེས་བཤད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལ་མཚམས་འདྲི་བྱེད་པ་ཕུད། ཨོ་སི་ཁྲུ་ལི་ཡའི་ཀྲུང་གོར་བཅའ་སྡོད་ཕྱི་འབྲེལ་དཔོན་གྱིས་དུས་མཚུངས་སུ་སི་ཁྲོན་གྱི་བོད་རིགས་ས་ཁུལ་དུ་བསྐྱོད་ནས་རྨང་གཞིའི་སྒྲིག་བཀོད་ཐད་རྟོག་ཞིབ་བྱ་རྒྱུ་ཡིན་པ་རེད།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཝུའུ་ཁྲུའུ་ཁོ་ཡིས་ཚེས༡༩ཉིན་གནས་ཚུལ་དེར་གསལ་བཤད་གནང་དོན། ཀྲུང་གོའི་བོད་ཁུལ་དུ་ལྷག་པའི་གནས་དོན་དེ་དག་ཀྲུང་གོའི་ནང་སྲིད་ཡིན་པས་ཨོ་སི་ཁྲུ་ལི་ཡ་དང་འབྲེལ་བ་མེད་ལ་ཨོ་སི་ཁྲུ་ལི་ཡར་ཐེ་གཏོགས་བྱེད་པའི་དབང་ཆ་མེད། གལ་ཏེ་ཨོ་སི་ཁྲུ་ཡི་ཡའི་གཏེར་འདོན་བཟོ་པའི་ཐད་གནས་ཚུལ་ཐོན་ཚེ་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཡང་རྟོག་ཞིབ་ལ་འགྲོ་དགོས་པ་ཞིག་རེད་དམ། ཁོང་གིས་ཨོ་སི་ཁྲུ་ལི་ཡའི་བྱ་ཐབས་འདི་ནི་ཀྲུང་གོའི་ནང་སྲིད་ལ་དམིགས་པ་ཡིན་ལ། ལུའུ་ཁོ་ཝུན་སྲིད་ཁྲི་ལས་བབས་རྗེས། གསར་དུ་གོ་གནས་བཞེས་པའི་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་གི་དམིགས་ཡུལ་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་བེད་སྤྱད་ནས་ཨ་མེ་རི་ཀའི་འབོད་སྒྲར་ཤུགས་སྣོན་རྒྱག་འདོད་པ་དེ་ཡིན་པར་ངོས་འཛིན་གནང་གི་ཡོད།
ཡོངས་ཁུངས། http://tb.tibet.cn/2010news/xzxw/ttxw/201203/t20120320_1728243.html ཀྲུང་གོའི་བོད་ལྗོངས་དྲ་བ།
དམར་གསོད་དང་མནར་གཅོད་ལ་སུས་ཀྱང་ཐེ་གཏོགས་བྱས་ཆོག།
དེ་ལྟར་ཐུགས་འཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཨོ་སི་ཁྲུ་ལི་ཡས་ཀྲུང་གོའི་མི་རིགས་གཉའ་གནོན་ལང་ཤོར་ལ་ཐེ་བྱུས་བྱེད་པའི་ཐོབ་ཐང་མེད་ན་དམར་པོས་གཞུང་གིས་བོད་ལ་དེ་འདྲ་བྱེད་པའི་ཐོབ་ཐང་ཇི་ལྟར་ཡོད་པ་ཡིན་ནམ། བོད་མི་རིགས་གང་ལྟར་འཚོ་སྡོད་བྱེད་པ་བོད་མི་མང་གི་མངོན་འདོད་ལས་ཐག་གཅོད་བྱེད་དགོས།