ཁོང་བོད་ནང་འཚར་ལོངས་བྱུང་བར་བརྟེན་རྒྱ་དམར་བཙན་འཛུལ་བའི་སྡུག་རྩུབ་གང་འདྲ་ཡིན་པ་གསལ་བོར་ཤེས་ཀྱི་ཡོད། ཁོང་ནི་ཕྱི་ལོ་༡༩༧༥་ལོར་བོད་ཤར་ཕྱོགས་མདོ་སྨད་རེབ་གོང་དུ་སྐྱེས་པ་དང་། ལོ་བདུན་ནས་བཟུང་སློབ་གྲྭར་འགྲོ་འགོ་ཚུགས་པ་ནས་སློབ་འབྲིང་ཐོན་རྗེས་རོང་པོ་དགོན་ཆེན་གྱི་ཆོས་གྲྭར་ཞུགས་ཏེ་ལོ་ངོ་༦་ལྷག་རིང་བོད་ཀྱི་རིག་གནས་ལ་སྦྱངས་པ་མི་དམན་པ་བྱས། ཕྱི་ལོ་༡༩༩༥་ལོར་བོད་རང་དབང་སྐོར་གྱི་ཡིག་ཆ་སྦྱར་འགྲེམས་བྱས་པར་བརྟེན་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་བྱས་པ་དང་། བཙོན་ཁང་ནས་བཞུགས་སྐབས་མནར་གཅོད་ཚད་ལས་འདས་པ་བཏང་ཡོད། ཕྱི་ལོ་༡༩༩༧་ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པ་དང་ཕྱི་ལོ་༢༠༠༡་ལོ་ནས་བཟུང་ཨོ་སི་ཀྲི་ལིར་གཞིས་ཆགས་བྱས་ཡོད།
ཉམས་མྱོང་དང་གྲུབ་འབྲས།
ཕྱི་ལོ་༡༩༩༨་ལོ་ནས་༢༠༠༡་ལོ་བར།
ཁོང་གིས་རྡ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་གནས་ཁྱབ་སྤེལ་ཁང་དུ་བོད་དོན་ཞིབ་འཇུག་པའམ་གསར་འགོད་པའི་ཕྱག་ལས་གནང་ཡོད།
གྲུབ་འབྲས།
ཁོང་གིས་བོད་ནས་གསར་དུ་འབྱོར་བའི་བོད་མི་བརྒྱ་ཕྲག་མང་པོར་བཅར་འདྲི་དང་བོད་དོན་ཞིབ་འཇུག་བྱས་པ་བརྒྱུད་རྒྱ་དམར་གྱི་བཙན་གནོན་འོག་གི་བོད་སྐོར་ལ་གཏིང་ཟབ་པོའི་ཐོག་ནས་རྒྱུས་ལོན་བྱེད་ཐུབ་ཡོད་པ་མ་ཟད་། གནས་ཚུལ་ཕྱོགས་བསྡུ་བྱས་པ་རྣམས་དཔེ་དེབ་པར་སྐྲུན་སོགས་འཛམ་གླིང་ཡོངས་ཁྱབ་དུ་འགྲེམས་སྤེལ་བྱས་པ་བརྒྱུད་བོད་དོན་ཁྱབ་བསྒྲགས་བྱུང་ཐུབ་ཡོད།
ཕྱི་ལོ་༢༠༠༤་ནས་༢༠༠༨་བར།
ཁོང་གིས་སིག་ནེའི་བོད་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་དང་། བོད་ཡིག་སློབ་གྲྭའི་འབྲེལ་མཐུད་པ། བོད་དོན་ལྷན་ཁང་དུ་དྭངས་བླངས་ཀྱི་སོགས་ཀྱི་ཕྱག་ལས་གནང་ཡོད།
གྲུབ་འབྲས།
བོད་རིགས་མཐུན་ཚོགས་ཆེད་རིག་གཞུང་ཀྱི་ལས་འགུལ་མང་པོ་སྤེལ་བ་ཡོད་པ་དང་། མངའ་སྡེའི་འདིའི་ནང་བོད་ཀྱི་རིག་གཞུང་མ་ཉམས་བརྒྱུད་འཛིན་ཆེད་ནུས་པ་མི་དམན་པ་ཕུལ་ཡོད། ལྷག་པར་དུ་སྐབས་དེའི་ཨོ་གླིང་བོད་མིའི་ལོ་རྒྱུས་ནང་སློབ་གྲྭའི་ཆེད་མ་དངུལ་འབོར་ཆེན་ཐོབ་པར་ནུས་པ་གང་འཚམས་ཕུལ་ཡོད།
ཕྱི་ལོ་༢༠༠༦་ནས་༢༠༠༨་བར།
ཁོང་གིས་རྒྱང་འབོད་བོད་མིའི་གསར་འཕྲིན་བོད་དབྱིན་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དང་། དབྱིན་ཡིག་ནང་སྒྲ་གཅན་གྱི་ཟིན་པའི་ཟླ་གཞོན་དཔེ་དེབ་ཀྱི་རྩོམ་སྒྲིག་པ་བྱས་ཡོད།
གྲུབ་འབྲས།
རྒྱང་འབོད་དུས་དེབ་ནི་ཨོ་གླིང་ལོ་རྒྱུས་ཁྲོད་བོད་རིགས་རྣམས་ནས་བོད་དབྱིན་གཉིས་ཀྱི་ནང་དུས་དེབ་བཏོན་པ་ཐོག་མ་དེ་ཡིན་ཞིང་། དུས་དེབ་དེ་དག་བརྒྱུད་བོད་ཀྱི་སྐད་ཡིག་མི་ཉམས་བརྒྱུད་འཛིན་དང་བོད་དོན་ཁྱབ་བསྒྲགས་ལ་ནུས་པ་གང་འཚམས་ཐོན་ཡོད།
ཕྱི་ལོ་༢༠༡༠་ནས་༢༠༡༥་ལོའི་བར།
ཁོང་གིས་ཁོན་སི་ལེན་ཌ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། ནེའུ་ཁའ་སེལ་བོད་རིགས་ཚོགས་པའི་དྲུང་ཆེ་དང་ཕྱི་ལོ་༢༠༡༥་ལོ་ཡང་བསྐྱར་ཚོགས་གཙོར་འདེམས་ཐོན་བྱུང་།
གྲུབ་འབྲས།
བོད་རིགས་ཚོགས་པའི་ནང་ཕྱག་ལས་གནང་དུས་གཙོ་བོ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཆོས་ཚོགས་ཁག།བོད་དོན་འབྲེལ་ཡོད་ཀྱི་ཚོགས་པ་རྣམས་དང་འཕྱར་གྲུ་མཉམ་འདེགས་བྱས་ནས། ཞི་བའི་གོམ་བགྲོད་དང་། མར་མེ་ཁྲོམ་སྐོར། དུས་སྟོན་གོ་སྒྲིག བོད་དོན་ཞུ་གཏུགས་སོགས་བྱས་ཡོད།
ཕྱི་ལོ་༢༠༡༤་ནས་ད་ལྟ་བར།
བོད་དོན་ལྷན་ཁང་གི་(ATC)་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ།
གྲུབ་འབྲས།
བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ནང་་བོད་དོན་ལ་རྒྱུས་མངའ་ཡོད་པའི་མི་སྣ་ཞིག་གིས་འགན་འཛིན་རྣམས་ལ་བོད་དོན་ཐོག་གཏིང་ཟབ་པོའི་བགྲོ་གླེང་དང་ཐབས་ཇུས་སྐོར་གྲོས་བསྡུར་གནང་གི་ཡོད་པ་དང་། ཨོ་སི་ཀྲི་ལི་ཡའི་དབུས་གྲོས་ཚོགས་འཐུས་མི་༥༠་ལྷག་ལ་དངོས་སུ་མཇལ་ནས་བོད་དོན་ཞུ་གཏུགས་དང་བོད་དོན་ངོ་སྤྲོད་གནང་ཐུབ་ཡོད།
སྐུ་ཞབས་བློ་བཟང་ལུང་རྟོགས་ལགས། ཨོ་གླིང་བོད་མི་གནས་སྡོད་ནང་བོད་ཀྱི་རིག་གཞུང་གི་ཤེས་ཚད་དང་ས་གནས་མཐུན་ཚོགས་ཀྱི་ཉམས་མྱོང༌། དམིགས་བསལ་གྱིས་བོད་ཕྱི་ནང་གཉིས་སུ་ལས་འགུལ་ཆེ་ཕྲ་ཆུང་གསུམ་སོགས་ལ་ཞུགས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཐོབ་ཡོད་པར་བརྟེན། ད་ཐེངས་ཨོ་གླིང་དང་ཨེ་ཤ་ཡིའི་སྤྱི་འཐུས་འོས་མི་ལངས་པ་དངོས་ཤུགས་བརྒྱུད་གསུམ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཐམ་པ་ཡོད།
རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཚོ་དང་
འབྲེལ་བ་དེ་ཙམ་མཐོང་མ་སོང་།
རང་བཙན་དང་རང་དབང་ནམ་ཡང་ནོར་མི་ཉན་
ཐུགས་རྗེའི་གཟིགས་།
རང་བཙན་དགོས་ན་ས་ཆའི་བདག་དབང་བརྩོད་།
རང་དབང་དགོས་ན་ལུང་པའི་ཁྲིམས་དེ་སྲུང་།
སྲིད་སྐྱོང་དང་སྤྱི་འཐུས་ལ་ཚང་ཁ་རྒྱག་མཁན་ཚོའི་
མི་མང་མགོ་བསྐོར་ཆེད་རང་བཙན་དང་རང་དབང་
དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་ནས་
གྲགས་གཏམ་སྤེལ་བཞིན་པ་ནི་ཡང་པའི་རྒྱལ་ཁམས་
མ་མཐོང་བས་ས་འཐིལ་བླུན་པོ་རང་མཐོང་
ཆེ་ཟེར་བའི་གཏམ་དེ་མ་རེད་དམ་།ཧ་ཧ་
གཞོན་སྐྱེས་ཤེས་ཡོན་ཅན་དང་སྤྱི་ཚོགས་ཞབས་ཞུ། ས་གནས་མཐུན་ཚོགས་ཀྱི་འགན་བླངས་ནས་ལས་དོན་མང་པོ་སྒྲུབ་པར་བསྔགས་བརྗོད་དང་ད་རེའི་རང་གི་ཤེས་ཚད་དང་སྤོབས་པ་གཟེངས་སུ་བཏོན་ནས་ཨོ་གླིང་སྤྱི་འཐུས་སུ་ལངས་བར་དགའ་བསུ་དང་རྒྱབ་སྐྱོར་ཡོད།
ཨོ་སི་ཁྲི་ལི་ཡར་ཡོང་མཁན་བརྒྱའི་དགུ་བཅུ་ལྷག་བོད་རང་བཙན་ཆེད་བཙོན་ཁང་ནང་ཚུད་མཁན་ཤ་སྟག་རེད། ཉུང་མཐར་ལུང་རྟོགས་ལགས་ཀྱིས་དེང་ཕྱིན་རང་བཙན་ལ་ཁ་གཏོང་གི་མིན་ཞེས་མནའ་ཞིག་བོར་ན་མ་གཏོགས་འོས་ཤོག་རེག་ཡ་ཁག་པོ་མིན་འགྲོ
བློ་བཟང་ལུང་རྟོགས་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། བོད་དོན་ལ་བསམ་བློ་གཏོང་ཚེ་ཁོ་རང་ཕྱོགས་གང་ནས་བསམ་ན་ཡང་སྤྱི་འཐུས་ལ་འཚམ་ཤོས་ཡིན།
ཕྱོགས་གཏོགས་དང་ལུང་ཚན་ལ་འགན་འཁྱེར་ནས་སྲིད་སྐྱོང་དང་སྤྱི་འཐུས་འདམས་ན་འགྲིག་གི་ཨ་ཡོད་།