འབའ་སྲས།
དེ་རིང་འབར་བའི་མེ་འདི་རུས་པས་བསྒྲོན།།
དེ་རིང་འཐིབས་པའི་དུ་བ་ཁྲག་གིས་དཀྲིགས།།
དེ་རིང་ཁྱེད་ཀྱི་ཚེ་སྲོག་བོད་ལ་ཕུལ།།
ཁྱེད་ཀྱི་དོན་དུ་མ་ཎི་པདྨེ་ཧ྄ཱུཾ།།
གདོང་དམར་བོད་པའི་སེམས་ཀྱི་མིག་ཀོང་དུ།།
མནར་གཅོད་མཆི་མ་ལྷུང་ལ་ཕྱིས་པའི་རས།།
ཚེ་སྲོག་གསེར་གྱིས་ཕུལ་ལ་ཐུགས་རྗེ་ཆེ།།
ཁྱེད་ཀྱི་དོན་དུ་མ་ཎི་པདྨེ་ཧཱུཾ།།
མུན་པའི་སྨག་ཆེན་སེལ་བའི་སྒྲོན་མེ་སླ།།
མཐིང་བོ་བགྲོད་པར་སླ་བའི་ལམ་ཡང་བརྙེད།།
གསོན་པའི་ཆེད་དུ་རང་ཉིད་ཤི་བ་དཀའ།།
ཁྱེད་ཀྱི་དོན་དུ་མ་ཎི་པདྨེ་ཧཱུཾ།།
སྐྱེས་པ་བོད་པའི་ཆེད་དུ་མིན་ན་ཡང་།།
ཁྱེད་ཀྱི་མཚན་བྱང་བོད་པའི་དྲན་རྟེན་ཡིན།།
ཤི་བའི་རུས་སྒྲོམ་མི་འཇིག་རྡོ་རིང་ཡིན།།
ཁྱེད་ཀྱི་དོན་དུ་མ་ཎི་པདྨེ་ཧཱུཾ།།
བོད་ཀྱི་རང་དབང་བརྩད་པར་ཐུགས་རྗེ་ཆེ།།
ཁྱེད་ཀྱི་ཚེ་སྲོག་བློས་བཏང་ཕངས་སེམས་ཆེ།།
ཁྱེད་ཀྱི་རྗེས་ལ་ང་ཡང་སྐྱོ་བ་ཆེ།།
ཁྱེད་ཀྱི་དོན་དུ་མ་ཎི་པདྨེ་ཧཱུཾ།།
རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།།
མ་བྲིས་ན་ཡང་སྙིང་ལ་གསལ་བ་ཡི།།
ཁྱེད་ཀྱི་སྲོག་གིས་བཞེངས་པའི་རྡོ་རིང་དུ།།
མ་ཎི་ཡི་གེ་དྲུག་མའི་གདུངས་དབྱངས་འདར།།
བོད་པའི་རིགས་སུ་སྐྱེས་ཀྱང་སྡར་མ་ང་།།
དཔའ་བོ་དག་གི་རྐང་རྗེ་བཞག་པའི་རྗེས།།
མ་ཎི་འདོན་པ་ཙམ་ལས་མ་མཆིས་པས།།
ཁྱེད་ཀྱི་དོན་དུ་མ་ཎི་པདྨེ་ཧཱོུཾ།།
ཨོཾ་མ་ཎི་པདྨེ་ཧཱུཾོ། ཨོཾ་མ་ཎི་པདྨེ་ཧཱོུཾ། ་་་་་་་་་།
དལ་འབྱོར་མི་ལུས་ཐོག་པ་ལན་གཅིག་ཙམ། །དོན་ཆེན་གོ་ལོག་རང་སྲོག་རང་གིས་བཅད། །
ཕྱི་མའི་ཡུལ་ལ་ཞེན་ཁོག་བྱ་ས་མེད། །དེང་གི་བླ་མས་ཕྱི་མར་སྐྱབས་མི་སྲིད། །
ཨ་ཁ་ཉམས་ཐག་ཁྱེད་ལ་རེ་བ་མེད། །དང་པོ་ཞེན་ཁོག་མེད་ན་དགའ་བ་ལ། །
བར་དུ་མེར་སྲེགས་མེད་ན་དགའ་བ་ལ། །མཐའ་མར་མ་ཤི་ན་ནི་དེ་བས་དགའ། །
ད་ནི་ཁྱེད་རང་སྟོང་པ་ཉིད་དུ་གྱུར། །སླད་མར་དེ་འདྲ་མེད་པའི་སྨོན་ལམ་ཡོད། །
རྒྱ་མི་དགྲ་བོར་འཛིན་པ་ཆོས་དང་འགལ། །མར་ཤེས་དྲིན་དྲན་སོགས་ལ་བློ་སྦྱོང་གནོང་། །
འབའ་སྲས་སྙན་ཚིག་བཟི་ཁ་རབ་ཏུ་ལྕི།།
ཚེ་སྲོག་མེ་རུ་སྒྲོན་པར་ཨེ་མ་འཕངས།།
ཁོ་བོའི་ཁ་ལྕེ་སྟོང་པ་དོན་མེད་ཡིན།།
གནས་ལུགས་ཐམས་ཅད་བདེན་སྟོབས་རྩེ་ནས་འབར།།
རྒྱ་དམར་ཀླ་ཀློའི་བཙན་དབང་འོག་ནས་།
གདོང་དམར་བོད་པའི་ལ་རྒྱའི་ཆེད་དུ་།
མེ་དམར་ལུས་ལ་སྦར་བའི་ཆོད་སེམས་།
སྙིང་དམར་དཀྱིལ་ལ་ཤོང་ཐབ་མི་འདུག་།